བཀྲ་ཤིས་དོན་འགྲུབ།
འདུ་འཛིས་བསྡམས་པའི་རྣམ་གླིང་ཆོས་སྒར་ནས།།
རྒོད་པོ་ཞིག་ནི་གནམ་འཕང་བཅད་ནས་སོང་།།
དེ་ལ་མིག་ཆུའི་འབོད་པ་མང་མོད་ཀྱི།།
མི་མངོན་ནམ་མཁའི་དབྱིངས་སུ་ཡལ་ཏེ་སོང་།།
སྐྱོ་བའི་ན་བུན་འཁྲིགས་པའི་ཁོར་ཡུག་ནས།།
དུ་སྣེ་སྔོན་པོ་གནམ་ལ་ཟུག་ཚུལ་དང་།།
མེ་ལྕེ་དམར་པོས་ཟློས་གར་ངོམ་ཚུལ་འདི།།
ན་ཟུག་ཅིག་གི་སྣང་ཚུལ་ཡིན་པ་འདྲ།།
སྐྱེས་ཆེན་ཞིག་གི་སྐུ་ལུས་བརྗིད་ཆེན་དེ།།
དམར་པོ་མེ་ཡི་ཞལ་དུ་བསྟབས་སོང་བས།།
མི་རྟག་པ་ཡི་འཇབ་རྒོལ་ཞེད་པོ་དེར།།
བསམ་ཞིང་བསམ་ན་ཡིད་མུག་ལུང་པ་གང་།།
འཇིག་རྟེན་སྡུག་གིས་ཚོས་མིན་བཤད་དཀའ་ཡང་།།
ལོ་བཞི་སྡུག་གིས་མནར་བའི་བགྲེས་མོ་སྟེ།།
ཁྱེད་ཀྱི་ལྕམ་སྲིང་བྱམས་བརྩེའི་བདག་མོ་དེ།།
ད་ལྟ་མིག་ཆུའི་ཀློང་དུ་བྱིང་ནས་འདུག།
མགྲོན་ཆེན་མང་པོས་གཟི་བརྗིད་ངོམ་བཞིན་འདུག།
ན་གཞོན་གང་མང་རྒྱན་གོས་འགྲན་བཞིན་གདའ།།
ཁྱེད་ལ་དད་ཅིང་མིག་ཆུས་འབོད་མཁན་དེ།།
ཁྱེད་ཀྱི་ཉམ་ཆུང་བུ་སློབ་དེ་ཚོ་ཡིན།།
སྣང་ཚུལ་དཀྱུས་མ་འདི་ཡི་བདེན་དཔང་ལས།།
ཁྱེད་ནི་ཉམ་ཆུང་སྐྱེ་བོའི་མགོན་སྐྱབས་ཏེ།།
བདག་ཀྱང་ཉམ་ཆུང་ཡིན་པའི་གནས་ལུགས་འདིས།།
ཁྱེད་ཉིད་བཞུད་པའི་ཚུལ་དེར་བཟོད་ཐབས་བྲལ།།
ཁྱེད་ལ་དད་པའི་འགྲོ་བ་གྲངས་མེད་ཅིག།
ཡང་སྲིད་ཅིག་གིས་འདོད་བློ་ཚིམ་སྲིད་ཀྱང་།།
ཁྱེད་ཀྱི་སྐུ་གདུང་གཏན་མེད་འགྱུར་ཚུལ་འདི།།
བདག་ལ་མཚོན་ན་ཅིས་ཀྱང་གྱོང་གུད་ཡིན།།
བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གི་གསང་མྱུལ་བ་ཞིག་འཇུས་འདུག
བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གིས་བཏང་བའི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། གསང་མྱུལ་བ་དེས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནས་ཚུལ་རྒྱ་གཞུང་ལ་མཁོ་སྤྲོད་བྱས་ཡོད་འདུག
གསང་མྱུལ་བ་དེའི་མིང་ལ་སྤེན་པ་ཚེ་རིང་ཞེར་ཞིང་། ༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པ་དང་། ས་གནས་སློབ་འབྲིང་དུ་བསྐྱོད་རྗེས་དམག་ནང་ཞུགས། ༢༠༠༢ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་གྲོང་སྨད་ཤང་སྤྱི་བདེའི་ལས་བྱེད་ཡིན་མུས་ཐོག་སི་ཁྲོན་ཞིང་ཆེན་ལུའུ་ཀྲའུ་གྲོང་ཁྱེར་དུ་ལོ་གཉིས་རིང་སྤྱི་བདེའི་གསང་ལས་སློབ་སྦྱོང་ཐོན་རྗེས་འཇིགས་སྐུལ་རྒོལ་རྡུང་རུ་ཁག་ཁོངས་སུ་འདེམས་སྒྲུག་བྱུང་འདུག