བོད་ལ་ཞེན།
ད་རེས་གཞོན་ནུའི་ཚོགས་ཆེན་ཐོག་ཚོགས་མི་ཁག་ཅིག་གིས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་གཏོང་ན་གཞོན་ནུའི་ཚོགས་མི་བྱེད་ཀྱི་མིན་ཟེར་བ་དང་ཚོགས་འདུ་ལས་ཐོན་པ་རེད་ཟེར། དེ་ལ་བསམ་ན་ངོ་མ་དགོད་བྲོ་བ་ཞིག་རེད། དེ་སྔོན་གཞོན་ནུས་རང་བཙན་ལ་ཡིད་ཆེས་གཙང་མ་ཡོད་ཟེར་བ། ཆོད་སེམས་བརྟན་པོ་ཡིན་ཟེར་བ། ནམ་ཞིག་རང་བཙན་ཐོབ་ངེས་ཟེར་བ། ལངས་ཕྱོགས་འགྱུར་བ་མེད་ཟེར་བ་སོགས་ཐ་ན་གཞས་ཡན་ཆད་ནང་ཚར་ཁྲི་ཁྲག་དང་འབུམ་ཁྲག་མང་པོ་བསྒྲགས་པ་དེ་ཚོ་བརྗེད་པ་རེད་དམ། ༧གོང་ས་མཆོག་གིས་ཤར་ཟེར་ན་ཤར་དང་། ནུབ་ཟེར་ན་ནུབ་མ་གཏོགས་གཞོན་ནུའི་ཚོ་མི་དེ་ཚོ་རང་ལ་ལངས་ཕྱོགས་དང་ཆོད་སེམས་གང་ཡང་མེད་དམ། བོད་རང་བཙན་ཟེར་བ་དེ་༧ གོང་ས་མཆོག་གིས་དགོས་གསུངས་ན་དགོས་རྒྱུ་ཞིག་དང་། བཞག་གསུངས་ན་བཞག་ཆོག་ཆོག་གི་ཅ་དངོས་ཤིག་རེད་དམ།
སྤྱིར་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་ཁ་ཅིག་གིས་བྱེད་ཕྱོགས་ཐལ་དྲགས་པ་དེ་འདྲ་ཡོད་ངེས་རེད། དཔེར་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞུང་སྒོ་རྒྱག་སོང་ཟེར་ནས་ཧ་ལས་ལས་ཧོན་ཐོར་ཐོར་གྱིས་དོན་མེད་གཏམ་འཆལ་སྤེལ་བ། གཞུང་དང་མི་དམངས་བར་དཀྲུགས་ཤིང་གི་སྐད་ཆ་དང་དྲྭ་རྩོམ་སྤེལ་བ། དོལ་རྒྱལ་ཚོགས་མི་དང་མཐུན་མདོག་སྟོན་པ་སོགས་མ་འོས་པའི་བྱེད་ཕྱོགས་ཁ་ཅིག་ཡོད་པ་ངེས་པར་འགྱུར་བཅོས་གཏོང་དགོས་ངེས་རེད། དེ་མིན་ཞི་བའི་འཐབ་རྩོད་ལ་བརྟེན་ནས་རང་བཙན་རྩོད་པ་ནི་བོད་མི་མི་ཉུང་བ་ཞིག་གི་བསམ་ཚུལ་ཡིན་ལ་ཐོབ་ཐང་ཡང་ཡིན་པས་དོར་དགོས་དོན་གང་ཡང་མེད། བོད་དོན་ནི་རྒྱལ་ཁབ་ཞིག་དང་མི་རིགས་ཤིག་གི་ཆབ་སྲིད་ཀྱི་གནས་དོན་ཡིན་པ་ལས་བླ་མའི་བཀའ་དགོངས་ཁོ་ན་སྒྲུབ་རྒྱུའི་ཆོས་ཉམས་ལེན་ཞིག་མིན་པས་༧ གོང་ས་མཆོག་གི་ལམ་དབུ་མ་གསུངས་ན་དབུ་མ་དང་། རང་བཙན་གསུངས་ན་ཚང་མ་རང་བཙན་ཐོག་བསྐྱོད་དགོས་དོན་གང་ཡང་མེད། མདོར་ན་ངས་བརྒྱ་བཤད་སྟོང་བཤད་ཀྱི་སྙིང་པོ་ནི། མི་སྒེར་དང་ཚོགས་པ་གང་ཡིན་ཀྱང་ཆབ་སྲིད་ཀྱི་ལྟ་བ་ལ་བསམ་བློ་དང་དཔྱད་པ་ཡང་དག་པ་ཞིག་བྱས་ནས་ལམ་དབུ་མ་ལ་མོས་ན་དབུ་མ་ལ་བསྐྱོད་རྒྱུ་དང་། རང་བཙན་ལ་མོས་ན་རང་བཙན་རྩོད་དགོས་པ་ལས་༧ གོང་ས་མཆོག་གིས་གང་གསུངས་ན་དེ་ཡིན་ཟེར་བའི་ཆོས་ཉམས་ལེན་གྱི་བསམ་པ་དེས་ཆབ་སྲིད་ལངས་ཕྱོགས་འགྱུར་མི་རུང་ཟེར་བ་ཡིན།།
རྣམ་ཐར་དོན་དངོས་མ་བཞུགས་སོ།
གཞོན་ནུའི་དཔུང་དང་སློབ་ཕྲུག་ཚོགས་པ་ལ།།
རང་བཙན་བར་དུ་བདག་གིས་རེ་བ་བཅོལ།།
བདག་གིས་རེ་བ་བཅོལ་བ་འདི་དག་གིས།།
ས་ཡ་དྲུག་གི་འདོད་དོན་འགྲུབ་པར་ཤོག།
རང་བཙན་རང་བཙན་ཟེར་ནས་སུམ་བཅུ་ཐལ།།
རང་སྐྱོང་རང་སྐྱོང་ཟེར་ནས་ཉི་ཤུ་ཐལ།།
རྒྱ་ཡི་ཁྲིམས་འོག་ཟེར་ནས་ཅུང་འགའ་ཐལ།།
དམིགས་ཡུལ་བརྟན་པོ་མེད་པའི་རྣམ་ཐར་ཡིན།།
བོད་གཞུང་བོད་གཞུང་ཟེར་ནས་ལྔ་བཅུ་ཐལ།།
བཀའ་ཁྲི་བཀའ་ཁྲི་ཟེར་ནས་ཉི་ཤུ་ཐལ།།
སྒྲིག་འཛུགས་སྲིད་སྐྱོང་ཟེར་ནས་ཅུང་འགའ་ཐལ།།
ལང་ཕྱོགས་བརྟན་པོ་མེད་པའི་རྣམ་ཐར་ཡིན།།
རང་དབང་སྒེར་ལང་བྱས་ནས་ལྔ་བཅུ་ཐལ།།
རྒྱ་བོད་གྲོས་མོལ་བྱས་ནས་བཞི་བཅུ་ཐལ།།
རང་ལུས་མེ་ལ་བསྲེགས་ནས་ཅུང་འགའ་ཐལ།།
བོད་མི་རྩ་སྟོང་འགྲོ་བའི་རྣམ་ཐར་ཡིན།།
༄།ཐུགས་འཕྲལ་མ་གནང་གྲོགས་པོ་ཚོ་་་་་་་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་ཚེ་་་་ས་ཡ་དྲུག་ལངས་ནས་་་་་་་བོད་རང་བཙན་ཟེར་བཅས་ཕེབས་ཀྱང་རེད་་་་་ཐུགས་ལྷོད་ལྷོད་གནང་རོགས་་་་་་༧ གོང་ས་མཆོག་གི་དགོངས་གཞི་དེ་ག་རེད་་་་་་
ད་ལམ་ང་ཚོ་ཚང་མས་ནུས་ཤུགས་གཏོང་ནས་གཞོན་ནུ་ཚོགས་པ་རོག་ཕན་བྱེད་པའི་དུས་ལ་བབས་ཡོད། གཞོན་ནུ་མི་སྒེར་རེ་ཟུང་གི་སྐད་ཆ་བཤད་གཏང་ནོར་ཡོད་། དེས་གཞོན་ནུའི་ལང་ཕྱོགས་རང་བཙན་ལ་འགྱུར་བ་གཏང་དགོས་དོན་མེད། ཡིན་དང་ཡིན་རྒྱལ་བ་རིན་པོ་ཆེའི་བཀའ་ལ་རྩི་དགོས་དང་དགོས། གལ་སྲིད་རྒྱལ་བ་རིན་པོ་ཆེས་ཐད་དཀར་གཞོན་ནུའི་རང་བཙན་ལང་ཕྱོགས་དབུ་མ་ལ་སྦྱོར་ན་བཟང་ཚུལ་བཀའ་ཕེབས་ན་དབུ་མ་རང་ལ་ཕེབས་དགོས་རྒྱུ་༡༠༠ ནས་༡༠༠ལོས་ཡིན། དེ་མིན་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་རྒྱབ་སྐྱོར་ཡིན་ཁུལ་གྱིས་གཞོན་ནུ་ཚོགས་པ་གཏོར་བཤེགས་གཏང་ན་བཟོད་ཐབས་བྲལ་ལ། ང་ཚོ་ལ་ཆབ་སྲིད་ཀྱི་ལང་ཕྱོགས་མ་འདྲ་བ་ཡོད་པ་དེས་མ་འོངས་པ་ལ་གལ་སྲིད་དབུ་མའི་ལམ་ལ་དོན་ཕན་གང་ཡང་མ་ཕྱིན་ན་ཕན་ཐོག་ཆེན་པོར་ཡོད་ལ། གལ་སྲིད་གཞོན་ནུའི་ལང་ཕྱོགས་དབུ་ལམ་ལ་ཕེབས་ན་རྒྱ་མིས་དབུ་ལམ་ལ་དོན་ཕན་ལྡན་པའི་ཡ་ལན་བྱེད་དམ། ད་ལྟ་གཞོན་ནུ་ཚོགས་པ་དེ་རྒྱ་རོས་མིག་ནང་གི་ཚེར་མ་ལྟར་བལྟ་བ་དེ་གཞོན་ནུས་ནུས་་ཤུགས་ཆེན་པོ་རྒྱལ་སྤྱིའི་ཐོག་སྤཻལ་བ་དེས་རེད། ད་རྒྱ་རོ་གཞོན་ནུ་ཚོགས་པ་སྒོ་རྒྱབ་པའམ་རང་བཙན་ལ་འགྱུར་བ་གཏང་ན་ཧ་ཅང་དགའ་པོ་ཆག་པ་རེད། རྒྱ་རོ་ལ་ག་དུས་ཡིན་ན་ཡང་ཡིད་ཆས་དང་རེ་བ་མ་བྱེད་པ་སོསོའི་རྐང་པའི་གང་ཚུག་ཐུབ་པ་དགོས། ཆིག་ཡིག་དོན་ཆན་བཅུ་བདུན་བཞག་ནས་མགོ་སྐོར་གཏང་ཡོད་། ཡང་ཏེང་ཞའུ་ཕེང་གིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་ལབ་ནས་མགོ་སྐོར་གཏང་ཡོད་། ང་འདས་པའི་ཉམ་མྱོང་དང་ད་ལྟའི་རེ་བ་ལ་བསམ་ནས་གཞོན་ནུ་ཚོགས་སྲ་བརྟེན་བྱེད་གལ་ཆེ་།
ལངས་ཕྱོགས་ལ་འགྱུར་བ་མི་ཆོག་པ་གང་ཡོད། འགྱུར་སྲིད་པ་རེད། དེ་ཡི་ཚེ་དེ་ཡི་དུས་སུ་ཞེས་སངས་རྒྱས་ཀྱིས་གསུངས་པ་རེད། ལྷག་པར་དུ་བོད་མིའི་ལངས་ཕྱོགས་ལྟ་བ་ཆོས་ལུགས་སོགས་ནི་འགྱུར་ཆོག་ཆོག་རེད། བོད་འདི་དང་པོ་བོན་དར་དེ་ནས་ཨང་གསར་གྱིས་གཞན་གྱི་རིག་གཞུང་གདན་དྲངས་ནས་རང་གི་ལང་ཕྱོགས་འགྱུར། དེ་ནས་ས་དགེ་བཀའ་རྙིང་ལས་སོགས་འགྱུར་གི་འགྱུར་གི་ལ་སླེབས། དེ་ནས་ང་དགུའི་སྐབས་སུ་སྔར་རང་གི་དད་ཡུལ་རྣམས་གཏོར་བཤིག་བཏང་སྟེ་ལྟ་བ་ལོག་ནས་ལྟ་བ་འགྱུར། རང་གི་སྲིད་བྱུས་གུ་ཡངས་ཟེར་བ་སླེབས་ནས་ཡང་ཆོས་ལ་དད་པ་བྱས་ཡིད་ཆེས་བྱས་ནས་འགྱུར། ད་དེ་ཚོ་ཐམས་ཅད་རང་ཚུགས་མ་བརྟན་པའམ་ལངས་ཕྱོགས་ལྟ་བ་འགྱུར་བ་ཤ་སྟག་རེད། ད་ནི་བོད་པོ་ཁ་ཆེར་འགྱུར། ཡེ་ཤུར་འགྱུར། ཆོས་མེད་ལ་འགྱུར། འདི་ཚོ་ཐམས་ཅད་ལངས་ཕྱོགས་ལ་འགྱུར་བ་རྐྱང་རེད། བོད་ལ་ཞེན་ཁྱོད་ཀྱིས་གཞོན་ནུ་ཚོགས་པར་དམའ་འབེབ་དགོས་པར་མ་མཐོང། ང་དང་ཁྱོད་ཚང་མའི་ལངས་ཕྱོགས་འགྱུར་འདུག
