སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྤྱི་འཐུས་སྒེར་གྱི་གསལ་བཤད་སྐོར་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བཀའ་ལན།
དྲི་བ། བཀྲ་ཤིས་བདེ་ལེགས། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པར་འབྲེལ་བ་ཡོད་སྟབས། ༧གོང་ས་མཆོག་གིས་ལམ་དབུ་མ་རྩོད་ཀྱི་ཡོད་པ་བཀའ་སློབ་རབ་དང་རིམ་པར་ཕེབས་ཀྱི་ཡོད་ཀྱང། ཉེ་ཆར་སྤྱི་འཐུས་ཤིག་གིས་༧གོང་ས་མཆོག་ལམ་དབུ་མ་པ་མ་ཡིན་པ་རང་བཙན་གཙང་མ་རྩོད་ཀྱི་ཡོད་པ་རེད་ཅེས་གསུངས་པ་གོ་ཐོས་བྱུང། དེ་འདྲའི་ནོར་འཁྲུལ་ཅི་ལྟར་ཤོར་གྱི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དེར་ཐུགས་བསམ་གང་འདྲ་བཞེས་ཀྱི་ཡོད།
༧གོང་ས་མཆོག ཨོ་ཡ། ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ང་ཁྲམ་པ་བཟོ་ཡི་ཡོད་པ་རེད་གདའ། ཤེས་སོང་ངམ། ངས་ཁ་ནས་རང་སྐྱོང་བཤད་ཀྱི་ཡོད་པ་མ་གཏོགས་སེམས་ཀྱི་སྟེང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ང་ཁྲམ་པ་བཟོས་ན་ཕན་ཐོག་ཅིག་འདུག་གམ། ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་པ་ཡིན་ནའང། དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་པ་རེད་ཅེས་རྟག་པར་བཤད་བསྡད་ཡོད། ངས་གོང་དུ་ཞུས་པ་ནང་བཞིན་རེད། ༡༩༥༠ ནས་ང་ཚོས་རང་བཙན་གྱི་ཐབས་ཤེས་བྱས་ཡོད་པ་རེད། མཐའ་མར་གྲོས་མཐུན་དོན་ཚན་བཅུ་བདུན་སྒང་ལ་ཕྱིན་པ་རེད། ད་དེ་ནས་རྒྱ་གར་དུ་སླེབས་ནས་ང་ཚོས་རང་བཙན་སྒང་ལ་འབད་བརྩོན་བྱས་པ་རེད། ག་གེ་འགྲུབ་ཡ་མི་འདུག་གཱ མ་བྱས་པ་མ་རེད་གདའ། རྗེས་སུ ༡༩༧༤ ནས་ཁ་ཞེ་གཉིས་མེད་ཐོག་གཉིས་ཕན་བྱས་པ་དེ་རེད། ཁ་ཞེ་གཉིས་མེད་ཡིན་མ་གཏོགས། དེ་ལྟའི་སྐད་ཆ་དེ་ཚོས་ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ཁྱེད་ནས་མིང་བཤད་མ་ནུས་པ་གེ་བྱེད་དགོས་པ་མ་རེད། ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་རེད། ཁོ་རང་ལྷག་བསམ་ཅིག་ད་ཏན་ཏན་ཡིན་རྒྱུ་རེད་པཱ། ཡིན་ནའང། བཤད་སྟངས་དང་བྱེད་སྟངས་དེས་ང་ཁྲམ་པ་བཟོ་ཡི་འདུག དེ་འདྲ་ཡིན་སྟབས། མཐའ་མར་འུ་ཐུག་ནས་ཡིག་ཚང་ནས་གསལ་བཤད་ཅིག་བྱེད་དགོས་འཁེལ་བ་རེད།
