སྐལ་བཟང་བློ་གྲོས།
ཉེ་དུས་ང་ཚོས་ཚགས་པར་སོགས་ཀྱི་སྟེང་རྟག་ཏུ་མཐོང་ཐུབ་པ་ནི་ཉིས་སྟོང་བཅུ་ཅིག་ལོའི་བཀའ་བློན་ཁྲི་བའི་འོས་གཞིའི་སྐོར་རེད། དེ་ནི་དགའ་འོས་པ་ཞིག་ཏེ་བོད་མི་མང་གིས་རང་གི་དབུ་ཁྲིད་ལ་དོ་སྣང་དང་མི་རིགས་ཤིག་གི་མ་འོངས་པར་སེམས་ཁུར་ཡོད་པའི་མཚོན་རྟགས་ཤིག་རེད་སྙམ། ཡིན་ཡང་ང་ཚོས་ལྷག་ཏུ་དོ་སྣང་བྱེད་དགོས་པ་ཞིག་ནི། དམངས་གཙོའི་ལམ་ཁར་ཡང་དག་པའི་ངང་བསྐྱོད་ཐུབ་མིན་དང་དམངས་གཙོའི་ལམ་དེ་དྲང་བདེན་དང་བོད་མི་ཡོངས་ལ་ཁེ་ཕན་ཡོད་མེད། ཁྲིམས་ཀྱིས་དབང་བསྒྱུར་ཐུབ་ཡོད་མེད་སོགས་ལ་རྣམ་དཔྱོད་ཀྱིས་བརྟགས་དགོས་སྙམ། ཅི་ཕྱིར་ཟེར་ན་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་དེ་དམངས་གཙོ་ཡིན་ཡང་དམངས་གཙོ་ཡང་དག་དང་དམངས་གཙོ་ཡང་དག་གི་ལམ་དུ་སོང་ཡོད་མེད་ཐེ་ཚོམས་རེད་སྙམ། བཙན་བྱོལ་ཁྲོད་དུ་ཆེས་ཉེན་ཁ་ཡོད་པ་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དང་དྲུང་ཆེ་ཁ་ཤས་ཀྱི་གཞུང་དོན་ཁ་ལ་ཁྱེར་དེ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐོར་ཚོར་སྣང་ཤུགས་ཆེན་ཡོད་པ་དེས་བོད་མི་མང་སྤྱིའི་ལས་དོན་ལ་ཕན་མེད་དང་ལས་དོན་གང་ཡིན་ཡང་ཕྲལ་དུ་སྒྲུབ་མི་ཐུབ་པའི་འགག་རྩ་ལྟ་བུར་ཆགས་འདུག དོན་ལ་མི་རྟོན་ཚིག་ལ་རྟོན་པར་འགྲོ་བ་དང༌། དཔེ་ན་ཉིན་ཤས་གོང་དུ་ཚོགས་པའི་བོད་མི་མང་སྤྱི་འཐུས་ཚོགས་འདུ་རེད། འཐུས་མི་ཞིག་གི་ལམ་གྱི་འགྲོ་སོང་དེ་གཅིག་བུའི་ཐོག་ནས་ཚོགས་འདུའི་མཇུག་ཡང་དག་ངང་བསྡུ་མ་ཐུབ་པ་དེ་རེད། དེ་ནི་དམངས་གཙོ་རེད་དེ་དམངས་གཙོ་ཡང་དག་ཡིན་མིན་ཁ་ཚོན་གཅོད་དཀའ། གང་ཡིན་ཟེར་ན། དེ་ནི་བཅའ་ཁྲིམས་ཀྱི་གཏན་ལ་ཕབ་པ་ལས་བརྒལ་ཡོད་པ་ཤེས་བཞིན་དུ། དཔེར་ན་སོ་སོ་ཆོལ་ཁའི་འཐུས་མི་ཡིན་པས། བཅའ་ཁྲིམས་ལས་ཆོལ་ཁ་གཙོ་ཆེས་སུ་འཛིན་པ། དེ་ནི་ཧ་ཅང་བློ་ཕམ་ཡུལ་ཞིག་རེད་སྙམ། དེ་ཕྱིར་ང་ཚོས་ད་ལྟ་བཀའ་བློན་ཁྲི་བའི་འོས་གཞི་ལ་མི་ག་འདྲ་ཞིག་དགོས་པར་བསམ་བློ་ནན་མོ་གཏོང་དགོས། ཆོལ་ཁ་དང་ཆོས་ལུགས་གཙོ་བོར་མི་འཛིན་པར། བཅའ་ཁྲིམས་ལ་དྲང་བདེན་གྱིས་ངང་ལག་ལྟར་བྱ་