མཁོ་འདོན་པ། ཨ་རིའི་དོན་གཅོད་ཁང་།
ཉེ་སྔོན་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་སྐབས་སུ་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་རིགས་ཚོར་དམིགས་བསལ་གསུང་བཤད། དྲི་བ་དྲིས་ལན་སོགས་གལ་ཆེའི་བཀའ་སློབ་ཁག་ཅིག་བསྩལ་གནང་བ་རྣམས་གཤམ་གྱི་འབྲེལ་ཐག་ཁག་ལ་བསྣུན་ནས་གཟིགས་པར་ཞུ།
༡༽ https://www.youtube.com/watch?v=DPQ6FdYQP1U
༢༽ https://www.youtube.com/watch?v=YYi3KRYIUqs
༣༽ https://www.youtube.com/watch?v=BDnB9XlyjME
༤༽ https://www.youtube.com/watch?v=6BGkKBfAVmE
༧གོང་ས་མཆོག་གི་བཀའ་སློབ་རྣམས་གོ་བ་ལོག་སྒྲུབ་དང་བེད་སྤྱོད་ལོག་པ། བོད་མི་ནང་ཕན་ཚུན་མཐུན་ལམ་གཏོར་གཤིགས་གཏོང་བྱེད་དྲ་ལམ་ཁག་ནས་གཏོང་བཞིན་པ་ནི་བཙན་བྱོལ་རྣམས་ངོ་ཚ་དགོས་པའི་ལས་ཀ་རེད། དབུ་རང་གཉིས་ཀར་འདས་པའི་ཆ་ལ་གྲུབ་འབྲས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད། མ་འོངས་པ་ལ་ཡང་ཕལ་ཆེར་མདོགས་དེ་ལས་གཞན་པ་ཞིག་དོན་རྒྱུར་དཀའ། དེ་བས་བོད་དུ་ལོག་མཁན་ལོག རྒྱ་གར་དང་ཕྱི་རྒྱལ་སྡད་མཁན་སྡད། དབུ་རང་གི་སྐད་ཆ་ཚང་མ་གད་སྙིགས་ནང་བླུགས། དབུ་རང་གི་ལྟ་གྲུབ་ཀྱི་ཤོག་སྙིགས་མེར་བསྲེག དབུ་རང་གི་ལས་ཁུངས་ཚང་མ་སྒོ་རྒྱབ་བཞག་ན་ཡག་ཤོས་ཡིན་ཚོད། དེ་མིན་རྨི་ལམ་ནང་གི་གསེར་ཞོ་གཅིག་ལ་ཆེ་ཆུང་དང་སྔ་ཕྱིར་རྩོད་པ་དང་འདྲ་བ། བྱིས་པའི་ཐལ་བའི་རྩེད་མོ་དང་འདྲ་བ་མིན་འདུག་གམ།
མ་གཞི་དབུ་མ་དང་རང་བཙན་གང་ཞིག་ཡིན་བཤད་རུང་རྒྱ་ནག་གཞུང་གི་ད་བར་ཁ་ཡ་བྱས་ནས་སུ་ལའང་དོན་སྙིང་ལྡན་པའི་ལན་ཞིག་སྟེར་མྱོང་ཡོད་དམ། ང་ཚོས་དབུ་མ་དང་རང་བཙན་གང་ཞིག་རྩོད་ཀྱི་ཡོད་རུང་རྩོད་ས་དེ་རྒྱ་གཞུང་རེད་དམ་བོད་པ་ནང་ཕན་ཚུན་རེད། བཙན་འོག་ཏུ་གནས་པའི་རང་རིགས་རྣམས་ནས་བྱེས་འཁོད་དག་ལ་རེ་འབོད་དང་འབྲེལ་རྒྱ་གཞུང་མཐའ་གཅིག་ཏུ་མི་འདོད་པའི་ངོ་རྒོལ་གྱིས་རང་ལུས་མེ་རུ་སྒྲོན་བཞིན་པ་རེད། ང་ཚོ་བཙན་བྱོལ་རྣམས་དབུ་མ་ཡིན་ཟེར་ནས་རང་བཙན་ལྟ་གྲུབ་དང་ལས་འགུལ་སྤེལ་མཁན་དག་ལ་ཁ་བརྡུང་དང་སྐྱོན་བརྗོད་བྱེད་ནས་ནམ་ཞིག་རང་བཙན་རྩོད་མཁན་ལ་ངོ་རྒོལ་གྱིས་རང་ལུས་མེ་རུ་སྦར་སྲིད། རང་བཙན་རྩོད་མཁན་ཚོས་ཀྱང་དེ་མཚུངས་བྱེད་བཞིན་པ་བཅས་མདོར་ན་ད་ཆ་བཙན་བྱོལ་སྤྱི་ཚོགས་འདིར་དྲངས་པོར་ལྟོས་དང་ག་རེ་བཤད་ཀྱི་འདུག ག་རེ་བྱེད་ཀྱི་འདུག་ལྟོས་དང་། དེ་བས་་་་་་་་་ཡག་ས་མ་རེད་དམ།
༧གོང་ས་མཆོག་གི་བཀའ་སློབ་ཚང་མ་ལ་མོས་མཐུན་མེད། འདིའི་སྐོར་ནས་བསམ་ཚུལ་ཁ་གསལ་ཞིག་མི་འགྱངས་བར་བྲིས་ནས་ཁ་བརྡ་དྲ་བར་བསྐུར་ཆོག་པ་གྱིས།
ཨ་རིའི་དོན་གཅོད་ཁང་ལ་ཐུགས་རྗེ་ཆེ་ཞུ།
འཕགས་མཆོག་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་མཁྱེན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ཇི་སྲིད་ནམ་མཁའ་མ་ཟད་བར་དུ་བདག་ཅག་གི་བསོད་ནམས་ཀྱི་ཞིང་དུ་བཞུགས་པར་མཛོད།
གང་གི་བཀའ་ནི་སྤྱིར་འགྲོ་བ་ཀུན་ལ་ཕན་པ། སྒོས་བོད་འབངས་ཡོངས་ལ་སྨན་པ། ཡང་སྒོས་རང་སྒེར་ལ་ཕན་པའི་ཐབས་ཚུལ་བསྟན་པའི་འདི་ཕྱི་གཉིས་སྐྱབས་གནས་བླ་མའི་བླ་མ། གོང་ན་མེད་པའི་རླབས་ཆེན་གྱི་སྟོན་པ་ཉག་གཅིག་ཡིན།
བཀའ་སློབ་རིན་པོ་ཆེ་གོ་བདེ་གསལ་པོ་འདི་འདྲའི་གསུང་མོད། ད་དུང་གོ་ལོག་དང་སྤྱོད་ལོག་ཏུ་གྱུར་བ་ནི་ཆེས་ཡ་མཚན་པ་ཞིག་མ་ཡིན་ནམ་སྙམ། འོན་ཀྱང་རང་མོས་ཆ་ཚང་ཡོད་རེད། ཡིན་ན་ཡང་འདིར་གལ་ཆེ་བ་ཞིག་ལ་ང་རང་ཚོ་གོ་ཚོད་པོ་གྲུང་ཧྲིལ་ཧྲིལ་མ་གནང་ན་སྐབས་འཚོལ་གྱིས་གཡོ་འཕྲུལ་འོག་ཚུད་ཉེན་ད་དུང་ཡང་ཡོད།
ང་ཚོས་ཤ་ཟད་རུས་ཐུག་རྐང་ཐུག་གིས་སྲོག་དང་བརྡོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁྱད་འཕགས་ལྡན་པའི་མི་རིགས་འདི་རྒྱུན་འཛིན། སྲུང་སྐྱོབ་བྱ་རྒྱུའི་སྙིང་སྟོབས་འདི་རྩ་གཏོར་གཏོང་བསམ་པ་ནི་སྟོང་བསམ་རང་རེད། ང་ཚོའི་མི་རིགས་ཀྱི་སེམས་སྟོབས་རྩ་གཏོར་གཏོང་བྱད་ནི་ཕྱི་ནས་ནམ་ཡང་འཛུགས་སྐྲུན་བྱ་ཐབས་མེད།
དངོས་གནས་དགོངས་ཞུ་ནི་གུང་བྲན་དམར་པོ་རིང་ལུགས་ཚོ་གནང་རན་འདུག་ལ། གཅིག་སྡུད་ལམ་ལུགས་མགྱོགས་མྱུར་དགོངས་བཞེད་བཅོས་བཟོ་གནང་གལ་ཆེ་བ་དང་། རྒྱ་དམར་གྱི་རྨི་ལམ་མམ་ཕུགས་བསམ་རིམ་གྱིས་ཀྲུང་ཧ་སྤྱི་མཐུན་གསར་འཛུགས་ལ་ཁ་ཕྱོགས་ན་དངོས་གནས་རྨི་ལམ་ཙམ་མིན་པར་ཕུགས་བསམ་དང་ཕུགས་རེ་ཡོད་སྙམ། རླབས་ཆེན་གྱི་གཙོ་འཛིན་རྣམ་པར་རྣམ་དཔྱོད་ཡོད་ན་གཅིག་སྡུད་དང་འབྱོར་ཕྱུག་རྐྱང་པར་དབུ་མ་འཁོར་བར་མིའི་རིན་ཐང་ལའང་གོ་སྐབས་གནང་ནས་གནའ་དེང་ཟུང་འབྲེལ་གྱི་འདབ་གཤོག་ཡངས་པོར་རྒྱས་ན། ད་གདོད་ཀྲུང་ཧ་མི་མང་སྤྱི་མཐུན་གྱི་རྒྱལ་ཁབ་ཆེན་མོ་དེ་འཛུགས་ཐུབ་པ་ཡིན།
བོད་མི་ཚོའི་སྙིང་སྟོབས་ནི་ནམ་ཡང་ཞུམ་མེད་ལ་ད་དུང་གོང་འཕེལ་གྱི་ཕྱོགས་སུ་རྒྱས་དགོས། ང་ཚོ་ཆབ་སྲིད་ཀྱི་འུ་ཐབས་ཟད་པོར་གྱར་རུང་། རླབས་ཆེན་གྱི་མི་རིགས་འདི་ལ་རླ྄བས་ཆེན་གྱི་ཁྱད་ནོར་ལྡན་ལ། རླབས་ཆེན་གྱི་བླ་ན་མེད་པའི་དབུ་ཁྲིད་ངོམས་སུ་ཆོག་པ་ཡང་ངེས་པར་ཡོད། ང་ཚོའི་རྒྱལ་ཁབ་ནང་བཙུན་འཛུལ་བྱུང་རུང་། འཛམ་གླིང་ཁྱིམ་ཚང་ཆེན་པོ་འདིའི་ནང་ང་ཚོར་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་གོ་བབ་ཀྱང་མུ་མཐུད་ཐོབ་ཡོད་ལ། ཀྲུང་ཧ་མི་མང་ནང་ནས་ཀྱང་ཁད་ཀྱིས་སེམས་ཚོར་སླེབས་མཁན་ཡང་བྱུང་ཡོད།
ཚང་མས་གངས་ཅན་མགོན་པོའི་བཀའ་བཞིན་བསྒྲུབས་ནས་ཡོངས་རྫོགས་བོད་ལྗོངས་རང་དབང་དོན་འབུངས་ཤོག་བོད་རིགས་སྤུན་ཟླ་ཚོ།།།
༧གོང་ས་མཆོག་གི་བཀའ་སློབ་ཆ་ཚང་ལ་ཉན་པ་ཡིན། གུས་བརྩོན་འགྲུས་ང་ལ་དོགས་པ་ཇེ་ཆེ་དང་སེམས་སྡུག་ཀྱང་ཇེ་ཆེར་ཕྱིན།
༧གོང་ས་མཆོག་གིས་བོད་མི་ཚོས་ཕྱི་ལོགས་ནས་སྐད་འབོད་དང་ངོ་རྒོལ་བྱེད་བཞིན་པ་འདིས་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་སྡུག་ལ་སྦྱོར་བཞིན་འདུག་ཟེར། སྐད་ཆ་འདི་ལ་གུས་བ་མོས་མཐུན་མེད། གལ་སྲིད་ཕྱི་ལོགས་ནས་བོད་མི་ཚོས་སྐད་འབོད་དང་ངོ་རྒོལ་སོགས་རྒྱ་ཆེར་བྱས་མེད་ན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་གནོན་ཤུགས་མི་སླེབས་པ་མ་ཟད་བོད་ནང་གི་བོད་མི་རྣམས་ཉིན་གཅིག་གི་ནང་ལ་རྒྱ་དམར་གྱིས་སྡེབས་གསོད་གཏོང་སྲིད་པ་ཡིན། བོད་ནང་དུ་བོད་མིས་རང་སྲོད་བློས་བཏང་ན། ཕྱི་སྡོད་བོད་མི་རྣམས་ཀྱིས་རྒྱ་དམར་ལ་ངོ་རྒོལ་གྱི་སྐད་འབོད་མི་བྱེད་པར་ཁ་རོག་གེར་བསྡད་ན་སུ་ལ་ཕན་གྱི་རེད་དམ། བོད་ནང་གི་བོད་མི་ཚོའི་གནས་སྟངས་ཇེ་ཡག་ལ་འགྲོ་གི་རེད་དམ།
ཕྱི་ནས་སྐད་འབོད་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་ནང་དུ་གནས་སྟངས་ག་དུས་ཇེ་ཡག་ལ་སོང་ཡོད་དམ། ༧གོང་ས་མཆོག་གུས་བར་ལན་ཞིག་སྤྲོད་རོགས།
གུས་བས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་པོའི་ལོ་རྒྱུས་ལ་བལྟ་ཀློག་གཉིས་ཀ་བྱས་མྱོང་བ་མ་ཟད་རྩོམ་སྒྲིག་ཀྱང་བྱས་མྱོང་། ཆབ་སྲིད་བཙོན་ཟུར་མང་པོས་འདི་འདྲ་གསུངས་ཡོད། རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་གནོན་ཤུགས་སླེབས་པའི་སྐབས་སུ། བཙོནཁང་ནང་དུ་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དོག་ཙམ་དོག་ཙམ་ཇེ་ཡག་ལ་འགྲོ་གི་འདུག་གསུངས་ཡོད།
ད་དུང་། ༧གོང་ས་མཆོག་གིས་བོད་རྒྱ་འབྲེལ་མོལ་མ་ཡོང་བ་དེ་ཡང་རྒྱ་མིའི་དཔོན་པོ་ཕྱི་རྒྱལ་ལ་ཡོང་དུས་བོད་མིས་ངོ་རྒོལ་བྱས་བ་དེས་ལན་པ་འདྲ་བོ་གསུངས་སོང་། དེ་འདྲ་ཡིན་ན། བོད་མིས་ངོ་རྒོལ་མ་བྱས་ནས་བོད་ལ་ཆེས་མཐོའི་རང་སྐྱོང་སྤྲོད་གི་རེད་དམ། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་དུས་གསུམ་བཅུའི་དུས་དྲན་སྐབས་ལ་ཡང་སྐད་འབོད་མ་བྱས་ལབ་ནས་མི་མང་ལ་རེ་སྐུལ་བྱས་བ་རེད། དེ་དུས་ཕན་ཐོགས་སམ། ལག་ཡོང་ག་རེ་འདུག
༧གོང་ས་མཆོག རྒྱ་མི་རྣམས་པེ་ཅིང་སྲིད་གཞུང་གི་བྱེད་སྟངས་ལ་ཡིད་ཆེས་མེད་པའི་སྐབས་སུ། ༧གོང་ས་མཆོག་ཁྱོད་རང་པེ་ཅིང་སྲིད་གཞུང་ལ་ཡིད་ཆེས་ཇི་ལྟར་སླེབས་ཀྱི་འདུག་གམ། པེ་ཅིང་སྲིད་གཞུང་གིས་བོད་མི་རིགས་དང་༧གོང་ས་མཆོག་ཁྱོད་ལ་ཡིད་ཆེས་སྤྲད་པའི་དུས་ཤིག་ད་བར་དུ་བྱུང་མྱོང་ཡོད་དམ།
༄༅། །བོད་ཀྱི་སློབ་ཕྲུག་ཞིག་གིས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྐོར་ལ་བཀའ་འདྲི་ཞུས་པ།
དྲི་བ། བཀྲ་ཤིས་བདེ་ལེགས། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བའི་འབྲེལ་བ་ཏོག་ཙམ་ཆགས་ཀྱི་ཡོད་པ་སོང་ཙང་། ༧གོང་ས་མཆོག་གིས་ལམ་དབུ་མ་པ་རྩོད་ཀྱི་ཡོད་པ་བཀའ་སློབ་རབ་དང་རིམ་པ་ཕེབས་ཀྱི་ཡོད་ཀྱང་། ཉེ་ཆར་སྤྱི་འཐུས་ཤིག་གིས་འདིར་མཚན་མ་བཀོད་པར་བྱས། སྤྱི་འཐུས་ཤིག་གིས་༧གོང་ས་མཆོག་ལམ་དབུ་མ་པ་མ་ཡིན་པར་རང་བཙན་གཙང་མ་རྩོད་ཀྱི་ཡོད་པ་རེད་ཅེས་སྤྱི་འཐུས་ཤིག་གིས་དེ་འདྲ་ཞིག་གསུངས་པ་རེད་ཅེས་གོ་ཐོས་བྱུང་སོང་། དེ་འདྲའི་ནོར་འཁྲུལ་ག་འདྲའི་ཞིག་ཤོར་གྱི་ཡོད་པ་རེད། སྐྱབས་མགོན་རིན་པོ་ཆེ། ༧གོང་ས་མཆོག་གིས་འདི་ལ་ཐུགས་བསམ་ག་འདྲ་ཞིག་བཞེས་ཀི་ཡོད་ན།