༼ ༡ མཆན། ༧གོང་ས་མཆོག་གིས་དབུས་ཀྱི་ཡུལ་སྐད་མ་བིན་གསུངས་འདུག མ་བིན་གྱི་དོན་ནི་ཁྲམ་པ་དང་སྐྱག་རྫུན་བཤད་མཁན་ལ་གོ་ཡི་ཡོད་པ་སྟབས་ཁྲམ་པ་ཞེས་བྲིས་ཡོད། ཤར་ཕྱོགས་ཁུག་རྟས། ༽
http://blog.amdotibet.cn/ogyenling/archives/89475.aspx
ཁྲམ་པ་མང་པོ་འདུག
བླ་མ་དང་སློབ་མའི་བར་གྱི་དབྱེན་དཀྲུག་ཟེར་ན་འདི་འདྲ་རེད། བོད་སྐད་ཤེས་ལ་མ་ཤེས་མཁན་གྱི་ཕྲུ་གུ་ཞིག་༸གོང་ས་མཆོག་གི་མདུན་དེར་བཏང་སྟེ་ཀརྨ་ཆོས་འཕེལ་དམིགས་འབེན་དུ་བཟུང་བའི་བཀའ་འདྲི་དེ་འདྲ་ཞིག་འདྲི་རུ་བཅུག་འདུག་བ། ད་ལྟད་མོ་འདུག རྗེས་སུ་ཆོས་ལུགས་སྤྱི་འཐུས་ཡིན་ན་གྲྭ་པ་དང་ཨ་ནེ་མ་གཏོགས་ཡོང་མི་ཆོག་བ་ཞིག་ཀྱང་བཟོ་ས་རེད། ཧ་ཧ་ཧ།
དབུས་གཙང་དབུས་རྒྱུན་ལས་ནས་གཏོར་མ་བཞིན་མར་ལ་གཡུག་པའི་ཀརྨ་ཆོས་འཕེལ་ཟེར་པ་དེ་བཀའ་རྒྱུད་མི་མང་གིས་མཆོད་པ་བཞིན་ཡར་ལ་སྒྲུག་ཏེ་གྲལ་མགོར་བཞག་དགོས་དོན་ག་རེ་ཡིན་ནམ། བཀའ་རྒྱུད་པ་ཟེར་པའི་ཆོས་རྒྱུད་དེའི་ནང་ལ་ལབ་གླེང་གི་རྙོག་ཟིང་རྒྱུན་མ་ཆད་པར་འབྱུང་བཞིན་པ་དེ་ག་རེ་མ་འགྲིག་པ་ཡིན་ནམ།
མ་གཞི་གྲོས་འཚོགས་ནང་གི་རྙོག་གླེང་མང་དག་ཅིག་ཆོས་རྒྱུད་སྤྱི་འཐུས་ནས་བཟོ་གི་ཡོད་པ་འདྲ་འདུག སྤྱིར་བཏང་བྱས་ན་ཆོས་རྒྱུད་སྤྱི་འཐུས་དེ་ཚོ་གཞུང་གི་གྲོས་འཚོགས་ནང་དགོས་མི་དགོས་དེ་བོད་མི་མང་གིས་བསམ་བློ་ལེགས་པར་གཏོང་རན་གི་དུས་ཚོད་ཕྱིས་དྲག་མེད་ན་སྔ་དྲག་མི་འདུག་བསམ།