ཐུབ་མིན་དང་ལྷག་པར་བོད་ཀྱི་བདེན་མཐའ་སེལ་བ་དེ་གཙོ་བོར་འཛིན་དགོས་སྙམ། ང་ཚོས་ནམ་ཡང་རྟ་མིག་གཅིག་སྐྱོན་ཅན་གྱིས་རྩ་བཟས་པ་ལྟར་མ་ཡིན་པར་འབད་དགོས། ང་ཚོའི་སྤྱི་ཚོགས་འདིའི་དམངས་གཙོ་ནི་སྤྱི་ཚོགས་གཞན་གྱི་དམངས་གཙོ་དང་མ་འདྲ་པ་ནི་སྲིད་དོན་ཚོགས་པ་སོགས་ཀྱི་འཐུས་མི་འདེམས་དེ་འགྲན་བསྡུར་བྱེད་པ་མེད་པ་དེ་རེད། དེ་ཕྱིར་ང་ཚོའི་དབུ་ཁྲིད་དེ་ང་ཚོས་ཕར་བཙལ་དགོས་པ་ལས་ང་དབུ་ཁྲིད་ལ་བསྡད་ཀྱིན་ཡིན་ཟེར་ནས་ཚུར་མི་ཡོང་བ་དེ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་དང་པོ་འོས་གཞི་བསྒྲིགས་སྐབས་བསམ་བློ་ཞིབ་མོ་དང་ནན་མོ་གཏོང་རྒྱུ་གལ་ཆེ། ང་ཚོས་བསམ་བློ་གཏོང་སའི་འོས་མི་དེའི་ཀུན་སྤྱོད་དང་སློབ་སྦྱོང་གི་ཆུ་ཚད། ཁོང་ཚོས་བོད་དོན་སྐོར་གྱི་བྱེད་ནུས་བློ་སྟོབས་སོགས་རྒྱབ་ལྗོངས་གང་མང་ཞིག་ང་ཚོས་ངེས་པར་ཤེས་དགོས་ལ། ལྷག་པར་དུ་བོད་རྒྱའི་གནད་དོན་སྐོར་ལ་ཐག་གཅོད་འབྱུང་ཐབས་ཐབས་ལམ་གསར་བ་བཏོན་ཏེ་ྋ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕྱག་རོགས་ཡང་དག་ངང་བསྒྲུབ་ཐུབ་པ། བོད་དོན་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་ཐུབ་པ། བོད་མི་ལས་དོན་ལ་དྲང་ཚུགས་ཐུབ་མཁན་དང་ཕུགས་རྒྱང་རིང་པ་ཞིག་ལ་བསམ་བློགཏོང་གལ་ཆེ། ང་ཚོས་སོ་སོར་འདྲི་ཚིག་མང་པོ་བཏོན་དགོས། དཔེར་ན། ངས་བསམ་པའི་འོས་མི་དེའི་མི་གཤིས་དང་ཀུན་སྤྱོད། དྲང་ཚུགས་ལྡན་མིན། བོད་མི་སྤྱི་ཡོངས་ཕན་ཐོག་ག་ཚད་ཡོདམེད། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཡོད་མེད། འཛམ་གླིང་སྤྱི་ཡོངས་སུ་རྒྱུས་ལོན་གྱི་ཆུ་ཚད་ག་འདྲ་ཡིན་མིན། ལྷག་པར་དུ་རྒྱ་ནག་གི་སྲིད་ཇུས་ཤེས་རྟོགས་ག་ཚད་ཡོད་མེད། ང་ཚོར་དགོས་པའི་བཀའ་བློན་ཁྲི་བ་བོད་མི་ཡང་དག་པའི་མང་གཙོ་ལམ་དུ་ཁྲིད་ཐུབ་མཁན་ཞིག་དང་རྒྱལ་བ་ཐམས་ཅད་མཁྱེན་པའི་ཁུར་ཡང་དུ་གཏོང་ཐུབ་མཁན་གཅིག་ལ་འབད་དགོས། འདས་ཟིན་པ་ལས་ང་ཚོ་ལ་མ་འོངས་གལ་ཆེ་བས། བོད་མི་ཡོངས་ཀྱིས་ད་ལྟ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བོས