བཀའ་ལན། འོ་ཡ། ང་རྫུན་མ་བཟོ་ཀི་ཡོད་པ་རེད། ང་རྫུན་མ་བཟོ་ཀི་ཡོད་པ་རེད་ཤེས་སོང་ང་། ངས་ཁ་ནས་བཤད་བཞག་པ་དེ་རང་སྐྱོང་ཟེར་བ་དེ་ཁ་ནས་བཤད་ཀྱི་ཡོད་པ་རེད་མ་གཏོགས་སེམས་ཀྱི་གཏིང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་བཤད་བཞག་པ་དེས་ང་རྫུན་མ་བཟོ་ཀི་ཡོད་པ་རེད། ད་ང་རྫུན་མ་བཟོས་ནས་ཕན་ཐོགས་འདྲ་གེ་འདུག་གེ ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་པ་ཡིན་ན་ཡང་དྲང་པོ་དྲང་ཤག་ཕྱི་གསལ་ནང་གསལ་བྱེད་དགོས་ཀི་རེད་ཅེས་རྟག་པར་དེ་བཤད་བསྡད་ཀྱི་ཡོད། ངས་དེ་ད་གི་ཟེར་ཡ་དེ་རེད། ང་ཚོ་ང་བཅུ་ང་་་། སྤྱི་ལོ་ ༡༩༥༠ ནས་བྱས་ནས་ང་ཚོས་རང་བཙན་གྱི་ཐབས་ཤེས་བྱས་ཡོད་པ་རེད། ཐ་མ་གྲོས་མཐུན་དོན་ཚན་བཅུ་བདུན་སྒང་ལ་འགྲོ་རྒྱུ་རེད། ད་དེ་ནས་ང་ཚོ་རྒྱ་གར་ལ་སླེབས་ནས་རང་བཙན་སྒང་ལ་འབད་བརྩོན་བྱས་པ་རེད། ག་གེ་འགྲུབ་ཡ་མི་འདུག་ཀ མ་བྱས་པ་མ་རེད་ཏ། དེ་ནས་གཞུག་གུ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ ༡༩༧༤ ནས་བྱས་ནས་གཉིས་ཕན་ཞིག་བྱེད་ཟེར་ཡ་དེ་རེད། ཁ་ཞེ་གཉིས་མེད་ཡིན་མ་གཏོགས་ད་ལྟའི་སྐད་ཆ་དེ་ཚོའི་གྲས་དེས་ང་རྫུན་མ་བཟོ་ཀི་ཡོད་པ་རེད། མ་གཞི་ཁོ་རང་ད་གཏམ། རང་གིས་མིང་བཤད་མ་ནུས་པ་གེ་བྱེད་དགོས་ཀི་མ་རེད། ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་ཁོ་རང་ལྷག་བསམ་ཞིག་ཏ་ཏན་ཏན་ཡིན་རྒྱུ་རེད་པ། རེད་དེ་ཡིན་ན་ཡང་བཤད་སྟངས་དང་བྱེད་སྟངས་དེས་ང་རྫུན་མ་བཟོ་ཀི་འདུག དེ་འདྲ་ཡིན་དུས་ཐ་མ་ཨུ་ཐུག་ནས་ཡིག་ཚང་ནང་ནས་དེར་གསལ་བྱེད་ཅིག་བྱེད་རྒྱུ་འཁེལ་བ་རེད།
འཇམ་དབྱངས་དཀར་པོས་བཤུས།
YouTube ནང་ཡོད་པ་གཞིར་བཟུང་ཕབ་བཤུ་བྱས་ཡོད་པ་ལས་ཡིག་སྐད་དང་སྡེབ་སྦྱོར་གང་ཡང་བྱས་མེད། སྒྲ་སོར་བཞག་ཡོད་པ་དགོངས་འཇགས་ཞུ།
ཨ་རིའི་དོན་གཅོད་ལས་བྱེད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།།
སྔོན་ཆད་སྲོང་བཙན་སྐབས་སྤྲུལ་པའི་དམག་གིས་སྤྲུལ་པའི་དགྲ་བོ་འཇོམས་པ་དང་། སྤྲུལ་པའི་མཚོན་ཆས་སྤྲུལ་པའི་མིའི་སྐེ་བཅད་པ་སོགས་བཤད་སྲོལ་ཡོད་པ་བཞིན། སྤྲུལ་པའི་སློབ་ཕྲུག་གི་ཁོག་ཏུ་སྤྲུལ་པའི་སེམས་ཞུགས་ནས་སྤྲུལ་པའི་དྲི་བ་ཞུས་པར་སྤྲུལ་པས་ལན་རྒྱབ་པ་དེ་འདྲ་རེད། རྒྱལ་བའི་བཀའ་སློབ་དང་བཀའ་ལན་གང་ཡིན་རུང། གནས་དུས་དང་མ་མཚམས་ན་ངོས་ལེན་ཞུ་ཐབས་བྲལ། འདི་ནི་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ནས་ཞུས་པ་ལས་ཆོས་ཕྱོགས་ནས་བླ་ན་མེད་པའི་༧སྐྱབས་མགོན་དང་རིས་མེད་བསྟན་པའི་མགོན་སྐྱབས་ཡིན་པ་ལ་ཡིན་པར་བོད་མི་ཡོངས་ཀྱི་ཤེས་ཀྱི་ཡོད། ཆབ་སྲིད་ཀྱི་ཆ་ནས་བླ་མས་ཅི་གསུངས་སྒྲུབ་དགོས་ན་དེ་ནི་ཡོང་ཐབས་གཏན་ནས་མེད་པ་ཞིག་རེད། དཔེར་ན་སོག་པོའི་རྒྱལ་པོས་འགྲོ་མགོན་ཆོས་འཕགས་ལ་ཞུས་པ་བཞིན་མཚུངས་སོ།
༸གོང་ས་མཆོག་གི་བཀའ་སློབ་ལ་མོས་མཐུན་དང་། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས།
གོང་ས་མཆོག་ལས་ལྷག་པའི་ཆབ་སྲིད་མཁས་ཆེན་དང་ཉམ་མྱོང་ཅན་སུ་ཡང་མེད། ཁོང་གི་གསུང་ལྟར་སྒྲུབ་ན་འབྲས་བུ་བཟང་པོ་སྨོན་ངེས། དེ་མིན་མཁྲེགས་བཟུང་བྱས་ན་གྱོང་ཕོག་ས་དེ་བོད་མི་ས་ཡ་དྲུག་རེད་མ་གཏོགས་མི་ངན་རེ་ཟུང་མ་རེད། ཚོར་བའི་དབང་དུ་མ་སོང་བར་བསམ་བློ་གཏོང་ནས་སྐད་ཆ་བཤད་ན་ལེགས་ཀྱི་རེད།
༧གོང་ས་མཆོག་གིས་ད་དུང་འདི་འདྲ་གསུངས་བྱུང་། ངས་ཁྱེད་ཚོར་གསལ་བཤད་བྱེད་ཀྱི་ཡོད་མ་གཏོགས་ཁྱེད་ཚོས་འདི་བྱོས་ཟེར་གི་མེད་ཟེར། འོ་ན། གསལ་བཤད་དེ་བོད་མི་རྣམས་ལ་ལོ་ག་ཚོད་ལ་ཞུ་གི་ཡིན་ནམ། ཉིས་སྟོང་དགུ་ལོར་དབུ་མའི་ལམ་ལ་གྲུབ་འབྲས་བྱུང་མ་བྱུང་ཟེར་ནས་༧གོང་ས་མཆོག་གིས་གསུངས་ཡོད། ད་ཡང་གསལ་བཤད་ཡིན་ཟེར་ནས་མདོ་དོན་རང་བཙན་བརྩད་ན་སྙིང་པོ་མི་འདུག་ཟེར་གི་འདུག རང་བཙན་རྩོད་མི་རྩོད་འདི་བོད་མི་རིགས་ཀྱི་བུ་རབས་རྩ་རྒྱུད་ཀྱི་དོན་དག་ཞིག་རེད་མ་གཏོགས་འདི་བོད་མིའི་རྩ་བའི་བླ་མ་གཅིག་གི་དོན་དག་ཞིག་མ་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཚང་མ་རྩིས་སྤྲོད་ཚར་ཡོད་པ་བདེན་ན། བོད་མི་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ་དག་ལ་ཡང་གསལ་བཤད་དང་བསྐྱར་བཤད་མ་གནང་རོགས་གནང་། དེ་ཚོ་ཚང་མ་ད་ལྟའི་བཀའ་ཤག་དང་སྲིད་སྐྱོང་ལ་གནང་བཅུག
༧གོང་ས་མཆོག་གིས་ད་དུང་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་ནས་ལབ་པ་རེད་གསུངས་སོང་། དེ་དོན་དངོས་སུ་བདེན་པ་མ་རེད། ༧གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་བ་དེ་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་ཁག་གི་བཅར་འདྲི་བྱེད་ཡུལ་བོད་མི་སྒེར་བ་འགའི་བསམ་ཚུལ་རེད་མ་གཏོགས་དེ་ལ་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསར་འགོད་གསལ་བསྒྲགས་འདྲ་བོ་ཅི་ཡང་གནང་ཡོད་མ་རེད།
མི་ལོ་དྲུག་བཅུ་ནང་ད་བར་ནང་ཁུལ་མགོ་བསྐོར་ཁོ་ན་ལས་བོད་མི་རིགས་ལ་ཕན་པའི་སྣ་གཅིག་མེད་ཟེར་ན་ཕལ་ཆེར་དོན་གནས་རེད། །དཀྲུག་ཤིང་དང་མི་རིགས་ནང་ཁུལ་མཐུན་བསྒྲིལ་གཏོར་ལགས་སོགས་དང་སོ་སོའི་མཚན་སྙན་དང་ང་དགའ་ཁོ་ཕམ་གྱི་སྤྱི་ཚོགས་རང་ཆགས་ཟིན་པར་བློ་གཟི་བོ་གནས་ན་ཤེས་ངེས་རེད་དོ། །བོད་པ་ཚང་ལ་མིང་དང་སྙན་གྲགས་ལས་དོན་དངོས་པོ་སྟོང་པ་
ཆགས་ཚར་བ་རེད། །་ལྷག་པར་དུ་བཙན་བྱོལ་ནང་གི་གནས་ཚུལ་ཞིབ་ཕྲ་ཤེས་ན་ངུ་བྲོ་བ་ལས་འོས་མེད་པ་རེད། །ཐོག་མར་མི་རིགས་ཀྱི་ངོ་བོ་རླགས་ཟིན་པ་དང་དེ་ནས་མི་སྒེར་སོ་སོར་མདུན་ལམ་རླགས་པ་སོགས་ཧ་ཅང་ཡ་ངལ་བའི་སྤྱི་ཚོགས་ཞིག་ཆགས་ཟིན་པ་ལ་ད་དུང་མི་འདྲ་འདྲ་ཞིག་ཡོད་མདོག་མདོག་ནི་དགོད་བྲོ་བ་རང་རེད། །རྒྱ་ནག་གི་བལྟས་མོ་དང་ནུབ་ཕྱོགས་པའི་ཁྲབ་ཁྲིད་རང་བཞིན་ཆགས་ཟིན་པ་ནི་ཅིས་རྐྱང་ཡིད་ཕམ་པ་ལས་སྐྱབས་ཐབས་བྲལ་བ་རེད།།
ད་༧གོང་ས་མཆོག་གི་བཀྲིན་ལ་ད་དུང་བསམ་ཤེས་མེད་པར་སྐད་ལོག་རྒྱབ་མཁན་ནི་ཐར་ཚོམ་མེད་པར་བསྟན་དགྲ་རྒྱ་དམར་གྱི་སོ་པ་ཉག་གཅིག་ལས་གཞན་སུ་ཡང་མིན་པས། ཚང་མས་མི་ངན་དེ་རིགས་ངོ་བརྟགས་ཆོས་པ་དགོས།།
ཉམས་མྱོང་། ཤེས་ཡོན། ལྷག་བསམ་སོགས་༧གོང་ས་མཆོག་ལས་མཉམ་པའམ་ལྷག་པ་ཞིག་གམ། འགྲན་བརྡ་འོས་པ་ཞིག་གིས་བཤད་ཀྱང་རྒྱུ་མཚན་ཡོད་མོས། ཉིན་གཅིག་ཀྱང་བོད་སྤྱི་པར་སྨིན་པའི་བྱ་བཞག་བསྒྲུབ་མྱོང་མེད་པ་དང་། ཤེས་འཇོན་གང་གི་ཆ་ནས་ཆེས་དམན་པ་དག་གིས་སྐད་ལོག་རྒྱབ་པ་ནི་ལྟོ་གོས་འཚོལ་བ་ཉག་གཅིག་ལས། བོད་སྤྱི་པར་ཕན་པའི་གཏམ་ཞིག་མིན་པས། བོད་མིའི་ཤ་ཁྲག་བཟུང་བའི་དོན་གཟུགས་ཅན་དག་མཐར་སྤྲོད་གཏོང་བའི་དུས་ལ་འབབས་ཡོད།།
འོ་ཡ། ད་ནི་བརྩོན་འགྲུས་བཟང་པོ་ཁྱོད་ལྷ་འདྲེ་གདོན་བགེགས་དང་ལྟ་ལོག། ལོག་སྤྱོད། སོ་མྱུལ་སོགས་ཀྱི་མཚན་བཟང་སྒྲོན་ནས་རྡུང་རྡེག་ཚ་ནན་འཕོག་རྒྱུ་ཉག་གཅིག་རེད་དོ།
ངས་ཀྱང་བཀའ་སློབ་རེ་འགའ་དོགས་གནས་རང་བཞིན་འོག་ཅི་ཡིན་མི་རྟོགས་པར་ལུས་ཡོད་ཀྱང་༧གོང་ས་མཆོག་དང་ང་ཚོའི་བར་གནམ་སའི་བར་ཁྱད་ཀྱི་ལྟ་ཚུལ་འདིས་ཐད་ཀར་དོགས་འདྲི་ཞུ་ས་མེད་པ་དེ་རེད།
བྱས་ཙང་དྲ་ཐག་ནང་རང་ཉིད་མདུན་དུ་ཐོན་མི་ནུས་པར་བྱིས་པ་བསམ་མེད་གཅིག་༧གོང་ས་མཆོག་གི་སྐུ་མདུན་དུ་བུད་དེས་དམ་ཚིག་དཀྲུག་གཞི་ནང་དམེ་བཟོ་གཞིའི་བཀའ་འདྲི་འདི་ལས་གཞན་གཞིས་ལུས་མི་དམངས་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་ལས་སྐྱོབས་ཐབས་སོགས་ཁ་ཚ་དགོས་གཏུག་གི་བཅར་འདྲི་གཅིག་ཀྱང་ཞུ་མི་ཐུབ་པ་འདི་ཡ་མཚན་རེད་ལ་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་ཀྱང་ཡོད་རྒྱུ་རེད་ཡ།
ཆབ་སྲིད་སྐོར་བཀའ་སློབ་གནང་རྒྱུ་མང་དྲག་ན་ཆོས་ཕྱོགས་ཀྱི་གཟི་བརྗིད་ལ་དོ་ཕོག་ཡོད་ཉན་ཡོད།
སྔོན་ཆད་སྲོང་བཙན་སྐབས་སྤྲུལ་པའི་དམག་གིས་སྤྲུལ་པའི་དགྲ་བོ་འཇོམས་པ་དང་། སྤྲུལ་པའི་མཚོན་ཆས་སྤྲུལ་པའི་མིའི་སྐེ་བཅད་པ་སོགས་བཤད་སྲོལ་ཡོད་པ་བཞིན། སྤྲུལ་པའི་སློབ་ཕྲུག་གི་ཁོག་ཏུ་སྤྲུལ་པའི་སེམས་ཞུགས་ནས་སྤྲུལ་པའི་དྲི་བ་ཞུས་པར་སྤྲུལ་པས་ལན་རྒྱབ་པ་དེ་འདྲ་རེད། རྒྱལ་བའི་བཀའ་སློབ་དང་བཀའ་ལན་གང་ཡིན་རུང། གནས་དུས་དང་མ་འཚམས་ན་ངོས་ལེན་ཞུ་ཐབས་བྲལ། འདི་ནི་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ནས་ཞུས་པ་ལས་ཆོས་ཕྱོགས་ནས་བླ་ན་མེད་པའི་༧སྐྱབས་མགོན་དང་རིས་མེད་བསྟན་པའི་མགོན་སྐྱབས་ཡིན་པ་ལ་ཡིན་པར་བོད་མི་ཡོངས་ཀྱི་ཤེས་ཀྱི་ཡོད། ཆབ་སྲིད་ཀྱི་ཆ་ནས་བླ་མས་ཅི་གསུངས་སྒྲུབ་དགོས་ན་དེ་ནི་ཡོང་ཐབས་གཏན་ནས་མེད་པ་ཞིག་རེད། དཔེར་ན་སོག་པོའི་རྒྱལ་པོས་འགྲོ་མགོན་ཆོས་འཕགས་ལ་ཞུས་པ་བཞིན་མཚུངས་སོ།
ད་ཡིན་ན་གང་ཡང་ཤེས་ས་མ་རེད། ཡར་ལངས་ན་མགོ་བརྡབ། མར་བསྡད་ན་སྐུབ་བརྡབ། ཨོ་ཧོ། ད་ཡིན་ན་བོད་ཟེར་བ་དེ་ཕལ་ཆེར་ཚར་བ་ཡིན་ས་རེད། དངོས་གནས་ཡིན། ༧གོང་ས་མཆོག་ནས་དཔྲལ་བ་ས་ལ་མ་ཟགས་བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱ་དགོས་གསུངས་པ་བཞིན་བཙན་བྱོལ་ལ་འབྱོར་ནས་མི་ལོ་༢༤རིང་སྐད་འབོད་སོགས་ལས་འགུལ་གང་ལའང་རྒྱུ་དང་ཡང་ན་དུས་ཚོད་ ནང་མི་ སྤུན་མཆེད་ གྲོགས་པོ་སོགས་ བློས་གཏོང་གིས་བོད་ཀྱི་རྩ་དོན་དེ་སྲོག་ལ་བརྩི་གི་ཡོད། ཐ་ན་ཤི་བའི་སྐབས་དེ་ཉལ་སའི་ནང་ལ་མ་ཡིན་པར་བོད་སྤྱི་པའི་དོན་དུ་ཤི་བའི་སྨོན་ལམ་རྒྱག་གི་ཡོད། དཀོན་མཆོག་དཔང་བཙུགས་ཡིན། ད་ལྟ་ང་ག་པར་སླེབས་ཡོད་དམ? གང་ལྟར་ང་རང་ཧ་གོ་མ་སོང། བོད་ནང་གི་དྲག་གནོན་དང་བཙོན་འཇུག་གཏོར་བཅོམ་གཞས་པ་གཞས་མ་འཇུ་བཟུང་སོགས་དེ་དག་གི་རྐྱེན་ང་ཚོ་ཕྱི་ནས་སྐད་འབོད་བྱས་པའི་རྐྱེན་གྱིས་རེད་པས?
