ཁྲི་རལ་པ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུ་དང་བོད་ནང་རང་དབང་དགོས་པ། བོད་རང་བཙན་དགོས་པ་བཅས།མདོར་དྲིལ་ན་དགོས་འདུན་གཙོ་བོ་འདི་གསུམ་ཆེད། སྤྱི་ལོ་༢༠༠༩ལོར་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བཀྲ་བྷེས་རང་ལུས་མེར་བསྲེགས་འགོ་བཙུགས་ནས་བཟུང་། ད་ཆ་བར་བོད་ནང་བོད་མི་༡༡༧ཙམ་གྱིས་རང་ལུས་བསྲེགས་བཏང་སྟེ་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི། ཧ་ལམ་མིའི་ལོ་རྒྱུས་དེབ་ཐེར་དུ་ད་སྔ་དེ་འདྲ་བྱུང་མ་མྱོང་བར་མི་ཚོ་ཧ་ལས་དགོས་པ་ཅིག་ཏུ་གྱུར་ཡོད་པ་རེད།
འོན་ཀྱང་། ཧ་ལས་ཙམ་གྱིས་མི་ཀུན་པོས་ཡི་རངས་དང་རླབས་ཆེན་དུ་བརྩི་བ།རྒྱབ་སྐྱོར་ཡོང་བ་བཅས་ཀྱི་ངེས་པ་མི་འདུག རྩ་བའི་དེ་ལ་ཁག་མེད། ཞི་བ་ལྷས།སེམས་ཅན་མོས་པ་སྣ་ཚོགས་པ།།རྒྱལ་བས་ཀྱང་ནི་མི་འགུ་ན།།བདག་འདྲ་ངན་པས་སྨྲོས་ཇི་དགོས།།ཞེས་ཇི་སྐད་གསུངས་པ་ནང་བཞིན། མི་ཚང་མ་མོས་མཐུན་ཡོད་པ་ཅིག་དང་ཡོང་རྒྱུ་སུས་ཀྱང་བྱེད་མི་ཐུབ་པ་མཐོང་ཆོས་རེད་མོད། གལ་ཏེ་ལས་འགུལ་གང་ཞིག་གིས་འཕྲལ་ཕུགས་གང་རུང་ལ་ནུས་པ་འཐོན་པ་དང་། དགྲ་ཕྱོགས་གནས་བཟོད་མི་བདེ་བར་གཏོང་ཐུབ་པ། རང་གི་མི་རིགས་ལ་དེ་ཙམ་གྱོང་གུད་ཆེན་པོ་མི་ཐེབས་པ་སོགས་ཀྱི་སྒོ་ནས། རང་དབང་འཐབ་རྩོད་བྱེད་བཞིན་པ་ཅིག་ཡིན་ན་འཛམ་གླིང་གི་མི་མང་པོས་མིག་དཔེར་འཁྱེར་བ་དང་། ཡིད་རངས་བྱེད་གཞི་ཅིག་གང་དུའང་ཡོང་བཞིན་པ་རེད་དེ།
ཡ་མཚན་པོ་ཅིག་ལ་བོད་མིས་རང་ལུས་མེར་བསྲེགས་ལུས་འགུལ་འདིར་ད་སྔ་ང་རང་འཛམ་གླིང་ཤར་ནུབ་ཀྱི་མི་དཀྱུས་མང་པོ་ཅིག་ལ་འཕྲད་པ་ཚོ་ལས། ཧ་ལམ་རྒྱབ་སྐྱོར་གནང་མཁན་གཅིག་ཀྱང་བྱུང་མ་སོང་ལ། ལྷག་པར་མང་པོ་ཅིག་གིས་དེ་ལ་ལྐོག་ཏུ་སྐུལ་སློང་བྱེད་མཁན་ཡོད་པར་དོགས་པ། མི་མང་པོའི་སྲོག་ཤོར་བར་མྱ་ངན། རང་བསྲེགས་ལས་འགུལ་གྱི་ངོ་བོ་འཚེ་བ་ཁོ་ན་དང་དེ་འདྲ་གསོན་བསྲེགས་གནས་ཚུལ་གོ་ཙམ་གྱིས་སེམས་མི་སྐྱིད་པ་དང་། ཉན་འདོད་མེད་པའི་རྣམ་འགྱུར་དང་བཅས་རྒྱ་ནག་གཞུང་ནི་བོད་མིའི་ངོ་བོ་རྩ་མེད་གཏོང་འདོད་ཡོད་པས། བོད་མི་མང་པོ་ཁོ་རང་ཚོར་གནོད་པ་མེད་པར་རྐྱེན་ལམ་དུ་ཕྱིན་ན་དགའ་སྤྲོ་ཡོང་གི་རེད།