བོད་དོན་ཐག་གཅོད་བྱ་རྒྱུའི་ཐད་འཐབ་ལམ་འདྲ་མིན་ཞིག་དགོས་རྒྱུ་རེད་འདོད། སྤྱིར་འཛམ་གླིང་གི་རྒྱལ་ཁབ་མང་པོ་རང་དབང་འཐབ་རྩོད་ཁྲོད་ནས་དམིགས་དཔེ་བླངས་རྒྱྱུ་ཧ་ཅང་མང་།
རང་བཙན་གཙང་མའི་དར་ཆའི་འོག་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པར་དེ་འདྲའི་དྭོགས་དགོས་དོན་ཅང་མི་མཐོང་། འདིར་ངེད་ཅག་་ཨེ་ཤཱ་ཡའི་དམངས་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ཡོད་ཅིང་། རང་རེའི་གཞུང་ཁུངས་དེ་ཡང་དམངས་གཙོའི་ལམ་དུ་བསྐྱོད་བཞིན་པ་མ་ཡིན་ནམ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཁོ་ནས་དགག་སྒྲུབ་བྱ་ས་ན་ཕ་རོལ་རྒྱ་དམར་གྱིས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད། དེ་ནི་ཏཱ་ལའི་བླ་མ་སྒེར་དང་་། དེའི་ཉེ་འཁོར་གྱི་རུ་ཚོགས་ཚོས་ཆེད་དུ་བཟོས་པ་ཞིག་རེད་ཟེར་བའི་སྒྲུབ་བྱེད་ཡང་དག་ཏུ་འགྲོ་ཉེན་ཆེ།
ལྷག་པར་༸གོང་ས་མཆོག་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྔ་རྗེས་མང་པོར་གཞོན་ནུའི་ལངས་ཕྱོགས་རང་བཙན་ནི་་དམངས་གཙོའི་མཁེ་དབང་ལོངས་སུ་སྤྱད་པ་ཞིག་དང་། བོད་དོན་དེ་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མིན་པའི་རྟགས་རེད། ཅེས་གསུངས་ཡོད་པ་དེ་དག་ལོ་རྒྱུས་དེབ་ཐེར་དང་། ཤོག་དཀར་སྟེང་དུ་ད་དུང་ཡང་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད་དོ།
ཆོས་དང་སྲིད་གང་ཡིན་ཡང་འགྱུར་ལྡོག་རེ་འབྱུང་གི་རེད་ལ། དེ་ཡང་ཆོས་ཉིད་ཅིག་རེད།
གཞོན་ནུ་ཚོགས་པ་ལ་ཡང་འགྱུར་བ་འགྲོ་བ་ངེས་ཅན་རེད། དེ་ཡང་འགྲོ་དགོས་ངེས་ཤིག་རེད།
རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བཟུང་བ་དང་།
གསར་བ་ཐམས་ཅད་བདུད་ཀྱི་་འཕྲུལ་དུ་བལྟས་ན་ག་ལ་འགྲིག
ང་ཚོས་འགྱུར་ལྡོག་དེ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས།
གཞོན་ནུ་ཚོགས་པ་བཙུགས་ནས་མི་ལོ་ག་ཚད་འགྲོ་སོང་། གྲུབ་འབྲས་ག་རེ་བྱུང་སོང་། དེ་ཡང་བསམ་བློ་གཏོང་སའི་གཞི་གཅིག་རེད། མ་འོངས་པར་ག་རེ་བྱེད་ཀྱི་རེད། འཆར་གཞི་དང་གདེང་ཚོད་ག་རེ་ཡོད་རེད། ནག་ཁུང་ལ་ལག་རྙོབ་བྱས་ཏེ་རེ་བ་སྟོང་བ་ཞིག་བཟུང་ནས་བསྡད་ན་མཐའ་མ་དེར་སྤྱི་ལ་གནོད་པ་དང་སྤྱི་བ་ཕོངས་ངེས་རེད། སྔོན་ཆད་ཀྱི་སྐུ་བགྲེས་པ་དེ་ཚོའི་ལྷག་སེམས་རྣམ་དག་གི་རང་བཙན་རྩོད་ཀྱི་ཡོད་རེད། ཐབས་ལམ་མ་རེག་པ་རེད་མ་གཏོགས་མཆོངས་ཐག་ཆོད་རེད།
ད་ལྟ་ང་ཚོས་ག་རེ་བློས་གཏོང་ཐུབ་ཀྱི་རེད། ང་ཚོ་ཕྱི་ལོག་ན་ཡོད་མཁན་ཚོས་བོད་རང་བཙན་བཤད་ཀྱིན་ཡོད་རེད། དང་པོར་རང་ཉིད་རང་བཙན་བྱོས། རང་ལ་རང་དབང་ཡོད་རེད། ཉིན་མ་རེར་མི་རིགས་ག་ཚད་འདྲེས་ཀྱིན་འདུག ཕྲུ་གུ་ཚོའི་གདོང་བ་ལ་ལྟོས་དང་། མི་རིགས་ཀྱི་ངོ་གདོང་ཁུར་ནས་ཡོང་མཁན་ག་ཚད་འདུག སྐད་ཡིག་ག་ཚད་འདྲེས་ཀྱིན་འདུག ཕྲུ་གུ་ཚོའི་ཁ་ན་བོད་སྐད་གཙང་མ་ཞིག་འདུག་གམ། བོད་པ་ཕྱེད་ཀ་ཙམ་ཞིག་གིས་ཧམ་པ་རི་ཙམ་ཞིག་བཤད་ཡོང་གིན་འདུག
ད་ལྟ་ང་ཚོས་བོད་སྐྱོབས་ཀྱི་ལམ་ཁ་གསར་བ་ཞིག་བཙལ་ན་མ་གཏོགས་རང་བཙན་དང་དབུ་མ་རྩད་ནས་ཉི་མ་སྐྱེལ་ནས་བསྡད་ན་འགྲིག་གི་ཡོད་མ་རེད།
རང་བཙན་ལེན་པའི་ནུས་པ་གཞོན་ནུ་ལ་ཡོད་མ་རེད་ལ་བོད་རང་བཙན་སྤྲད་པར་རྒྱ་ནག་གི་གཞུང་འཛིན་པ་ཚོས་ངེས་ལེན་ཡོང་ཐབས་ཡོད་མ་རེད།
ཡུལ་དུས་ལ་བལྟས་ནས་འགྱུར་བ་འགྲོ་དགོས་ངེས་རེད་ལ་མདུན་སྐྱོད་གསར་བའི་གོམ་སྒྲ་སྒྲོག་དགོས་ངེས་རེད།
དེ་ནི་དངོས་སུ་བོད་ནང་ལ་ལས་ཀ་བྱས་ཡ་དེ་རེད། དེ་ཡང་བློས་གཏོང་མང་བོ་ཞིག་བྱེད་དགོས་ངེས་རེད། སོ་ཕག་གཡུགས་ནས་གཡང་ཌི་ལེན་དགོས་པ་རེད།
དེ་ཙམ་ཡིན་ང་འགྲོ་རན་སོང་་།
གཞོན་ནུ་ལོངས་ཕྱོགས་འགྱུར་བ་མ་གཏོང་ན་བཟང་། ག་སྲིད་འགྱུར་བ་གཏོང་ན་རྒྱ་ངན་ཚོའི་བསམ་ཤེས་བྱེད་ཀྱི་རེད་དམ་།ས་ཡོད་ཚད་འགྱུར་བ་དག་དག་གཏོང་ནས་དུས་ཚོད་རྫོག་ཡ་རེད་། གུ་རུ་རིན་པོ་ཆེ་ཆེན་་་འ
གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་དོན་གང་ཡང་མེད་ལ་གལ་སྲིད་གཏོང་དགོས་ཐུག་ཀྱང་དུས་ལ་བབས་པའི་འགྱུར་བ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེང་སང་བོད་པའི་སྤྱི་ཚོགས་ནང་གཞོན་ལྷན་ཟེར་དུས་ཆོ་མེད་པའི་ཚོགས་ཞིག་དུ་བསྒྱུར་འགྲོ་གི་འདུག་དེ་ནི་ཧ་ཅང་གི་ཕམ་པོ་རེད། མི་མང་གི་ཡིད་ཆེས་དང་རྒྱབ་བསྐྱོར་མེད་ན་ཚོགས་པ་གཅིག་པུས་གང་ཡང་བྱེད་མི་ཐུབ། ད་ལྟའི་ཆར་གཞོན་ལྷན་གྱི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་ནང་དུ་བསྐྲུགས་ཤིང་དང་ལྟ་བ་ལོག་པ་སྤེལ་མཁན་འཇམ་ནོང་ལྟ་བུ་ལ་སོགས་པ་དང་གཞན་མང་པོ་ཡོད་པ་རྣམས་དང་ཚོགས་པ་རང་ཉིད་འབྲེལ་བ་མེད་པ་གསལ་སྟོན་བྱེད་དགོས། དེ་ལྟར་མ་ཐུབ་ཚེ་ཚོགས་པ་ཉིད་མགོ་ལུགས་པའི་ཉེན་ཁ་ཇེ་ཆེར་མཐོང།
རེད། དེང་སང་རང་བཙན་འཐབ་རྩོད་པ་དང་དབུ་མ་དོན་གཉེར་བའི་མིང་འཁུར་ནས་གཞུང་དང་ཚོགས་པའོ་བར། གཞུང་དང་མི་དམངས་བར། ཚོགས་པ་དང་ཚོགས་པའི་བར། དམངས་དང་དམངས་བར་བཅས་ལ་དཀྲུགས་ཤིང་དང་མཐུན་སྦྲེལ་གཏོར་བའི་བྱ་སྤྱོད་སྤེལ་བཞིན་པ་རྣམས་ངོས་ཟིན་པའི་ཐོག་གཡོ་ཐབས་འོག་མ་ཚུད་པ་བྱེད་དགོས། ལྷག་པར་བདེ་སྲུང་ལས་ཁུངས་ནས་མི་དེ་དག་ལ་མངོན་ལྐོག་གཉིས་ནས་ཞིབ་འཇུག་བྱེད་དགོས།
