འཁྱམས་པོ།
རྡུལ་འཚུབ་དང་ན་བུན་ཁྲོད་ན།
ཁྱོད་ནི་ནག་ཉེས་གནམ་སར་མི་ཤོང་པའི་ཉེས་ཅན་ཞིག
ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་དེ་ཁྱོད་གོ་ལ་འདིའི་སྒང་ནས་གཙང་བཟོ་བྱས་ན་འདོད།
འོན་ཀྱང་དེ་ག་ལ་ཆོག
ཁྱོད་ནི་འབྱུང་བ་བཞིའི་ཡ་ཀྱལ་གཅིག་སྟེ་ངའི་ཕུང་ཁམས་ཀྱི་གྲུབ་ཆ་ཞིག
ཚ་གདུང་དང་རྔུལ་ཆུས་ཁྲོད་ན།
ཁྱོད་ཀྱི་བསིལ་འཇམ་གྱི་རླུང་བུ་དལ་མོས་ལག་ཟུང་གིས་བྱིལ་བྱིལ་རེ་བསམ་ན།
ཁྱོད་ནི་ཇི་འདྲའི་རླབས་ཆེན་ཞིག
ངས་ཁྱོད་རང་ཁོ་ན་ལས་འབྱུང་ཁམས་གཞན་རྣམས་དགོས་མེད་རེད་འདོད།
འོན་ཀྱང་དེ་ག་ལ་ཆོག
འབྱུང་པ་གཞན་རྣམས་མེད་ན་ངའི་ཟག་ཕུང་འདི་གྲུབ་མི་ཐུབ།
ཡོད་རྒུ། ཞེས་པ་དེ། ཡོད་དགུ། ཞེས་དགོས་ཀྱང་། ད་སྔོན་འཇུག་དེ་ར་དང་ས་ལ་འབོད་ཚུལ་གཉིས་སུ་འགྱུར། དཔེ་ཆ་སྤར་བ། ཞེས་དག་པར་ཡིན་ཀྱང་། ས་ད་ལ་གྱུར་ནས། དཔར། ཞེས་པ་དང་། ལ་དྭགས་ཁ་སྐད་དུ། དཔའ་བོ་ལ་སྤ་བོ་དང་། དཔལ་ལ་སྤལ། དེ་བཞིན་དགུ་ལ་རྒུ་ཟེར་རོ།།
བཀའ་དྲིན་ཆེ་་་་་དེར་ཉམས་མ་བཞག་པས་དེ་ལྟར་ཤོར་འདུག་་་་་་