འོན་ཀྱང་། མི་མང་པོ་དེ་ཙམ་གྱིས་སྡུག་བསྔལ་ཆེན་པོས་རང་སྲོག་ཤོར་བཞིན་པར། བོད་མིའི་ཚོགས་པ་སྒྲིག་འཛུགས་དང་ཤེས་ཡོན་ཅན། ཉམས་མྱོང་ཅན་གྱི་འགོ་ཁྲིད་གང་གིས་ཀྱང་སྐྱོབས་ཐབས་དང་འགོག་ཐབས་མི་བྱེད་པ་ནི་གདུག་རྩུབ་ཆེན་པོ་དང་མིའི་ཚེ་སྲོག་ལ་བརྩིས་མཐོང་མེད་པ།མི་གང་བྱུང་གིས་བེད་སྤྱོད་ལོག་པར་བཏང་བ་ལྟ་བུར་བརྩིས་བཞིན་འདུག་ལ། དགོས་ཁོང་ཚོས་ཡ་མཚན་གྱི་དྲི་བ་བཏང་ཡོང་བ་ནི་སྔ་མོ་ཝེ་ཏི་ནམ་གྱི་དགེ་འདུན་པས་མེར་བསྲེགས་ཀྱིས་དམག་འཁྲུག་མཚམས་འཇོག་ལ་ནུས་པ་ཆེན་པོ་འཐོན་པ་རེད། དེང་སྐབས་ཀྱང་ཁ་ཆེ་ཁྲོ་ནེ་ཤི་ཡ་ནང་མོཧ་མོདྡི་ཨ་ཛིཛི་ནས་མང་གཙོའི་དོན་དུ་རང་ལུས་བསྲེགས་པ་དེས། ཨ་རབ་རྒྱལ་ཁབ་མང་ཤོས་ཀྱི་སྲིད་དབང་སྒེར་སྡོམ་མགོ་གཞུག་སློག་ཐུབ་ཡོད། ཡིན་ཡང་བོད་ནང་ས་གནས་ཁ་ཤས་སུ་རང་ལུས་མེར་བསྲེགས་དེ་ཙམ་མང་པོ་བཏང་བཞག་པས། རྒྱ་ནག་ནང་ཕར་བཞག་སྟེ་བོད་ཁྱོན་ཡོངས་སུའང་འགུལ་བསྐྱོད་ཆེན་པོ་བརྒྱབ་མི་ཐུབ་པ་ནི་ཁྱད་མཚར་རེད། ཅེས་བཤད་ཀི་འདུག་པ་དང་ལྷན། རང་ལུས་བསྲེགས་མཁན་ཚོ་དཔའ་བོ་རེད་ཅེས་འུར་བསྟོད་ཆེན་པོ་བྱས་ཏེ་ཤུལ་དུ་སོ་སོས་གང་ཡང་མི་བྱེད་པར་ལྟད་མོར་བལྟ་མཁན་ཚོ་ནི་དེ་ལས་ཀྱང་ཁོག་ན་སྙིང་མེད་མཁན་གྱི་མགོ་བདེ་ཁྲམ་པ་དེ་འདྲར་བརྩིས་ཀྱི་འདུག
དམིགས་བསལ་ངོས་རང་ཨེ་རན་དང་ཨེ་རག་གི་མི་ཁ་ཤས་ལ་འཕྲད་བྱུང་། ཁོང་ཚོས་བོད་དོན་ལ་བལྟ་ཚུལ་ནི་དེ་ལས་ཀྱང་ཚབ་ཆེན་པོ་རེད་གདའ། ཁོང་ཚོའི་བསམ་བློར་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་སྲུང་གི་ནུས་པ་དེ་ཙམ་ཆེན་པོ་ཡོད་པ་ཅིག་ཏུ། བོད་པ་ཚོས་ག་རེས་རང་བཙན་རྩོད་དགོས་པ་རེད་ཅེས་ངར་ནས་དྲི་བ་འདོན་གྱི་འདུག ཁོང་ཚོའི་བློ་ངོར་དཀྱིལ་ཤར་ཡུལ་ཁག་ལྟ་བུར་ཆབ་སྲིད་ཚོགས་པ་ཁག་དང་ཆབ་སྲིད་མི་སྣ་ཚོས་མི་མང་ས་ཡ་མང་པོར་ཞི་འཇམ་གྱི་འཚོ་བ་ཙམ་རོལ་མི་བཅུག་པར།མི་གསོད་འཐབ་འཁྲུག་གི་འཁོར་ལོ་བསྐོར་བཞིན་པ་རེད། བོད་ལའང་དེ་འདྲ་ཅིག་མི་ཡོང་བ་བོད་ཀྱི་སྲིད་དོན་པ་ཚོས་གནང་དགོས་པ་རེད་མ་གཏོགས། རྒྱ་ནག་དང་བྲལ་ན་མང་ཚོགས་ལ་དགོས་པའི་དཔལ་འབྱོར་ཧ་ཅང་རྗེས་ལུས་དང་སྤྱི་ཚོགས་ཟང་ཟིང་ཆེ་བ། འཁྲུག་རྩོད་རིགས་ལ་འགོ་གནོན་བདེ་འཇགས་བཟོ་མི་ཐུབ་པ་ཅིག་བྱུང་སྐབས། སྡུག་བསྔལ་མྱང་མཁན་ནི་མི་མང་དཀྱུས་མ་ཆགས་རྒྱུ་དང་མི་མང་དཀྱུས་མ་ཚོར་སྡུག་བསྔལ་དེ་ཙམ་ཅིག་མྱང་དགོས་དོན་གྱི་ནག་ཉེས་གང་ཡང་མེད་པ་རེད་ཅེས་བཤད་ཀྱི་འདུག༼བསམ་ཚུལ་འདི་ཚོ་ཡོང་གྲགས་གསར་ལམ་ཁག་ཏུ་ཕྱི་ཚུལ་གྱི་སྐད་ཆ་བཤད་བསྡད་པ་ཁག་མིན་པར། མི་དཀྱུས་མ་ཚོ་ཐུག་སྐབས་ཕན་ཚུན་འཇིགས་སྣང་དང་རེ་དོགས་གང་ཡང་མེད་པར། སོ་སོའི་བསམ་ཚུལ་ལྷུག་བརྗོད་བྱས་པ་ཁག་བཏུས་པ་ཡིན༽