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་སྲ་ཐག་ཐག་འབྱུང་བར་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་དང་ཉེ་རིང་མེད་པའི་བསམ་བློ་ནན་མོ་གཏོང་དགོས་སྙམ། དམངས་གཙོ་ཡང་དག་ཞིག་ཡོང་དགོས་ན་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་བརྩི་སྲུང་དང་མཐོང་ཆེ་བྱ་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་དུས་རྒྱུན་རྒྱ་ནག་གཞུང་གི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་བཞིན་མི་འདུག་ཟེར་ཞོར་དུ་སོ་སོར་ཁྲིམས་ལ་བརྩི་སྲུང་བྱེད་པའི་གོམ་གཤིས་མེད་ན་ག་ལ་འགྲིག དེ་ཕྱིར་ང་ཚོས་མ་འོངས་པ་བཀའ་བློན་ཁྲི་བ་ལ་བསམ་བློན་སྔ་ས་ནས་བཏང་ཏེ་དུས་རབས་ཀྱི་རྗེས་སུ་སླེབས་ཐུབ་པ་དང་བོད་མི་ཡོངས་མཐུན་སྒྲིལ་གྱི་ལམ་ཁ་བརྒྱུད་དེ་དམངས་གཙོ་གཞུང་འདི་སྲ་ཐག་ཐག་ངང་རྒྱལ་སྤྱིའི་གར་སྟེགས་སྟེང་བསྐྱོད་པའི་གསར་གཏོད་ཀྱི་ནུས་ཤུགས། འཇོན་ཐང༌། བློ་སྤོབས་ཡོད་པའི་མི་རབས་གསར་བ་ཞིག་བཙལ་རྒྱུ་ནི་དུས་རབས་འདིའི་རྩམ་གཟན་བོད་མི་ཡོངས་ཀྱིས་ཕུགས་རྒྱང་རིང་བོའི་བསམ་བློའི་བདམས་བྱ་ཞིག་རེད་སྙམ།
༄༅།། བཀའ་དྲིན་ཆེ་ཁྱེད་ཀྱིས་བསམ་ཚུལ་ལྷུག་པོ་དེ་འདྲ་བརྗོད་པར། མ་ཟད་ཁྱེད་རང་གིས་གསུངས་པ་དེ་བདེན་པ་རེད། རང་དབང་དང་དམངས་གཙོའི་ལམ་ལུགས་ཅི་འདྲ་ཞིག་ཡིན་ཡང་ལམ་ལུགས་དེ་རང་གི་སྒྲིག་གཞི་གཞིར་བཟུང་གི་རང་དབང་དང་དམངས་གཙོ་ལ་ཚད་འཛིན་ཡོད་པ་ནི་གོར་མ་ཆག༌། གལ་སྲིད་དེ་རིགས་ལ་ཚད་འཛིན་མེད་ན་ད་ལྟའི་ང་ཚོའི་གྲོས་ཚོགས་ནང་གི་གནས་ཚུལ་ཇི་བཞིན་ཡིན་ནོ༌།། མདོར་ན་དེ་ནི་རང་དབང་དང་དམངས་གཙོའི་ལམ་ལུགས་དང་མི་མཐུན་པ་ཞིག་ཡིན་ནོ།།
ཁྱེད་ཀྱི་གསུངས་པའི་ཆ་རྐྱེན་ཚང་བ་དང་ཕུལ་འབྱུང་རྩེ་ཕུད་ཀྱི་འོས་མི་དེ་འདྲ་གཉིས་ཡོད་པ་ནི་