རྒྱལ་བ་ཀརྨ་པར་མཚན་ཤོས་དང་མ་འོངས་མཛད་འཕྲིན་ལ་གནོད་རིགས་འདི་དག་བྱེད་མཁན་འདི་འཇུ་ཆེན་དང་སི་ཏུའི་ངན་ཇུས་རེད། ད་དུང་ཨྱོན་སྟོབས་རྒྱས། ཀུན་སློང་མ་དག་ན་འབྲས་བུ་མ་དག་པ་ལས་ཡོང་རྒྱུ་མེད་པ་གསལ་བོ་ཡིན་སྟབས། བཀའ་བརྒྱུད་པ་དབུ་དམངས་ཡོངས་ནས་དགོངས་པ་བཞེས་རོགས། ཀརྨ་ཆོས་འཕེལ་གྱི་ངོ་བོ་དང་དམིགས་ཡུལ་ཡང་སྙིང་ག་རེ་ཡིན་ནམ། ཁོ་པས་༧གོང་ས་མཆོག་ཁ་ཞེ་གཉིས་མེད་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཡིན་ཡང། དེ་ལྟར་གཟས་ནས་བཤད་པ་རེད། འདི་ལ་ཁོ་པ་དང་ཁོ་པའི་ངན་རྒྱབ་ཇག་ལངས་བྱེད་མཁན་ཚོར་ཏན་ཏན་དམིགས་ཡུལ་འཆར་གཞི་ཞིག་ཡོད་ངེས་རེད། བདེ་སྲུང་ལས་ཁུངས་ཟེར་བའི་དཀོར་གཟན་དེ་ཚོས་ཀྱང་དངོས་གནས་ཞིབ་འཇུག་བྱེད་ན་འདི་དག་ལ་མི་བྱེད་པར། འདི་འདྲས་གནས་དུས་ཚོད་རྩིས་བྱས་ན་གང་ཡང་མི་འཇོན་པ་ནི་ཐབས་སྐྱོ་བོ་རེད།། དེ་བས་འདི་རིགས་ལ་བོད་མི་ཚོས་གཟབ་གཟབ་བྱོས་མ་གཏོགས། ༧གོང་ས་ཆེན་པོས་བཀའ་ཕེབས་སྟངས་ལ་བལྟས་ན་ཅི་འདྲའི་ཐུགས་ཕམ་བྱུང་མི་འདུག་གམ། ཐུགས་ཕམ་བྱུང་ན་ཡག་པོ་མ་རེད། དམ་ཚིག་འདི་གལ་ཆེན་པོ་རེད།། གངས་སྐྱིད་ཀྱི་མགོ་ཁྲིད་སྐབས་འཚོལ་ཁེ་ཕན་ལྐོག་གཉེར་བ་ཚོས་འདི་དག་རྒྱུ་མ་ཕུ་འདེད་བྱེད་ཀྱི་གལ་ཆེན་རེད།། སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་དང་འབྲེལ་བའི་མཇུག་འབྲས་འགན་འཁུར་དགོས་ཀྱི་རེད། གང་ཡིན་ཞེ་ན་སྐད་ཅ་འདི་གྲོས་ཚོགས་སྟེང་བྱུང་བ་རེད། ཐུགས་ཕམ་སྐུ་ཕྱྭ་དང་འབྲེལ་བ་ཡོད་ཅེས་གནའ་ནས་ཁ་ནས་ལབ་བསྡད་ཡོད་པ་རེད། ད་གཟབ་གཟབ་བྱས་མ་གཏོགས། ཀརྨ་ཆོས་འཕེལ་དང། ཀླུ་མཁར་བྱམས་ཟེར་བ་འདི་རིགས་ལ་དངོས་གནས་དོགས་པ་འདུག
ད་གཟབ་གཟབ་གནང་རོགས་ཕོ་གསར་ཚོ།
http://sangdhor.com/list_c.asp?id=11575
ཁྲམ་པ་མང་པོ་འདི་ན་འདུག
ཁ་བརྡ་ལགས་གོང་དུ་ཨོ་ཉིའི་དེ་འཇུག་ན་འདི་ཡང་འཇུག་རོགས་མེད་པ་བྱེད་ན་གཉིས་ཀར་མེད་པ་བྱེད་རོགས། བློ་ཕམ་དུ་མི་འཇུག་རོགས།
དྲི་བ།
་་་་་་་༧གོང་ས་མཆོག་ལམ་དབུ་མ་པ་མ་ཡིན་པ་རང་བཙན་གཙང་མ་རྩོད་བགྱིད་ཡོད་པ་རེད་ཅེས་གསུངས་པ་གོ་ཐོས་བྱུང། དེ་འདྲའི་ནོར་འཁྲུལ་ཅི་ལྟར་ཤོར་བགྱིད་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དེར་ཐུགས་བསམ་གང་འདྲ་བཞེས་བགྱིད་ཡོད།