༈ བོད་མི་ཡོངས་ལ་ཞུས་དོན་ལ། ཉེ་འཆར་ཨ་རི་ཝིནས་ཀན་སན་༧གོང་ས་མཆོག་ལ་དྲིས་ལེན་དེ་གཙང་མ་ཞེ་དྲག་བྱུང་མིན་འདུག་མཉམ་པ་བྱུང༌། གང་ལགས་ཞུས་ན། བཙན་བྱོལ་བོད་གཞུང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྤྱི་འཐུས་གྲོས་ཚོགས་ནང་བཤད་པའི་བཀའ་མོལ་དེ་གསལ་དོན་གཅིག་ཞུས་པ་ཡིན་ན། གོང་ས་མཆོག་གིས་ད་ལྟའི་བོད་ཀྱི་བདེན་མཐའ་དེ་དབུ་མའི་ལམ་གྱི་གོ་ནས་འཐབ་རྩོད་གནང་གི་ཡོད་ཀྱང་སྔོན་ཕྱི་ལོ་ ༡༩༧༤ བར་རང་བཙན་རྩོད་པ་ཡིན། དཔེར་ན། ༡༽ བདེན་ཚིག་སྨོན་ལམ་ནང་༼ཡོང་རྫོགས་བོད་ལྗོང་རང་དབང་གཙང་མའི་དཔལ།༽ ༢༽ དཔལ་ལྡན་ལྷ་མོའི་བསྟོད་པའི་ནང༌། ༼རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།༽ ༣༽ གནས་ཆུང་འཕྲིན་བསྐུལ་ནང༌། ༼ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།༽ ཞེས་པ་རྣམས་རང་དབང་ཞེས་པ་སྟེ་རང་བཙན་ལ་གོ་དགོས་གང་ལགས་ཞུས་ན། གོང་གི་མཆོད་བསྟོད་གསུམ་པོ་དེ་དག་ཕྱི་ལོ་ ༡༩༧༤ གོང་ལ་བརྩམས་པ་ཞིག་ཡིན། དུས་སྐབས་དེར་བོད་དེ་རང་བཙན་རྩོད་པའི་གནས་སྐབས་ཞིག་ཡིན་པའི་ཆ་ནས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་དེའི་སྐབས་ཀྱི་༧གོང་ས་མཆོག་གིས་བརྩམས་པའི་རང་དབང་ཞེས་པ་དེ་རང་བཙན་ལ་གོ་དགོས་ཀྱི་ཡོད་ཅེས་གསུངས་པ་ཡིན། དེ་མ་གཏོགས་ད་ལྟའི་༧གོང་ས་མཆོག་གི་བཞེངས་ཕྱོགས་དེ་ནང་རང་བཙན་དང་ཕྱི་དབུ་མ་ཞེས་པའི་དོན་མ་ཡིན། ད་ལྟའི་༧གོང་ས་མཆོག་གི་བཞེངས་ཕྱོགས་དེ་དབུ་མའི་ལམ་ཡིན་མ་གཏོགས་པའི་བཞེངས་ཕྱོགས་གཉིས་མེད་པ་འཛམས་གླིང་ཀུན་གྱིས་ཤེས་གསལ་རེད། སྔ་ཕྱི་གཉིས་ཀྱི་དབྱེ་བ་གཙང་མ་མ་ཕྱེས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་འགག་པ་དང་སྐྱོན་འཛུགས་མི་འགྲོ། སྐྱོན་འཛུགས་བྱེད་མཁན་རྣམས་ལ་ངོས་ལེན་ཞུས་མི་ཐུབ། ཐུགས་རྗེ་ཆེ།།
དེ་དག་ནི་མི་ཁ་ཤས་ཀྱི་བསམ་ཚུལ་ཕྱོགས་དུས་ཡོངས་ཀྱི་མགོ་མ་ཚོད་པའི་གནས་བབ་ཀྱང་ཡིན་སྙམ། ༧མགོན་པོ་མཆོག་གི་ཐུགས་རྗེས་ཀུན་ཕན་བཀའ་སློབ་ཀྱི་སྨན་གནང་བས་ནད་རྙིང་འགའ་ལངས་པ་ནི། ནད་དྲག་སྐྱེད་ཡོང་བའི་སྔོན་རྟགས་རེད། མུ་མཐུད་གསོལ་སྨན་བསྟེན་བཞེས་གནང་དགོས་པ་ལས། འོ་ད་ཡིན་ན་སྨན་བསྟེན་པས་ནད་སྡུག་ཏུ་ཕྱིན་ན། དཔེ་བསགས་སོང་མ་བསམ་པར་རྒྱུན་མཐུད་འཕྲོད་བསྟེན་ཧུར་བསྐྱེད་གནང་ཤོག་ཨང་། སྤུན་ཟླ་ཚོ།
སོ་སོས་ག་རེ་གོ་བ་བླངས་རུང་རང་མོས་རེད། ངོས་ཀྱི་བསམ་པར། རྒྱ་དཔོན་ཁག་གཅིག་ཕྱི་རྒྱལ་ཡོང་དུས་ང་ཚོས་སྐད་འབོད་རྒོལ་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་འགོ་ཁག་གཅིག་སྤྲོ་ཐུང་ཐུང་ཡོད་པ་གསལ་པོ་རེད། བྱས་ཙང་ཕོག་ཐུག་ཆེན་པོ་ཤོར་ནས་འཚིག་ཟ་གཞན་ལ་བྱས་ནས་སྡུག་པོ་གཞན་གྱིས་མྱོང་གི་ཡོད་པའི་ཚོར་སྣང་ང་ལ་ཡང་བྱུང་མྱོང་།
བོད་མི་རིགས་དང་ཁྱད་ནོར་བླ་ན་མེད་པ་ཞིག་གི་འཐབ་རྩོད་རེད། བླ་མ་ཞིག་གི་འཐབ་རྩོད་མིན་པ་གསལ་པོ་གསལ་རྐྱང་རེད། འཐབ་གྲོགས་རྣམ་པ་དངོས་གནས་ཡིད་ཆེས་མ་སོང་། འདི་འདྲའི་སེམས་ཤུགས་ཆགས་སླ་ལ། ང་ལ་དབུ་མའི་ལམ་སྐོར་གསལ་བཤད་བྱ་རྒྱུའི་ཐོབ་ཐང་ཡོད་ན། ༧གོང་ས་མཆོག་ལ་མེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཁོང་བོད་པ་མ་རེད་དམ། བོད་དོན་ལ་༧གོང་ས་མཆོག་གི་ཐེ་བྱུས་གནང་མ་ཆོག་གི་མ་རེད་ཅེས་བཀའ་སུས་གཏོང་ཐུབ་བམ། ང་ལ་བོད་པའི་སྐོར་ཇུས་གཏོགས་བྱེད་མི་ཆོག་གསལ་བཤད་བྱེད་མི་ཆོག་ཅེས་ལབ་ན། ལབ་མཁན་ཁོ་རང་ལ་ཡང་ལབ་མི་ཆོག་ཅེས་ལབ་རྒྱུའི་ཐོབ་ཐང་ག་རེ་ཡོད་དམ། ངས་བོད་དོན་ལ་དོ་སྣང་བྱེད་མ་བྱེད་ང་རང་གི་འདོད་མོས་རེད། ༧གོང་ས་མཆོག་ནས་ཀྱང་ང་ལ་བོད་པའི་སྐོར་ཇུས་གཏོགས་མ་བྱེད་ཅེས་བཙན་བཀའ་གཏོང་ན་མི་འགྲིག་པ་རེད། དེས་ན་ག་གེ་མོ་ཞིག་ལ་ཁོང་རྒྱལ་བར་བོད་དོན་སྐོར་གསལ་བཤད་བྱེད་མ་བྱེད་ཀྱི་བཏང་འཛིན་བྱེད་དབང་དེ་ཅི་ཞིག་ཡིན་ནམ།
རྒྱ་དམར་གྱི་བོད་ཀྱི་དཀའ་རྙོག་དེ་བོད་མི་མང་གི་མ་རེད། ཏཱ་ལའི་བླ་མའི་རེད་ཅེས་བཤད་ཀྱི་ཡོད། གལ་སྲིད་ཏཱ་ལའི་བླ་མ་མེད་ན་བོད་ཀྱི་དཀའ་རྙོག་དེ་རང་བཞིན་གྱིས་སེལ་འགྲོ་བའི་སྟོང་བསམ་དེ་ད་དུང་ཡང་ཡོད་སྙམ།
ད་རྒྱ་དམར་གྱིས་བོད་པ་སྡེབ་གསོད་བཏང་ན་ཨེ་དྲག ནང་ཁུལ་དཀྲུག་ན་ཨེ་དྲག དངུལ་རྒྱུའི་བསླུ་ན་ཨེ་དྲག ཐབས་ཇུས་ངན་རྒུས་བོད་རྩར་མེད་བཟོ་འཆར་ད་དུང་མཇུག་མ་བསྒྲིལ་བས་མ་ཟད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་སུ། ང་ཚོ་ནང་ཁུལ་མཉམ་མཐུན་ཆིག་སྒྲིལ་ལ་མ་བརྩོན་པར་རྒྱ་ལ་དགོས་པའི་ལས་གཞི་བརྩམས་ནས་བྱབ་གང་ཡོད། རྒྱའི་རྒྱུགས་ཁྱི་འདྲ་ཡིན་ན་གང་ཤེས་དེ་མིན་འདི་འདྲ་རང་མ་རེད་སྙམ།
ཅི་སྟེ་དབུ་མའི་ལམ་གྱི་སྲིད་ཇུས་འོག་ཕུགས་རེ་ཁྱོན་ནས་མེད་ན། རང་ཉིད་ལ་སྲིད་ཇུས་སྒྲིག་འཛུགས་གང་ཡོད། དེའི་འགོ་་དཔོན་སུ་རེད། ཆོས་རིག ཤེས་ཡོན། ནང་སྲིད། ཕྱི་སྲིད་སོ་སོའི་འགོ་དཔོན་སུ་ཡོད། སྒྲིག་འཛུགས་ལས་ཁུངས་དང་དེའི་ཕྱི་ནང་བར་གསུམ་གྱི་འགྲོ་སྟངས་གང་ཡོད། རྡ་རམ་ས་ལའི་སྒྲིག་འཛུགས་ལས་ལྷག་ག་མེད་ན་ཡང་འདྲ་པོ་ཞིག་ག་པར་ཡོད། ཕྱོགས་དུས་སྐབས་བབ་ཡོངས་ཀྱི་བསམ་ཤེས་མེད་པར། ཁར་ཐུག་ངར་ཤུགས་དང་བཟོད་བསྲན། ཡ་རབས་སྒྲིག་ལམ་ལ་གུས་ཞབས་མེད་ན། ནང་མི་ཞིག་སྐྱོང་རྒྱུ་ཡང་ཁག་པོ་རེད། ཚོགས་པ་ཞིག་ལའང་དེ་ལྟར་དགོས་ན། རྒྱལ་ཁྱབ་དང་མི་རིགས་འཐབ་རྩོད་ལ་ནི་ཨ་ཅང་ཅང་།
མགོ་ཚོས་པ་རང་བྱུང་མེད་ན། བཀའ་སློབ་ཡག་པོ་ཉན་དང་གོང་གི་བསམ་ཚུལ་དག་ཡག་པོ་མ་གོ་བའི་ཐོག་ནས་བཤད་འདུག་སྙམ། ཡང་ཁོང་གི་བཀའ་ལ་རྩིས་མཁན་ཞིག་ཡིན་ན་རེད། དེ་མིན་རང་མོས་རེད། སུ་ལ་ཁ་གཏོང་དང་མ་གཏོང་སོ་སོའི་འདོད་པ་རེད།
སྨྲ་རྗོད་རང་དབང་རེད། ཡང་སྨྲ་བརྗོད་རང་དབང་རེད་ཅེས་བསམ་ཚད་དྲན་ཚད་ལབ་རྒྱུ་དང་བྱེད་རྒྱུ་དེ་མང་གཙོའི་རང་དབང་གི་གོ་དོན་མིན་པ་ཤེས་དགོས། ག་རེ་ལབ་ལབ། ག་རེ་བྱེད་བྱེད་ཡིན་ན་ཁྲིམས་དང་འགྲོ་སྟངས་དགོས་ཡས་མེད་པ་རེད། སྐད་ཅ་ལ་རྒྱུ་མཚན་ཡོད་པ་དང་དཔང་རྟགས་ཁུངས་སྐྱེལ་དགོས་ངེས་རེད།
ད་ལྟ་ང་ཚོ་འཁོར་བ་ལ་མཐའ་ཡོད་མེད་རྩོད་སྐབས་མ་རེད། མི་རིགས་གཅིག་གི་གནད་དོན་རེད། སུས་འཇོན་ན་ཡང་གོ་སྐབས་ཡོད། ཁ་བཤད་འཇོན་རུང་ལག་ལེན་ལ་མ་འཇོན་ན་སྐབས་དོན་སྟོར་བ་ཡིན། དེ་མིན་བསམ་ཚུལ་བརྗེ་ལེན་གྱིས་སྟོབས་ཤུགས་སྤེལ་དགོས་པ་ལས། སྐྱོན་ཆ་རྐྱང་རྐྱང་རྡོག་སྒྲུག་བྱས་ནས་ཕན་ཐོགས་མེད།
ཐལ་ཆ་ཤོར་ཡོད་ན་དགོངས་སེལ་ཞུ།
ངོ་མ་གོ་བ་མེད་པའི་གླང་རྒན་ལྟ་བུ་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་ཞལ་ནས་གསུངས་བའི་གཏམ་དོན་མ་སྦས་བ། ཚིག་མ་བཅོས་པའི་ཁ་གསལ་དོན་གསལ་འདི་ལ་ད་དུང་གོ་ལོག་ཐོས་ལོག་འབྱུང་པོའི་སྲིན་བྱའི་ངང་ཚུལ་དང་དུ་ལེན་པ་ནི་ཡ་མཚན་པའི་གནས་རེད། ཁྱེད་ཅག་ལ་འདི་ལས་ལྷག་པའི་བསམ་བློ་ཞིག་མེད་ན་སྙིང་མ་དགའ་རུང་། མི་གཞི་ངན་པའི་རང་མཚང་མངོན་ཏེ་སྙིང་རྗེའི་ཡུལ་དུ་གྱུར་བ་ལས་མ་མཆིས་སོ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེེས་བུ་དམ་པ་ཁུར་ལྕི་ཁུར་བ་དང་། །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད་ཞེས་བ་ནི་༧གོང་ས་མཆོག་གི་མཛད་སྤྱོད་ཡིན་པས་དགོས་མེད་ཀྱི་བསམ་བློ། ཁུངས་མེད་ཀྱི་གཏམ་ཅི་ལྟར་སྒྲོག་ཀྱང་རང་རྒྱུད་སྡུག་ཏུ་གཏོང་བ་ལས་ཕན་ཐོག་ཡོད་ནི་མ་རེད། གལ་སྲིད་ཁྱེད་ཅག་ཡུལ་གྱར་བ་ཞིག་ཡིན་ན་སྨྲ་བརྗོད་ནི་༸་གོང་ས་མཆོག་དང་ང་ཚོ་སྤྱིའི་ཐུན་མོང་གི་རང་དབང་རེད། ཁྱེད་ཅག་གི་བསམ་དཔྱོད་དང་མཐུན་པའི་གོ་རྟོགས་བརྗོད་པ་ཡང་རང་དབང་རེད། ཡིན་ནའང་༧གོང་ས་མཆོག་གི་གསུང་གི་གོ་དོན་ལོག་སྒྲུབ་དང་བདེན་པ་འཁྱོག་བརྗོད་ཀྱི་རང་དབང་སུ་ལ་ཡང་མེད།
༸གོང་ས་མཆོག་གི་བཀའ་སློབ་ལ་མོས་མཐུན་དང་། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས།
ཁྱོད་ཚོ་འགའ་ཤས་ཀྱིས་རང་གི་སྨྲ་བརྗོད་རང་དབང་བརྩོད། རྒྱལ་བ་རིན་པོ་ཆེའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་ཀྱི་འདུག། དེ་ཡང་འགྲིག་གི་མིན་འདུག། བརྩོན་འགྲུས་བཟང་པོ་ལ་འོ།
ཆོས་པ་ཡིན་ཀྱང་རྨོངས་དད་རྒྱ་ལས་གྲོལ། །
ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་རབ་ཏུ་ཕྱུག །
ཞི་བདེའི་སྒྲོན་མེ་འཛམ་གླིང་ཕྱོགས་ཀུན་སྦར། །
ཁྱོད་འདྲའི་བླ་མ་ས་སྟེང་འདི་ན་དཀོན། །
སྒོར་མོ་ཟེར་བའི་གཡོ་སྒྱུ་ཅན་པོས་མི་སེམས་བརྒྱ་ཕྲག་ཅིག་ཅར་འཕྲོག་ནས།།
དབང་ཆེན་སྒོར་མོའི་དབང་བསྒྱུར་འོག་ནས་མི་བུ་སུ་ཡང་བྲན་ལ་བཀོལ་སོང་།།
ཕྱུག་པོ་སྒོར་མོའི་གཤང་གཅི་འདོར་མཁན་དབུལ་བོ་སྒོར་མོའི་གད་དར་བྱེད་མཁན།།
རྒན་དར་གཞོན་གསུམ་སྒོར་མོའི་ཆེད་དུ་རང་རང་སྲོག་ཀྱང་འཛེམ་མེད་བཏང་ནས།།
སྒོར་མོ་རྒོད་པོ་སྒང་ལ་བྲོས་ཡང་རྒན་གཞོན་མེད་པས་བརྒུམ་ནས་བུད་ཐ།།
འདི་ནས་སྒོར་མོའི་སྐྱོན་ཡོན་མཐའ་དག་སྙན་དངགས་ལྷ་མོའི་དབྱངས་དང་འགྲོག་ནས།།