དབུ་མའི་ལམ་གཙུགས་ནས་ལོ་ག་ཚོད་འགྲོ་སོང་དེ་ལ་གྲུབ་འབྲས་ག་རེ་ཐོན་སོང་།དང་པོ་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་ཟེར་ནས་བོད་མི་ས་ཡ་གཅིག་ཙམ་ཚེ་སྲོག་ཤོར་བཅུག་དགོས་དོན་གང་ཡིན་ནམ། བོད་མི་དམངས་ཚེ་སྲོག་འདི་མི་ཁ་ཤས་ཀྱི་རྩེ་མོ་རྩེ་ཡག་ལག་ཅ་ལྟ་བུ་ཞིག་ཡིན་ནམ།
གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་གཏོང་ན་གཞོན་ནུའི་ཚོགས་མི་བྱེད་ཀྱི་མིན་ཟེར་བ་དང་ཚོགས་འདུ་ལས་ཐོན་པ་སོགས་ནི། གཞོན་ལྷན་ཁ་ཡོད་ལག་ཡོད་ལ་ཡར་རྒྱས་སུ་འགྲོ་བར་འདོད་དོ།།
གལ་སྲིད་གཞོན་ནུ་དབུ་མའི་ལམ་ལ་བསྐྱོད་ཚེ་རྒྱ་ནག་ལ་དགོས་པ་དེ་ག་རང་རེད། དེ་ནས་རྒྱ་ནག་གིས་གོམ་པ་ཕྱི་མ་དབུ་མའི་ལམ་དེ་ཕྱེད་རང་བཙན་རེད་འདུག་ཟེར་ནས་དབུ་མའི་ལམ་ཡང་བཞག་དགོས་ཐུག་གི་རེད།
ལམ་མ་ནོར་བར་འགྲོ་དགོས་་་་་་་
གོང་ས་མཆོག་གི་དབུ་ལམ་ལ་འགྲོ་ན་ལེགས་ཚུལ་དང་། རང་བཙན་རྩོད་བ་འབྲས་བུ་ཐོབ་དཀའ་ཚུལ་གསལ་པོ་གསུང་ཡོད་པ་ཚང་མས་ཤེས་གསལ་རེད། དེས་ན་གཞིན་ལྷན་གྱིས་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་ཡི་ཡོད་པ་བདེན་པ་ཡིན་ན་རང་བཙན་ལང་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་འདུག
དེ་རིང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ནས་གཞོན་ནུ་ལ་ག་རེ་བཀའ་གནང་ཡོད་ན།ཤེས་མཁན་འདྲ་ཡོད་ན་གསུངས་རོགས།
མང་གཙོ་ཟེར་ན་མི་མང་གིས་དབུ་ཁྲིད་འདེམས་པ་ཙམ་ལ་བཤད་པ་ཡིན་གྱི་མ་རེད་། མང་གཙོ་ཟེར་ན་ལྟ་བ་འདྲ་མིན་དང་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་། ད་དུང་མི་མང་གིས་གཞུང་ཏེང་འཛིན་བྱེད་པ་དང་། གཞུང་གིས་མི་མང་གི་འདོད་པ་བསྒྲུབ་དགོས་བ་སོགས་ཡིན་པ་ལས་། གཞུང་གིས་རང་དང་མི་མཐུན་པའི་མི་བུ་དང་ཚོགས་པ་སོགས་ལ་ཕྱོགས་ཡོངས་ནས་གནོད་ཤུགས་སྤྲོད་ཅི་ཐུབ་དང་། ཁྱེད་ཚོ་རེད་མ་གཏོགས་ངས་འབྱོན་འདོག་སྟོན་པ་ནི་ཐབས་ཟད་འུ་ཐུག་གི་བྱ་བ་ལས་རྣམ་དཔྱོད་ལྡན་པ་དང་ཡང་དག་པའི་མང་གཙོ་མ་རེད་། དོན་དངོས་རྒྱའི་མི་མང་དང་རྒྱའི་སྲིད་གཞུང་གིས་དབུ་མར་དངོས་ལེན་བྱ་འདོད་ན་ཚུར་ཡོངས་གྲགས་ཀྱི་སྒོ་ནས་འབྲེལ་བ་བྱས་དགོས་བ་ལས་། འུ་ཚོས་ཕར་རྒྱ་མི་ལ་ཡིད་ཆས་ཡོད་དང་རྒྱ་མི་སྟོང་ཕྲག་གི་བོད་དོན་རྩོམ་ཡིག་སྤེལ་ཚུལ་དང་། ཐ་ན་རྒྱ་མི་སྨྱོན་པ་ཞིག་གིས་ཁ་ཡག་བཤད་སྐབས་ང་ཚོ་རེ་བ་ཆེན་པོ་འདུག་བཅས་རེ་བ་བྱེད་པ་ནི་”བོད་རེ་བས་འཕུང་” ཟེར་རང་རེད་།
༡༠༽ བཀྲ་རྒྱལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༧ སྐར་མ་ ༢༨
དང་པོ་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་ཟེར་ནས་བོད་མི་ས་ཡ་གཅིག་ཙམ་ཚེ་སྲོག་ཤོར་བཅུག་དགོས་དོན་གང་ཡིན་ནམ།་་་་་ཟེར་་་
རྒྱ་མི་དཀྱུས་མ་ཚོས་དབུ་མའི་ལམ་ལ་རྒྱབ་བསྐྱོར་བྱེད་་ངེས་ཡིན། དོན་ངོ་མ་ཁོང་ཚོ་བོད་རྒྱ་ཁོངས་ནས་ཁ་བྲལ་ཐབས་མེད་པ་བྱེད་ཀྱི་ཡོད། དེ་ནི་རྒྱ་མིས་བསམ་ཚུལ་ལམ་ཁས་ལེན་རེད། བོད་རང་བཙན་དགོས་དང་མི་དགོས་བོད་པ་ཚོས་བསམ་ཚུལ་རེད་མ་མཏོགས་རྒྱ་མིར་འབྲེལ་བ་མེད། དེ་ཡང་གཙོ་བོ་གཞིས་ལུས་མི་མང་གི་འདོད་པ་རེད།
ཟམ་གདོང་བླ་མས་དེ་རིང་འདི་འདྲ་ཞིག་བཤད་འདུག ས་གནས་ཁག་ཁ་ཤས་ཤིག་གིས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་ གཏོང་དགོས་ཟེར་པ་དེ་འདྲ་དང་། ཡོང་རྒྱུ་བསྡད་པའི་གཞོན་ནུའི་དབུས་རྒྱུན་ གསར་པ་འདེམས་ཡ་ལག་ལེན་བསྟར་མ་ཐུབ་པ་ཡིན་ན། དེའི་མིང་ཆད་ཟེར་ན་འདྲ་ དོ་ཕོག་དེ་༧གོང་ས་མཆོག་ལ་ཕོག་མི་སྲིད་པ་མ་རེད། དེར་བརྟེན་གཞོན་ནུའི་ལང་ ཕྱོགས་དང་ལྟ་གྲུབ་བརྟན་པོར་བསྡད་པའི་ཐོག་ནས་མུ་མཐུད་ཕེབས་ཐུབ་ན་ཡག་པོ་ ཡོད་པ་རེད་ཅེས་པའི་བཀའ་སློབ་ཕེབས་བྱུང་ཞེས་བརྗོད་བྱུང་།
བོད་ཀྱི་གཞོན་ནུ་ནི་དུས་རབས་ཉེར་གཅིག་པའི་གཞོན་ནུ་ཡིན་ལ། མ་འོངས་རེ་འདུན་བཅོལ་ས་དང་མདུན་མཆོངས་མདུན་ཐོན་སྙིང་སྟོབས་ཅན་ཞིག་ཡིན། རྟེན་འབྱུང་འཚེ་བ་མེད་པའི་ལམ་ནས་ཕེབས་མཁན་ཞིག་གི་ཆ་ནས། གཅིག་བསྡུས་དང་མེ་མདའི་དབང་འོག་ནས་གོམ་པ་སྤོ་མཁན་དེ་མིན་ཐག་ཆོད། འཚེ་བ་མེད་པ་དེ་ཡང་རང་གི་ཁྱོད་ནོར་རྟེན་འབྱུང་ལྟ་བའི་རྒྱབ་རྟེན་གྱིས་ཕུལ་དེད་ཀྱིས་འཐབ་རྩོད་འདི་གཞི་མར་ཡོད་པའི་ཡིད་ཆེས་གཙང་མ་ཡོད། དུས་རབས་གསར་པའི་གཞོན་ནུ་ཡིན་པས། རེ་དད་རྐྱང་པས་མིན་པར་རིགས་ཚུལ་དང་ལག་ལེན་སྒང་ནས་དངོས་ཡོད་དང་མཐུན་པར་ཕེབས་པའི་སྤོབས་སེམས་ཡོད་དེ་རྟེན་འབྱུང་རྒྱུ་འབྲས་ལ་རྩིས་མཐོང་ཆེན་པོར་འཇོག་པས་ཡིན། དེ་དང་དེ་ལ་བརྟེན་ནས་ཚོགས་ཆེན་སྔ་སྣུར་སོགས་གནང་ཡོད་ལ་དངོས་ཡོད་རིགས་ཚུལ་དང་འགལ་ན་དམ་བཅའ་ཡིན་ཡང་འགྱུར་བ་གཏོང་དགོས་ཏེ། ཨུ་ཚུགས་ཨ་འཐས་དེ་དངོས་ཡོད་དང་འགལ་བའི་སྐབས་སུ་སླེབས་པས་སོ།།
ང་ཚོའི་སྤྱི་བོར་རྟག་ཏུ་བཀུར་བ་ནི་༧སྐྱབས་མགོན་རྒྱལ་དབང་མཆོག་ཡིན་ལ། མ་ཟད་རྩ་བའི་བླ་མ་དང་དབུ་ཁྲིད་བླ་ན་མེད་པ་བཅས་ཀྱིས་གཡོ་བ་མེད་པའི་ཡིད་ཆེས་བློས་བཀལ་ཞུ་གི་ཡོད།
༧རྒྱལ་བ་ཡིད་བཞིན་ནོརབུ་མཁྱེན། བོད་མི་དམངས་ལ་ཁ་ཙམ་གྱི་དམངས་གཙོ་མ་གཏོགས་དོན་དངོས་རང་དབང་མེད་དུས་ད་བཀའ་ངལ་འདུག རྒྱ་མི་དུང་ཕྱུར་བཅུ་གསུམ་ཡོད་པ་ང་ཚོ་ཚང་མའི་་ཧ་གོ་དགོས་འདུག རྒྱ་མི་སྟོང་ཕྲག་གཅིག་ལ་གྲངས་ཆུང་ཟིན་གྱི་ཡོད་མ་རེད།ངེས་མི་རིགས་མི་དམངས་སྙིང་རྗེ་ད་ཚར་སོང་།དཔོན་ངན་དེ་ཚོའི་ཟློས་གར་རེ་རེ་འཁྲབ་ཡོང་དུས་ད་ཚར་སོང་།
གཞོན་ནུ་ཚོ་པ་ཟེར་བ་དེའི་ཚོ་མིང་ཚོ་རྩམ་པ་ཟས་མཁན་རེད་མི་འདུག་།
གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཞེས་གཏོང་དགོས་བྱུང་ཚེ་གཞོན་ནུའི་དམིགས་ཡུལ་བོར་བས་མང་གཙོ་སྤྱི་ཚོགས་ནང་ལངས་ཕྱོགས་འདྲ་མིན་བཟུང་ཆོག་པ་ཞིག་ཡིན་སྟབས་ལངས་ཕྱོགས་འགྱུར་བ་གཏོང་དགོས་དོན་མེད། གཞི་རྐང་གཞོན་ནུའི་ཚོགས་གཙོ་ཐོག་མར་བསྐོ་བཞག་སྐབས་ཨ་རིར་རྙོགས་གླེང་ཡོད་པའི་གནས་ཚུལ་ཡོད་བཞིན་དུ་ཚོགས་མི་ཟུར་པ་མགོ་གཉིས་པ་ཁག་གཅིག་གི་གཞོན་ལྷན་རང་ཉིད་ཀྱི་ལག་ཆར་རེ་ནས་བརྒྱུད་སྐུལ་འོག་སྐབས་དེ་དང་དེའི་ཚོགས་འདུ་བ་བསླུ་འཁྲིད་བྱས་ཏེ་འདེམས་ཐོན་བྱུང་བ་ནི་ད་ལྟའི་རྙོགས་གླེང་འདི་བསུ་བ་ཞུས་པ་ཡིན་པ་ལས་ལངས་ཕྱོགས་ཀྱི་འགལ་འདུ་གང་ཡང་མེད། དེར་བརྟེན་ད་ཐེངས་རྒྱུན་ལས་བསྐོ་བཞག་སྐབས་རྙོག་གླེང་གི་རིགས་ཕྲ་མོ་ཙམ་ཡོད་པའི་གང་ཟག་གཞོན་ལྷན་དབུས་རྒྱུན་དུ་འོས་འདེམས་མི་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།
བོད་རང་བཙན་ནི་གཞོན་ནུ་ཚོགས་པ་འམ་ཚོགས་པ་ག་གེ་མོ་ཞིག་འཐོར་བ་ལ་འབྲེལ་བ་ཡོད་པ་ཞིག་མ་རེད། བོད་རང་བཙན་ནི་བོད་མི་རྒྱལ་ཞེན་ཅན་ཚོའི་སྙིང་ཁམས་ན་ཤི་རྒྱུ་ནམ་ཡང་མེད་པའི་གསོན་འདྲེ་དེ་རེད། བོད་རང་བཙན་ནི་ཁེ་གྱོང་དབྱེ་ཞིབ་ལ་བལྟས་ནས་ཐག་གིས་གཅོད་ཡ་ཞིག་ཡང་མ་རེད། བོད་རང་བཙན་ནི་དར་རྒུད་གང་རུང་གི་བར་ནས་སྐྱོབས་དགོས་པའི་འདས་མ་ད་གསུམ་གྱི་བོད་དོན་ཡོལ་དུ་མེད་པ་དེ་རེད།
ད་སྐབས་ཀྱི་བོད་རང་བཙན་ནི་༧གོང་ས་མཆོག་གཅིག་པོ་ལ་ཐུགས་ཡོད་པ་ཞིག་ཡིན་ན། ཁོང་གི་སྐུ་རབས་ཕྱི་མ་ཚོ་དྲག་པོ་ཚུལ་དུ་བྱོན་པར་སྨོན་ལམ་འདེབས། བླ་མ་ཞིག་ཡིན་ན་ཞི་དྲག་གཉིས་ཀྱི་མཛད་པ་ཡོད་ཆོག་པས། ང་ཚོས་ཐབས་རྒྱ་ཇུས་སྟོང་གི་རྒྱལ་ཕམ་གྱི་དབྱེ་འཐབ་གང་ཡང་མ་བྱས་པར་སྟོབས་ཆེན་རྒྱ་འདྲེ་ཚང་ཟེར་ནས་མྱིག་གླད་ལ་འཁོར་ནས་ཁ་གནམ་ལ་གདང་ན་ག་པར་འགྲིག། རེ་བ་མེད་ས་ནས་ཡོད་སར་སྐྱེལ་བ་ནི་འཐབ་རྩོད་དང་། རེ་བ་ཡོད་ས་ནས་ལག་དུ་སྨིན་པ་ནི་བདེ་སྐྱིད་ཡིན་པས། ང་ཚོས་ང་ཚོ་ལ་ཡིད་ཆེ་བྱེད། ཆུ་ཐིགས་ཆུང་ཆུང་བསགས་པས་རྒྱ་མཚོ་ཡོད་ན། ནུས་བ་ཆུང་ཆུང་བསགས་པས་སྟོབས་ཆེན་མེད་དོན་གང་རེད།
གལ་ཏེ་དབུས་གཞོན་ནུ་ཚོགས་པའི་གཞི་རྩའི་ལངས་ཕྱོགས་ལ་འགྱུར་བ་བཏང་ན་་་་་་་་་་་་་་་་་རྒྱ་དམར་པོ་ཀུང་ཁྲན་ཏང་ལ་དགོས་པ་དེ་ཡིན་པས་གཞོན་ནུའི་འགོ་ཁྲིད་ཚོས་ངེས་པར་ཏུ་གཟབ་གཟབ་གནང་དགོས།
ང་རང་གི་བསམ་ཚུལ་ལ་ད་རེ་རྒྱ་གར་ལྷོ་ཕྱོགས་གཞོན་ནུ་ཡན་ལག་ཚོགས་པ་ཚོས་གནང་ཕྱོགས་འགྲིགས་མི་འདུག
ཆབ་སྲིད་ཚོགས་པ་ཞིག་ཧ་ཅང་གི་ཕྱི་གསལ་ནང་གསལ་ཡིན་ན་ཡག་པོ་ཨེ་ཡོད་བསམ་སོང་།
བོད་པ་འདི་ཚོ་ད་དུང་རྨོངས་དད་ཆེ་དྲགས་འདུག
ཆོས་བྱེད་ས་ལ་ཆོས་དང
ཆབ་སྲིད་བཤད་ས་ལ་ཆབ་སྲིད་
འོན་ཀྱང་དེ་སྔོན་སྤྱི་འཐུས་བཀའ་རྨ་ཆོས་འཕེལ་གྱིས་སྤྱི་འཐུས་གྲོས་ཚོགས་ནང་གནང་སྟངས་དེ་ཧ་ཅང་ཐལ་ཆེ་དྲགས་པ་རེད་བསམ་སོང་།
་་་་་་ ང་རང་གི་བསམ་ཚུལ་ལ་ད་རེ་རྒྱ་གར་ལྷོ་ཕྱོགས་གཞོན་ནུ་ཡན་ལག་ཚོགས་པ་ཚོས་གནང་ཕྱོགས་འགྲིགས་མི་འདུག
ཆབ་སྲིད་ཚོགས་པ་ཞིག་ཧ་ཅང་གི་ཕྱི་གསལ་ནང་གསལ་ཡིན་ན་ཡག་པོ་ཨེ་ཡོད་བསམ་སོང་། ་་་་་ཟེར།
ད་ང་ཚོ་བོད་པའི་སྲིད་བྱུང་ཡང་རྒྱའི་ལས་བྱེད་ལྟར། ཁ་གཏིང་མི་མཚུངས་པ། གཡོ་སྒྱུ་ཅན། བོད་མི་ཁྲམ་པ་ཅན་དེ་ཚོ་བོད་པའི་ལས་བྱེ་དུ་བསྐོ་དགོས་སམ། ཧཧཧཧཧཧཧ།
་་་་ དངོས་ཡོད་རིགས་ཚུལ་དང་འགལ་ན་དམ་བཅའ་ཡིན་ཡང་འགྱུར་བ་གཏོང་དགོས་ཏེ། ཨུ་ཚུགས་ཨ་འཐས་དེ་དངོས་ཡོད་དང་འགལ་བའི་སྐབས་སུ་སླེབས་པས་སོ།།
ང་ཚོའི་སྤྱི་བོར་རྟག་ཏུ་བཀུར་བ་ནི་༧སྐྱབས་མགོན་རྒྱལ་དབང་མཆོག་ཡིན་ལ། མ་ཟད་རྩ་བའི་བླ་མ་དང་དབུ་ཁྲིད་བླ་ན་མེད་པ་བཅས་ཀྱིས་གཡོ་བ་མེད་པའི་ཡིད་ཆེས་བློས་བཀལ་ཞུ་གི་ཡོད། ་་་ཟེར།
དིང་གི་གཞོན་ལྷན་ཚོ། དུས་རབ་ཉི་ཤུ་རྩ་གཅིག་པའི་བོད་ཀྱི་ནང་པའི་གཞོན་ལྷན་ཕྱི་གསལ་ནང་གསལ་ཡོད་མཁན་ཅིག་བྱང་ནམི་ལེགས་སམ། ངས་རང་བཙན་ཁ་ཡོད་ལག་མེད་རེད། ཅེས་ཤོད་བགྱིན་ཡོད། དེ་དེ་འདྲ་མ་རེད་པེ། ལགས།
༡༣༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༢ སྐར་མ་ ༠༡
གོང་ས་མཆོག་གི་དབུ་ལམ་ལ་འགྲོ་ན་ལེགས་ཚུལ་དང་། རང་བཙན་རྩོད་བ་འབྲས་བུ་ཐོབ་དཀའ་ཚུལ་གསལ་པོ་གསུང་ཡོད་པ་ཚང་མས་ཤེས་གསལ་རེད། དེས་ན་གཞིན་ལྷན་གྱིས་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་ཡི་ཡོད་པ་བདེན་པ་ཡིན་ན་རང་བཙན་ལང་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་འདུག ་་་་ཟེར།
ད་གཞོན་ལྷན་གཉིད་སད་རན་པའི་དུཅིག་མ་ཡིན་ནམ། ད་དུང་ཡང་སྔར་གྱི་རང་ཤེད་ཨ་ཐས་བཟུང་ནས་སུ་ལ་ཕན་ནམ།
གཞོན་ལྷན་གལ་སྲིད་དབུ་མར་བཞུགས་པ་ཡིན་ན་ཡང་། ༸གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བཞུགས་ན་ནོར་བ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས་དབུ་མར་འཇུག་ན་ཡང་ནོར་བ་རེད། འོནད་ཀྱང་། གཞོན་ནུ་རང་གི་སྔ་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་དང་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་དེ་བས་ཀྱང་ང་ཀྱང་ནོར་བ་རེད་དོ།།
འཇམ་ནོར་དང་ལྷག་བསམ་གྱི་ཁ་གཏིང་ལ་བལྟས་ན། བོད་རང་བཙན་ཁ་ལ་འཁྱརེ་རྒྱུ་བཞག་ན་དགའ་སྙམ་ལགས།
སྤྱི་འཐུར་ཀར་འཕེལ་གྱི་ལྕེ་ལ་བལྟས་ན། ད་གཞོན་ལྷན་ཚོས་ཀྱང་ཁ་ལྕེ་གཉིས་ཀ་མཚུངས་པའི་དྲང་བདེན་ཅིག་བྱུང་ན་ཅི་མ་རུང་སྙམ་ལགས།
གཞོན་ནུ་ལང་ཕྱོགས་དབུ་མ་པར་འགྱུན་སོང་ན་གཞོན་ལྷན་དགོས་པ་མེད་དབུ་མའི་ལས་འགུལ་ཁང་ཡོད་ཡོད་པ་རེད་པ་མ་རེ་པས་དོན་དམ་གཞོན་ནུ་སྒོ་བརྒྱབ་དགོས་བཤད་པ་དང་གཅིག་མཚུངས་རེད།
དེ་སྔོན་ཡིན་ན་རྒྱ་ནག་གི་སྙིང་ནད་ཆེ་ཤོས་ཨང་དང་པོ་དེ་བོད་མིའི་སྒྲིག་འཛུགས་དང་གཉིས་པ་དེ་གཞོན་ནུ་ཚོགས་པ་ཡིན་པ་ཤེས་གསལ་རེད། ལྷག་པར་སྐབས་རེ་བོད་གཞུང་ལས་ཀྱང་གཞོན་ནུ་ཚོགས་པ་ཉེན་ཁ་ཆེ་བར་ངོས་བཟུང་གི་ཡོད་པ་ལྟ་བུའི་སྣང་ཚུལ་ཡོད། གལ་སྲིད་ད་རེས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ན་རྒྱ་ནག་གི་སྙིང་ནད་ཆེན་པོ་ཞིག་སངས་པ་རེད། གཞན་ཡང་རྒྱ་ནག་ནས་་༧གོང་ས་མཆོག་མིང་ཙམ་གྱིས་ཆབ་སྲིད་ཀྱི་དབུ་ཁྲིད་ལས་དགོངས་པ་ཞུས་པ་རེད་མ་གཏོགས་དོན་ལ་ཐམས་ཅད་ཁོང་གི་སྟངས་འཛིན་འོག་རེད་ཟེར་བ་དང་། གཞོན་ནུ་ཚོགས་པ་མིང་ལ་གཞུང་འབྲེལ་མིན་པའི་ཚོགས་པ་བརྗོད་ཀྱང་དོན་ལ་བོད་གཞུང་གི་རེད་ཟེར་བ། བོད་གཞུང་མང་གཙོ་ཡང་དག་པ་མ་རེད་ཟེར་བ་སོགས་ལ་བདེན་ཁ་ཆེན་པོ་ཞིག་སྟེར་བ་རེད།
