མཁོ་སྤྲོད་པ། ཆོས་འབྱོར།
༡༽ ང་ཚོའ་དྲ་བ་གསར་བ www.tibetan.org ལེགས་གྲུབ་བྱུང་བས། འཛམ་གླིང་གི་གྲུ་ཟུར་སོ་སོར་འཁྱམས་པའི་མཛའ་མཐུན་བོད་ཡིག་ཀློག་པ་པོ་ཚང་མས་སྐབས་རེར་ངལ་གསོའི་བར་གསེང་ཞིག་གི་ཚུལ་དུ་དྲ་བ་འདིར་སྐོར་རེ་རྒྱག་རོགས་ཞུ།
༢༽ ད་ལོའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་འཚོགས་ལ་ཉེ་བས་ཚོགས་དངུལ་རྩིས་འབུལ་ཞུ་དགོས་ན། ཚོགས་མི་རྣམ་པས་༢༠༡༢ ནས་༢༠༡༤ བར་གྱི་ལོ་གསུམ་གྱི་ཚོགས་དངུལ་ལྷན་གཏོང་གནང་རོགས་ཞུ། ༼ཡུ་རོབ་སོགས་སུ་ལོ་རེར་ཡུ་སྒོར་བཅུ་རེ༽
༣༽ ཡུལ་གྲུ་གང་སར་བཞུགས་པའི་ཚོགས་མི་གསར་རྙིང་ཚང་མས་སོ་སོའི་གློག་འཕྲིན་དང་ངོ་དེབ། གནམ་ཡིག་བཅས་ཀྱི་ཁ་བྱང་དག་དང་ཁ་པར་ཨང་གྲངས་དང་བཅས་པ་གནང་རོགས་ཡོང་བ་ཞུ། ད་དུང་གདོང་པར་རེ་དང་ངོ་སྤྲོད་མདོར་བསྡུས་རེ་ཡང་བསྐུར་རོགས། དྲ་ནང་ལ་འཇོག་རྒྱུ་ཡིན།
ཡིག་ཚང་ལ་འབྲེལ་བ་གནང་ས།(གློག་འཕྲིན།) tibpen2002@gmail.com (ཁ་པར) 00919218232996/ 9805903244
རྩོམ་ཡིག་སྐུར་ས། chitsokmelong@gmail.com/ ཚོགས་མི་ཚོར་འབྲེལ་བ་བྱེད་སའི་ངོ་དེབ། Pen tibetan/
དེང་སང་དཀའ་ངལ་ཆེན་པོ་ཞིག་ནི་ཚོགས་མི་ཚང་མར་འབྲེལ་གཏུགས་བྱེད་དཀའ་བ་འདི་ཡིན་པས། ཐུགས་ལ་འཛིན་རོགས་ཞུ་ཞུ་ཞུའོ།།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ནས་གུས་ཕུལ།༢༠༡༣།༦།༡
ལས་འགན་སྒྲུབ་ས་དང་ཀུ་རེ་རྩེད་ས་གཉིས་མ་ནོར་བ་གནང་རོགས།
ཤ་ཚའི་སེམས་གཏམ་ཅི་རིགས་ཡོད་ན་སྐྱུག་རོགས་གནང།
ཚོགས་པ་འདི་སྙུག་འཛིན་པ་ཚང་མར་དབང་བས་རང་དབང་དང་འོས་འགན་དེ་ཇི་ལྟར་འཁུར་མིན་རང་རང་ལ་ཐུག་ཡོད།
དྲ་བ་འདི་ཡང་སྒེར་དང་ཚོགས་པ་ཚང་མས་མཉམ་སྤྱོད་གནང་འཐུས་པས་ཡར་མར་ལ་ཁྱབ་སྤེལ་གནང་རོགས་ཞུ།
གོང་གི་དྲ་གནས་དེར་འགྲོ་ཐུབ་ཀྱི་མི་འདུག་གང་ཡིན་ནམ།
གོང་གི་གསལ་བསྒྲགས་ནང་དུ་ཡོད་ཁ་བྱང་དེས་ཁ་ཕྱེ་ཐུབ་ཀྱིམིན་འདུག
རྩོམ་པ་པོ་མིན་ཚེ། དྲ་བ་འདིས་ངོས་ལེན་བྱེད་ཀྱི་མི་འདུག
དགོངས་དག དྲ་བདག་གིས་ད་དུང་དུས་ཚོད་ཅིག་ལ་སྒུག་ཡོད་ས་རེད། གང་མྱུར་སྒོ་འབྱེད་ཐུབ་ངེས།
ཧྥ་རན་སི་ནས་ཚོགས་མི་ཞིག་རྒྱ་གར་ལ་འགྲོ་རྒྱུ་ཡིན་པས། ཡུ་རོབ་ཁུལ་ན་ཡོད་པའི་ཚོགས་མི་ཚོས། ལོ་གསུམ་གྱི་ཚོགས་དངུལ་ཡུ་སྒོར་སུམ་ཅུ་བོ་གང་མྱུར་ཕྱི་བཞུགས་རྒྱུན་ལས་བསམ་གཏན་ལགས་སུ་འཕྲོད་ཐབས་གནང་རོགས།