ལནདུ་༧གོང་ས་མཆོ་གིས།
ཨོ་ཡ། ང་མ་བོན་བཟོ་བགྱིད་ཡོད་པ་རེད། ང་མ་བིན་བཟོ་བགྱིད་་ཡོད་པ་རེད་གདའ། ཤེས་སོང་ངམ། ངས་ཁ་ནས་རང་སྐྱོང་བཤད་བགྱིད་ཡོད་པ་མ་གཏོགས་སེམས་ཀྱི་སྟེང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་མ་བིན་བཟོམ་བགྱིད་ཡོད་པ་རེད། ང་མ་བིན་བཟོས་ན་ཕན་ཐོག་ཅིག་འདུག་གམ། ་་་་་་་་་་་་་་
ཀརྡོས།
་་་་་་་་ སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་དང་འབྲེལ་བའི་མཇུག་འབྲས་འགན་འཁུར་དགོས་ཀྱི་རེད། གང་ཡིན་ཞེ་ན་སྐད་ཅ་འདི་གྲོས་ཚོགས་སྟེང་བྱུང་བ་རེད། ཐུགས་ཕམ་སྐུ་ཕྱྭ་དང་འབྲེལ་བ་ཡོད་ཅེས་གནའ་ནས་ཁ་ནས་ལབ་བསྡད་ཡོད་པ་རེད། ད་གཟབ་གཟབ་བྱས་མ་གཏོགས། ཀརྨ་ཆོས་འཕེལ་དང། ཀླུ་མཁར་བྱམས་ཟེར་བ་འདི་རིགས་ལ་དངོས་གནས་དོགས་པ་འདུག ་་་་་་ཟེར།
༄༅། བརྙན་པར་འདི་མེད་པ་བཟོ་དགོས་དོན་གང་ཡིན་ནམ།
བརྙན་པར་འདི་ཡག་པོ་མི་འདུག་་་
ཀརྨ་ཆོས་འཕེལ་གྱི་སྐྱག་རྫུན་བཤད་པ་དང་ཤར་ཕྱོགས་ཁུག་རྟས་བོད་མི་ནང་ལ་དཀྲུག་ཤིང་རྒྱག་པ་གཉིས་ནག་ཉེས་བསགས་པ་གཅིག་རེད།
མ་བིན་ཟེར་བ་རྫུན་ལ་གོ་ན་བདེ། ཁྲམ་པ་ཟེར་ན་ཏོག་ཙམ་ཏག་ཏག་སྡད་གི་མིན་འདུག་དྲན། ཡིན་ནའང་ཁུགས་རྟ་རིན་པོ་ཆེས་དགོངས་པ་དགོངས་གཞི་དམིགས་བསལ་བ་ཞིག་ལ་གཟིགས་ཡིན་རྒྱུ་རེད།
ཁུག་རྟ་འདི་སྐབས་འཚོལ་བ་ངོ་མ་ཞིག་དང་གཞན་གྱི་མདུན་ལམ་ཉམས་ཉེས་བྱུང་བ་ཡིན་དགའ་དག་ཆེད་མཁན་ཞིག་རེད།
ཁུགས་རྟ་ཡང་རིན་པོ་ཆེ་རེད་པེ། ལགས་།
དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཞེས་ཤར་ཁུག་ཁོང་རང་ནས་གསུངས་ཀྱི་ཡོད་པ་རེད།
དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཞེས་ཤར་ཁུག་ཁོང་རང་ནས་གསུངས་ཀྱི་ཡོད་པ་རེད།
ཨ་ལས། འོ་ན། ཤར་ཕྱོགས་ཁུག་རྟ་ཁོ་རང་སྐྱེས་དུས། དགེ་ཆོས་འཆལ་པོའི་འདོད་པའི་བསྟན་བཅོས་བློ་ལ་སྐྱོར་རྒྱུ་ཡོད་རྐྱང་རེད། ཧཧཧཧཧ།