མཁས་དབང་བློ་བཟང་སེངྒེ་ལགས་དང་ མངའ་བ་ཚེ་རྒྱམ་ལགས་རྣམས་གཉིས་རེད་འདུག་ འདི་ནི་ཚོགས་པ་ སྐྱིད་སྡུག་གམ་ གཞོན་ནུ་དང་བེུད་ཀྱི་ཚོགས་གཙོའི་འོས་འདེམས་མ་ཡིན་ལ་ ་སྤྱི་འཐུས་དང་བཀའ་བློན་དཀྱུས་མ་ཞིག་གི་འོས་འདེམས་ཡང་མ་ཡིན་པ་ གཉན་ཕྲང་ཅན་གྱི་དུས་སུ་རྒྱལ་ཁབ་གཅིག་གི་སྲིད་བློན་འོས་འདེམས་ཡིན་སྟབས་ཆོལ་ཁ་ ཆོས་ལུགས་དང་ གཅིག་གཅིག་པ་ གཉིས་གཅིག་པ་ གསུམ་གཅིག་པ་ལ་སོགས་ དགའ་ཉེ་ སྤུན་གྲོགས་སོགས་ཀྱི་འཐེན་འཁྱེར་སྤངས་ཏེ་ བྱེས་འབྱོར་བོད་མིའི་ནང་རླབས་ཆེན་གྱི་བྱས་རྗེས་ཟེངས་སུ་ཐོན་པ་ བོད་དོན་དཀའ་རྙོག་མ་གསེལ་བར་བོད་སྤྱི་པའི་རྩ་དོན་དེ་རྒྱལ་སྤྱིའི་སྡེང་ཆའི་སྟེང་གླེང་འཁྱེར་ཐུབ་ཁན་ཞིག་དགོས་ངེས་ཤིན་དུ་ནས་མེད་ཐམས་མེད་པ་ཞིག་རེད་།
དྲ་གྲོགས་སྐལ་བཟང་ལགས་ཀྱི་དགོངས་ཚུལ་གསུང་པ་དེ་ཡག་པོ་འདུག ལྷ་ལུང་གིས་གསུང་པ་ལྟར་གོང་གི་ཆ་རྐྱེན་ཚང་མཁན་གྱི་མི་སྣ་བོད་པའི་སྤྱི་ཚོགས་ནང་དུ་མང་པོ་ཡོད་སྲིད་ ངའི་འོས་གཞིར་མཁས་དབང་བློ་བཟང་སེང་གེ་ཡིན། ཁོང་གི་ལོ་རྒྱུས་ཞིབ་ཁྲ་བཀའ་བློན་ཁྲི་པའི་དྲ་རྒྱ་ནང་དུ་བཀོད་འདུག་ གཟིགས་པར་འཚལ་
ལྔ་བ་ཚེ་རྒྱམ་ཡག་པོ་འདུག ཚང་མས་ཐུགས་ཞིབ་གནང་རོགས་ཞུ།
ད་རེས་བཀའ་བློན་དེ་ཕྱི་རང་ལ་གཏན་སྡོད་བྱེད་ཞིག་བྱུང་ན་ཡག་ས་རེད། དེ་མ་གཏོགས། བུ་དང་བོུ་ཆུང་མ་དང༌། ནོར་དང་སྒོ་ཕྱི་བཅས་པར་ཐོངས་ཆེན་ཞུས་ནས་རང་དོན་ཁོ་ནར་མ་གཏོགས་བོད་མིའི་སྤྱིའི་དོན་དུ་བསམ་མཁན་དཀོན། རིན་པོ་ཆེ་ལ་ཞུ་རྒྱུ་གང་ཡང་མེད། རླབས་ཆེན་དང་བསྟན་དགྲ་རྒྱ་དམར་དངོས་སུ་མདོང་ཐུགས་ནས་བཀའ་མོལ་གནང་ཐུབ་མཁན་ཞིག་དང་གནང་ཞིག་ལ་བརྩི་བཞིན་ཡོད། དེ་མིན་བཀའ་སློབ་དུས་བཀག་ཁོལ་སོང་ན། ཨ་རིར་སྐུབ་རྡབ་ནས་འགྲོ་མཁན་ཤ་སྟག་བྱུང་སོང༌། ལོ་རྒྱུས་ནས་མཁྱིན་ཐུབ། བསམ་བློ་གཏོང་གནང༌།
དྲ་གྲོགས་དོམ་པ་ལགས་ ཁྱེད་ཀྱིས་ཨ་རིར་བསྡད་མཁན་ཞིག་བཀའ་ཁྲིར་དགོས་གསུངས་ཀྱི་ཡོད་དམ། ག་རེ་བྱས་ནས་ཡིན་ནམ། ཁྱེད་ལ་མ་འོངས་བཀའ་ཁྲིར་འོས་ཤོས་སུ་ཡོད་དམ། ཁྱེད་ལ་ཨ་རིར་བསྡད་མཁན་གྱི་བཀའ་ཁྲིར་འོས་པ་དེ་ཁྱེད་ལ་ངོ་སྤྲོད་གནང་རྒྱུ་ཡོད་དམ། ཁྱེད་རང་གིས་གསུངས་པ་ལྟར་བོད་སྤྱི་བའི་འགན་ཁུར་ཐུབ་མཁན་ཞིག་དགོས་ཀྱི་འདུག ང་ཚོའི་ད་ལྟ་ནས་བསམ་བློ་གཏོང་དགོས་ཀྱི་འདི་གལ་ཆེན་པོ་ཞིག་མཐོང་གི་འདུག རྗེས་སུ་མཇལ་ཡོང་ བཀྲིས་བདེ་ལེགས།
དེ་རིང་གསར་དུ་འཛུལ་བའི་གྲོགས་པོ་གསར་པ་ཞིག་ཡིན།