ད་དུང་ཟླ་དགུ་བར་པེན་གྱི་ཚོགས་ཆེན་ལ་རྒྱ་གར་ནས་རྒྱུན་ལས་གཉིས་འགྲོ་རྩིས་ཡོད་པས། མཐུན་རྐྱེན་ཞལ་འདེབས་ཅུང་ཙམ་རེ་གནང་ཐུབ་ན་ལེགས།
པེན་བོད་རྩོམ་པ་པོའི་མྱིང་ཞིག་གང་ནས་ཉོ་ཐུབ་ནི་རེད། འབུམ་གྱི་སྒང་ལ་མེད་ན། ཤུགས་ཅིག་རྒྱག་གི་ཡིན། ཧ་ཧ།
http://penweb.webntips.com/
འདིར་གཏགས་ན་འཆར་ཐུབ།
ཚོགས་མི་ཁག་ཅིག་གིས་ཚོགས་པའི་ཅོག་ཙེའི་འོག་ནས་ཐོང་མཆན་ནག་ཚོང་བྱས་པ་ནས་བཟུང་མིང་དོན་ཡོངས་སུ་བརླགས་སོང་། ཡིན་ན་ཡང་དགག་ཕྱོགས་ཀྱི་སྐྱོན་ངོས་བཟུང་སྟེ་བསྒྲུབ་བྱའི་ཡོན་ཏན་ལེན་ཐབས་ལ་འབད་དགོས་པ་ཤེས་རབ་ཅན་སྤྱིའི་འགྲོ་སྟངས་ཡིན་པས་ཚོགས་མི་གསར་པ་ཚོས་སྔར་ལྟར་མི་བསྒྲུབ་པར་རེ་བ་ཡོད། བོད་ཀྱི་རྩོམ་རིག་རྒྱལ་ལོ། རྩོམ་པ་པོའི་དཔུང་སྡེ་རྒྱལ་ལོ།
“ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།”
བདོ་མི་ཚར་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི། མ་སྒེར་བའམ་ཚོགས་པ་གང་ཞིག་ཡན་ཡང་སྐྱོན་གཅིག་བྱས་པ་མཐོང་ན་དེ་ནས་བཟུང་ངན་བཤད་དེ་འདུག་སྲོལ་ཞིག་ཡོད། ལ་ལས་ད་དུང་ཕ་མེས་ཡང་མེས་ཀྱི་སྐྱོན་ཡང་དྲུད་འོང་གི་རེད།
ལྷག་པར་དུ་ཡང་ཚོགས་པ་ཞིག་ཡིན་ན་དེའི་ལངས་ཕྱོགས་ལ་ནོར་འཁྲུལ་ཡོད་ན་དེའི་སྐྱོན་དེ་རྒྱུན་མར་གནས་པ་ཞིག་ཡིན་ལ། མི་རེ་འགས་ནོར་འཁྲུལ་ཡིན་ན་མི་དེ་དག་ལས་གནས་ནས་སྤོར་བ་ནས་སྐྱོན་དེ་ཡང་ཚོགས་པ་དེ་ནས་ཁ་བྲལ་འགྲོ་བ་རེད།
སྐད་ཆ་འདི་དག་མཆན་བུ་འགོད་མཁན་གཅིག་གཉིས་རེ་ལ་ཞུས་པ་མིན། སྐབས་དོན་དང་འབྲེལ་ནས་སྤྱི་ཁྱབ་ཀྱི་ཚུལ་དུ་སྨྲས་པའོ།
རང་ཉིད་ལ་མཚོན་ན་། “རང་སྐྱན་རང་བརྗོད། གཞན་སྐྱོན་རོགས་རམ། སྐྱོན་ཆ་ཡོ་བསྲང།” ལེགས་བཤད་འདི་དག་བྱིས་དུས་ནས་ལག་ལེན་བྱས་ནས་ཡོང་མཁན་ཞིག་ཡིན།
གང་ལྟར་ཁ་ཏ་བསླབ་བྱ་གནང་བར་དགའ་བསུ་ཞུ།
སྤྱི་ཚོགས་མེ་ལོང་ལ་བཅར་འདྲའི་རིགས་དང་སྤྱི་ཚོགས་དཔྱད་བརྗོད་དམ་དུམ་རིགས་མཁོ་སྤྲོད་ཐུབ་ན་དགའ་བསུ་ཞུ།
ལྷག་པར་ཕྱི་གླིང་ཁག་ན་བཞུགས་པའི་ཚོགས་མི་རྣམ་པས་མ་མཐར་ཡང་ཟླ་གསུམ་བཞི་རེའི་ནང་ལ་རྩོམ་ཡིག་གང་རུང་རེ་སྐུར་ཐུབ་དགོས་སོ། འདི་ནི་ང་ཚོའི་འོས་འགན་གཙོ་བོ་ཞིག་ཀྱང་ངོ།