འཛམ་གླིང་སྐྱེ་བོའི་སྤྱན་སྔར་བཤམས་ཏེ་བློ་ཡི་རྒྱ་མཚོ་རླབས་ཀྱིས་བསྐྱོམས་འདོད།།
ཐུགས་སྒམ་ཆེ་བའི་བླ་མ་ཞིག་ལ་ཞེ་སྡང་ཅན་གྱི་ལག་གཡོག་ཅིག་ཡོད།།
སྒོར་མོ་ཡོད་ན་བླ་མ་མཇལ་ཆོག་སྒོར་མོ་མེད་ན་ལྟ་ཡང་མི་ཆོག།
དེང་སང་སྐལ་བ་ཡག་པའི་དུས་འདིར་སྒོར་མོས་བདེ་ཆེན་ལམ་ཡིག་ཉོས་ཆོག།
བཙོང་མཁན་དག་ཀྱང་རྒྱ་བླ་ཞེས་པའི་འདོད་ལྡན་ཚོ་སྟུག་རེ་འགའ་ཡིན་གདའ།།
འཇིག་རྟེན་བྱ་གཞག་ཡོད་ཚད་སྒོར་མོའི་མི་འགྲུབ་བྱ་བ་མེད་པ་མཁྱེན་ན།།
སྒོར་མོ་དེ་ཡང་ཤྰཀྱ་ཐུབ་པའི་སྤྲུལ་བ་ཡིན་ན་ལ་ཐེངས་མེད་གི།།
ཐམས་ཅད་མཁྱེན་དང་ཐམས་ཅད་འགུགས་པའི་ཁོ་བོ་གཉིས་ལ་མཚུངས་རྟགས་བརྒྱབ་ཆོག།
མཁྱེན་དཔྱོད་ཅན་གྱི་དཔོན་པོ་ཞིག་ལ་གང་རྒྱུ་མེད་པའི་དངུལ་བྱང་ཞིག་ཡོད།།
བྱ་བ་ཆེ་ཆུང་གནད་དོན་མང་ཉུང་གང་འདྲ་ཡིན་ཡང་སྒོར་མོའི་འདེད་དགོས།།
སྒོར་མོས་ལག་འཁྱེར་རྫུན་མ་བཟོས་ན་དཔོན་པོའི་གོ་ས་ངང་གིས་ཐོབ་སྲིད།།
རྒྱུ་དང་ནོམ་པའི་རྫོང་བ་ཡོད་ན་ཇི་ལྟར་ཕྱུག་རུང་གནང་སྦྱིན་མང་གི།།
ཐོབ་དང་གོ་ས་གང་རུང་གནང་བའི་ཚད་བརྒལ་དབང་ཆ་ཆེན་པོ་ལྡན་ན།།
སྒོར་མོ་དེ་ཡང་ཧོའུ་ཅིན་ཐྰ་སོགས་གླང་གཉའ་ཚུལ་སྟུག་འགའ་ཞིག་ཡིན་པས།།
གོ་ས་རྒྱུ་ནོར་ལ་སོགས་སྟེར་བའི་དབང་ཆ་དེ་ཡི་མཚུངས་རྟགས་བརྒྱབ་ཆོག།
ལང་ཚོ་རྒྱས་པའི་མཛེས་མ་ཞིག་ལ་གཞལ་མཐའ་བྲལ་བའི་རྐུབ་ཚོས་ཞིག་ཡོད།།
རང་རང་ཉིད་ཀྱིས་ལོངས་སུ་སྤྱོད་ན་དྲིན་ཆེན་སྒོར་མོ་མེད་གི་ཐབས་ཆགས།།
བཞད་བཞིན་ཞན་པའི་སྐྱེ་བོ་ཞིག་ལ་སྒོར་མོ་ཡོད་ན་བཞིན་བཅོས་བྱས་ཆོག།
དེ་མིན་སྐྲ་རྩི་ངོ་རྩི་གང་རུང་སྒོར་མོ་ཡོད་ན་གང་འདོད་སྤྱད་ཆོག།
བཅོས་མའི་ལང་ཚོ་འཇིག་རྟེན་སྐྱེ་བོའི་གཟིགས་འཛིན་མིག་གི་རྒྱན་དུ་གྱུར་ན།།
སྒོར་མོ་དེ་ཡང་མེ་ལན་ཧྥང་སོགས་འཛམ་གླིང་མཛེས་མའི་གྲལ་ལ་བཞག་ཆོག།
གཏུམ་དྲག་ཅན་གྱི་སྨན་པ་དེ་ཚོར་ནད་པའི་ཕྱི་ཡི་སྐྱེ་གཟུགས་ཡག་དགོས།།
གཟུགས་མཛེས་ལང་ཚོ་ལྡན་པ་མིན་ན་ཁོམ་ལོངས་མེད་ཅེས་ནད་དཔྱད་མི་བྱ།།
ད་དུང་ངན་ཁག་ཕྱི་བའི་སྲོལ་ནི་རྨོངས་ནད་ཞིག་ལ་ཆགས་ཞེན་སྐྱེ་ནས།།
མོ་པྲ་ལྷ྄་ཡི་ལུང་བསྟན་མེད་ན་སྨན་ལ་བལྟ་རྒྱུའི་གོམ་གཤིས་མི་འདུག།
སྨན་པ་རྫུན་མའི་སྨན་ཁུག་ནང་ན་ནད་པ་སྟོང་གི་ན་ཟུག་ལྷག་ཡོད།།
རེ་ཐག་ཆད་པའི་ནད་པ་རེ་འགས་ཤུ་རིང་འདོན་བཞིན་རྒྱང་ལ་བལྟས་ནས།།
སྒོར་མོ་ཐོབ་པའི་སྔགས་ཞིག་ཡོད་ན་དུང་ཕྱུར་འགའ་ཡང་འདོན་རྒྱུ་སླ་མོ།།
མི་རྟ་བརྒྱ་ཕྲག་ཁྱུར་མུད་བྱེད་ཀྱང་སྒོར་མོ་ཡོད་ན་གུ་ཡངས་གཏོང་ཆོག།
ཉེས་ཅན་མི་ལ་སྒོར་མོ་ཡོད་ན་ཁྲིམས་ལུགས་ཟེར་བར་འཇིགས་སྣང་མི་དགོས།།
འཁོར་ནག་ཡིན་མིན་ཁ་ལོའི་དཔང་ཡིག་ཡོད་དམ་མེད་ཀྱང་ཇི་རིགས་ཡིན་ཡང་།།
སྒོར་མོ་ཡོད་ན་ཡུལ་གྲུ་འདི་ནས་སྟེང་འོག་བརྗེས་ནས་འགྲོ་ཡང་ཆོག་གོ།།
ད་དུང་སྒོར་མོ་དེང་རབས་ཅན་གྱི་སློབ་གྲྭའི་ནང་ན་འཕུར་ལྡང་བྱེད་ཞོར།
ཆང་གིས་བཟི་བའི་སློབ་དཔོན་དག་ལ་ཕུ་ཐུང་ནང་ནས་ལྐོག་བརྡ་གཏོང་དུས།།
འཁྱལ་འཁྱོལ་གོམ་པ་མདུན་དུ་སྤོ་བཞིན་ལག་པས་ལྟག་སྒོའི་ལྡེ་མིག་བཟུང་ནས།།
གྲོགས་པོ་དྭངས་མའི་བརྩེ་སེམས་མི་བརྗེད་རྗེས་མའི་གནད་དོན་གང་དག་ཡོད་ཀྱང་།།
སེམས་འཚབ་མི་དགོས་ཇོ་བོ་རིན་པོ་དོན་དག་འདི་ཚོ་སླ་མོ་ཡིན་ནོ།།
ནམ་ཡང་ཆུང་མའི་མཆན་ན་ལུས་པའི་ཉམ་ཆུང་འུ་ཐུག་རྐུན་མ་དག་གིས།
ཚེ་ཐར་ཡིན་མིན་ཅི་ཡང་མེད་པར་རང་གི་སྒོ་ཁའི་སེམས་ཅན་དག་ལ།།
རྒན་མོའི་མ་རིག་ས་ནས་བཙོང་བའི་ལྐོག་ཇུས་ངན་པ་ཡིད་ལ་བཅངས་སྐབས།།
དགེ་བཅུ་སྐྱོང་བའི་གྲྭ་གཞོན་དེ་ཚོར་བསམ་བློ་ཡང་དང་ཡང་གཏོང་ཞོར།
བཛྲ་སྭ་ཏྭ་སང་ཉིན་གནངས་ཉིན་རང་གི་བདེ་སྐྱིད་ཡོངས་བའི་ཆེད་ཡིན།།
དམྱལ་བར་ཐེངས་འགའ་འགྲོ་དགོས་བྱུང་ཡང་ལས་རྒྱུ་ཡོད་ན་ཙི་ལུ་སྔོ་སྒོང་།།
རང་རང་ཞེ་ལ་བཞག་པའི་དམ་བཅའ་འགྱུར་མེད་སྲ་བརྟན་བྲག་གི་དོ་ཟླ།།
བསམ་པའི་དཔལ་ཡོན་ཕུང་བའི་སྒོར་མོ་དཔལ་འབྱོར་ཡིན་ཞེས་ཀུན་གྱིས་གླེང་ཡང་།།
ལྷག་བསམ་གསོད་པའི་ཕུང་འདྲེ་སྒོར་མོ་སྒོར་ཁུག་ནང་ནས་བཞག་ན་མྱི་མིན།
དེང་གི་སྤྱི་ཚོགས་དྲྭ་བ་འདྲ་བོར་རང་གི་འདོད་པའི་ལྟ་ཚུལ་ཅུང་ཙམ།།
འདི་ཡིས་གཞན་ལ་གནོད་པ་མེད་ཅིང་འདི་དོན་ཡིད་ལ་འཛིན་པའི་རེ་བ།།
རྩོམ་པོའི་ལག་ཟུང་ཐལ་མོ་སྦྱར་ནས་མཁྱེན་ལྡན་ཀློག་པོར་བཀའ་དྲིན་ཞུ་ངེས།།
ཁྱོད་གསུང་ཉི་མའི་འོད་ཟེར་ལས།།
འབྱུང་པོའི་བྱ་རྣམས་ལོང་བར་གྱུར།།
ཡ་རབས་ལ་ཆེ་བསྟོད་དང། མ་རབས་ལ་ཉེས་ཆད་ནི་འཇིག་རྟེན་ཡ་རབས་མང་གཙོའི་ཁྲིམས་ལུགས་འོག་ངེས་བརྟན་དགོས་ལ། དཔལ་ལྡན་ཟླ་བས། འཇིག་རྟེན་སྐྱོང་བ་ནི་གཉིས་ཏེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ་ཞེས་གསུངས་ཡོད། དངོས་གནད་རང་གོ་རྒྱུ་ཧ་ལས་པ་ཡོད་སྙམ།
ཡ་རབས་བརྒྱ་ཡོད་རུང་ཉུང་སྐྱོན་ཡོད། མ་རབས་གཅིག་ཀྱང་མང་སྐྱོན་ཡོད། གང་གི་ཕྱིར་ན། མ་རབས་གཅིག་གིས་ཀྱང་རྒྱལ་ཁམས་དཀྲུག་ཉེན་ཡོད། དཔེར་ན། དུག་ཐིག་གཅིག་གིས་ལུས་ཁམས་ཡོངས་རྫོགས་དཀྲུགས་པ་བཞིན་རེད། ང་ཚོ་ཚང་མས་གཟབ་གཟབ་གནང་དགོས་གལ།
༡༣༽ བརྩོན་འགྲུས་བཟང་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༥༥
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཚང་མ་རྩིས་སྤྲོད་ཚར་ཡོད་པ་བདེན་ན། བོད་མི་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ་དག་ལ་ཡང་གསལ་བཤད་དང་བསྐྱར་བཤད་མ་གནང་རོགས་གནང་།་་་་་་ཟེར།
ངས་བལྟས་ན།
༡༣༽ བརྩོན་འགྲུས་བཟང་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༥༥
མི་འདིས་གོ་ནོར་ཆེན་པོ་ཐེབས་བྱ་བསམ་སོང།
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཚང་མ་རྩིས་སྤྲོད་ཚར་ཡོད་མེད་ལ་གཞན་སུས་ཀྱང་དོགས་པ་གནང་མྱོང་ཡོད་མ་རེད།
དེ་ལྟར་ཡིན་ན་ཡང་༧་གོང་ས་མཆོག་གིས་
བོད་མི་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ་དག་ལ་ཡང་གསལ་བཤད་དང་བསྐྱར་བཤད་གནང་མི་ཆོག་པ་ག་རེ་ཡིན་ནམ།
གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱས་པ་རེད་མ་གཏོགས་ཆབ་སྲིད་ཀྱི་སྐོར་རང་གི་བསམ་ཚུལ་གསུང་མི་ཆོག་པ་ཅང་ཨེ་ཡོད།
དེས་ན་
༡༣༽ བརྩོན་འགྲུས་བཟང་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༥༥
ཁྱེད་རང་ལ་ཡང་ཆབ་སྲིད་ཀྱི་དབང་ཆ་ཅི་ཡང་མེད་པས་ད་ནས་བཟུང་༧་གོང་ས་མཆོག་དང་།
བོད་མི་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ་དག་ལ་བསམ་ཚུལ་དང་འགྲེལ་བཤད་འདྲ་མིན་མ་བརྒྱག་རོགས།
ཁྱོད་སུ་ཡིན་པ་དང་ཁྱོད་ཀྱི་འགན་དབང་ཅི་ཡིན་རང་གིས་ངོས་ཟིན་པ་གནང་རོགས་ཞུ་འདོད་བྱུང་།
གང་ཡིན་ཟེར་ན་བོད་རྒྱ་ཆེའི་མི་དམངས་རྣམས་རང་བཙན་དང་དབུ་མ་གང་ཞིག་འདོད་ཀྱང་དེ་རང་མོས་རེད།
རང་བཙན་རྩོད་དགོས་པའི་བཙན་དབང་དང་བཀོལ་ཁྱབ་གཏོང་ས་ཡོད་མ་རེད།
རང་བཙན་འདོད་མཁན་ཚོར་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་པ་ནང་བཞིན་ལམ་དབུ་མ་འདོད་མཁན་ཚོར་ཡང་སྐད་ཆ་དང་བསམ་ཚུལ་བཤད་པའི་དབང་ཚད་ཡོད་དགོས་ངེས་རེད།
དེས་རྒྱུ་མཚན་གྱིས་༧་གོང་ས་མཆོག་ལ་ཡང་རང་གི་དགོངས་ཚུལ་གསུངས་མཆོག་པའི་ཐོབ་ཐང་ཡོད་དགོས་ངེས་རེད།
ཐོབ་ཐང་དེ་མ་འཕྲོག་རོགས་གནང་།
བརྩོན་འགྲུས་བཟང་བོ་ཟེར་བའི་མི་དེའི་སྐད་ཆ་ལ་ངས་མོས་མཐུན་མེད།
ཁོ་ལ་༧་རྒྱལ་བ་རིན་པོ་ཆེའི་ཞལ་ཁ་འགོག་པའི་དབང་ཚད་ཡོད་མ་རེད།
ཁོ་ག་རེ་ཡིན་ཟེར་དགོས་པ་རེད།
༧རྒྱལ་བ་རིན་པོ་ཆེ་ནི་འཛམ་གླིང་ས་སྒང་འདིའི་སྟེང་གི་བོད་པའི་མཚོན་དོན་གཅིག་པུ་དེ་རེད།
བརྩོན་འགྲུས་ཅན་ག་རེ་ཡིན་ཟེར་དགོས་པ་རེད།
ཁོ་ཅི་ཡང་མ་རེད།
འོག་གི་སྐད་ཆ་འདི་དག་ལ་༧གོང་ས་མཆོག་ལ་ཁུངས་སྐྱེལ་རྒྱུ་ཡོད་དམ།
༡) ཕྱི་ནས་བོད་མི་ཚོས་སྐད་བརྒྱབ་ནས་བོད་ནང་གི་བོད་མི་ཚོར་གནོད་གི་འདུག་ཟེར་བའི་སྐད་ཆ་དེ།
༢) རྒྱ་དཔོན་རྣམས་ལ་ངོ་རྒོལ་བྱས་པ་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་ལ་དོ་ཕོག་འབྱུང་གི་འདུག་ཟེར་བའི་སྐད་ཆ་དེ།
༣) ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ལབ་པ་རེད་ཟེར་བའི་སྐད་ཆ་དེ།
བོད་མི་རིགས་དང་གྲངས་ཉུང་མི་རིགས་གཞན་པ་དག་ཕར་ཞོག ཐ་ན་རྒྱ་རིགས་མི་མང་ཡང་ད་ལྟའི་པེ་ཅིང་གཞུང་ལ་ཡིད་ཆེས་མེད་པའི་སྐབས་སུ། ༧གོང་ས་མཆོག་རྒྱ་གཞུང་ལ་ཡིད་ཆེས་ཆེ་དོན་ཅི་རེད། བོད་འབངས་ཐ་མལ་བ་ང་མགོ་རྨོངས་སོང་།
འོག་གི་སྐད་ཆ་འདི་དག་ལ་༧གོང་ས་མཆོག་ལ་ཁུངས་སྐྱེལ་རྒྱུ་ཡོད་དམ།
༡) ཕྱི་ནས་བོད་མི་ཚོས་སྐད་བརྒྱབ་ནས་བོད་ནང་གི་བོད་མི་ཚོར་གནོད་གི་འདུག་ཟེར་བའི་སྐད་ཆ་དེ།
༢) རྒྱ་དཔོན་རྣམས་ལ་ངོ་རྒོལ་བྱས་པ་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་ལ་དོ་ཕོག་འབྱུང་གི་འདུག་ཟེར་བའི་སྐད་ཆ་དེ།
༣) ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ལབ་པ་རེད་ཟེར་བའི་སྐད་ཆ་དེ།
ཞེས་པའི་ལན་དུ།
༡) ཕྱི་ནས་བོད་མི་ཚོས་སྐད་བརྒྱབ་ནས་བོད་ནང་གི་བོད་མི་ཚོར་རྒྱ་གཞུང་དྲག་སྤྱོད་ཆེ་རུ་གཏོང་བ་དེས་ཤེས་མི་ནུས་སམ།