གཞོན་ལྷན་དབུ་མར་བཞུགས་ན། ང་ནི་སླར་ཡང་གཞོན་ལྷན་ཚོགས་མིར་བཞུགས་འདོད་ཡོད།
ཚོགས་པའི་ལང་ཕྱོགས་གཞུང་དང་བསྟུན་ན་དེ་ཟླ་བསྒྲིལ་བཏང་བའི་དོན་ཡིན་རྒྱུ་མ་རེད་པ།
དེ་ལྟར་བསམ་མཁན་ཚོའི་བསམ་བློ་ལ་ནོར་འཁྲུལ་ཡོད་པ་རེད་སྙམ།
གང་ཡིན་ཟེར་ན་གཞོན་ནུའི་ལྟ་བ་དང་ལང་ཕྱོགས་གང་ཡིན་ཡང་རྩ་བའི་གཞུང་དང་མཐུན་དགོས་ངེས་རེད།
གཞོན་ནུ་རྩ་དོན་བཞིའི་ནང་ན་བོད་གཞུང་ལ་ཞབས་ཞུ་བྱེད་རྒྱུ་དང་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་བྱེད་རྒྱུའི་དམ་བཅའ་འཇོག་གི་ཡོད་རེད། ཁ་ཞེ་གཉིས་མེད་ཀྱིས་ལས་དོན་སྒྲུབ་དགོས་པ་ལས་འཇོན་མདོག་མགོ་བདེ་བྱེད་ས་ཡོད་མ་རེད། གཞོན་ནུ་ཚོགས་པ་ནི་ག་དུས་ཡིན་ན་ཕྱི་གསལ་ནང་གསལ་རེད་ལ་།བཙན་བྱོལ་ནང་གི་ཚོགས་པ་ཆེས་ཤོས་དང་ཡག་ཤོས་དེ་རེད། དེས་རྐྱེན་གྱིས་མི་དམངས་ཚོས་ཐ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་རེད།
དེ་འདྲ་ཞིག་མིན་པར་གཞུང་གི་ཁ་གཏད་དུ་ལངས་པ་དང་གཞུང་ལ་སྐྱོན་དུ་བཟུང་ནས་ནང་གྱོད་བརྒྱག་མཁན་ཞིག་ཡིན་ན་ཚོགས་པ་དེ་འདྲ་ཡོད་པ་ལས་མེད་ན་ཡག་གི་རེད། ང་ཚོ་ནི་རང་བཙན་ཡོད་མཁན་གཞན་དང་འདྲ་བར་ཆབ་སྲིད་ཀྱི་ཚོགས་པའི་ངོ་བོ་ནས་འགྲན་རྩོད་བྱེད་ཐུབ་པའི་བར་ཐག་ད་དུང་རིང་བོ་རེད། གཞན་ལ་དཔེ་ལྟ་བ་ནི་གླན་རྟགས་རེད། ང་ཚོ་ལ་རང་ཉིད་ཀྱི་ལས་དོན་སྒྲུབ་ཕྱོགས་དང་ལང་ཕྱོགས་ལ་རང་ལུགས་ཡོད་དགོས་ངེས་རེད། ཆ་སྲིད་ཀྱི་ཚོགས་པ་ཆུང་ཆུང་ཡོད་མི་ཆོག་པ་ཅང་ཡོད་མ་རེད་དེ་སྐབས་རེར་ནོར་འཁྲུལ་ཡོང་གི་ཡོད་རེད། དེ་འདྲ་ཡིན་ན་ཚོགས་པ་གང་ཡིན་ལ་ཧང་སང་ཡ་ཡོད་མ་རེད།
ང་ཚོའི་སྐྱབས་བཅོལ་ནང་རྙོག་གྲ་བཟོ་མཁན་ལས་ཕན་ཐོག་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད།
ངས་བལྟས་ན་གཞོན་ནུས་བོད་གཞུང་གི་བོད་དོན་སྒྲུབ་ཕྱོགས་ལ་རྒྱབ་སྐྱོར་དང་མཐུན་སྦྱོར་གནང་གི་རེད་སྙམ།
ད་ལྟའི་བར་དུ་ཡག་པོ་ཡོད་རེད་ལ་མ་འོངས་པ་ལ་ཡང་ཡག་པོ་བྱེད་དགོས་ངེས་རེད།
རྒྱུན་ལས་སྒེར་གྱིས་བསམ་ཚུལ་འཁུར་ནས་ཚོགས་པའི་བྱ་སྤྱོད་ལ་འགྱུར་བ་བཏང་ན་ཡག་པོ་ཡོད་མ་རེད།
ག་དུས་ཡིན་ན་ཕྱི་གསལ་ནང་གསལ་ཡོིན་དགོས་པ་ལས་སྣང་བ་གང་དྲན་དང་གསང་བ་གཞན་ཅིག་ཡོད་མདོག་མདོག་གིས་མི་དམངས་ལ་མགོ་སྐོར་བཏང་ན་འགྲིག་མ་རེད།
ཁ་ཤས་ཀྱིས་རང་དོན་ཁ་ལ་འཁྱེར་ནས་གཞོན་ནུའི་ལང་ཕྱོགས་ལ་འགྱུར་བ་ཕྱིན་ན་གཞོན་ནུ་སྒོ་བརྒྱབ་པ་རེད་མདོག་མདོག་གིས་དཀྲིགས་ཤིང་བརྒྱག་གི་ཡོད་རེད།
ད་དུང་གཞོན་ནུ་དབུ་མའི་ལམ་དུ་ཞུགས་ན་རྒྱ་མི་ལ་དགོས་པ་དེ་རེད་ལབ་གི་ཡོད་རེད། སྐད་ཆ་དེ་ཧ་ཅང་གི་འཚབ་ཆེན་རེད། དེར་ལམ་དབུ་མ་རྒྱ་མི་ལ་དགོས་པ་དེ་ཡིན་ན་ད་ལྟའི་བར་གྲོས་མོལ་ག་ཚད་གནང་ཡང་རྒྱ་མིས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ག་རེ་རེད་དམ།
དབུ་མའི་ལམ་དེ་རྒྱ་མིའི་དགོས་མཁོ་ཁོ་ན་དང་མཐུན་ན་ང་ཚོར་རྒྱ་བོད་གྲོས་མོལ་གྱི་ཐ་སྙད་ཁོ་རང་ཡོང་སྟངས་ཡོད་མ་རེད།
དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀར་ཕན་པའི་དབུ་མའི་ལམ་ཞིག་རེད། ཐབས་སྐྱོ་བ་ཞིག་ལ་ད་དུང་པེ་ཅིན་སྲིད་གཞུང་གིས་དོགས་པ་བྱེད་ཀྱིན་ཡོད་རེད་ལ། ཁས་ལེན་གྱིས་ཡོད་མ་རེད།
ང་ཚོས་འདིར་ལམ་དབུ་མ་རྒྱ་མིའི་དགོས་མཁོ་ཡིན་པར་བཤད་པ་ནི་རྨོངས་སྤྲུལ་རེད། གཞོན་ནུ་སྒོ་བརྒྱབ་པ་དང་མཚུངས་པ་རེད་བསམ་མཁན་དང་ལབ་མཁན་ནི་ངོ་མ་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་ཕྱིར་བསྟན་པ་རེད།
ཆབ་སྲིད་ཀྱི་སྐོར་བཤད་དུས་ཆབ་སྲིད་ལ་ནམ་རྒྱུན་དོ་སྣང་དང་རྒྱུས་མངའ་གང་མཚམས་ཡོད་དགོས་པ་ལས་ཁ་བདེ་བ་ཙམ་དང་ཡི་གེ་འབྲི་ཤེས་པ་ཙམ་གྱིས་ཡོང་ཐབས་མེད་པ་གསལ་བོ་ཡིན།
ག་ལེར་བཞུགས་རོགས་ཞུས་པ་ཡིན།
དངོས་གནས་རེད་ཤག། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན་ཚོགས་ཁོངས་ནས་ཐོན་གི་ཡིན་ཟེར་ནས་ཐོན་མཁན་འདི་དག་གིས་ཉིན་ཞིག་དབུ་མའི་ལམ་ཡང་འདོར་སྲིད་པ་རེད།
གང་ཡིན་ཟེར་ན་མི་འདི་དག་ལ་རང་ཚུགས་རྩ་བ་ནས་ཡོད་མ་རེད་ཤག།
ལྷོ་ཕྱོགས་ཁག་ལྔ་ཡི་གཙོས་ས་གནས་བརྒྱད་ཀྱི་ཚོགས་མི་རྣམས་གཞོན་ལྷན་ལས་ཕྱིར་འཐོན་པ་དེ་བྱབ་ཆུང་རེད་ གཞོན་ནུ་ཚོགས་པ་སྔར་ལས་སྲ་བརྟན་ཡོང་བའི་སྔོན་འགྲོ་ལྟ་བུ་ཡིན་ གང་ཞུ་ན་ཚོགས་པའི་ལངས་ཕྱོགས་ལ་ཡིད་ཆེས་མེད་མཁན་དེ་དག་འཐོན་པའི་རྒྱུ་མཚན་གྱིས་གཞོན་ལྷན་ཚོགས་མི་ནང་གི་རྙིགས་་འདོར་བཅུད་ལེན་ལྟ་བུ་རང་བཞིན་གྱིས་བྱུང་བ་ཡིན་ན་གཞོན་ནུ་རྒྱལ་བའི་ངོ་བོར་བལྟ་དགོས།
བསམ་གཏན་སྒྲོལ་མའི་སྐད་ཆ་དེ་ཆབ་སྲིད་ཀྱི་གོ་རྟོག་བཟང་ཞིང་གནས་ལུགས་ཡོད་པའི་སྐད་ཆ་རེད།
དབུ་མའི་ལས་འགུལ་ཁང་ནི་གཟུགས་བརྙན་ཙམ་གྱི་ཚོགས་པ་ཞིག་རེད་། ཕ་རོལ་རྒྱ་ལ་དབུ་མ་འགྲེལ་བཤད་མི་ཐུབ་པར་བོད་པ་ནང་ཁུལ་དཀྲུག་པའི་གཞི་མ་ཞིག་ཡིན་ཁ་སང་ཁོང་ཚོས་བྱས་སྟངས་དང་ལས་སྟངས་ལས་ཤེས་ཐུབ་པ་རེད་། གལ་སྲིད་དབུ་ལས་འགུལ་ཁང་ཁ་ཞེ་གཉིས་མེད་དང་ཤེས་འབྱོན་གཉིས་ལྡན་པ་ཞིག་ཡིན་ན་ཕར་རྒྱ་ལ་དབུ་མ་ངོ་སྤྲོད་ཅི་ཐུབ་དང་ཚུར་བོད་པར་རྒྱ་མི་དབུ་མ་ལ་རྒྱབ་བསྐྱོར་ཡོད་མཁན་ཚོའི་རྩོམ་རྣམས་བོད་ཡིག་ལ་བསྒྱུར་ནས་ངོ་སྤྲོད་ཐུབ་པ་ཡིན་ན་། དབུ་ལས་ཁང་ཡོད་པའི་དགོས་དོན་ཚང་ཡོད་།
ས་སྒོ་ཚང་གི་ཨ་ནེ་བསམ་གཏན་སྒྲོལ་མ་ལགས།
ལམ་དབུ་མའི་རྒྱ་བོད་འབྲེལ་མོལ་ག་ཚོད་བྱས་ཀྱང་ལམ་དབུ་མ་འདིར་མཚོན་མདོག་འདྲ་མིན་བྱུགས་བ་དང་མིང་འདྲ་མིན་བཏགས་ནས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ཨ་ནེ་ལགས་ཀྱིས་ཤེས་ཚོད་མི་འདུག། མ་གཞི་ཨ་ནེ་ལགས་ཞལ་འདོན་དགུ་སྐྱོར་གྱིས་བྲེལ་གཡེངས་ཁོ་ནས་དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་འགྲོ་སྟངས་སྡོད་སྟངས་ལ་གཟིགས་ལོང་བྱུང་མེད་ཤག།
