ལོག་སྨྲ་ཚར་གཅོད།
༄། ངས་ནམ་རྒྱུན་ཤ་དེ་ཙམ་ཟ་བའི་གོམ་སྲོལ་མེད་ཀྱང་དེ་རིང་ས་ཟླའི་ཚེས་བཅོ་ལ་ཤ་མང་པོ་ཟས་པ་ཡིན། ཀུན་སློང་ནི་ང་ལ་ལྟོས་ན་སྡིག་པ་ལྷག་པར་ཆེ་ཡང་དེ་རིང་བསད་པའི་དུད་འགྲོ་ལ་ལྟོས་ན་ནམ་རྒྱུན་བསད་པ་ལས་སྡུག་བསྔལ་ལྷག་པོ་མེད་ཅིང་། ཤི་མཁན་གྱི་དུད་འགྲོ་ཁོ་རང་གིས་ང་ལ་ཤ་ཁྲག་གི་བུ་ལོན་ཆད་པ་དེ་བུ་ལོན་བསབས་ཟིན་ནས་ཡང་སྐྱར་ང་ལ་བུ་ལོན་དེ་བསབ་པའི་ཕྱིར། དུད་འགྲོའི་སྐྱེ་གནས་སུ་འགྲོ་མི་དགོས་པ་དང་དུས་ཁྱད་པར་ཅན་འདིར་ཁོང་གིས་ཤ་ཁྲག་གི་སྦྱིན་པའི་དགེ་བ་དཔག་མེད་ཅིག་གསོག་ཆེད་ཡིན།
བོད་མི་རྣམས་ཀྱིས་ནམ་རྒྱུན་ཤ་མང་པོ་ཟས་དང་ཟ་བཞིན་དུ་དེ་རིང་ས་ཟླའི་དུས་ཆེན་དུ་དཀར་སྐྱོང་བྱེད་རྒྱུ་རེད་ཟེར། ཀུན་སློང་ནི་མགོ་བདེ་པོས་ནམ་རྒྱུན་ཤ་ཟ་རྒྱུ་ཡོད་པ། སྡིག་པ་ཆུང་བ། དེ་རིང་ཉིན་གཅིག་གཞན་གྱི་སྡུག་བསྔལ་ལ་བསམ་ནས་ཤ་མི་ཟ་བ་མིན་པ་རང་ཉིད་ལ་དགེ་བ་རླབས་ཆེན་ཞིག་གསོག་པའི་ཆེད་དུ་ཤ་མི་ཟ་བ་རེད། བྱས་ན་དོན་ལ་སུ་བཟང་ངམ། ཤོད་དང་།
དྲི་བ། ་་་ ཆེད་དུ་ཤ་མི་ཟ་བ་རེད། བྱས་ན་དོན་ལ་སུ་བཟང་ངམ། ཤོད་དང་།
ལན། སྔ་མ་དེ་བཟང་བ་མིན་འགྲོ ལགས། ཁྱེད་ཀྱིས་བཅོ་ལྔར་བཟས་པ་དེ། ཤའི་བདག་པོ་དུད་འགྲོ་དེ་ལ་ཕན་པའི་གྲུབ་བྱེད་ཚད་ལྡན་བཀོད་རྒྱུ་མེད་པའི་ཕྱིར་རོ། །ཟེར་་ནཅི་ལོབ། ལགས།
རྒྱུ་མཚན་གོང་དུ་གསལ་པོར་བཀོད་ཡོད། དེར་གཟིགས་མཛད།
ཁྱེད་རང་ནམ་རྒྱུན་ཡང་ཤ་ཡག་ཐག་གཅོད་གཅིག་ཟས། དེ་ཐོག་ད་རིང་མང་ཐག་གཅོད་ཟས་པ་ཡིན་ན་ཁྱེད་རང་གཞན་ལ་སྐྱོན་བརྗོད་པའི་མདའ་མོ་ཡོངས་རྫོགས་རང་ལ་ཕོགས། ནམ་རྒྱུན་ཉུང་ཙམ་ལས་ཟ་ཡི་མེད་ན། ད་རིང་མ་ཟ་མཁན་དང་གཅིག་པ་རེད། གང་ཡིན་ཟེར་ན་སྐབས་རེ་བཟའ། སྐབས་རེ་མེད་པ་གཅིག་པརེད་འདུག ཧཧཧ་སྐུ་རྩེ་ཡིན། ཡང་ལས་འབྲས་ཚང་མ་སྔར་བསགས་ཟིན་པ་རྐྱང་མྱོང་ནས་སྐོར་བ་རང་འཁོར་ན། ལས་གསར་དུ་བསག་ཟེར་བ་མེད་པར་གྱུར།
བོད་པས་དགེ་སྒྲུབ་གནང་སྟངས་འདི་ལ་ངས་ཡ་མཚན་གྱི་ཡོད།
ལོག་སྨྲ་ཚར་གཅོད་ཀྱིས་བཤད་པ་དེ་བདེན
འབུམ་འགྱུར་ཟླ་བའི་དོན་ལ་ཅུང་ཟད་བསམ་བློ་གཏོང་ས་ཡང་ཡོད་དགོས་ངེས་རེད་སྙམ་ལགས།
ལོག་སྨྲ་ཚར་གཅོད་ལགས་ཁྱེད་རང་གིས་སྲོག་གཅོད་ཀྱི་བྱ་བ་དེ་སྡིག་པ་ཡིན་པ་དང་འཚེ་བ་ཡིན་པ་ཁས་ལེན་ན་ནི་དོན་ལ་སུ་བཟང་ཞེས་པའི་དྲི་ལན་དེ་རང་གིས་ཤེས་ཐུབ། བུ་ལོན་བསབ་པའི་ཕྱིར་དུད་འགྲོའི་སྐྱེ་གནས་སུ་འགྲོ་མི་དགོས་པ་དང་།་དུས་ཁྱད་པར་ཅན་འདིིར་ཁོང་གིས་ཤ་ཕྲག་གི་སྦྱིན་པའི་དགེ་བ་དཔག་མེད་ཅིག་བསག་ཆེད་ཡིན་ཞེས་བསམས་ཏེ་ཁྱེ་ཀྱིས་ཚེས་བཅོ་ལྔའི་ཉིན་དུ་ཤ་ཟོས་ཡོད་པ་འདྲ། དེ་དེབས་ཀྱང་སྡིག་པ་ལྕི་སྟེ། ཁ་ལྕེས་སྨྲ་མི་ཤེས་དོན་མི་ཤེས། གླེན་ཞིང་གཏི་མུག་པའི་བསད་བྱའི་དུད་འགྲོ་དེ་ལ་དཔེ་ཡ་མཚར་པོའི་དེ་འདྲ་ཀུན་སློང་བཟང་པོ་ཞིག་ཡོད་པ་ཁྱེད་ཀྱིས་ཇི་ལྟར་མཁྱེན།