༢) རྒྱ་དཔོན་རྣམས་ལ་ངོ་རྒོལ་བྱས་པ་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་ལ་རེ་ཞིག་བྱེད་མཚམས་ཆད་པ་མིན་ནམ།
༣) ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ལབ་པ་རེད་ཟེར་བའི་སྐད་ཆ་དེ་འཇམ་ནོར་སོགས་ཀྱི་འཆལ་རྩོམ་ལས་ཚིག་ཟུར་འདི་ཐོན་པ་མི་དྲན་ནམ།
བོད་དོན་དུ་འཆི་འདོད་ཡང་མེད་ལ། གསོན་འདོད་ཡང་མེད། རྒྱུ་མཚན་ནི་བདག་ལྟ་བུའི་འཆི་གསོན་གྱིས་ཕན་པ་གང་ཡང་མེད། ཡིན་ནའང་བོད་མི་རྩམ་གཟན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་མི་གཞིའི་བསམ་བློ་དང་གཤིས་སྤྱོད་ནི་གླེན་ཀྱང་མཁས་ཀྱང་སྲོག་ཏུ་བཟུང་ཡོད། དེ་བས་བོད་མི་ནང་ཁུལ་དུ་ཁ་བརྡུང་གཏོང་འདོད་རྩ་བ་ནས་མེད་མོད། འོན་ཀྱང་མི་རེ་ཟུང་གིས་མིག་ཞ་ར་དང་རྣ་འོན་པ་ལྟར། ཀུན་གྱི་མཐུན་སྣང་ན་མིག་གིས་བལྟ་ཐུབ་པ། རྣ་ཡིས་ཉན་ཐུབ་པའི་༧གོང་ས་མཆོག་གི་ལེགས་བཤད་ལ། བློ་གཟུ་བོར་གནས་པའི་རྣམ་དཔྱོད་རྒྱབ་དུ་བསྐྱུར་ནས། མ་ཉེས་ཁ་གཡོགས་ལ་ཁྱི་དང་གློ་བ་འཕྲད་པ་ལྟ་བུའི་འདུ་ཤེས་མངོན་དུ་ཕྱོགས་ཏེ་ལེགས་པར་བཤད་པའི་གསུངས་ལ་དོན་གོལ་ལོག་དང་ཚིག་སྤྱོད་ལོག་ཏུ་བཟུང་ནས་རྣམ་རྟོག་ངན་ཤོར། རང་གཤིས་གྱོང་པོའི་སྨྱོ་ཁམས་སུ་བཙན་གྱིས་འདྲེན་པ་ནི་རང་མཚང་མངོན་གྱུར་བྱས་པ་ལས་གཞན་མ་ཡིན། ཁྱོད་སྙན་པ་རྣ་རིང་ལྟ་བུའི་ཁ་མ་གདེངས་གོང་གི་གཏམ་ཞིག ཚིག་མ་བརྗོད་སྔོན་གྱི་་དོན་ཞིག་གོ་རྒྱུའི་ནུས་པ་ཞིག་ཡོད་ན་མ་གཏོགས་གོང་གི་དྲི་ལོག་དེ་དག་ལ་ཁུངས་ལུང་སྤུ་རྩེ་ཙམ་ཡང་མེད་པས་ཁྱོད་ཤ་ཟད་རུས་ཟད་ལ་ཐུག་གི་བར་དུ་བཙལ་ཀྱང་རེ་བ་སྤྲོས་བྲལ་ཡིན་པས་སྙིང་ཁམས་གདོན་ལག་ཏུ་མ་སྤྲོད་པར་ངལ་གསོས་ཤིག་།།
ད་ནི་ངས་གོང་དུ་བཤད་པ་ལྟར་བཙོན་འགྲུས་བཟང་པོ་དམྱལ་བར་འཕེན་རྒྱུའི་ནུས་པ་ཞིག་ཡོད་པ་འདྲ། ཆབ་སྲིད་རང་བཞིན་གྱི་བཀའ་སློབ་རེ་འགའ་གཙོ་བོས་ཇི་ལྟར་བཀའ་བརྩལ་བ། དེ་དག་ཐམས་ཅད་བདག་གིས་བགྱིས། ཞེས་ཞུ་ཐུབ་ས་མ་རེད། རྒྱུ་མཚན་ང་ཡང་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་པ་འདིས་ཆབ་སྲིད་ཁེ་དབང་དང་ཐོབ་ཐང་ཞིག་ཡོད་རྒྱུ་རེད་པཱ། ལར་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་གི་བཀའ་གང་གནང་ཐམས་ཅད་དཔྱད་པ་ཡང་དག་གིས་རང་མོས་འདུག་ན་བླངས་རང་མོས་མེད་ན་ཡིན་ཅིག་བླངས་དགོས་པ་ཞིག་གང་དུ་ཡང་གསུངས་མི་འདུག།
འོ་ན་ངས་དྲི་བ་གཅིག་རང་གཅིག་ཡོད། གཞིས་ལུས་བོད་མི་ཏང་གིས་དྲོ་སྐྱིད་ཀྱི་ཉི་མ་ཤར་བསྡད་ཡོད་པ་ཨེ་རེད། དྲོ་སྐྱིད་ཉི་མ་ལས་བཙན་བྱོལ་བ་ཚོས་འུར་ཟིང་གིས་དཀྲོགས་པ་ཨེ་རེད།
ད་དུང་མི་བརྒྱ་ཕྲག་གཅིག་ལྷག་གི་ཚེ་སྲོག་དེ་༧གོང་ས་མཆོག་བོད་ལ་ཕེབས་རྒྱུར་དམིགས་པ་ཞིག་མ་རེད་པས། ཁོ་ཚོའི་ཡིད་ཆེས་དང་རེ་བ་དེ་༧གོང་ས་མཆོག་ལ་གཏད་པ་ཞིག་རེད་ཡང་ན་བཙན་བྱོལ་བ་འུར་ཟིང་འགར་གཏད་པ་ཞིག་རེད། བློ་གཟུ་བོར་གནས་ནས་གཏམ་སྨྲ་ཡི་ཡོད་ན་འདི་ཚོ་མ་མཐོང་བ་རེད་ཡང་ན་མ་ཐོས་པ་རེད། ཡང་ན་གཡས་ཕྱོགས་གཡོན་ཕྱོགས་ལ་གནས་ཏེས་བློ་གཟུ་བོར་གནས་ཡོད་མདོག་གིས་དད་པ་གནམ་ལ་འཕྱར་བ་མ་རེད་པས།
བྱས་ཙང་གཞིས་ལུས་མི་དམངས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་ཁག་ལོ་ཟླའི་རྒྱུན་མཐུད་དེས་ཏང་གིས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་འོག་དད་མོས་རང་དབང་མཚོན་པས་རང་དབང་ཟེར་བ་ཞིག་སྣ་གཅིག་ཀྱང་མེད་པ་མ་ཟད་དམར་གསོད་དང་བཙོན་འཇུག། རྡུང་རྡེག་ཚ་ནན་འོག་མི་ཆོས་ལས་འདས་པའི་མནར་གཅོད་དེ་ལས་བྱུང་བ་རེད་དྲན་ཡོད། ལར་ནས་གཞིས་ལུས་མི་དམངས་ཀྱི་ལས་འགུལ་ནང་ཞུགས་མཁན་ཕལ་ཆེ་བ་དེང་རབས་ཅན་གྱི་མི་རབས་ཞིག་རེད་མ་གཏོག་ལྐུགས་པ་གཡང་འཆོངས་བྱེད་མཁན་ཞིག་ཡིན་རྒྱུ་མ་རེད་དྲན་ཡོད།
རང་བཙན་ལེན་མཁན་ཡོད་ན་འགོག་མཁན་སུ་ཡང་མེད། །
སྒོ་ཁྱི་བཙན་པོ་ཡོད་ན་ལྕགས་ཐག་གློད་ནས་ཡོད། །
རྣ་གཟན་ཀུ་ཅོ་འདོན་ན་ཟུག་ས་རྒྱ་ལ་གཏོད། །
རང་གི་བདག་པོ་དམུར་ན་ཁྱི་རྒན་སྨྱོན་པ་ཡིན། །
སྙིང་མེད་སྤྲང་ཁྱི་བཏགས་པའི་དུས། །
རྒྱང་རིང་དགྲ་ལ་ཀུ་ཅོ་སྒྲོག །
ཐག་པས་ཡོངས་སུ་གློད་པ་ན། །
རྒྱང་ལ་མི་རྒྱུགས་བདག་པོ་དམུར། །
ཆོས་ཀྱི་ཐད་ནས་༧སྐྱབས་མགོན་རིན་པོ་ཆེ་བོད་མི་རིགས་ཀྱི་འདི་ཕྱིའི་སྐྱབས་གནས་དམ་པ་དེ་ཡིན།
ཆབ་སྲིད་ཀྱི་ཐད་ནས་ད་ལྟའི་ཆར་ངའི་སེམས་ཀྱི་སྐྱབས་གནས་དམ་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན། ང་ལ་མཚོན་ན་བོད་ཀྱི་རྩ་དོན་དང་པོ་དང་༧སྐྱབས་མགོན་རིན་པོ་ཆེ་གཉིས་པ་ཡིན། ལྷག་པར་དུ། བླ་མས་ཆབ་སྲིད་མང་པོ་མང་པོ་གསུངས་བཞིན་པ་དེ་ལ་དགའ་བསུ་དེ་ཙམ་མེད་པར་མ་ཟད་ཆབ་སྲིད་པས་ཆོས་གསུངས་བཞིན་པ་ཡང་དགའ་མོས་མེད། གསེར་འབྲུག་སྡེ་ལྔའི་སྐད་ཆ་ལ་མོས་མཐུན་ཡོད།
གོང་དུ་མི་ཆོས་བླ་མའི་རྫུན་སྤེལ་མཁན་འགས་༧རྒྱལ་བ་རིན་པོ་ཆེ་ལ་བརྩི་མདོག་མདོག་དང་བཀུར་མདོག་མདོག་བྱེད་བཞིན་པ་འདི་དགོད་བྲོ་བ་ཞིག་མ་རེད་དམ།
བླ་མའི་ཆབ་སྲིད་བཤད་ལ་མོས་མཐུན་མེད།།
ཆོས་ཀྱི་ཕྱོགས་ནས་རྩ་བའི་བླ་མ་ཡིན།།
ཟེར་ནས་སྲོང་བོའི་གཏམ་ཞིག་ཕུལ་བ་འདིར།།
དམ་ཉམས་ལོག་ལྟ་ཟེར་བཞིན་དམོ་ཐུབ་ན།།
ཁ་ནས་བླ་མ་ཁོག་ནས་འདྲེ་བསྣོག་བཞིན།།
མི་ཆོས་བླ་མའི་རྫུན་སྒྲོགས་བྱེད་མཁན་རྣམས།།
རླངས་སྔགས་ལ་སོགས་གང་ལ་འཇོག་དགོས་སམ།།
ཁོ་རེ། ང་དགྲ་འདུལ་གྱི་སྐད་ཅ་དེར་མོས་མཐུན་ཡོད། ཆོས་དང་ཆབ་སྲིད་དེ་ལོགས་སུ་ཕྱེ་ན་ཤིན་ཏུ་ལེགས། ཡིད་མ་ཆེས་ན་བོད་ཀྱི་ལོ་རྒྱུས་ལ་བལྟ་ཀློག་བྱོས
༡) ཕྱི་ནས་བོད་མི་ཚོས་སྐད་བརྒྱབ་ནས་བོད་ནང་གི་བོད་མི་ཚོར་གནོད་གི་འདུག་ཟེར་བའི་སྐད་ཆ་དེ།
༢) རྒྱ་དཔོན་རྣམས་ལ་ངོ་རྒོལ་བྱས་པ་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་ལ་དོ་ཕོག་འབྱུང་གི་འདུག་ཟེར་བའི་སྐད་ཆ་དེ།
༣) ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ལབ་པ་རེད་ཟེར་བའི་སྐད་ཆ་དེ།
༡༽ དུས་ལོག་ ༥༩ ལོར་༧གོང་ས་མཆོག་ཉེན་གཡོལ་དུ་ཕེབས་མེད་ན། བོད་པའི་གནད་དོན་ཕལ་ཆེར་བསྡུ་གསོག་བརྒྱབ་པར་ཉེ་བ་ཡིན། གོང་གི་རང་གི་བསམ་ཚུལ་བཞིན། གཞིས་ལུས་རྒྱ་འོག་ཏུ་བྲན་ལ་བཀོལ། བྱེས་འབྱོར་རང་རང་སོ་སོར་ཐོར། རྡ་སའི་སྒྲིག་འཛུགས་བསྡུ་གསོག་རྒྱག དབུ་མའི་ལམ་དང་དེ་དང་འབྲེལ་བའི་ལས་འགུལ་ཡིག་ཆ་ཁག་མེར་བསྲེག་བཏང་ན་བསམ་པའི་སྟོང་བསམ་དེ་ནི་རྒྱ་དམར་གུང་བྲན་ཏང་དང་། དེ་དང་ཕྱོགས་མཐུན་ཁག་གི་རེ་སྟོང་ཉག་གཅིག་ཡིན་པ་གསལ་པོ་རེད་སྙམ། ༧ མགོན་པོ་མཆོག་ནས་རྟག་ཏུ་ཡུལ་དུས་བབ་དང་བསྟུན་ནས་འགྲོ་མཁས་བྱ་དགོས་བཀའ་སློབ་ཕེབས་པ་དང་། སྐད་འབོད་ཀྱང་ཁྲིམས་མཐུན་གྲུབ་ཏུ་ཡོད་པ་ལས། ཚིག་ངན་རྣོ་ངར་ཅན་རྒྱ་དཔོན་ང་རྒྱལ་སྤྲོ་ཐུང་མཁྲེགས་འཛིན་པ་ཚོར་རྣར་གཟན་གནོད་གཞིར་གྱུར་བ་དེ་འདྲ་བེད་སྤྱོད་མ་བྱས་པར། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ཆོས་དད་རང་མོས། སྐད་ཡིག་རང་དབང་། རིག་གཞུང་རང་དབང་དགོས་ཞེས་ངོ་རྒོལ་བྱེད་ན་མི་འགྲིགས་པ་སུས་གསུངས་སོང་། བཀའ་སློབ་དེ་ཡང་སྐྱར་གསན་རོགས་གནང་དང་། བྱང་ཆུབ་སེམས་དཔའ་འདྲ་ཡིན་ན་མགཏོགས། ཁྱོད་རྐུན་མ་རེད་ཇག་པ་རེད། ད་ལྟ་རང་ཕར་རྒྱུགས་ཤིག་ལག་དམར་བ་ཁྱོད་ཅེས་ལབ་ན་ཅ་ཟིང་ཨ་ཅོག་ཚ་ནས་ཀྱང་ང་རྒྱལ་གྱི་གོང་བུ་ཅན་དེ་ཚོས་རང་ལ་དབང་ཡོད་པས་ག་རེ་ཡང་བྱེད་མི་སྲིད་པ་མ་རེད། ཡིན་ན་ཡང་དེ་རང་རེད་ཅེས་ཐག་ཆོད་པོས་གསུངས་མེད་ལ་འདི་འདྲ་ཡོང་གི་མེད་དམ་ཞེས་ཐུགས་དོགས་ཡོད་པར་གསུངས་ཡོད་པས་ལེགས་པོ་གསན་རོགས་གནང་། ཏང་གི་འོག་བོད་མི་ཚོ་སྐྱིད་པོ་མེད་པའི་ཁར་སྡུག་ཐོག་སྡུག་བརྩེགས་གར་སོང་ཆ་མེད། བཙོན་འཇུག་གཉའ་གནོན་ཤུགས་ཆེ་རུ་གཏོང་གི་ཡོད་པས། སྐད་འབོད་ཙམ་གྱིས་མི་འགྲིག་པ་ཛ་དྲག་དེ་ལས་སྐྱོབས་ཐབས་བྱ་དགོས། འུར་ཟིང་གིས་སྐྱིད་པོ་ཡོད་པ་དེ་མེད་པ་བཟོས་པ་མིན་པར་འཐོལ་བརྩེགས་ཀྱི་དཀའ་སྡུག་དེ་མི་དགོས་ཡས་རང་རེད།
ཁོང་ནས་གནོད་སྲིད་པ་རེད་གསུང་པ་ལས་གནོད་པ་ཐག་བཅད་ནས་ཇི་ལྟར་གསུངས་འདུག ལར་ནས་ཁྱོད་ལ་གནོད་ཀྱི་མེད་པའི་དཔང་ཐེག་ཁག་ཐེག་ག་རེ་ཡོད་དམ། ཡང་ཅི་སྟེ་མ་གནོད་ན་ཡག་ཤོས་རེད། ང་ཚོར་དགོས་རྒྱུ་ད་ག་རང་ཡིན། གཞིས་ལུས་སྤུན་ཟླ་རྣམས་བདེ་པོ་སྐྱིད་པོ། རང་དབང་ཐོབ་ཐང་ཡོད་པ། ཆོས་དད་སྐད་ཡིག་རང་དབང་ཡོད་ན། དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་རེད།
ཡང་གཞིས་ལུས་སྤུན་ཟླ་ཚོས་སྐད་འབོད་བྱེད་ན་ཡག་པོ་དང་ཕན་ཐོགས་ཡོད་པའི་ལན་འདྲ་འབྱོར་ན། དེ་བས་ལས་འགུལ་རྒྱ་ཆེ་ཙམ་སྤེལ་ཐབས་བྱ་དགོས། སྐད་འབོད་བྱ་རུང་མ་བྱས་རུང་བོད་ནང་གི་གནས་སྟངས་ཐབས་སྡུག་དང་ཡ་ང་རུ་འགྲོ་བཞིན་པ་མ་ཡིན་ནམ།