དེས་ན་ཀྲུན་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་དཀའ་རྙོག་བསེལ་རྒྱུའི་འདུན་པ་ནམ་ཡང་མེད་པ་རེད་ལ་ལམ་དབུ་མའི་རང་སྐྱོང་མངོན་འདོད་ལ་མཚོན་མདོག་འདྲ་མིན་བྱུགས་པ་དང་མིང་འདྲ་མིན་བཏགས་ནས་ཁ་ཡ་མི་བྱེད་པ་འདིས་གསལ་བསྟོན་བྱས་པ་རེད་ལ། ལམ་དབུ་མས་ཀྲུང་གོའི་ཆ་ཤས་སུ་བསྡད་རྒྱུའི་མཁས་ལེན་དམ་བཅའ་བརྟན་པོ་ཡོད་མདོག་བསྟན་པ་དེས་ནམ་རྒྱུན་ཀྲུང་གོས་བོད་ཁ་བྲལ་དུ་འགྲོ་རྒྱུར་རྣམ་རྟོགས་འདྲ་མིན་གྱིས་དངངས་སྐྲག་འོག་ནས་གཉིད་སྐྱིད་དུ་མི་འཇུག་པ་དེ། ད་ཆ་གཞོན་ནུ་དབུ་མར་ཟླ་སྒྲིལ་བཏང་ན་ཁོ་ཚོ་དངངས་སྐྲག་མེད་པའི་འོག་ནས་བོད་ནང་རྐང་བརྐྱང་་ལག་བརྐྱང་གིས་འབྲེལ་མོལ་སྒོ་ཡངས་པོར་ཕྱེ་ཡོད་མདོག་གིས་རྒྱལ་སྤྱི་དང་ནུབ་ཕྱོགས་པར་མགོ་བསྐོར་གཏོང་གིན་གཏོང་གིན་གཉིད་སྐྱིད་དུ་འཇུག་རྒྱུ་དེ་ཁོ་ན་ལས་གཞན་བོད་རྒྱ་ཆེའི་མི་དམངས་ཀྱི་དཀའ་སྡུག་གི་འབོད་སྒྲ་དེ་རྒྱལ་སྤྱིའི་སྟེང་ཁུ་སིམ་མེར་གཏོང་རྒྱུ་དེ་རེད་པཱ།
ལར་ནས་གཞོན་ནུ་དབུ་མར་ཟླ་སྒྲིལ་བཏང་ན་བོད་དང་བོད་མི་རིགས་ཀྱི་དཀའ་སྡུག་བསེལ་རྒྱུར་འགན་ལེན་ཐུབ་བམ། དོན་དངོས་ཀྱི་ཕན་ཐོག་ག་རེ་ཡོད་པ་རེད། དྲི་བ་འདི་ཡིན།
གཞོན་ནུའི་ལངས་ཕྱོགས་དབུ་མར་བསྒྱུར་ཚར་ན་གཞོན་ནུ་ཚོགས་པ་ཟེར་བ་ཞིག་དགོས་དོན་ཡོད་མ་རེད།
ད་ལྟའི་གཞོན་ནུ་ཚོགས་པ་དེ་བཙན་བྱོལ་སྒྲིགས་འཛུགས་དང་བོད་རྒྱ་ཆེ་མི་དམངས་རྒྱ་ནག་གཞུང་སོགས་གང་ནས་ལྟོས་ཀྱང་གལ་ཆེན་དང་ཚོགས་པ་གནད་འགག་ཅན་ཞིག་ཡིན་པས་འགྱུར་བ་མ་གཏོང་རོགས་ཞུ་རྒྱུ་ཡིན།
གཞོན་ནུ་དང་དབུ་ལམ་གཉིས་ཀ་བོད་ལ་དགོས་ཀྱང་། གཞོན་ནུས་དབུ་ལམ་ལ་བརྒོལ་བ་དང་། དབུ་ལམ་པས་གཞོན་ནུ་ལ་བརྒོལ་བ་དེ་བཟང་པོ་ཞིག་མ་རེད་བསྙམ། ཆབ་སྲིད་ཀྱི་ལང་ཕྱོགས་མཐར་ཐུགས་རང་བཙན་པའི་ལྟ་གྲུབ་དག་རེད། ཆོས་དང་འབྲེལ་བའི་ལྟ་གྲུབ་དབུ་ལམ་པའི་ཕྱོགས་རེད། གཉིས་ཀ་བོད་མའི་སྒྲིག་འཛུགས་ཀྱི་ཁྲོད་དུ་དགོས་ངེས་པ་ཅན་རེད། ཡིན་ན་ཡང་སྒྲིག་འཛུགས་ཀྱི་སྲིད་གཞུང་རང་ངོས་ནས་དབུ་ལམ་གཅིག་ལས། རང་དབུ་གཉིས་ཀ་མཉམ་དུ་ལག་ལེན་བསྟར་
ཁག་པོ་རེད།
ཞོལ་གཡག་འབྲོང་བརྒྱུད་ལགས་ཀྱི་བཤད་པ་ལྟར་ཨ་ཎི་བསམ་གཏན་སྒྲོལ་མ་ལགས་རང་གི་སྲིད་དོན་ཐོག་གི་རྒྱལ་རབ་ལོ་རྒྱུས་མ་གཟིགས་པར་དཔེ་ཆ་ཁོ་ནར་བལྟས་པའི་རྐྱེན་གྱི་དབུ་མ་དང་དབུ་མ་ཞེས་བཤད་པ་ཁག་མེད་པ་ཡིན་པས་སྙིང་རྗེའི་རང་བཞིན་དུ་བལྟ། འཛམ་གླིང་འདིའི་སྟེང་རང་དབང་བརྩོད་པའི་རྒྱལ་ཁབ་དང་མི་རིག་ཇི་རྙེད་ཞིག་བྱུང་ཡོད་པས་ཚང་མས་ཤར་དང་ཡང་ན་ཚང་མས་ནུབ་ཅེས་ཕྱིན་ཏེ་གྲུབ་འབྲས་ཐོབ་པ་ཧ་ལམ་མེད། རང་རེའི་གནས་ཚང་རྒྱ་གར་རྒྱལ་ཁབ་ལ་ཆ་མཚོན་ན་ཡང་སྐྱེ་བོ་སོ་སོའི་མོས་པ་དང་མཐུན་པའི་རང་དབང་བརྩོན་ལེན་བྱས་པ་ཤེས་གསལ་རེད་འོན་ཀྱང་ཚང་མའི་ལྟ་བ་ཐ་དད་ལས་དམིགས་ཡུལ་གཅིག་ཡིན་སྟབས་ཕན་ཚུན་འགལ་འདུ་མེད་པའི་ཐོག་ནས་རང་རང་གི་ལྟ་གྲུབ་འཛིན་ཚེ་ང་ཚོར་དགོས་རྒྱུ་དེ་རེད། བསམ་གཏན་ལགས་ཀྱི་ཕྱོགས་གཅིག་ཁོ་ན་མཐོང་བ་ལས་མི་རིགས་གཅིག་གི་འཐབ་བརྩོད་ནི་ལོ་ངོ་སྟོང་ཕྲག་ལ་བསམ་དགོས་པ་ལས་ཞོགས་པ་ཡར་ལངས་སྟེ་ཇ་དང་བག་ལེབ་ཁོ་ན་ལས་བསམ་རྒྱུ་མེད་ཚེ་དེར་བསམ་པའི་ཚད་མི་ལྡན་པར་ངོས་འཛིན་བྱེད། དེ་བས་གཞོན་ལྷན་གནས་དགོས་ལ་ལྟ་བ་རྒྱུན་འཁྱོངས་དགོས། བབ་ལྷིང་བརྟན་གསུམ་བྱ་དགོས།
གྲགས་པ་རྣམ་ཐོས་ལགས་ནས་གསུངས་པ་བདེན་པ་རེད།
བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་ཐ་དད་པ་མང་པོ་དགོས་པ་རེད། དེ་ལྟར་ཡོད་ན་ད་གཟོད་སྤྱི་ཚོགས་ཡར་རྒྱས་དང་འཐབ་རྩོད་ཀྱི་ནུས་པ་ཐོན་ངེས་རེད།
དེ་ལྟར་ཡོད་ན་རྒྱ་དམར་གཞུང་ལ་ལས་ཀ་མང་བ་ཡོད་པས་དཀའ་ངལ་དང་གདུང་ལེན་བྱེད་སའང་མང་བ་ཡོང་གི་ཡོད་རེད།
ཆོས་ཕྱོགས་དང་ཡ་རབས་སྤྱོད་བཟང་གི་འགྲོ་སྟངས་དང་ཆབ་སྲིད་ཀྱི་འགྲོ་སྟངས་མ་འདྲ་བ་རེད། རྒྱ་དམར་པོ་གཞུང་གིས་ཡ་རབས་རེད་ཟེར་བཅས་ང་ཚོར་ཁེ་ཕན་ཞིག་གཏན་ནས་སྤྲད་མི་ཡོང་།
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་འདྲ་མིན་སྣ་ཚོགས་དགོས་ལ་དེ་ཚོ་ཚང་མས་ཐབས་ཤེས་ཡོད་ཚད་བཏོན་བྱས་རྒྱ་དམར་གཞུང་ལ་བྱ་དཀའ་བ་བཟོད་དགོས།
ང་ཚོ་བོད་མི་སྒེར་བ་དང་ཚོགས་པ་ཚང་མའི་དམིགས་ཡུལ་གཅིག་ཡིན་པས་ལྟ་བའམ་ལངས་ཕྱོགས་མ་འདྲ་བས་གནོད་མི་ཡོང་།
ད་རེས་ཚོགས་འདུ་ནས་ཐོན་འགྲོ་མཁན་ཚོགས་པ་བརྒྱད་པོ་དེའི་བྱེད་སྟངས་ཧ་ཀྱང་ཐལ་དྲགས་པ་རེད།
ངས་སྔར་ནས་ཞུས་ཟིན་པ་ཡིན།
ཡིན་ན་ཡང་ངས་ཁྱེད་རང་ཚོར་དྲི་བ་འགའ་ཤས་འདྲི།
གཞོན་ནུ་ཚོགས་པ་བཙུགས་ནས་མི་ལོ་འདི་ཉིད་ཅིག་སོང་ཟིན་ན་ཡང་བོད་རང་བཙན་སྔར་བཞིན་གྲགས་མེད་རེད། དེའི་རྒྱུ་མཚན་ག་རེ་རེད་དམ།
ད་ལྟའི་བར་དུ་རང་བཙན་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་རང་བཙན་གྱི་ཐབས་ལམ་གཅིག་ཀྱང་རྙེད་མེད། དེའི་རྒྱུ་མཚན་ག་རེ་ཡིན་ནམ།
ད་ལྟའི་བར་དུ་རང་བཙན་མ་བླངས་པར་བསྐྱུར་དགོས་དོན་ཅི་ཡིན་ནམ།
ད་ནས་ལེན་ཐུབ་པའི་གདངས་ཚོད་ཅི་ཞིག་ཡོད་དམ།
གཞོན་ནུ་དང་པོར་བཙུགས་དུས་རྒྱ་རྒོལ་གྱི་ཆེད་དུ་ཡིན་པ་ལས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་རྒོལ་ཆེད་ཡིན་རྒྱུ་མ་རེད་པ།
གཞོན་ནུ་ལ་ཤ་ཚ་ཡོད་མདོག་གིས་བོད་རྒྱ་འབྲེལ་མོལ་ཆད་དུ་བཅུག་པའི་འགན་ཁྱེད་ཚོས་འཁུར་ཐུབ་བམ།
བོད་ཀྱི་ཆོས་དང་རིགས་གཞུང་སྲུང་སྐྱོབས་བྱེད་པ་ལ་བོད་གཞུང་ལས་ལྷག་པ་ཅིག་གཞོན་ནུ་ཡིན་ཟེར་མཁན་ཚོས་བྱེད་ཐུབ་ཀྱི་རེད་དམ།
བོད་གཞུང་སྒོ་བརྒྱབ་པ་གཞོན་ནུའི་རེ་བ་འགྲུབ་པ་ཡིན་རྒྱུ་མ་རེད་པ།
གཞོན་ནུ་དང་པོར་བཙུགས་དུས་བོད་གཞུང་ལ་རྒྱབ་སྐྱོར་དང་ཁ་མནོན་གྱི་ཚུལ་དུ་བཙུགས་པ་རེད་དང་མ་རེད།
གཞོན་ནུ་ལ་རྒྱལ་བ་རིན་པོ་ཆེའི་ཞལ་ལ་མི་ཉན་པ་དང་བོད་མིའི་སྒྲིག་འཛུགས་གཞུང་མ་རྩིས་ཀྱང་ཅི་སྐྱོན།
