རས་པ།
ས་རུབ་ཐེངས་རེར
འོད་ཀྱི་ཕུང་པོས་སྤྲས་པའི་ས་གཞི
ངའི་མིག་ལམ་དུ་གསལ་ཞིང
ས་རུབ་ཐེངས་རེར
སྡུག་ཉེས་ཡོད་ཚད་ལ་ངས་འཁྲབ་གཞུང་རེ་འབྲི་ཐུབ
ས་རུབ་ཐེངས་རེར
ངས་འོད་སྣང་གི་ཉེས་སྤྱོད་མཐོང་ཞིང
ས་རུབ་ཐེངས་རེར
འདོད་མོས་ཡོད་ཚད་ལ་རོལ་བའི་སངས་རྒྱས་ར་བཟི་ཞིག་ཀྱང་མཐོང
ས་རུབ་ཐེངས་རེར
ངས་རང་དབང་གི་དྲི་བསུང་ཚོར་ཞིང
ས་རུབ་ཐེངས་རེར
འགྲོ་བ་ཀུན་གྱིས་གཡུགས་ཡོད་པའི་ལྭ་བ་མང་ཙམ་བཏུ་ཐུབ
༢༠༡༣།༥།༢༨ལ།