གཞིས་ལུས་བོད་མི་རྣམས་ཆུ་སྲིན་དམར་དད་ཅན་གྱི་མཆེ་ཕྲག་ལ་གནས་ཡོད་པས་ང་ཚོས་ཆུ་སྲིན་གདུག་པ་ཅན་ལ་མཁས་པོ་བྱེད་ན་མ་གཏོགས་ཉེན་ཁ་ཆེན་པོ་མ་ཡིན་ནམ། དཔེར་ན། བལ་ཡུལ་དང་རྒྱ་གར་མ་ཟད་ཨ་རི་སོགས་ལ་ཡང་ཁྲིམས་ཚད་ལྡན་གྱི་སྐད་འབོད་རང་དབང་ལས། ཚད་ལས་འགལ་ན་འཛིན་བཟུང་དབྱུག་བཞུ་དམ་དོན་བྱེད་པ་མ་མཐོང་ངམ།
༢༽ རྒྱ་བོད་གྲོས་མོལ་ཞེས་རྒྱ་དཔོན་མཉམ་དུ་མ་གཏོགས། མི་མང་ལ་ཐོབ་ཐང་དང࿒རང་དབང་གང་ཡང་མེད། གྲོས་མོལ་ནི་སྤྱིར་བཏང་གདན་ཐོབ་མཉམ་གནས་ཀྱིས་བྱ་དགོས་ལ། ང་ཚོ་ལ་མཉམ་གནས་ང་ཚོའི་ངོས་ནས་རེ་འདུན་བཏོན་ནས་ཐབས་མཁས་བསྟུན་མཁས་མབྱས་ན། གྲོས་མོལ་བྱ་ཡུལ་ལ་ངོ་རྒོལ་དང་དགྲར་འཛིན་བྱས་ན། སྤྱིར་བཏང་གྲོས་མོལ་མི་བྱུང་བ་བཞིན་རྒྱ་དཔོན་ལ་རྒྱག་རེས་བརྒྱབ་ནས་རྒྱ་དཔོན་མཉམ་དུ་གྲོས་བསྡུར་ཇི་ལྟར་ཡོང་ངམ། དེས་མ་ཟད་གདུག་རྩུབ་འགོང་བུ་ཅན་མཉམ་དུ་མཁས་པོ་སྙན་པོས་མ་གཏོགས་ཇི་ལྟར་སྐད་ཅ་བཤད་ཐབས་ཡོད་དམ། དེས་ན་དོན་ཆེན་འགྲུབ་པར་ངང་རྒྱུན་དང་ཐབས་མཁས་སྲིད་ཇུས་མེད་ན་ཇི་ལྟར་དོན་ལྡན་གྲོས་མོལ་ཡོང་ངམ། ༢༠༠༨ ནས་རྒྱ་བོད་གྲོས་མོལ་སྡུག་ཏུ་ཕྱིན་པ་ལའང་གནད་འགག་ཡོད་པར་སེམས།
རྒྱ་དཔོན་མཉམ་དུ་ངོ་རྒོལ་དང་མཉམ་དུ་གྲོས་མོལ་བྱ་ཐབས་ཡོད་དམ། འོན་ཀྱང་འབྲེལ་བ་མེད་པ་བཟོ་མཁན་གཙོ་བོ་ནི་རྒྱ་ཁོ་རང་རེད། འོན་ཀྱང་ཁོང་ཚོ་སྐད་ཅ་བཤད་འདོད་མེད་པའི་ཁར་ཁག་གཡོག་དང་གཡོལ་ཟོལ་བྱེད་པར་བེད་ལོག་ཀྱང་བཏང་གི་ཡོད་པས་ཤུགས་ཀྱིས་དཀའ་ངལ་ཆགས་ཀྱི་ཡོད་སྙམ།
༣༽ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་དེ་མཁོ་གཏོང་བྱེད་ཡོད་མིན། གསར་ཁང་དེ་འབྲེལ་གྱི་གསར་གཏོང་བ་བཅས་ལ་འདྲི་ཞིབ་གནང་དང་དེ་ནས་གསལ་པོ་མཁྱེན་གྱི་རེད།
དགའ་ལྡན་ཕོ་བྲང་བོད་གཞུང་དང་གྱེས་རུང་བོད་པའི་འགན་འཁྲི་བོད་མི་ཡིན་ནོ་ཅོག་ང་དང་ཁྱོད་ལྟ་བུར་བབ་པ་གཅིག་མཚུངས་ཡིན། དེ་ནས་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་སུ་མཚན་བསྒྱུར་ཞུས་པ་ནི། ཕྱོགས་དུས་སྐབས་བབ་གནས་སྟངས་འོག་ཚིག་ཙམ་ལ་འགྱུར་བ་ཕྱིན་པ་ལས་དོན་སྙིང་དེ་ག་རང་ཡིན་སྙམ། དེ་ལ་དགོས་ཁྱད་ཡོད་པས་སྐབས་དོན་དུ་མ་གྱུར་སྙམ།
སྐབས་སུ་བབ་པ་འདི་ཙམ་འཐུས་ངེས།
༧གོང་ས་མཆོག་གི་བཀའ་སློབ་དེར་ཉིན་མཚན་མང་པོ་བསམ་བློ་བཏང་བས་བློ་ངོར་དྲི་བ་དགའ་འཆར།
དེ་ནི་དང་པོ་བོད་མི་ཡང་དག་པ་ཞིག་ཆགས་པར་དེང་རབས་ཀྱི་ཤེས་ཡོན་ཙམ་མ་ཟད་ནང་ཆོས་སློབ་གཉེར་དགོས་པར་གསུངས་བའི་བཀའ་སློབ་དེ་བོད་པ་ཁ་ཆེ་བ་དང་བོན་ཆོས་བྱེད་མི་ཚོར་གང་བསམ་སྲིད།
གཉིས་པ་འབའ་པ་ཕུན་ཚོགས་དབང་རགྱལ་གྲོགས་པོ་བློས་ཐུབ་ཟེར་བ་དེ་་ཡ་མཚན་བྱུང།་་ཁོང་ནི་རགྱ་དམར་བོད་ནང་འཁྲིད་མཁན་གཏེད་པོ་ཞིག་ཡིན་པའི་་་ཀྱེ་མ་དུས་ཚོད་ཟེར་བ་དེ་འདི་འདྲ་ཡིན་ས་རེད།
ཤོ་བ་མ་སིད་གཞུང་ལ་ཉིན་ླཏར་གསར་འགོད་བགྱུད་ལམ་གྱི་དོགས་འདྲི་དང་མཁས་དབང་ཚོས་ཀྱོན་བཏོན་ཀྱང་དགའ་མིན་ལ་མི་ལཏོས་པར་དྲི་བ་དང་ལེན་གནང་གི་ཡོད།་་ང་ཚོས་བོད་མིའི་ངོས་ནས་དེ་མཚུངས་ཀྱི་དུས་ཚོད་ཤར་གྱུ་རེ་བ་བྱེད་ཀྱི་ཡོད།་ཕྱི་གྱལ་ངོ་ཤེས་མང་པོ(གྱ་མི་)ཉེ་དུས་ང་ཚོས་འགོ་ཁྲིད་ཚོར་ཀྱོན་བཇོད་འགྲོ་ས་ཡོད་པ་མ་རེད་ཟེར་ནས་གོ་ཐོས་བྱུང་བཤད་མི་མང་བས་དེར་དགོས་གལ་གྱི་ལག་ལེན་དགོས་གྱུ་མཐོང་།་
མཁྱེན་ཡངས་ལགས། ཀུན་སློང་བཟང་པོ་ཞིག་འཁྱེར་ནས་བོད་དོན་འཐབ་རྩོད་ལ་ཐེ་བྱུས་བྱ་རྒྱུ་མེད་དམ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བོད་མི་རིགས་དང་བོད་རང་དབང་ལས་འགུལ་སྤེལ་ན་སྡིག་པ་དང་མ་འགྲིགས་པ་རེད་དམ། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁོར་ཡུག་སྲུང་སྐྱོབ་ལ་བགྲོ་གླེང་བྱས་ནས་ཐོབ་ཐང་རྩོད་ན་ཆོས་མ་ཡིན་དགོས་སམ། ཆོས་པ་ཡིན་ན་མི་མེད་ལུང་སྟོང་དང་བྲག་ཕུག་ནང་ལ་གཅིག་པུར་སྡོད་དགོས་སམ། ཆོས་པ་ཡིན་ན་དགོན་པའི་ནང་ལ་དགྲ་ཆས་གྱོན་ནས་ཁ་འདོན་འདྲ་བྱས་ནས་སྡོད་དགོས་སམ། ཆོས་པ་ཡིན་ན་གྲོང་ཆོག་འདྲ་རྒྱུགས་མ་ཎི་བགྲངས་སྐོར་བ་བསྐོར་ནས་སྡོད་མཁན་ཞིག་ལ་ཟེར་རམ། ཆོས་ཡིན་ན་གཞུང་ཆེན་གཟིགས་རྩོད་གླེང་སྒོམ་ཙམ་རྒྱག་མཁན་ཞིག་ཡིན་དགོས་སམ། ཆོས་པ་ཡིན་ན་མི་ཆོས་གཙང་མ་བཅུ་དྲུག་བཤད་མི་ཆོག་པ་གང་ཡིན་ནམ། ཁྱིམ་པས་ཆོས་བྱེད་ཆོག་ན་ཆོས་པས་འཇིག་རྟེན་པ་ལ་ཕན་པའི་སྲིད་ཇུས་གནང་མི་ཆོག་པའི་བཙན་བཀའ་སུས་བཏང་ཡོད།
འོ་ད་བཙན་བཀའ་གཏོང་མཁན་ཞིག་དྲན་སོང་། དེ་ནི་རྒྱ་དམར་གུན་བྲན་ཏང་ཟེར་མཁན་དེ་རེད། ཆོས་དུག་རེད་ཟེར་མཁན་དེ་རེད།
༧རྒྱལ་བ་རིན་པོ་ཆེས་རྒྱལ་སྲིད་བཞེས་དུས་ཆོས་དང་ཡོངས་སུ་འགལ་བའི་སྲིད་ནག་གནང་བའི་དཔེ་མཚོན་གང་ཡོད་དམ། དགུང་ལོ་བཅུ་དྲུག་ནས་རྒྱལ་སྲིད་བཞེས་ནས་དགུང་ལོ་བདུན་ཅུ་དོན་དྲུག་བར་ཆོས་འགལ་སྲིད་རྐྱང་ག་རེ་གནང་སོང་ངམ། གཅིག་བྱས་ན། ང་མཐོང་ཐོས་ཆུང་བས་ཡིན་སྲིད། ཆོས་རྒྱལ་མེས་དཔོན་རྣམ་གསུམ་རྒྱལ་པོ་མིན་ནམ། ཆོས་པ་ཡིན་པས་སོ།། ཆོས་དང་རྒྱལ་པོ་གཅིག་ལྕོགས་ཡོད་ན། ཆོས་དང་སྲིད་གཅིག་ལྕོགས་མི་ཡོང་བའི་གནད་ཁྱད་གང་ཡོད་དམ། བཙན་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་རྐྱང་རྐྱང་ལ་མ་ཕེབས་པར་བོད་ཕུངས་བཅུག་མཁན་ནང་ཆོས་དེ་རྒྱ་གར་ནས་དཀའ་བ་བརྒྱ་ཕྲག་གིས་གདན་འདྲེན་ཞུས་པའི་བཀའ་དྲིན་དེ་དྲིན་ཆུང་གནང་བ་རེད་དམ། བློན་ཆེན་ཐོན་མིས་བོད་ཡིག་གསར་བཟོ་གནང་ནས་བཀའ་བསྟན་བསྒྱུར་བ་ལས་ཆབ་སྲིད་དམག་དོན་སྐོར་ཅི་ཕྱིར་བསྒྱུར་མ་གནང་བ་རེད་དམ། འ་ད་ཡིན་ན་ནོར་འགོ་དེ་ནས་བརྩམས་པ་ཨེ་ཡིན་ནམ།
བོད་མུན་པར་ལུས་ཡས་དེ་ཆོས་དར་ནས་མ་རེད། ཆོས་ནག་དང་སྲིད་ནག་འདྲེས་པའི་འོག་ངན་རྒུ་འདི་དག་བྱུང་བ་རེད། བློན་ཆེན་ཐོན་མིས། ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །ཞེས་སྐད་སངས་མཐོན་པོས་གསུངས་པ་དེ་བདེན་པ་མ་ཡིན་ནམ།
ཆོས་དང་སྲིད་སྡེ་གཉིས་སོ་སོར་བཞག་དགོས་པ་ཡང་ཡོད། གཉིས་མཐུན་གྱི་མཉམ་འཇུག་ཀྱང་ཡོང་ཆོག་གི་རེད། ནུབ་ཕྱོགས་སུ་ཆོས་སྡེ་ཟུར་བཅད་ཀྱི་དགོས་དོན་ཁག་ཁག་ཡོད། ནང་ཆོས་སེམས་གཙོ་དང་དེ་ཡང་རིགས་ལམ་ནས་ཡོང་དགོས་ཤིང་། བཀའ་གནང་བ་གཅིག་པུས་དག་ཐེར་སྒང་ལ་མ་ཕྱིན་པར། ཉམས་ཞིབ་དཔྱད་བསྡུར་བགྲོ་གླེང་བྱ་རྒྱུ་ཡོད་པ་ཞིག་ཡིན། དཔེར་ན། སློབ་དཔོན་དབྱིག་གཉེན་གྱིས། འཛམ་གླིང་ཤིང་རྟའི་དབྱིབས་ཅན་གསུངས་པ་དེ་ལ་གནོད་བྱེད་བབ་ན། བཀའ་ཡིན་ཞེས་ཁས་བླངས་མི་དགོས་ཀྱང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་དེར་རིགས་ལམ་ཕྲ་མོས་གནོད་བྱེད་ཡང་དག་བབ་དཀའ་ཞིང་། ཟབ་ཕྲའི་གནད་ཚིག་སྣ་ཞིག་ནང་གསུངས་པ་ནི་རྨད་དུ་བྱུང་བ་ཡིན།
ཁག་གཅིག་ནས་༧གོང་ས་མཆོག་ནས་ཆབ་སྲིད་ལམ་སྟོན་ལ་ད྄ོགས་འདྲི་ཡོང་ཆོག་ལ། སྐྱོན་འཛུགས་ཀྱང་ངེས་པར་བྱ་ཆོག་པ་ཡིན། སྐྱོན་དུ་འགྲོ་ཚུལ་ཡག་པོ་བཤད་ཡས་མེད་པར་གང་བྱུང་བཤད་ནས་བྱབ་མེད་སྙམ། སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་མ་ཟད་སྲིད་དོན་ནག་པོ་དང་གཡོ་སྒྱུ་བྱས་ན་ཁོང་རང་སྐུ་དབང་རེད། ལོག་སྤྱོད་རེད་ཅེས་བཤད་པས་ལོག་སྤྱོད་པ་ཡིན་དགོས་ཡས་མེད།
སོ་སོ་དགའ་མི་དགའ་སོ་སོ་རེད་དད་ལོག་བྱས་ན་ཡང་འདོད་པ་རེད། ཆོས་ཕྱོགས་ནས་དད་པ་བྱས། སྲིད་སྐོར་མ་ཉན་ན་འགྲིགས་པ་རེད། སྐུ་དོན་ནས་གསལ་བཤད་གནང་གི་རེད། གང་ལགས་ན་འགན་ཞིག་ཡོད་རེད་ལ་ཁོང་རང་གིས་ལམ་སྟོན་གནང་བ་ཞིག་ཡིན་པས་ང་ཚོ་གསར་པ་ཚོར་རྒྱུས་ཡོད་གནང་གི་ཡོད་རེདལ། དངོས་ཡོད་ལའང་འདི་རན་ཤོས་རེད་སྙམ།
༡༽བོད་ནང་གི་གཞིས་ལུས་སྤུན་ཟླ་རིམ་པ་དང་པོ་ཡིན་དང་ཡིན། གང་ལགས་ན། ༧ཁོང་རྒྱལ་བས་དོན་གྱི་བདག་པོ་ཁོང་ཚོ་རེད། ངའི་དཔོན་པོ་ཁོང་ཚོ་རེད་ཅེས་གསུངས་པས་སོ།།
༢༽༧རྒྱལ་བ་ཁོང་ཡང་བླ་ན་མེད་པ་ཡིན་ཏེ། གཞིས་ལུས་རྒྱ་ཆེ་མི་མང་གིས་ཡིད་བཞིན་ནོར་བུར་དད་པ་དང་བླ་ན་མེད་པའི་དབུ་ཁྲིད་ལ་བཀུར་བས་སོ།།
༣༽ བྱེས་འབྱོར་མི་མང་དང་འཛམ་གླིང་ཡོངས་ཀྱིས་བཀུར་བའི་བླ་ན་མེད་པའི་དེད་དཔོན་ཆེན་པོ་གསོལ་བས་ཀྱང་ངོ་།།།།
༡༽ བོད་པའི་ཁ་ཆེ་བ་དང་བོན་པོ་གཉིས་ལ་འདི་འདྲའི་ཐུགས་ད྄ོགས་མི་ཡོང་སྙམ། གལ་ཏེ་བྱུང་ན་རང་རང་གི་ལྟ་སྤྱོད་གང་ཡིན་དེང་རབས་དང་མཐུན་པར་ཉམས་སུ་བླངས་ན་དེ་གས་འགྲིགས་པ་རེད།
༢༽ རྒྱ་དམར་བོད་ནང་ཡོད་ཡོད་པ་རེད། རླབས་ཆེན་གུང་བྲན་བཅིང་འགྲོལ་གཏོང་བར་མགྲོན་འབོད་མ་བཏང་བར་ཕེབས་ནས་བོད་དམ་པོར་བཅིངས་པ་རེད། འབའ་པ་ཕུན་ཚོགས་ཀྱིས་འདྲ་མཉམ་ཐོབ་ཐང་གི་རྩོམ་དེར་གཟིགས་དང་མཉེས་པོ་ཞེ་དྲག་ཡོད་རེད།
༣༽གནད་དོན་ཆེན་པོའི་དྲི་བ་དང་ལེན་དགོས་གལ་ཆེ་ན། ཆོས་ཐོག་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། སྲིད་སྐོར་སྲིད་སྐྱོང་སོགས་གནང་ན་མ་འཐུས་པ་མེད་སྙམ་མོ།།
༤༡༽ པད་མ་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ གི་ཆུ་ཚོད་ ༢༢ སྐར་མ་ ༥༣
༧གོང་ས་མཆོག་གི་བཀའ་སློབ་དེར་ཉིན་མཚན་མང་པོ་བསམ་བློ་བཏང་བས་བློ་ངོར་དྲི་བ་དགའ་འཆར།
དེ་ནི་དང་པོ་བོད་མི་ཡང་དག་པ་ཞིག་ཆགས་པར་དེང་རབས་ཀྱི་ཤེས་ཡོན་ཙམ་མ་ཟད་ནང་ཆོས་སློབ་གཉེར་དགོས་པར་གསུངས་བའི་བཀའ་སློབ་དེ་བོད་པ་ཁ་ཆེ་བ་དང་བོན་ཆོས་བྱེད་མི་ཚོར་གང་བསམ་སྲིད།