ཡིན་ན་ཡང་རང་བཙན་ག་དུས་ལེན་གི་ཡིན་ནམ།
དུས་ཡུན་རིང་བོ་ཅི་ཙམ་དུ་སྒུག་དགོས་པ་རེད་དམ།
བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་བཏང་ཚར་བའི་རྗེས་ནས་རེད་དམ།་་ཡང་ན་སྔོན་ལ་རེད།
ཕྱི་རྒྱལ་ལ་དཔེ་མ་སྦྱར། སྣ་འཐེན་ཡང་ཁ་ནང་ལ་སླེབས་ཀྱི་མ་རེད་སྙམ།
ངས་བལྟས་ན་གཞོན་ནུ་ཚོགས་པ་ནི་ཚོགས་པ་ཡག་པོ་ཞིག་རེད།
སྐབས་རེར་ལས་བྱེད་ཚོས་ལྟ་སྤྱོད་དང་ལས་ཀ་བྱེད་སྟངས་ཀྱི་ཧེ་བག་ཅིག་ཏན་ཏན་ཡོད་པ་འདྲ་བོ་ཞིག་མཐོང་སོང་།
ཡིན་ན་ཡང་དྲྭ་འབུ་ཐབས་ཇུས་ཅན་ཟེར་བ་རྒྱ་མིན་བོད་མིན་དེ་དང་གྲགས་པ་གནམ་ཐོས་ཟེར་བ་བོད་ཡིག་གི་ཁོངས་ཁྱོལ་གྱི་མེད་པ་དེ་དང་། རྒྱ་འབྲུག་སྡེར་ལྔ་སོགས་ཀྱིས་གཞོན་ནུ་ཁ་ལ་འཁྱེར་ནས་ཐན་སྐད་གནམ་ལ་མི་ཤོང་བ་ཞིག་བསྒྲགས་ཀྱང་ཕན་ཐོག་ཡོད་མ་རེད།
ངས་བལྟས་ན་ཁྱོད་ཚོས་གནམ་ས་དཀྲིགས་ཐུབ་ཀྱི་མི་པ་འདྲ་།
ཁྱེད་ཚོས་འཚོ་བ་སྐྱེལ་ཐུབ་ཙམ་བྱུང་ན་འགྲིག་གི་ཡོད་རེད།
བོད་གཞུང་དང་གཞོན་ནུ་མ་ཡིན་པའི་ཁྱེད་ཚོ་མི་རེ་ངོ་རེ་ནས་ག་རེ་བྱེད་ཐུབ་ཀྱི་རེད་དམ།
སྦ་མགོ་སྦ་རྒྱོབས། སྡེ་བ་གཞུང་གི་དོན་དག་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་ཀྱི་རེད།
བོད་གཞུང་ལ་མིང་ག་རེ་བཏགས་ན་མ་བཏགས་ན་བྱ་སྤུ་མནོན་གྱིས་ཚུལ་དུ་ཚང་མ་ཡོད་རེད་དོ།
འོ་ཙི། ཨ་ནེ་བསམ་གཏན་སྒྲོལ་མ་ལགས། འུར་མ་བརྒྱགས། ཨ་ནེ་དགེ་ཤེས་མ་དང་པོ་ཐོན་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕངས་ཐོབ་སོང་བསམ་པ་ཨེ་རེད། ཧ་ཧ། འོན་ཀྱང་ཆབ་སྲིད་རིག་པའི་གཞུང་ལུགས་ཐད་སྒོར་ཐིག་ཡིན་པ་མ་བརྗེད་པ་བགྱིས་ཨ།
དེས་ན་དྲི་བ་དང་པོའི་ལན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ཇི་རྙེད་ཅིག་སོང་ཟིན་ཡང་བོད་རང་བཙན་སྔར་བཞིན་གྲགས་མེད་ཡིན་པ་ཅི་ཁག། སྟེང་གི་ལྷས་གནོད། བར་བཙན་གྱིས་གནོད། འོག་གིས་ཀླུས་གནོད། དེ་ལས་གནོད་པ་ཆེན་པོ་མགོ་ཐོག་ཏུ་བབས་པ་ནི་བྱུང་རབས་ལ་ཕྱིར་མིག་ཅིག་བགྲད་ནས་གཟིགས་དང་། ཨ་ནེ་ཁྱོད་འདྲ་བའི་ཆོས་འབག་བགྱོན་པའི་ཆབ་སྲིད་ཀྱི་འཁྲབ་སྟོན་པ་མང་དག་ཅིག་གིས་བོད་འདི་འཛམ་གླིང་ལ་མ་བསྟན་པར་མུན་ཁུག་ཏུ་བཞག་ཏེས་རང་རང་གིས་དབང་ཆ་འཕྲོག་རྩོད་དང་ལྷ་ཆོས་རིང་ལུགས་ཀྱི་གྲུབ་མཐའི་འཐེན་འཁྱེར་ཁོ་ནས་བོད་འདི་བསྐྱལ་ས་གཅིག་ལ་བསྐྱལ་ལྷུངས་ས་གཅིག་ལ་ལྷུངས་བཅུགས་པ་འདིས་བྱས་པ་རེད་དོ། འོ་ན་ལམ་དབུ་མ་འདི་དབུ་བརྙེས་ནས་ལན་དགུ་ཆད་མཐུད་ཀྱིས་རྒྱ་བོད་འབྲེལ་མོལ་གྱིས་རྡ་ས་དང་པེ་ཅིང་གི་ཕར་འགྲོ་ཚུར་འོང་གི་བརྒྱུད་རིམ་ནང་འབྲས་བུ་སྒོར་ཐིག་ཡིན་པ་མ་ཟད་ད་ཆ་སྒོ་ཕར་ག་ཚོད་བརྡུང་ཡང་ཨ་ལན་མི་བསྟེར་བ་དང་གོ་རྒྱུ་ཚོད་རྒྱུ་མེད་པ་དེ་ཅི་བྱས་སོང་བ་རེད།
དྲི་བ་གཉིས་པའི་ལན་དུ། བོད་འདི་རྒྱ་གུང་ཁྲན་གྱིས་བཙན་པོ་ཧམ་བཟུངས་བྱས་པ་ལས་ཀྲུང་གོའི་ཆ་ཤས་མིན་པར་ལོ་རྒྱུས་བདེན་པ་དང་བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་རང་བཙན་ཡིན་པ་འདི་འཛམ་གླིང་ལ་ས་བསྒྲགས་གནམ་བསྒྲགས་བྱས་པ་འདི་ཐབས་ལམ་ཞིག་མིན་ན་ཅི་རེད། འོ་ན་རང་བཙན་ས་བསྒྲགས་གནམ་་བསྒྲགས་བྱས་པ་འདིས་ཁྱོད་ལྷ་ཆོས་རིང་ལུགས་དང་དབུ་མ་པ་ཚོ་ཐུགས་སྙིང་གས་གྲབས་བྱེད་དགོས་པའི་རྒྱུ་མཚན་ཅི་རེད། གུང་ཁྲན་ལ་གཅིག་གཟིགས་དང་རྫུན་བརྒྱ་བསྒྲགས་ན་བདེན་པ་གཅིག་འགྱུར་རེ་ཡིས་རྒྱལ་སྤྱིའི་སྟེང་དུ་འགྲོ་གྲོན་འཕོན་ཆེན་བཏང་དང་གཏོང་བཞིན་པ་འདི་ཨ་ནེ་ཁྱོད་ཚོ་མཐོང་འདོད་མེད་པར་མིག་ལག་པས་བཀབ་བསྡད་པ་མིན་ན་ཅི་རེད། དེ་ལྟ་བས་ན་བོད་དང་བོད་མི་རིགས་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་བདེན་པ་རང་བཙན་དེ་ཁ་ནས་ལབ་མི་བདེ་བ་དང་བཤད་མི་ནུས་པའི་རྒྱུ་མཚན་ཅི་རེད། མ་གཞི་ཁྱེད་ལྷ་ཆོས་རིང་ལུགས་པ་ཚོ་རྨོངས་ཞེན་གྱིས་འཛམ་གླིང་གི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོར་བལྟ་འདོད་མེད་པ་དེས་བྱས་པ་རེད།
ལར་ནས་བོད་མི་རིགས་འདི་བྱམས་སེམས་ཆེ་མདོག་དང་། སྙིང་རྗེ་ཆེ་མདོ། གཏོང་འཕོད་ཆེ་མདོག་གིས་ཡོད་ཚད་མགོ་འབུལ་ལུས་འབུལ་ཞུས་པ་འདིས་དགྲ་བོས་དམར་གསོད། བཙོན་འཇུག། བརྡུང་རྡེག་ཚ་ནན་ག་རེ་བཏང་ཡང་ད་དུང་འཁུར་ནས་གྲོགས་པོ་ཡིན་མདོག་སྨྲས་པ་འདིས་འཐབ་རྩོད་ཀྱི་ཐབས་ལམ་ཐམས་ཅད་འགགས་ཟིན་པ་རེད།
དེས་ན་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནས་དོན་བསེལ་རྒྱུའི་འདུན་པ་ནམ་ཡང་མེད་པ་རེད་ཞེས་གོང་དུ་ཞུས་པ་ལྟར་ལམ་དབུ་མའི་རང་སྐྱོང་མངོན་འདོད་ཡིག་ཆ་དེར་རྒྱ་ནག་བཞི་ཆ་གཅིག་ཁ་བྲལ་དུ་འགྲོ་ཡི་ཡོད་པ་བཤད་པ་རེད་ལ་བོད་ལ་ཚད་མཐོའི་རང་སྐྱོང་སྤྲད་ན་གྲངས་ཉུང་མི་རིགས་གཞན་ཁག་ག་རེ་སྤྲད་དགོས་པ་རེད། རྒྱུ་མཚན་དེས་ཀྲུང་གོ་ཟང་ཟིང་དུ་འགྲོ་རྒྱུར་དངངས་སྐྲག་ཆེན་པོ་སྐྱེས་ཀྱི་ཡོད་ཙང་མཚོན་མདོག་འདྲ་མིན་དང་མིང་འདྲ་མིན་བཏགས་ནས་སྟོང་ལོག་བཏང་བ་དེས་ར་སྤྲོད་གསལ་པོ་ཟིན་པ་རེད། འོ་ན་དབུ་མ་པ་ཚོར་ཐབས་ལམ་ཡག་ག་འདྲ་ཞིག་གཞན་པ་ག་རེ་ཡོད་པ་རེད། གཅིག་རང་གཅིག་ཡོད་པ་དེ་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་རྒྱུ་དེ་མ་གཏོག་ཧ་ལམ་ལྷག་མེད་པ་འདྲ་ཞིག་རེད།
ད་དུང་དྲི་བ་གཞན་ཁག་ཨ་ནེ་ལགས་ཞལ་འདོན་དགུ་སྐྱོར་གྱིས་ཐུགས་བྲེལ་མེད་ན་ག་ལེར་ཞུས་ཆོག།
གཅིག་པ་རེད། བོད་གཞུང་དམངས་གཉིས་ནས་དབུ་མའི་ལམ་རྩོད་ནས་ལོ་ངོ་དེ་སྙེད་ཅིག་སོང་ཡང་གྲགས་འགུལ་དང་ཡ་ལེན་ཅི་ཡང་མེད་པ་གང་རེད།
བོད་སྐད་སྡེ་ཚན། | གསར་འགྱུར།
གཞོན་ནུ་ཀྱི་རྒྱུན་ལས་གསར་པ།
2013-06-01
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
པར་བཀོད།
འགྲེམ་སྤེལ།
མཆན།
གློག་འཕྲིན།
གཞོན་ནུ་ཀྱི་རྒྱུན་ལས་གསར་པ།