ད་བོད་རིགས་རྣམས་ཀྱིས་གཟབ་གཟབ་གྲུང་གྲུང་མ་བྱས་ན་ཕྱི་ནང་གི་སྐབས་འཚོལ་བ་འགའ་ཡིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནག་ཐར་རེ་སྟོར་ནས་༧གོང་ས་མཆོག་དང་བོད་རིགས་ནང་ཁུལ་བར་དམ་ཚིག་ཉམས་ཆགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བའི་ངེས་པ་མི་འདུག དམ་ཚིག་ཉམས་ཆགས་བྱུང་ན་བླ་མ་སངས་རྒྱས་ཡིན་ཀྱང་སྐུ་ཚེ་ལ་གནོད་པའི་ལོ་རྒྱུས་མང་པོ་ཡོད། འགྲོ་མགོན་གླིང་རྗེ་རས་པ་གྲུབ་པ་ཐོབ་པའི་སྐྱེ་བུ་དམ་པ་ཞིག་ཡིན་ཀྱང་ཉིན་གཅིག་ཁོང་གི་སློབ་མ་ཞིག་དང་དམ་ཚིག་ཉམས་ཆགས་སོང་ནས་བླ་མ་ཉིན་བདུན་མཚམས་ནས་གྲོངས་སྐད། གྲུབ་ཐོབ་གླིང་རྗེ་རས་པ་ལ།། གྲོགས་བླ་མ་ཡིན་པ་བསྟེན་མ་མྱོང་། དགྲ་དམ་གྲིབ་མིན་པས་ཐུབ་མ་མྱོང་། ཞེས་བཤད་སྲོལ་ཡོད། སྔོན་རྒྱ་གར་ལྷོ་ཕྱོགས་ཨ་མར་ཝར་ཏིའི་གནས་སུ་དུས་འཁོར་དབང་ཆེན་སྐབས་སུ། ༧གོང་ས་མཆོག་ནས་བོད་རིགས་རྣམས་ལ་བཀའ་སློབ་སྐབས་འདི་འདྲ་གསུངས་མྱོང་ཡོད། སྤྱིར་གཏངས་བྱས་ན་ང་ལོ་བརྒྱ་དང་བཅུ་གསུམ་ཙམ་ཞིག་ཡས་མས་འདུག་བསམ་པའི་འཕེན་པ་དང་རྟགས་མཚན་སོགས་ཡོད་ཀྱང་བོད་རིགས་རྣམས་ཀྱིས་བྱ་སྤྱོད་ཕྱིན་ཅི་ལོགས་པ་མ་ཟད་ངས་ཟེར་བ་ནང་བཞིན་མ་བྱུང་ན་གར་འགྲོ་ལ་རང་དབང་མེད་དེ་བསྡད་དང་མ་བསྡད་ཁྱད་པར་མེད་པ་འདྲ་མཐོང་གིན་འདུག ཅེས་ཚིག་མཐར་ཆགས་སུ་མ་དྲན་ཀྱང་དོན་དེ་འདྲ་ཞིག་གསུངས་པ་ད་ལྟ་ཡང་དྲན་གི་འདུག ༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་ལས་འགལ་ནས་རང་བཙན་མ་དགོས་ཀྱང་འཛམ་གླིང་དབང་དུ་བསྡུ་ཐུབ་ཀྱང་དགོས་པ་མེད་པས་བོད་རིགས་ཚང་མས་ཁུར་མཉམ་ལེན་གྱིས་རིག་པ་བསྒྲིམས་དགོས་འདུག