གཉིས་པ་འབའ་པ་ཕུན་ཚོགས་དབང་རགྱལ་གྲོགས་པོ་བློས་ཐུབ་ཟེར་བ་དེ་་ཡ་མཚན་བྱུང།་་ཁོང་ནི་རགྱ་དམར་བོད་ནང་འཁྲིད་མཁན་གཏེད་པོ་ཞིག་ཡིན་པའི་་་ཀྱེ་མ་དུས་ཚོད་ཟེར་བ་དེ་འདི་འདྲ་ཡིན་ས་རེད།
ཞེས་པའི་ལན་དུ།
དང་པོ།
དེ་ནི་༸གོང་ས་མཆོག་གི་གསུང་ས་དེ་བོད་རིགས་ནང་ཆོས་དད་མཁན་བརྒྱ་ཆ་མང་བ་དེ་དག་ལ་གསུངས་པ་ཙམ་མ་ཟད། ཐད་ཀར་གསུབ་སར་ཡང་ནང་པ་ཤ་སྟགས་ཡོད་པས་མིན་ནམ། ད་དུང་དེ་དུས་རྒྱ་གར་ཀ་ཤི་མི་རིའི་ལྷ་ས་བཙན་བྱོལ་བའི་ཕྲུ་གུ་ཚོར་བོད་སློབ་ཟར་དུ་མེད་ཀྱང་། ནང་མིས་ནང་ཁུལ་བོད་སྐད་བརྒྱབ་པའི་དྲིན་གྱིས། ལྷ་སའི་ཁ་སྐད་ཡག་པོ་རྒྱབ་པར་རྒྱལ་བ་རྒྱས་པའི་ཆོས་སྤྲིན་དུ་སོང་བ་ཡང་གསུངས་མི་འདུག་གམ། ལགས།
གཉིས་པ།
་་་་ འབའ་པ་ཕུན་ཚོགས་དབང་རྒྱལ་གྲོགས་པོ་བློས་ཐུབ་ཟེར་བ་དེ་ནི། ་་་་་ རྒྱ་བོད་སྒེར་ལངས་འཁྲུགས་འཛིང་འོག་ལ། གུང་བྲན་ལས་བྱེད་མང་པོ་ཡོད་པའི་ནང་ནས་འབའ་ཕུན་ལགས་ནི། ཆོས་མེ་དད་མེད་གུང་བྲན་ཅིག་ཡིན་ན་ཡང་། བོད་རིགས་བཀྲུས་ན་ཡང་དག་རྒྱུ་མེད་པའི་ཕ་སྤྲེལ་རྒན་དང་མ་སྲིན་གྱི་བརྒྱུད་པ་ལ་སོང་། རང་ཉིད་མ་འཆི་བར་བོད་པ་དང་བོད་དོན་མ་བརྗེད་པར་པར། ཐ་ན་གུང་ཏང་ཡོན་ལ་ཡང་། བོད་རྒྱ་ཁོངས་མ་རེད་གདའ། བོད་རྒྱ་དམར་གཞུང་གཅིག་གི་འོག་སྡོད་འདོད་བྱེད་བགྱིད་ཡོདཅེས་པའི་རང་གི་མི་རིགས་ཀྱི་ལ་རྒྱ་མ་དོར་བའི་ལས་བྱེད་དཔའ་བོ་ཅིག་ལ་ངོས་འཛིན་གནང་བ་ཙམ་མ་རེད་དམ། ལགས། ང་ནི་དམར་མི་སུ་ལ་ཡང་མི་དགའ་ན་ཡང་གོང་གི་གསུང་དེ་འདི་འདྲའི་ཅིག་གོ་བ་བླངས་པ་ཡིན་པས། ཁྱེད་ཀྱིས་ཀྱང་དཔྱད་པར་འཚལ་ལོ། །
བོད་མི་ཡུལ་གྱར་བའི་ནང་སུས་ཁས་མ་བླངས་ཀྱང་། སྨྲ་བརྗོད་རང་དབང་དང་མི་གཞིའི་རིན་ཐང་སྤྲོད་མཁན་དེ་༸གོང་ས་མཆོག་རེད་མ་གཏོགས་ཁྱེད་ཅག་གིས་ནུས་བ་དང་འཇོན་ཐང་གིས་ཐོབ་པ་ཞིག་མ་རེད། ཁྱེད་ཅག་དེ་འདྲའི་རང་དབང་ལོངས་སུ་སྤྱོད་པའི་སྙིང་སྟོབས་ཅན་དག་ཡིན་ན་སྨྱུག་རྩེ་དང་ཁ་ལྕེ་ཡིས་རང་དབང་འཕྲོག་མཁན་དེར་ཕར་རྒོལ་བྱོས། སྤྲོད་མཁན་ལ་ཚུར་རྒོལ་མ་བྱེད། དྲིན་ཅན་ལ་དྲིན་ལོག །གཡང་ལ་རྡོ་ར་བྱས་ན་རྒྱ་དཔོན་སྒེར་སྤྱོད་པ་ཚོ་མ་གཏོགས། རྒྱལ་སྤྱིའི་ཆོས་སྲིད་གང་དང་ཡང་མི་མཐུན། བོད་པའི་ཁ་དཔེ། རྡུགས་ཐུག་ནས་རི་ལ་དྲོས། །རིར་དྲོས་ནས་ངུ་ཤོར་ཟེར་བ་ལྟ་བུའི་སྙིང་སྟོབས་བཅོས་མའི་ཟོལ་གྱིས་མཐའ་འཁྱོལ་ནི་མ་རེད་དོ། ཆོས་སྲིད་དབྱེ་འབྱེད་བྱེད་དགོས་ཟེར་བའི་བསམ་རོ་སྐམ་པོ་དེས། ཆོས་མི་ཤེས་པའི་ཀུན་སློང་དུག་ཅན། སྲིད་མི་ཤེས་པའི་ཁྲིམས་མེད་ལུགས་མེད་ཀྱི་རང་གཤིས་དམར་རྗེན་དེ་བསྟན་འདུག སྤྱི་དོན་ཡང་དག་པ་ཞིག་སྒྲུབ་པའི་བྱ་སྤྱོད་ཞིག་ཡིན་ཚེ་ཆོས་སྲིད་གང་ཡིན་ཡང་ཁྱད་པར་མེད་པར་དགོས་དོན་གཅིག་མཐུན་དུ་སྒྲུབ་ཐུབ། དཔེར་ན་ཨ་རི་ལྟ་བུར་མཚོན་ན་ཡང་ཆོས་སྲིད་ཟུང་འབྲེལ་རེད། ངས་ཨ་རིའི་སྲིད་འཛིན་བསྐོ་བཞག་གི་རྩ་དོན་ལས་རིམ་ཀློག་མྱོང་ཡོད། དེ་ན་གསལ་ཐང་རེད། ཚང་མ་ཆོས་ལུགས་མི་སྣ་རྐྱང་རེད། སྲིད་དོན་པའི་སྤྱི་དོན་ཁྲིམས་ལྟར་ལག་ལེན་དུ་བསྟར་བ་དང་། ཆོས་པས་ཀུན་སློང་ཡང་དག་བའི་གཞན་དོན་སྒྲུབ་པའི་ལག་ལེན་གཉིས་ལ་བྱེད་ལས་ཀྱི་སྒོ་ནས་ཁྱད་པར་མེད།
ཆོས་སྲིད་དབྱེ་འབྱེད་གྱི་འདུ་ཤེས་འདིས་ཆབ་སྲིད་ཞེས་པ་ནི་གཡོ་སྒྱུ་ཞིག་དང་ངན་ཇུས་སུ་རློམ་པའི་གོ་རྟོགས་དམན་པའི་སྐྱོན་ཆ་མ་བསྐུལ་དང་བླངས་ངང་གསལ་འདོན་བྱས་ཡོད། དེ་བས་༸གོང་ས་མཆོག་ཡང་རང་ལྟ་བུའི་གཡོ་སྒྱུ་ཅན་ཞིག་བཟོ་འདོད་པའི་དམིགས་ཡུལ་ངན་པ་དེ་རེད། འདི་ནི་ར་སྤུའི་འུར་རྡོ་ར་ཡི་འཇིང་བར་འཁོར་ཞེས་པའི་དཔེ་ལས་མ་མཆིས་སོ།
དེང་གི་དུས་འདིར་རང་རིགས་མི་ཉུང་བ་ཞིག་ནས་བརྒྱུད་ལམ་འདྲ་མིན་ནང་དུ་དབུ་རང་ གི་རྩོད་གླེང་མི་ཉུང་བ་ཞིག་གནང་བཞིན་འདུག་པས་ངས་ཀྱང་དེ་དག་ཕྱོགས་བསྡོམས་ རོབ་ཙམ་ཐོག་ནས་ཚིག་ཁ་ཤས་བཤད་ན་འདོད། སྤྱིར་རྩོད་གླེང་འདི་དག་ཁ་ཁོག་མཚུངས་པའི་སྒོ་ནས་གནང་མཁན་ཞིག་ཡིན་ཕྱིན་ཆེད་ དགའ་འོས་པ་ཞིག་རེད་མོད། ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་དེ་ལས་ལྡོག་སྟེ་ཡོད་ཚད་ཁ་ཡི་མཛེས་རྒྱན་དུ་ འགྱུར་བཞིན་པའི་སྣང་ཚུལ་ཞིག་ངང་གི་ཡོང་གི་འདུག
ཆེས་དགོས་གལ་ཆེ་བ་ཞིག་ནི། རང་རིགས་ནང་ཁུལ་དུ་ལག་པའི་ནང་དུ་ལག་པ་དང་། སེམས་པའི་ནང་དུ་སེམས་པ་བཞག་ཟེར་སྲོལ་བཞིན་ནང་ཁུལ་མཐུན་ལམ་དགོས་པ་ལས་རང་ལྟ་ མཆོག་འཛིན་དང་མདུང་མོའི་སོ་ཁ་ཕུ་ནུའི་ནང་དུ་བསྣུན་རེས་བཟོ་བཞིན་འདི་མུར་ སྐྱོད་ཚེ་གོད་ཆགས་འབྱུང་ཡུལ་ནི་སྤྱི་པའི་རྩ་དོན་གྱི་ར་བ་ལས་བརྒལ་མི་སྲིད།
བསམ་ བློ་ནར་སྨིན་ཟིན་པའི་བོད་རིགས་ཞིག་ཡིན་ཕྱིན་ཁྱོད་ལ་རང་བཙན་དགོས་སམ་ཞེས་ དྲིས་ཚེ་མི་དགོས་ཟེར་མཁན་ཞིག་ཡོད་དམ། གལ་སྲིད་ཡོད་ན་དེ་ནི་སེམས་ཁམས་ཐང་པོ་མེད་པ་དང་། ཡང་ན་ལུས་ངག་ཡིད་གསུམ་རྒྱ་སྒོར་ཁོ་ན་ལ་སྐྱབས་བཅོལ་མཁན་གྱི་མི་བུ་ཐལ་ཤལ་ཞིག་ ལ་ངོས་འཛིན་པར་ཐེ་ཚོམ་གང་ཡང་མི་དགོས། ཁྱེད་ཚོས་བསམ་བློ་ཐོངས་དང་། གོ་ལ་གཅིག་གྱུར་གྱི་དུས་རབས་འདི་ཡི་ནང་དུ་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་གནས་ པའི་རྒྱལ་ཁབ་དག་ནི་སོ་སོའི་དཔལ་འབྱོར་དང་། དམག་དོན། ཆབ་སྲིད། ས་ཁྱོན་སོགས་ཀྱི་བདག་དབང་ལ་ཐོབ་ཤོར་ཁོ་ནའི་དབང་གི་དྲང་བདེན་དང་གནས་ལུགས་ལ་ གུས་བཀུར་དེ་ཙམ་མེད་པའི་དུས་རབས་ཞིག་ལ་གྱུར་ཟིན་པར་ཁྱེད་ཚོས་མི་འདོད་དམ།
དེའི་ ཕྱིར། མ་འོང་བོད་མིའི་རྩ་དོན་གྱི་ཆེད་དུ་སོ་སོའི་ཐོབ་ཐང་དང་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་ཞིག་ལ་རེ་སྟོང་བཅང་ནས་རང་བཙན་གཙང་མ་ཞིག་རྩོད་པ་ཡིན་ན་དེ་ནི་ཆེས་མཛེས་ སྡུག་ལྡན་པའི་མཁའ་དབྱིངས་ཀྱི་འཇའ་ཚོན་ལ་ལག་པས་རེག་འདོད་ལྟ་བུའི་སྟོང་བསམ་ ཞིག་ལས་མ་འདས། ང་སྐབས་རེར་དགོངས་མོར་ཉལ་ནས་བསམ་བློ་འདྲ་མིན་རེ་འཁོར་སྐབས། ད་ལྟའི་དུས་འདིར་ས་ཆེན་འདིའི་སྒང་དུ་གནས་པའི་གཟུར་གནས་མཁས་དབང་ཁག་དང་། ཆབ་དཔལ་རིག་གསུམ་ལ་ཆེད་མཁས་པ། དེ་བཞིན་རྒྱལ་ཁབ་འདྲ་མིན་སོ་སོའི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་ཆེས་ གུས་འདུད་ཞུ་སའི་སྐྱེས་བུ་སྙན་གྲགས་ཆེ་ཤོས་ཤིག་ནི་༸གོང་ས་ཆེན་པོ་ཆགས་ཡོད། ཡིན་ཡང་བོད་རིགས་མགོ་སྟོང་ཁག་ཅིག་གིས་དུག་ཆུའི་མྱོས་པ་བཞིན་དུ་དངོས་ཤུགས་ ཅི་རིག་ནས་མཚན་སྨོད་དང་ཟུར་ཟ་འདྲ་མིན་བཟོ་བ་མཐོང་དུས་ནམ་ཞིག་བོད་ལ་རང་བཙན་ ཞིག་ཐོབ་པའི་དབང་དུ་བྱས་ཀྱང་ད་ལྟའི་བལ་ཡུལ་གྱི་ཆབ་སྲིད་ལས་སྡུག་པའི་གནས་བབ་ ཞིག་མི་ཡོང་བའི་ངེས་པ་གཏན་ནས་མི་འདུག་དྲན་གྱི་འདུག
འགྲོ་བ་མི་ཞིག་ ཡིན་ཕྱིན་ཆོས་ལུགས་དད་མོས་རང་དབང་ཡིན་དགོས་པ་ནི་ཡོངས་གྲགས་སུ་ངོས་འཛིན་དང་ ཁྲིམས་སུ་བཅས་ཡོད་པས་བོད་རིགས་དག་ལ་ཡང་དེ་ལྟར་གདམ་ཁ་ཡོད་ཆོག །ཡིན་ཡང་ཉིན་རེའི་འཚོ་བའི་ཆ་རྐྱེན་ནང་དུ་མེད་དུ་མི་རུང་བ་ཞིག་ནི་འགྲོ་བ་ མིའི་བཟང་སྤྱོད་ཡིན་པར་ངོ་ཤེས་པའི་སྒོ་ནས་བོད་མི་རིགས་འདིའི་ཆེད་དུ་སྐུ་ངལ་ འཛེམས་མེད་དུ་སྐྱོན་གནང་མཁན་ཞིག་ལ་མི་འོས་པའི་བྱ་སྤྱོད་སྤེལ་མཁན་སུ་འདྲ་ ཞིག་ཡིན་རུང་ཡིད་ཆེས་དང་ཆ་འཇོག་བྱེད་འོས་པའི་གནས་མ་ཡིན་པས་ཀུན་གྱིས་ཡིད་ གཟབས་དགོས་སོ།། །།
རིགས་ལྡན་རྒྱལ་པོ་ལགས། བོད་ནང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མཚོན་པས་ཆབ་སྲིད་བཙོན་པ་མང་དག་ཅིག་ཕྱི་ཕྱོགས་ནས་སྐད་བརྒྱབས་མེད་ན་སྔ་ས་ས་ནས་སྲོག་ཐོག་ལ་ཕྱིན་ཚར་བ་མ་རེད་པས། ལར་ནས་ཆབ་སྲིད་བཙོན་པ་མང་དག་ཅིག་བཙན་བྱོལ་དུ་འབྱོར་ཡོད་པ་རེད། བྱས་ཙང་མེ་མདའི་ཁ་འོག་ཏུ་ལངས་མྱོང་བའི་མི་དེ་རིགས་ལ་སྐད་ཆ་ཡག་པོ་དྲིས་ལ་བཙོན་ཟུར་སྟག་སྣ་འཇིགས་བཟང་ལགས་དང་ངག་དབང་གསང་སྒྲོལ། ཕུན་ཚོགས་ཉི་སྒྲོལ་སོགས་ཁོ་ཚོ་ཕྱི་ཕྱོགས་ནས་སྐད་མ་བརྒྱབས་པར་ཀྲུང་གོས་རང་འགུལ་གྱིས་ནུབ་ཕྱོགས་སུ་ཕེབས་སྐྱེལ་ཞུས་པ་ཨེ་རེད།
བྱས་ཙང་བཙན་བྱོལ་བ་ཚོས་རྒྱ་ལ་བསྟུན་པའི་སྲིད་ཇུས་འདིས་ཁོ་ཚོའི་མི་ཚེའི་ཆ་ཤས་ག་ཚོད་གཅིག་བཙོན་དུ་བཞུགས་པ་དང་མནར་གཅོད་ཚད་མེད་མྱང་བའི་འབྲས་བུ་སྡུག་གྱོང་ཁོ་ན་མ་རེད་འདུག་ལ་ད་ཆ་བཙན་བྱོལ་སྤྱི་ཚོགས་ནང་མི་འདི་རིགས་ལ་མཐོང་འཇོག་མི་བྱེད་པའི་རྒྱུ་མཚན་འདི་ཡིན་པ་ད་གཞི་ནས་མངོན་ཡོང་གི་འདུག་ག།
འོ་ན་བཙན་བྱོལ་བ་ཚོས་ཁུ་སིམ་མེར་བསྡད་ན་བོད་ནང་གི་གནས་སྟངས་ཇེ་ཡག་ཏུ་འགྲོ་ཡི་ཨེ་རེད། བཙན་བྱོལ་བ་ཚོ་ཁུ་སིམ་མེར་བསྡོད་རྒྱུ་ནི་ལས་སླ་པོ་རེད་ལ་ནམ་རྒྱུན་མཐོ་རིམ་མི་སྣ་ཚོ་ནི་འགྱིང་ཉམས་ཀྱིས་ལས་འགུལ་ལ་ཞུགས་པའི་ལམ་ལུགས་མེད་པ་རེད་ལ་རང་ཁེ་དོན་གཉེར་བ་ཚོ་ནི་ལས་བྲེལ་གྱིས་ལས་འགུལ་ནང་ཞུགས་མྱོང་མེད་པ་ནི་ཧ་ཅང་ཧ་ཅང་གི་མང་པོ་རེད། ད་ལས་འགུལ་ནང་ཞུགས་མཁན་ཕལ་ཆེ་བ་དམངས་དཀྱུས་དཀའ་ངལ་ངོ་ཐོག་ཏུ་ལྷུངས་བསྡད་པ་དང་རྒྱལ་གཅེས་ཅན། སེམས་ཤུགས་ཅན་རྐྱང་རྐྱང་རེད། ད་འདི་ཚོས་རང་ཁེ་དང་དུས་ཚོད་བློས་གཏོང་གིས་སྐད་བརྒྱབས་པ་དེས་ལྡོག་ཕྱོགས་ནས་འབྲས་བུ་སྨིན་ཡོང་གི་ཡོད་ན་ཁུ་སིམ་མེར་སྡོད་རྒྱུ་ནི་ལས་སླ་པོ་རེད་ལ་གུང་ཁྲན་ཚང་གཉིད་སྐྱིད་དུ་འཇུག་རྒྱུ་དེ་བཙན་བྱོལ་བ་ཚོའི་མདུན་ལམ་ཡག་ཤོས་དེ་ཡིན་པ་འདྲ།