ཡ་ཨ་རོ་་་་་བོད་པ་ཚོ་་་་་ད་ཡིན་ན་ང་ཚོས་ག་རེ་བྱེད་ན་ཡག་གི་རེད།
དེང་སང་བོད་མི་རང་ལུས་མེར་སྲེག་བཏང་མཁན་ཚོའི་སཇུག་འབྲས་དེ་ག་རེ་རེད་་་་་ནམ་མཁའི་མེ་ཏོག་རེད་པས་
རི་བོང་གི་རྭ་བ་རེད་་་་་་གསུང་དང་། ངས་དང་པོ་ནས་མེར་སྲེག་བྱེད་པ་དེར་གྲུབ་འབྲས་རྩ་བ་ནས་མེད་པ་ཙམ་དུ་མ་ཟད་ལྡོག་ཕྱོགས་ནས་གནོད་པ་ཆེན་པོ་ཡོད་ལུགས་སྐོར་རིམ་པ་བཞིན་དུ་མང་པོ་བཤད་ཡོད། རེད་དེ་ང་ལ་རྒྱ་མིའི་སོག་པ་དང་དོལ་རྒྱལ་རྗེས་འབྲངས་པ་ཡིན་ཚུལ་བརྗོད་ནས་ཁ་ཡག་རྩ་བ་ནས་གནང་མ་སོང་། ད་ག་པར་སླེབས་སོང་། སུ་བདེན་པ་རེད་ཤག་སུ་རྫུན་མ་རེད་འདུག་ད་གཞི་ནས་ཧ་གོ་སོང་ངམ། དེང་སང་རང་ལུས་མེར་སྲེག་བྱེད་མཁན་ཡིན་ན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཡག་གི་ལ་་ཁ་བཀག་ངེས་ཆགས་ཀྱི་ཡོད་པ་ཧ་གོ་ཡི་ཡོད་པས། མ་ཟད་བོད་རྒྱ་ཞི་མོལ་ལ་འགལ་རྐྱེན་ཡིན་པ་དང་། གྲུབ་འབྲས་མེད་པའི་ལས་ཀ་ཞིག་ཡིན་པ་བོད་མི་སྒྲིག་འཛུག་ནས་གནས་ཆུང་གི་བཀའ་ལུང་དང་མཉམ་དུ་ཁྱབ་སྒྲགས་བྱེད་པ་དེ་མཐོང་སོང་ངམ། གནས་དོན་འདིས་ག་རེ་མཚོན་གྱིས་ཡོ་རེད་ཟེར་ན་དེ་སྔར་རང་ལུས་མེར་སྲེག་བཏང་མཁན་ཚོའི་ལས་ཀ་དེ་ལྐུག་པའི་ཨུ་ཚུགས་དང་བླུན་རྟགས་ཆེན་པོ་བསྟན་པ་དེ་གསལ་བཤད་བྱེད་ཀྱི་ཡོ་རེད།།
སྐྱག་བཤད་མ་མང་། དེ་སྔོན་རང་ལུས་མེར་སྲེག་ལས་འགུལ་གྱིས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད་ལ། མ་འོང་པར་ཡང་བོད་མི་རིགས་འདི་ནམ་གནས་ཀྱི་བར་དུ་ལས་འགུལ་འདིས་ནུས་པ་གནས་ཀྱི་རེད།
ཨོ་རང་དབང་ཨ་རྡུ་མན་དེ་འདྲ་མ་གསུངས། སེམས་སྐྱོ་བ་ལ། རང་ལུས་མེར་སྲེག་ལས་འགུལ་གྱིས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད། གྲུབ་འབྲས་མེད་པ་གང་ནས་ཡིན།
ཨོ་རང་དབང་ཨ་རྡུ་མན། དེ་འདྲ་མ་གསུངས།
སེམས་སྐྱོ་བ་ལ། རང་ལུས་མེར་སྲེག་ལས་འགུལ་གྱིས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད། གྲུས་འབྲས་མེད་པ་དེ་འདྲ་མ་རེད། བསམ་བློ་ཡག་པོ་གཏོངས་རོགས།