ཐུབ་པ་རྒྱ་མཚོ་ལགས་བསམ་བློ་བཏང་ནས་སྐད་ཆ་བཤད་ན་མཛེས་ཡོང་། བཀའ་བརྒྱུད་མ་གཏོགས་ཆོས་ལུགས་གཞན་ཚོར་ལབ་གླེང་མེད་པ་ཨེ་རེད། བྱུང་ན་གོང་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་བཤད་ན་ཡག དེ་མིན་གོ་སྐབས་རེ་བྱུང་བ་དང་ཆོས་ལུགས་དང་ཆོས་བརྒྱུད་ལ་སྐྱོན་བརྗོད་བྱེད་རྐྱང་བྱེད་པ་ནི་མཐུན་འབྲེལ་གཏོར་གཤེགས་ཀྱི་གཞི་མ་རེད། ཆོས་ལུགས་ནང་གླེང་རྙོག་སྐོར་བཤད་དགོས་ཚེ་ཁྱོད་ཀྱི་ཆོས་ལུགས་ལ་གཅིག་ལྟོས་དང་གཏན་གཏན་མི་གསོད་ཁྲག་སྦྱོར་བྱེད་མཁན་གྲས་ཡིན་ངེས་པ་རེད། ཀརྨ་ཆོས་འཕེལ་སྐོར་བཤད་དགོས་པ་གང་ཡོད། གལ་སྲིད་ཁོ་པའི་རྒྱབ་ཏུ་བཀའ་བརྒྱུད་པ་ཡོངས་རྫོགས་འདུག་ན་ཁྱོད་གང་བྱེད་རྒྱུ་ཡོད་ཁ་རྒྱག་པ་བཤད་རྒྱུ་མཚམས་བཞོག
ད་ཡང་ཤར་ཁུག་ཚང་གི་ལག་པར་སྐྱག་པ་ཞིག་ཐོབ་འདུག ཁོ་པས་སྐྱག་པའི་རྩེད་མོ་རྩེ་བ་ནི་རྒྱུན་ལྡན་ཡིན་མོད། ད་རི་སྐྱག་པ་དེ་དྲི་མ་ཧ་ཅང་ཆེ་བ་ཞིག་འདུག་པས། མི་མང་པོ་ཞིག་སྣ་བཀབ་དགོས་ཐུག་སྲིད། དུས་རྒྱུན་རུལ་སོང་ཟ་རྒྱུར་དགའ་མཁན་ལ་ལ་དག་དགའ་པོ་ཡང་བྱེད་སྲིད། མདོར་ན་མཐོ་དམན་ཚང་མས་རྒྱ་དམར་པོ་གད་མོ་དགོད་བཅུག་གིན་འདུག འདི་འདྲའི་སྐོར་གླེང་བ་ལས་ཁ་རྐུབ་ལ་སྦྱར་ནས་ཉལ་སྡད་ན་ཡག་ཤོས་རེད། གླེང་ན་བོད་མི་མང་གི་བདེ་སྡུག་དང་། ཆེས་ཉམས་ཉེས་པའི་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་གླེང་དང་། དེ་མིན་སྒེར་གྱི་དོན་ཡིན་ན་གདོང་དང་གདོང་ཐུག་ནས་བཀའ་མོལ་བྱེད་དགོས་པ་ལས། མི་མང་ཆོལ་ཁ་ཆོས་བརྒྱུད་སོགས་རྒྱབ་ལ་འཁྱེར་ནས་རྙོག་གླེང་བྱེད་དགོས་པ་ཅི་ཡོད།
བཀའ་སློབ་འདི་དང་Portland ཀྱི་བཀའ་སློབ། ས་ལུ་གྷ་རའི་བཀའ་སློབ་སོགས་ཀྱིས་་རང་བཙན་རྩོད་མཁན་ཚོ་ཞི་འཇམ་དུ་བཏང་སོང་།
ང་རང་བོད་ཕྲུག་རྣལ་མ་ཞིག་ཡིན་པའི་ངོས་ཐད་ནས་ཚིག་གཅིག་བཤད་འདོད་པ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་ཁོང་གིས་ད་བར་དུ་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་ལས་གྱོན་པའི་བཀའ་དྲིན་བསམ་ན། བོད་མི་སུ་ཞིག་གིས་༧ཁོང་ལ་མ་ཉེས་ཁ་ཡོག་གིས་དྲིན་ལན་ལོག་འཇལ་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། ཤ་ཁྲག་རུས་གསུམ་བོད་ལས་མཆེད་པའི་གངས་ཅན་པའི་རིགས་རྒྱུད་ཅིག་ཡིན་ཕྱིན་འདིའི་ཕྱོགས་ལ་གཟབ་གཟབ་གནང་རོགས།