ཕྱི་ཚེས་༡ཉིན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་མཇུག་སྒྲིལ་དང་འབྲེལ་དབུས་རྒྱུན་ལས་གསར་པ་བདམས་ཡོད་པའི་གནས་ཚུལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས། ་་་་་་་
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དང་བོད་ལ་གཟིགས་དང་། གཞོན་ན་ཀྱི་་་་་ ཧཧཧཧཧ།
བོད་སྐད་ལ་གཟིགས་དང་། གཞོན་ནུ་ཀྱི་་་་་ ཧཧཧཧཧ།
ད་འུར་རྒྱབ་རུང་མ་རྒྱབ་རུང་རང་བཙན་རྩོད་ནས་འབྲས་བུ་ཐོབ་ཐུབ་པའི་གདེང་ཚོད་སུ་གང་ལ་ཡོད་མ་རེད། རེ་བ་ཅུང་ཟད་ཡོད་པ་ནི་ལམ་དབུ་མ་འདི་རེད། རེ་བ་མེད་ས་ལ་ཨུ་ཚུག་རྒྱག་དགོས་སམ། རེ་བ་ཡོད་ས་ལ་འབད་རྩོན་བྱེད་དགོས་དེ་ལྟ་རྒྱུ་རེད།
ཨ་ནེ་བསམ་གཏན་ཚང་གི་དྲི་བ་གསུམ་པའི་ལན་དུ།
ད་ལྟའི་བར་དུ་རང་བཙན་མ་བླངས་བར་བསྐྱུར་མཁན་དེ་གཞོན་ནུ་ལྷན་ཚོགས་མ་རེད། དབུ་ལམ་པ་རེད། དང་པོ་རང་བཙན་ལེན་རྒྱུ་ཡོད་མདོག་གིས་ཆིངས་ཡིག་དོན་མཚན་བཅུ་བདུན་རྩིས་མེད་ཀྱིས་བཙན་བྱོལ་གནང་བ་རེད། མ་གཞི་རང་བཙན་འདི་ལག་ཏུ་བླངས་དབང་ཞིག་དང་བསྐྱུར་དབང་ཞིག་ཡོད་ཚོད་མི་འདུག། བྱས་ཙང་གཞོན་ནུ་ལྷན་ཚོགས་ཀྱིས་ལངས་ཕྱོགས་དང་ལྟ་གྲུབ་རྐྱང་པའི་རང་བཙན་དེ། དེ་རིང་ཁ་སང་བླངས་བསྐྱུར་བྱེད་རྒྱུ་ཡོད་མདོག་བྱས་པ་མ་རེད་པས། འདིའི་བྱེད་གཏེ་ཚང་མ་མགོ་ལ་སྐྲ་དཀར་སྐྱེས་ཀྱང་གཞོན་ནུའི་མིང་འཛིན་པ། རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་གྱི་སྙིང་རྩ་ཆད་ཟིན་པའི་ཤོག་ཁག་གིས་ལམ་དབུ་མའི་བང་འགྲོས་མེད་པའི་རྟ་ཕོར་བཞོན་ན་གང་མགྱོགས་ཕ་ཡུལ་དུ་སླེབས་ཐུབ་ཀྱི་རེད་སྙམ་པ་མིན་དྲོ། དེ་ནི་ཅི་ཁག་ཁ་རྒྱུན་ལ། མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་བྱས་པ་རེད།
དྲི་བ་བཞི་པའི་ལན་དུ། ད་ནས་བཟུངས་ནམ་ཞིག་ལེན་ཐུབ་པའི་གདེངས་ཚོད་ཅིག་ཡོད་དགོས་པ་དེ་རྟག་བརྟན་འགྱུར་མེད་ཅིག་མིན་པ་རང་བཞིན་གྱིས་མཁས་ལེན་དགོས་པ་རེད་ལ། འཛམ་གླིང་འདིར་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་ཕར་ཤོར་ཚུར་ཐོབ་ཀྱི་ལོ་རྒྱུས་འགྱུར་བ་རང་བཞིན་གྱིས་ལན་འདེབས་བྱས་པ་རེད། རང་གི་ཁ་གཏད་ཀྱི་དགྲ་བོ་དེ་ཡང་ད་ལྟའི་སྟོབས་ཤུགས་དང་ནུས་པ་དེ་ཡང་རྟག་བརྟན་འགྱུར་མེད་ཅིག་ཁྱོད་ཀྱིས་མཁས་ལེན་ཨེ་ཐུབ། དེས་ན་མི་རིགས་འདི་ལ་མི་བུའི་སྒལ་ཚིག་དང་བཙན་པོའི་སྙིང་སྟོབས་དང་ནམ་ཡང་ཁ་བྲལ་མི་རུང་བ་རེད་ལ། མི་རིགས་ཀྱི་འདུ་ཤེས་དང་བསམ་བློ། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་གདུང་ཞེན་ནམ་ཡང་དོར་མི་རུང་བ་དེ་རེད།
འོ་ན་ལམ་དབུ་མའི་རང་སྐྱོང་ལེན་ཐུབ་པའི་གདེངས་ཚོད་ཅི་ཞིག་ཡོད་དམ།
དྲི་བ་ལྔ་པའི་ལན་དུ། གཞོན་་ལྷན་གྱིས་ལས་འགུལ་ག་རེ་སྤེལ་ཡང་རྒྱ་ཞུང་ལ་རྒོལ་བ་མ་གཏོག་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་རྒོལ་བའི་ལམ་ལུགས་གཅིག་དེ་སྔ་ཕན་ལ་ངས་མཐོང་མ་སོང་། གལ་ཏེ་ཁྱོད་ཀྱིས་མཐོང་ཡོད་ན་སྒྲུབ་བྱེད་ཡང་དག་དང་བཅས་གནས་གང་དུ་དང་དུས་ག་དུས་རྒོལ་བ་རེད། གཞོན་ནུ་ཚོགས་པས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་དང་འགལ་ནས་བཙན་བྱོལ་གཞུང་དང་༧རྒྱལ་བ་རིན་པོ་ཆེར་རྒོལ་བ་རེད། དེ་ཞིབ་ཕྲ་དང་ཁུངས་སྐྱེལ་ར་སྤྲོད་ཅིག་མེད་ན་བཙན་བྱོལ་གཞུང་དང་༧རྒྱལ་བ་རིན་པོ་ཆེ་གཞོན་ནུ་ལྷན་ཚོགས་དབར་དཀྲོག་གཏམ་གྱི་སྐད་ཆ་རེད་ད། སྐྱོན་བརྗོད་ཏོག་ཙམ་བྱས་པ་དང་རྒོལ་བ་རེད་ཟེར་ན་འདི་ཉེན་ཁའི་རང་བཞིན་རེད་ད། གཞུང་དང་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་དམངས་གཙོའི་ཁྲིམས་ལུགས་གང་དུ་གསལ་ཡོད་པ་རེད། དམངས་གཙོའི་རྒྱལ་ཁབ་སུའི་ལམ་ལུགས་རེད།
ལར་ནས་གཞོན་ནུ་དང་པོ་བཙུགས་དུས་དམིགས་ཡུལ་གལ་ཆེན་ཞིག་ཡོད་པ་ནི་གཞོན་ནུ་ཚོས་དེང་རབས་ཀྱི་སློབ་སྦྱོངས་ལ་བརྟེན་ནས་ཆབ་སྲིད་དང་དེང་རབས་ཀྱི་དམངས་གཙོའི་འགྲོ་སྟངས་དང་འདུག་སྟངས་སོགས་གང་མཚམས་ཤེས་ཀྱི་ཡོད་ཙང་དེ་བཙན་བྱོལ་གཞུང་དང་སྤྱི་ཚོགས་སྣེ་འཁྲིད་རྒྱུའི་ཆེད་དུ་བཙུགས་པ་ཞིག་ལས་གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་གཏོང་ཆེད་བཙུགས་པ་ཞིག་ཕལ་ཆེར་ཡིན་ཚོད་མ་རེད།
དྲི་བ་དྲུག་པའི་ལན་དུ། གཞོན་ནུ་ལ་རྒྱབ་སྐྱོར་དང་ལྟ་བ་དང་ལང་ཕྱོགས་མཐུན་པ་ཚོས་རྒྱ་བོད་འབྲེལ་མོལ་ཆད་དུ་བཅུགས་པར་འདོད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། ཁྭ་ཏས་མི་གཙང་བཟོས་པ་དེ། ས་ཕྱོགས་གཙང་མ་དག་ལ་འཕྱིས། ཟེར་བ་དེ་འདི་འདྲ་ལ་ཟེར་བ་ཡིན་རྒྱུ་རེད། བྱས་ཙང་རྒྱ་བོད་འབྲེལ་མོལ་ཆད་པ་མ་ཟད་ད་ཆ་སྒོ་ཕར་ག་ཚོད་བརྡུང་ཡང་ཨ་ལན་མི་བསྟེར་བའི་རྒྱུ་མཚན་རིམ་པ་བཞིན་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་བྱེད་རྒྱུ་མིན།
ད་དུང་དྲི་བ་ལྷག་མ་རྣམས་དུས་ཁོམས་བྱུང་བ་དང་རིམ་པས་ཞུས་ཆོག་པས་སྙན་བསུན་མེད་པ་ཅིག།
༥༤༽ ལུང་རྟོགས་ནས། སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢ གི་ཆུ་ཚོད་ ༦ སྐར་མ་ ༤༩ ད་འུར་རྒྱབ་རུང་མ་རྒྱབ་རུང་རང་བཙན་རྩོད་ནས་འབྲས་བུ་ཐོབ་ཐུབ་པའི་གདེང་ཚོད་སུ་གང་ལ་ཡོད་མ་རེད། རེ་བ་ཅུང་ཟད་ཡོད་པ་ནི་ལམ་དབུ་མ་འདི་རེད། རེ་བ་མེད་ས་ལ་ཨུ་ཚུག་རྒྱག་དགོས་སམ། རེ་བ་ཡོད་ས་ལ་འབད་རྩོན་བྱེད་དགོས་དེ་ལྟ་རྒྱུ་རེད།་་་་ཟེར།
གང་ལྟར་ད་རེས་གཞོན་ནུའི་ཚོགས་ཆེན་ཐོག་རྒྱུན་ལས་གསར་འདེམས་བྱུང་བ་དང་། རང་གཙན་གྱི་ལྟ་བ་སོར་གནས་ཐུབ་པ་ལ་བཀྲིས་བདེ་ལེགས་ཞུ།།
གཞོན་ནུའི་ཚོགས་ཆེན་ཐོག་རྒྱུན་ལས་གསར་འདེམས་བྱུང་བར་བཀྲིས་བདེ་ལེགས་ཞུ།་འོས་ཀྱང་། ཁ་ཙམ་གྱི་རང་བཙན་གྱི་ལྟ་གྲུབ་སོར་གནས་ལ་རྒྱབ་སྐྱོར་མེད་དོ།།
རང་ཁ་རང་གི་མ་བཀབ།
སྣ་མང་ཐབས་ལམ་མ་བསྒྲིབ།
གཉིས་ཕན་དབུ་མ་མ་དོར།
ལེགས་ཉེས་མིག་གི་བལྟ་རོག།
གཞན་གྱིས་བཙན་དབང་མི་འདུག།
ཐབས་ལམ་གདམ་གསེས་མ་བྱེད།
གཅིག་ཕན་གཅིག་དོར་གང་གང།
འགལ་མེད་ལག་ལེན་ཤེས་དགོས།