ད་ནི་སོ་སོ་མ་དགའ་དགའ་མདོག་དང་མ་སྐྱིད་སྐྱིད་མདོག་གིས་གཞས་འདྲ་བཏང་ནས་སྡོད་རྒྱུ་རེད་པ།
ལུང་པ་རང་ལ་མེད་ན། གཞན་གྱི་བྲན་གཡོག་ཡིན་ནོ། བསམ་བློ་མཐོང་གི་འདུག་ན། མཁས་པ་་་་་ལ་ལ་།་་་་མཁས་པ་རང་སྐྱོང་ལེན་ཤོག། ཟེར་དགོས་པ་འདྲ། ད་གཞས་སྙན་པོ་དེ་ཡང་གཏོང་རྒྱུར་འཇིགས་སྣང་འདྲ་ཡོང་གི་འདུག་ག། ཧ་ཧ།
(མཁྱེན་ཡངས་གསེར་ལགས། འབྲུག་ལས་གངས་སེང་ལབ་ན་ལན་མདོག་ཁ་པོ་འདུག འབྲུག་དེ་བདེ་པོ་རང་མི་འདུག་སྐུ་རྩེད་ཞུས་ཡིན། མིང་ལ་ཁྱད་གང་ཡོད་དོན་གལ་ཆེ་གི་རེད་ལགས། གསེར་སེང་ལགས། )
ཆབ་སྲིད་བཙོན་པ་ཁག་གཅིག་དངོས་གནས་ཕྱི་ཕྱོགས་ནས་ཞུ་གཏུགས་སྐད་འབོད་བྱས་པ་ལས་གློད་གྲོལ་ཐོབ་ཆོག་གི་རེད། སྐུ་མདུན་གྱི་དགོངས་བཞེད་འདི་མིན་ནམ་སྙམ། གང་ལགས་ན། སྐད་འབོད་ངོ་རྒོལ་བྱེད་སྟངས་དེ་འཇིག་རྟེན་སྤྱི་ལུགས་དང་མཐུན་པ། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་དང་སྐད་ཡིག་སྨྲ་བརྗོད་རང་དབང་དགོས་པ། དོན་མེད་གཉའ་གནོན་འཛིན་བཟུང་བཙོན་འཇུག་བྱས་པ་དེ་སྤྱི་ལུགས་དང་མི་མཐུན་པར་ངོ་རྒོལ་བྱེད་ན་ཁྲིམས་མཐུན་འགྲོ་ས་ཡོད་པ་ཡིན། མཁྲེགས་འཛིན་གཅིག་སྡུད་དཔོན་གཙོ་ཚིག་རྩུབ་གནོད་རིགས་ཚིག་རྣོ་ངར་ཅན་གྱིས་མ་རྒོལ་བར་་ཚུལ་མཐུན་འདྲ་བྱུང་ན་གདུག་རྩུབ་ཅན་ལ་མཉེན་པོ་འགྲོ་ཐབས་གལ་ཆེ། དེ་མིན་སྨྲ་བརྗོད་རང་དབང་དང་ངོ་རྒོལ་སྐད་འབོད་ངེས་པར་བྱ་དགོས། སྨྲ་བས་མཛེས་ནས་གཅིག་པུ་མིན་པར། ལག་ལེན་ལོ་རྒྱུས་ཁུངས་ཐེག་དག་ཐེར་དང་། མི་རིགས་ཟུར་དུ་གསལ་བྱེད་སྐད་ཡིག་རིག་གཞུང་བཅས་ཐོག་ཤུགས་ལྡབ་ལྷག་གི་མང་པ་བསྐྱོན་རྒྱུ་ལ་འཐུས་ཤོར་ན་ཇི་ག་སྙམ།
རིགས་ལྡན་རྒྱལ་པོ་ལགས།
ངའི་སྨྱུག་མིང་འདི་ལ་དྲ་གྲོགས་མང་པོ་ཞིག་རྣམ་རྟོགས་ལངས་འགྲོ་ཡི་འདུག། བྱས་ཙང་ད་རེས་ངས་སྨྱུག་མིང་དེ་བརྗེ་བསྒྱུར་ཞིག་བྱེད་རྒྱུ་ཡིན། ཞོལ་གཡག་འབྲོང་བརྒྱུད། ལྷ་བྱ་གོང་མོ། ཡར་ལྷ་ཤམ་པོ། གངས་ལྷ་མེ་ཏོག། གངས་དཀར་རྒྱལ་མཚན། གངས་སེང་དཀར་པོ། ག་རེ་ལན་པ་འདུག།
དགྲ་འདུལ་ལ་ལེགས་སྐྱེས་སུ།
སྣང་བ་དགྲ་ལངས་ཀྱི་དཔྱོད་ལྡན།།
ཆོས་སྲིད་གང་གིས་ཀྱང་མི་འདུལ།།
སེམས་མུན་སྲིན་བྱ་ཡིས་རྗེས་འགྲོ།།
བསལ་བའི་སྣང་བ་ནི་སྤྲོས་བྲལ།།
དགྲ་ལ་དགའ་ཞིང་མགོན་ལ་ཞེ་གཙེ་ཅན།།
འདུལ་བའི་དུས་ལ་བབས་སམ་འཕྱང་མོ་ཉུག།
དགྲ་ལྟར་སྡང་ཀྱང་གུ་ཡངས་ཐུན་གྱིས་འདུལ།།
དགྲ་འདུལ་ཡུན་རིང་སྐྱོང་བར་བག་ལྷོད་སྡོད།
འཆོལ་བའི་གཏམ་ལ་ཡ་ལན་ངས་མི་སྤྲད།།
སྨོད་པའི་ཚིག་ལ་དམོད་ར་ངས་མི་བྱེད།།
དོན་ལོག་སྒྲུབ་ན་དོན་མཐུན་རེམས་ཀྱིས་སྟེར།།
མར་གོག་སྐམ་པོ་ཚིག་སྣུམ་བྱུག་འདོད་མེད།།
ཞོལ་གཡག་འབྲོང་བརྒྱུད་དེ་ཡང་མཉེས་པོ་འདུག
སྐབས་དོན་ལ་བབ་ན། ངོས་ཀྱི་བསམ་ཚུལ་ལ། སྤྱིར་བཏང་མཉེན་པོ་བསྟེན་ཞེས་པའི་མཉེན་པོའི་གོ་དོན་དེ་མཉེན་ཞེས་འཇམ་པོ་ལ་གོ་བ་དང་། མཁས་པོ་འཇམ་མཉེན་གྱི་ཐོག་ནས་ཁ་གཏད་གཅོག་རྒྱུ་དེ་དགྲ་ལ་ཁ་གཏད་གཅོག་སྟངས་སྲིད་ཇུས་བླ་ན་མེད་པ་དེ་ཡིན། ཆོས་ཀྱི་ཚུལ་ལ་དེ་ལྟར་ན། སྲིད་ལུགས་ལ་ཨ་ཅང་ཅང་སྙམ། རྒྱ་གུང་བྲན་དང་ང་ཚོའི་བར་གྱི་འཐབ་རྩོད་ནི། མེ་མདའ་དང་བདེན་པ། ཞེ་སྡང་དང་བཟོད་བསྲན། ཡང་ན་མེ་དང་ཆུའི་བར་གྱི་འགལ་ཟླའི་འཐབ་རྩོད་ཅིག་ཆགས་ཡོད། ཡང་གཡོ་སྒྱུ་དང་དྲང་ཚུགས་ཀྱི་བར་གྱི་འཐབ་རྩོད་ཀྱང་ལོས་ཡིན།
ད་ཆ་ཧྲིལ་གྱིས་དྲིལ་བའི་འཐབ་རྩོད་ནི། འདོད་རྔམ་འདོད་འབྱོར་དང་འདོད་ཆུང་ཆོག་ཤེས་བར་གྱི་འགལ་འདུ་དང་འཐབ་རྩོད་ཅིག་སྟེ། སྲིད་དཔལ་དང་སྲིད་སྙིང་ཞེས་བརྗོད་དགོས་སམ་གང་ལྟར་རིན་ཐང་དང་གོང་ཚད་(value and price)གི་གནད་དོན་ལ་གཙོ་ཕལ་དང་སྔ་ཕྱི་གོ་ལྡོག་གི་ལྟ་ཚུལ་ལ་རྒྱལ་སྤྱི་དང་རྒྱལ་ཁབ་ཡུལ་ལུང་དག་ན་གནད་དོན་གལ་ཆེ་ཤོས་འདི་གསལ་རྟོགས་མེད་པའམ། ཡོད་ཀྱང་ལག་ལེན་དུ་མ་འཁེལ་བས་ནོངས་པ་ཞིག་ཏན་ཏན་རྙོག་དྲའི་ལྕགས་གཟེབ་ནང་ཚུད་ཡོད་སྙམ།
གུང་བྲན་ཏང་འདོད་རྔམ་གྱིས་མྱོས་ནས་ཉན་འཇོག་ཁག་པོ་རེད་དེ། ཏང་གི་ངེས་པར་མཁྱེན་དགོས་པ་ཞིག་ལ། བོད་ཐོག་སྲིད་ཇུས་དེ་རིན་ཐང་ལས་གོང་ཚད་གལ་ཆེ་འཛིན་པའི་སྲིད་ཇུས་དེ་རང་གཞན་ཕུང་སྦྱོར་གྱི་མཇུག་འབྲས་གཡབ་མོ་ཞིག་ཡིན་པ་དེ་རེད།
དང་པོར་ང་རྒྱལ་འདོད་རྔམ་གྱི་འོག་ནས་འཇིག་རྟེན་རྒུད་པར་བྱེད་པའི་བང་མཛོད་བསྐྲུན་ནས་ཉིན་རེ་བཞིན་གདུང་བས་མནར་བར་བྱེད་པའི་ལམ་ལུགས་དེར་འཛམ་གླིང་ཁྱོན་ཡོངས་ནས་དོ་ནན་དང་ལྷག་པར་འདོད་རྔམ་ཅན་ཚོས་ཛ་དྲག་གིས་བཏང་འཛིན་ད་རིང་སང་ཉིན་རང་ལས་འགུལ་ལ་ཞུགས་དགོས་སྙམ། འོན་ཀྱང་འདི་ནི་ཚང་ཚིང་སྟུག་པོའི་ཁྲོད་ཀྱི་སྟག་གི་ངར་སྒྲ་ཙམ་ཡིན་སྲིད་རུང་། དོན་ནི་འདི་རང་ཡིན་སྙམ་པའི་གདེང་ཚོད་ནས་བྲིས་པ་ཡིན།
མེ་མདའི་འོག་གི་སྲིད་ཇུས་ལམ་ལྷོངས་མ་ཕྱིན་དུས་བདུད་ཀྱི་སྙིང་ལ་འདོད་ཡོན་བདུད་ཀྱི་གཡབ་མོ་འཛུལ་ནས་འཛམ་གླིང་གཡོ་སྒྱུས་བསླུ་བྲིད་བཏང་བའི་ཚུལ་ལ་གཟིགས་དང་། དེར་བརྟེན་ང་ཚོས་འཐབ་རྩོད་དེའི་གཡུལ་གྱི་དགྲ་ངོ་མ་ངོས་འཛིན་ནས་གཡོ་སྒྱུའི་ཁ་གཏད་དུ་དྲང་བདེན་ལངས་ནས་ཞེ་སྡང་མེ་ལྕེར་ཞི་འཇམ་གྱི་ཆུ་བོ་མ་འདྲེན་དགོས་པའི་ཚུལ་ལ་དཔྱད་ཞིབ་ལག་ལེན་དུ་མ་འཁེལ་ན། ང་ཚོས་རྟག་ཏུ་གཡུལ་ས་ནས་རྒྱལ་ཁ་ལེན་མི་ཐུབ་སྙམ་པའི་ཚོར་སྣང་ཞིག་ཡིན།
ང་ཚོ་ལྷོད་ལྷོད་བག་ཞུམ་ལ་ནམ་ཡང་གོ་སྐབས་སྟེར་མི་ཉན་ལ། ཧ་ལས་པའི་ཛ་དྲག་གི་གནས་སྟངས་ཐབས་སྐྱོའི་ནང་ལྷུང་ཡོད། གཞིས་བཞུགས་དཀའ་སྡུག་ཚད་མེད་པས་མནར། བྱེས་འབྱོར་སྣང་སྐྱིད་དང་གང་སར་ཐོར་ནས་ཛ་དྲག་ཡིན་ན་ལྷོད་ལྷོད་ནམ་ཡང་ཡོང་མི་སྲིད། འོན་ཀྱང་ཛ་དྲག་ལ་ཛ་དྲག་ཏུ་མ་གོ་བར་བག་ཡངས་དཔར་བཀབ་འདྲ་བྱེད་པའི་ཚུལ་འདི་ང་ཚོ་རྒྱལ་ཁ་ལས་རིང་དུ་འགྲོ་བའི་རྟགས་ཡིན། འོན་ཀྱང་ནམ་ཡང་ཞུམ་ཐབས་མེད་པར་མདུན་ནས་མདུན་བསྐྱོད་ཀྱི་བསམ་ཚུལ་འགན་འཁྲི་ཡོད་པ་བརྗེ་རེས་དང་ལས་དོན་སྣ་ཚོགས་པ་བརྩམ་རྒྱུའི་སེམས་ཤུགས་བསྐྱེད་གལ། ང་ཚོའི་སྙིང་སྟོབས་རྩར་མེད་གཏོང་བྱད་དེ་རང་ཞུམ་ན་མགཏོགས་སུས་ཀྱང་མེད་པར་བྱེད་མི་ཐུབ་སྟེ། གཟུགས་འདས་ཀྱི་སྙིང་སྟོབས་ལ་གཟུགས་ཅན་གྱི་གོ་མཚོན་གྱིས་ནམ་ཡང་རེག་མི་སྲིད་པས་སོ།།།།
ཞི་འཇམ་གྱི་ཆུ་བོ་འདྲེན་ཞེས་བཅོས
སྐུ་ཉིད་ཀྱི་དགོངས་ཚུལ་ཡང་དག་ལ་གུས་བརྩི་ཡོད་ལ་རྗེས་སུ་ཡིད་རངས་ཞུ་འོས་པ་རེད། འོན་ཀྱང་བྱ་བ་བཟང་པོ་ལ་འབྲས་་བུ་བཟང་པོ་ཞིག་འབྱུང་ཨ་ཡོད་ན་སྙམ།
ངའི་བསམ་ཚུལ་ལ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ཡིན་ན་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཡིན་པས་ཐབས་བརྒྱ་ཇུས་སྟོང་གིས་དགྲ་བོ་ལས་རྣམ་པར་རྒྱལ་དགོས་པ་ལས་དགྲ་བོ་ལ་ནམ་ཡང་མགོ་བོ་བསྒུར་མི་ཉན་དྲན་ཡོད། འཐབ་རྩོད་བརྒྱུད་རིམ་ནང་གཡོ་སྒྱུ་ཁྲམ་གསུམ་འབྲེལ་ཡོད་པ་ནི་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱིས་འགྲོ་སྟངས་འདྲ་ཞིག་ཆགས་བསྡད་ཡོད་པ་རེད་ལ་གཡོ་སྒྱུ་ཏོག་ཙམ་མེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཡོང་རྒྱུ་ཧ་ཅང་ཧ་ཅང་གི་ཁག་པོ་རེད་འདོད། དེ་ལ་རྣམ་པ་ཐམས་ཅད་དུ་ནག་པོ་ནག་རྐྱང་ཡིན་པས་ངེས་པ་གཏན་ནས་མེད། རྔ་ལ་དཔག་པའི་གར་འཆམས་ལབ་པ་ནང་བཞིན་རྔ་དྲག་བརྡུང་ལ་གར་དྲག་པོ་འཁྲབ་དགོས་པ་ལས་གར་ཞི་འཇམ་འཁྲབ་བསྡད་ན་ལན་པོ་མེད། ཡང་རྔ་ཞི་འཇམ་བརྡུང་ན་གར་དྲག་པོ་འཁྲབ་ན་ལན་པོ་མེད་པ་འདྲ་ཞིག་རེད། གང་ལྟར་སྲིད་དོན་ཤོག་ཁག་འདྲ་མིན་དགོས་པ་རེད་ལ་སྲིད་དོན་ཤོག་ཁག་གི་ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་ཡང་དགྲ་བོའི་མདུན་དུ་དཔུང་གདང་སྦྲེལ་དགོས་པ་དེ་གནད་ཀྱི་དོན་པོ་རེད་སྙམ། ནང་ཁུལ་ལྟ་གྲུབ་མཐུན་མིན་བརྩོད་བསྡད་ན་ཕན་ཐོག་ཅང་མེད་པ་རེད་ལ་འཐོར་བཤིག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་ལས་ལྟ་ཚུལ་མི་འདྲ་ཡང་ཕྱོགས་ཐམས་ཅད་ནས་ཐབས་བརྒྱ་ཇུས་སྟོང་སྤུངས་དགོས་པ་དེ་དགྲ་བོའི་ཁ་གཏད་ཀྱི་ལག་ཆ་ཡོད་ན་མེད་ན་གཅིག་རེད་སྙམ། བསམ་ཚུལ་ཙམ་ཡིན། ད་ནས་བཟུངས་ངའི་སྨྱུག་མིང་ཉིད་ཀྱིས་གསུངས་པ་ལྟར་ཞོལ་གགཡག་འབྲོང་བརྒྱུད་ལ་བཅོས་ཡོད།
མི་གཞི་ལ་བལྟ་དགོས་པ་ལས་མིང་རྐམ་ཞིག་་ལ་ཁྱད་པ་གང་ཡང་མེད་་་་
ཁ་བརྡ་ཚང་ལ་ཞུ་རྒྱུར། ངས་ད་བར་སྨྱུག་མིང་གཅིག་རང་གཅིག་ལས་བེད་སྤྱོད་བྱས་མེད་ཀྱང་ད་རེས་དགོས་དབང་གིས་དྲ་གྲོགས་མང་པོ་ཞིག་འབྲུག་མིང་ལ་རྣམ་རྟོགས་བྱུང་རྐྱེན་གྱིས་སྨྱུག་མིང་གསར་པ་(ཞོལ་གཡག་འབྲོང་བརྒྱུད་)ལ་བརྗེ་བསྒྱུར་བྱས་པས་དགོངས་བཞེས་གནང་རྒྱུའི་རེ་བ་ཡོད་ལ་སླད་ཕྱིན་སྨྱུག་མིང་འདི་མ་གཏོག་བེད་མི་སྤྱོད་པའི་དམ་བཅའ་བརྟན་པོ་ཡོད་ལགས། ཐུགས་རྗེ་ཆེ།