དེ་རྗེས་སྐབས་དེའི་ནག་ཆུ་ས་གནས་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་གཡུས་ཆོན་ གྱིས་ཁོ་པར་རྒྱ་གར་དུ་སོ་མྱུལ་ལ་འགྲོ་དགོས་ལས་འགན་སྤྲད་དེ་འགྲམ་འགག་སྒོ་བར་བསྐྱེལ། དེ་བཞིན། བརྒྱུད་ལམ་དང་དངོས་པོའི་དཔང་རྟགས། གྲོན་དངུལ་སྔ་རྗེས་ཧིན་སྒོར་འབུམ་བཅུ་གཅིག་ལྷག་སྤྲོད་ལེན་བྱས་གནས་བཅས་པ་དོ་བདག་གིས་ངོས་ལེན་གཙང་མ་བྱས་ཡོད་སྐོར་སོགས་བཀོད་འདུག
གོང་གསལ་གནས་ཚུལ་སྐོར་དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་འཁོད་དོན། “རྒྱ་ནག་གི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རང་ སྐྱོང་ལྗོངས་ཀྱི་འཐུས་མི་ཡིན་པ་དང་། ཆབ་མདོ་ས་ཁུལ་སྲིད་ཁྲིམས་ཐིང་གི་དྲུང་ཆེ། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་དྲུང་ཆེ་བཅས་ཡིན་པའི་ལིའི་གཡུས་ཆོན་ནས་འཆར་ གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་རྒྱ་ནག་དམག་མི་ལས་བསྒྱུར་དང་སྤྱི་བདེའི་ ཉེན་རྟོག་པ་ཡིན་པའི་མི་གཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་དུ་ བཏང་སྟེ་༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱས་པར་མ་ ཟད། བཙན་བྱོལ་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནས་ཚུལ་སོགས་ ཀྱང་མཁོ་སྒྲུབ་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་ མིས་འཇིགས་བསྐུལ་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ ཀྱང་དཔང་རྟགས་གང་ཡང་མེད་སྟབས་སོ་མྱུལ་དེར་བཙན་བྱོལ་སྤྱི་ཚོགས་ནས་དྲག་སྤྱོད་ དང་འཇིགས་བསྐུལ་གྱི་ལས་འགུལ་སྤེལ་འཆར་ཡོད་མེད་རྟོགས་ཞིབ་བྱ་རྒྱུའི་མངགས་ཆ་ བྱས་པ་དང་། སླར་ཡང་སྔ་ལོ་ཕྱི་ལོ་ ༢༠༡༢ ལོར་ལིའི་གཡུས་ཆོན་གྱིས་སོ་མྱུལ་པ་དེ་བལ་ཡུལ་དུ་ཐེངས་གཉིས་བསྟུད་མར་སྐད་ བཏང་སྟེ་བོད་མི་གཉིས་དམར་གསོད་གཏོང་རྒྱུའི་ཆེད་དུག་རྫས་མི་འདྲ་བ་ཁག་གསུམ་ བེད་སྤྱོད་བཏང་སྟེ་དམར་གསོད་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་ལས་འགན་ སྤྲད་ཡོད་པ་དང་། བལ་ཡུལ་རང་དུ་དུག་གི་ནུས་པ་བརྟག་དཔྱད་སླད་བྱ་དེ་གཅིག་དང་ཁྱི་ཕྲུག་གཉིས་ལ་ ཚོད་ལྟའང་བྱས་ཡོད། དེ་ལྟར་རྒྱ་ནག་གཞུང་གི་གསང་ལས་ཚན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་འཚོལ་སྒྲུབ་དང་། བཙན་བྱོལ་བོད་མི་ནང་ཁུལ་སྔར་བྱུང་མྱོང་མེད་པ་དམར་གསོད་ཀྱི་དོན་རྐྱེན་ཚབས་ ཆེའི་དྲག་སྤྱོད་ལས་འགུལ་སྤེལ་ཆེད་མངགས་གཏོང་ལྟར་ཁོ་པའི་ངོས་ནས་ཀྱང་དེ་དོན་ ལག་བསྟར་འབད་བརྩོན་བྱེད་པའི་སྐབས་སུ་བོད་འབྱོར་ཁམས་འབྲི་རུ་རྫོང་ཁོངས་ནས་ ཡིན་པ་བཀྲིས་རྒྱལ་མཚན་༼མིང་གཞན་བཀྲིས་དོན་གྲུབ་༽དང་ཁམས་སྡེ་དགེ་དཔལ་སྤུངས་ ཤང་ནས་ཡིན་པ་ཀརྨ་ཡེ་ཤེས་༼མིང་གཞན་བཀྲིས་༽གཉིས་ནས་ཁོ་པའི་གནས་ཚུལ་ཤེས་རྟོགས་ བྱུང་སྟེ་ཉེས་ཅན་ལག་ཐོག་ནས་བཟུང་སྟེ་འདི་ག་བདེ་སྲུང་ལས་ཁུངས་སུ་ཐེར་འདོན་ རྩིས་སྤྲོད་བྱས་བྱུང་བས་ཁོང་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་ དང་ལེགས་སོ་ཞུ་རྒྱུ་ཡིན།
འདི་ནས་འདྲི་ཞིབ་ནན་པོ་བྱས་རྗེས་ར་འཕྲོད་གསལ་པོ་བྱུང་བར་སོ་མྱུལ་བ་སྤེན་ པ་ཚེ་རིང་ནི་ ༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པ་དང་། ས་གནས་སློབ་འབྲིང་དུ་བསྐྱོད་རྗེས་དམག་ནང་ཞུགས་པ་དང་། ཕྱི་ལོ་ ༢༠༠༢ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་གྲོང་སྨད་ཤང་སྤྱི་བདེའི་ལས་བྱེད་ཡིན་ མུས་ཐོག་སི་ཁྲོན་ཞིང་ཆེན་ལུའུ་ཀྲའུ་གྲོང་ཁྱེར་དུ་ལོ་གཉིས་རིང་སྤྱི་བདེའི་ གསང་ལས་སློབ་སྦྱོང་ཐོན་རྗེས་འཇིགས་བསྐུལ་རྒོལ་རྡུང་རུ་ཁག་ཁོངས་སུ་འདེམས་ སྒྲུག་བྱུང་འདུག དེ་རྗེས་སྐབས་དེའི་ནག་ཆུ་ས་གནས་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་གཡུས་ཆོན་ གྱིས་ཁོ་པར་རྒྱ་གར་དུ་སོ་མྱུལ་ལ་འགྲོ་དགོས་ལས་འགན་སྤྲད་དེ་འགྲམ་འགག་སྒོ་བར་ བསྐྱེལ། དེ་བཞིན་བརྒྱུད་ལམ་དང་དངོས་པོའི་དཔང་རྟགས། གྲོན་དངུལ་སྔ་རྗེས་ཧིན་སྒོར་འབུམ་བཅུ་གཅིག་ལྷག་སྤྲོད་ལེན་བྱས་གནས་བཅས་པ་དོ་ བདག་རང་ངོས་ནས་ངོས་ལེན་གཙང་མ་བྱས་པའི་དོན་དངོས་ཀྱི་ཐོག་ནས་ཁོ་པ་སྤེན་པ་ཚེ་ རིང་ནི་རྒྱ་ནག་གཞུང་གིས་བཏང་བའི་ཆེད་ལས་སོ་མྱུལ་བ་ཞིག་ཡིན་པ་ར་འཕྲོད་གསལ་ པོ་བྱུང་ཡོད། སྤེན་པ་ཚེ་རིང་འདི་གར་འབྱོར་རྗེས་ཁོ་པ་བོད་ནང་ལས་བྱེད་བྱེད་མྱོང་ཡོད་པ་ཞིག་ ཡིན་པའི་ཆ་ནས་འདི་ག་ལས་ཁུངས་ནས་དམིགས་བསལ་ལྟ་རྟོགས་བྱས་ཡོད། འོན་ཀྱང་ཁོ་པས་དགྲ་བོའི་སོ་མྱུལ་གྱི་ལས་འགན་བླངས་ཡོད་པ་འདི་ག་ལས་ཁུངས་སུ་ ངོས་ལེན་མ་ཞུས་པར། ༸གོང་ས་མཆོག་གི་སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་ སྤྲོད་བྱས་པ་དང་། བོད་མི་སྤྱིའི་རྩ་དོན་ལ་གནོད་གཞིའི་གནས་ཚུལ་མི་བདེན་རྫུན་བསྒྲིགས་ཀྱིས་མཁོ་ སྤྲོད་བྱས་པ། དད་རྟེན་མཉམ་བཞེས་སྐུ་པར་བེད་སྤྱོད་ལོག་པ་བཏང་སྟེ་མི་གཞན་ལ་མགོ་སྐོར་བཏང་བ་ དང་། རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཡིན་ཁུལ་ བཤད་དེ་མི་གཞན་ལ་མགོ་སྐོར་བཏང་བ། རྒྱའི་ལས་འགན་བླངས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་མི་གསོད་ཁྲག་སྦྱོར་གྱི་དྲག་ སྤྱོད་ལས་ཀ་བརྩམས་པ་བཅས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་ཡོད།
ཚང་མས་མཁྱེན་གསལ་ལྟར། བར་ལམ་ཞིག་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་ཆེད་ ཐབས་ལམ་སྣེ་མང་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ཁྲོད་སིམ་འཛུལ་གྱིས་བོད་མི་ནང་ ཁུལ་དུ་འགལ་བ་བཟོ་ཐབས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་ལས་འགུལ་ བརྩམས་དང་རྩོམ་བཞིན་པའི་གནས་ཚུལ་རིམ་པ་ཡོད་བཞིན་པ་ལྟར། ད་ལམ་འཚེ་བ་དང་དྲག་ཤུགས་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་གཏོང་ རྒྱུའི་ངན་བྱུས་དངོས་སུ་ལག་བསྟར་བྱེད་མི་ངོ་མའི་ཐོག་ནས་ར་འཕྲོད་གསལ་པོ་ བྱུང་ཡོད་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྔར་ལྟར་ སྲ་བརྟན་ཡོང་ཐབས་ལ་ཐུགས་སྣང་ངེས་པར་དགོས་པར་མ་ཟད། ལྷག་པར་ད་ལྟ་བོད་ནང་གི་གནས་སྟངས་ཉིན་མཚན་འཁྱོལ་དཀའ་བའི་ཇེ་ཞན་ཇེ་སྡུག་ཏུ་ འགྲོ་བཞིན་པར་བོད་མི་རྒྱལ་ཞེན་ཅན་ཚོས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱ་ དགོས་བྱུང་བ་སོགས་བོད་ཀྱི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་བའི་དུས་འདིར། སྤེན་པ་ཚེ་རིང་ལྟ་བུ་དགྲ་བོའི་ལས་འགན་དང་དུ་བླངས་ཏེ་རང་དབང་ལུང་པའི་ནང་བོད་ མི་སྤྱིའི་དཀའ་སྡུག་ལ་བསམ་ཤེས་མེད་པར་ཐ་ཤལ་གྱི་བྱ་སྤྱོད་སྤེལ་རྒྱུའི་འབད་ བརྩོན་བྱས་པ་ནི་རང་གི་རིགས་ལ་ནག་ཉེས་བསགས་པའི་བྱ་སྤྱོད་དེ་ལས་ཐབས་སྡུག་པ་ ཅི་ཞིག་ཡོད། དེས་ན་རང་རིགས་ཚང་མས་ད་རེས་ཀྱི་གནས་ཚུལ་འདི་ལས་བསླབ་བྱ་བླངས་ཏེ་བོད་མིའི་ སྤྱི་ཚོགས་ནང་ཐ་ཤལ་གྱི་བྱ་སྤྱོད་འདི་རིགས་འགོག་ཐབས་སུ་གཞིས་བྱེས་གཉིས་ཀ་ནས་ ཐུགས་སྣང་གིས་ད་དུང་རེ་ཟུང་རི་བོང་རྡོ་བརྫུས་ངང་ཚུལ་ཡོད་སྲིད་པས་དེ་དོན་ མཐོང་ཐོས་དོགས་གསུམ་ནམ་བྱུང་ལ་འདི་ག་ལས་ཁུངས་ལ་ནང་དོན་སྙན་སེང་གིས་མཐུན་ འགྱུར་རྒྱབ་སྐྱོང་ཡོང་བའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན ”ཞེས་བཀོད་འདུག
ཁྱི་བུ་དགྲ་དགའ་གཉེན་སྡུག་ཞིག སྐུ་རྒྱལ་བོད་ཀྱི་འགོངས་འདྲེར་སྐྱེས།། ཁྱི་གཉིས་དུག་གིས་བསད་པ་ཡིས་།། ཁྱི་རྔ་དགོས་སུ་ཕྱི་ལ་ཐོན།།
རེད། ངོ་མ་སེམས་པ་སྐྱོ་ལྷང་ལྷང་ཡོད་ངེས།
༄༅། །དམ་པ་གོང་མར་མི་ཕྱེད་དད་དུང་ཅན། །སྡུག་གི་ཁུར་པོས་ལྕིད་པའི་བུ་སློབ་རྣམས། །སྒོ་གསུམ་མི་བཟོད་སྨྲེ་ངག་འདོན་པ་ལས། །རླབས་ཆེན་ཐུགས་བཞེད་འགྲུབ་སླད་ལྷག་ཏུ་བརྩོན། །ུ
མུན་ནག་གི་འཇིག་རྟེན་འདི་ལ་ཕྱི་མིག་གཟིགས་བཞིན་བཞུད་སོང་། ཕྱག་རྗེས་དང་ཞབས་རྗེས་ཀྱི་ངོ་མཚར་ལྷོ་ཡི་གྲུ་ཟུར་དེ་ནས་བཞད་བྱུང་། གཞན་དོན་ཁོ་ན་ལ་གཞོལ་བ་བདེན་པ་ཡིན་ན་ཉིད་ཉིད་དང་འདྲ་བའི་ཚུལ་གྱིས་གོང་མའི་ཕྱག་ཞབས་ཀྱི་རྗེས་དག་ལ་འཕྱི་བརྡར་ལོས་གནང་།
དྲྭ་གྲོགས་ཚོ་འདིར་འཛོམས་ནས་སྐྱིད་པོ་བཤད་ན་སྐྱིད་པོ་རེད།
ག་དུས་ཡིན་ན་ཁ་ཆག་སྣ་རལ་རྐྱང་རྐྱང་བཤད་ནས་རང་སྐྱིད་པོ་མེད་པའི་སྟེང་དུ་གཞན་ཀྱི་སྤྲོ་སྐྱིད་ཀྱང་བརླགས་ཐབས་བྱེད་པ་འདི་ནི་ཡག་རྟགས་ཀྱང་མ་རེད་བསམ།
ཁྱད་པར་དུ་སྒེར་གྱི་སེམས་ནད་མང་བོ་གཞན་ཐོག་ལ་གཡུགས་མཁན་ཡང་ཡོང་གིན་འདུག་པས་ཕྱིན་ཆད་སྤྲོ་སྣང་འདྲེན་པའི་སྐད་ཆ་བཤད་ནས་དྲྭ་གྲོགས་ཚོའི་སྣང་བ་ཐམས་ཅད་འོད་སྟོང་ལྡན་པའི་ལམ་ཡངས་ཤིག་ཏུ་འཁྲིད་དགོས་ཀྱིའདུག་སྙམ།
བསམ་གཏན་སྒྲོལ་མ་ཟེར་བ་ལགས། ཁྱོད་ཀྱིས་ཡང་སྙིང་ཅི་ཞིག་བཤད་འདོད་པ་ཡིན། ཁྱེད་རང་ང་ཚོའི་སྡུག་བསྔལ་ཉན་འདོད་མེད་ན་མ་ཉན་ཀྱང་ཆོག་ལ། ཁྱེད་རང་ཉིད་ཀྱིས་སྤྲོ་སྣང་ལྡན་པའི་སྐད་ཆ་བཤད་འདོད་ན་བཤད་ཆོག་པ་ལས། དོན་མེད་ང་ཚོའི་སྡུག་ཐོག་ལ་ཁྱོད་ཀྱིས་རྡོག་རྫིས་གཏོང་དོན་ཅི་ཡིན། དྲང་པོར་ཞུས་ན་ངས་ཀྱང་གཞན་གྱི་རང་དབང་ལ་བརྩི་འཇོག་བྱེད་ས་ནས་བྱེད་ཤེས་པ་ཡིན་ལ། དེ་མིན་ཁུ་ཚུར་གྱི་མཆོད་པ་བཤམ་དགོས་ན་ང་ཡང་གྱོང་མེད་ཅིག་ཡིན་པས། ངས་བལྟས་ན་ཁྱོད་རང་ཚོད་ཅིག་བྱས་ནས་བཞུགས་ན་བཟང་སྙམ།