ཨ་ཁ་གཞིས་ལུས་བོད་མིས་གཅེས་པའི་ལུས་སྲོག་ཡན་ཆད་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་མཆོད་མེར་ཕུལ། གླུ་བ་གླུ་མ་བཅུ་ཕྲག་མང་པོས་མགྲིན་གཅིག་དབྱངས་གཅིག་གིས་ཆོས་རྒྱུད་ཆོས་ལུགས་ཆོལ་ཁ་དང་བཅས་པ་ཤ་ཁྲག་སྤུན་ཟླར་བསམ་སྟེ་མཐུན་བསྒྲིལ་དགོས་པའི་དགའ་གླུ་བསྟོད་གླུ་སྐྱོ་གླུ་བསྐུལ་གླུ་བླངས་སོང། བྱེས་སྡོད་འདི་དག་ནི་སྐྱིད་ངོ་མ་ཤེས་ནས་དབུ་རང་ཆོས་ལུགས་ཆོལ་ཁ་རྩོད་དེ་་་་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་གཏོང་སྟངས་འདི་ལ་བསམ་ན་ཀྱི་རེ་ཧུད།
དབུ་རང་གཉིས་ཀས་ཐབས་ལམ་དང་བཤད་ཚུལ་མི་འདྲ་ནའང་མཐར་ཐུག་གི་དམིགས་ཡུལ་གཅིག་ཏུ་ངེས། དབུ་རང་ཆོས་ལུགས་ཆོལ་ཁའི་རྩོད་པ་བྱེད་པ་ནི་་་་་དགྲ་བོར་གདོང་ལེན་མ་ནུས་ནས་ནང་ཁུལ་རྩོད་རྙོག་སློང་བ་རང་རེད། དཔེར་ན། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤུ་ཡིས་ནང་ཁུལ་ནས་ཁོང་ལ་སྐྱོན་བརྗོད་རེ་ཡོང་དུས་ཁོས་རྒྱལ་ཁབ་གཞན་ལ་དམག་འཁྲུགས་སློང་བ་ལྟ་བུ་རེད།
སི་ཏུའི་ཀརྨ་པས་མ་བྷན་བཟོ་ཚར་བ་ཚང་མས་ཤེས་གསལ་རེད། ད་དུང་ངར་ངར་བཤད་ཀྱང་ཕྱི་དྲག་པ་རེད།
༢༢༽ སྙིང་དཀར་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ གི་ཆུ་ཚོད་ ༣ སྐར་མ་ ༤༤
ང་རང་བོད་ཕྲུག་རྣལ་མ་ཞིག་ཡིན་པའི་ངོས་ཐད་ནས་ཚིག་གཅིག་བཤད་འདོད་པ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་ཁོང་གིས་ད་བར་དུ་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་ལས་གྱོན་པའི་བཀའ་དྲིན་བསམ་ན། བོད་མི་སུ་ཞིག་གིས་༧ཁོང་ལ་མ་ཉེས་ཁ་ཡོག་གིས་དྲིན་ལན་ལོག་འཇལ་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། ཤ་ཁྲག་རུས་གསུམ་བོད་ལས་མཆེད་པའི་གངས་ཅན་པའི་རིགས་རྒྱུད་ཅིག་ཡིན་ཕྱིན་འདིའི་ཕྱོགས་ལ་གཟབ་གཟབ་གནང་རོགས། ་་་་་་ཟེར།