སྤྲུལ་སྐུ་དབང་ཆེན།
བདག་ལ་མཚོན་ན་བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཤིང་བོད་གངས་ཅན་པ་ལ་ཧ་ཅང་དུང་སེམས་ཆེ་བ་དང་། བོད་གངས་ཅན་གྱི་ཡུལ་ནས་འཚར་ལོངས་བྱུང་བའི་བོད་མི་རྣལ་མ་ཞིག་ཡིན་པས་ཆ་ནས་དང་། ལྷག་པར་དུ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས། ཆོད་སེམས་བརྟན་པོའི་ངང་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་སྤེལ་བ་ནས་བཟུང་། སོ་སོའི་ལུས་ཀྱི་ཐོག་ཏུ་དངོས་སུ་མྱོང་མེད་ནའང་སེམས་ཀྱི་གཏིང་ནས་སྐད་ཅིག་ཙམ་ལའང་བཟོད་སྒོམ་མི་ཐུབ་པའི་གནས་སྟངས་དེའི་འོག་ནས། མིག་གིས་མཐོང་ཡང་མ་མཐོང་ཁུལ་དང་། རྣ་བས་ཐོས་ཀྱང་མ་ཐོས་ཁུལ་བྱེད་མ་ཐུབ་ཁར། ད་དུང་ཕྱི་ཕྱོགས་ནས་ལས་འགུལ་ཚབ་ཆེན་དེ་ནུས་མེད་རོ་མེད་ཅིག་ཏུ་གཏོང་བཞིན་པ་སོགས་ཀྱི་རྐྱེན་བྱས་ནས། ད་བར་སྐུ་ལུས་མེར་སྲེག་དང་བོད་དོན་གནས་སྟངས་སྐོར་ལ་སྔ་ཕྱི་མདུན་རྒྱབ་ཚང་མ་ལ་ཞིབ་འཇུག་གཏིང་ཟབ་ཅིག་དང་མཉམ་དུ། མཐོ་དམན་གང་ལ་ཡང་ཕྱོགས་ཞེན་དང་ངོ་བསྟོད་མ་འཁྲབ་པའི་སྒོ་ནས། གནས་ལུགས་རྒྱུ་མཚན་ཡང་དག་པ་ཞིག་ཁྱེར་ནས། ཐེར་འདོན་བྱས་ཏེ་དྲང་བདེན་གྱི་དཔྱད་གཏམ་རྩོམ་ཡིག་རེ་འབྲི་ཁུལ་བྱས་པའི་ཉིན་མོ་དེ་ནས་བཟུང་སྟེ། བརྒྱུད་ཐག་མི་རིང་བའི་བདག་གི་གཉེན་ཚན་རེ་དང་ཕ་ཡུལ་གཅིག་པའི་ངོ་ཤེས་པ་དང་ངོ་མི་ཤེས་པའི་མི་ཁ་ཤས་ཤིག་ལ་ཡང་ཅལ་འདྲོག་གྱི་དོགས་གཞི་དང་དོ་ཕོག་བྱུང་བ་མ་ཟད། གཉེན་ཉེ་དེས་ཀྱང་བདག་ལ། གལ་ཏེ་ངས་མུ་མཐུད་དུ་རྒྱལ་བ་རིན་པོ་ཆེའི་གཙོར་བྱས་ཐོག་བོད་དོན་དང་འབྲེལ་བའི་སྒང་ལ་དཔྱད་གཏམ་དང་རྩོམ་ཡིག་སྤེལ་བ་ཡིན་ན། ཁོས་རྗེས་ཕྱོགས་ནས་ང་ལ་འབྲེལ་ལམ་གཅོད་ཀྱི་ཡིན་ཟེར་ནས། ད་བར་ངེད་གཉིས་ཕན་ཚུན་བར་ལ་འབྲེལ་ལམ་ཆད་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་།
ཕ་ཡུལ་གཅིག་པའི་མི་ཁ་ཤས་དང་མཉམ་དུ་ཡང་འཕྲིན་ཕྲན་ཚོགས་པ་བརྒྱུད་ནས། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱི་འདུག་ཟེར་བའི་རྩོད་གླེང་ཞིག་གི་སྐོར་ལ་དོགས་ཕུད་རེ་ཡང་བྱེད་དགོས་ཐུག་པ་མ་ཟད། ཁོ་ཚོས་ཡང་ང་ལ་རྗེས་ཕྱོགས་རྩོམ་ཡིག་མི་འབྲི་བའི་འབོད་བསྐུལ་དང་གལ་ཏེ་འབྲི་ནའང་རྒྱལ་བ་རིན་པོ་ཆེ་དང་བོད་དོན་ཐད་མི་འབྲི་བའི་རེ་འདུན་ཡང་འདོན་མྱོང་། དེ་དང་ལྷན་ཅིག་བདག་གི་སྙིང་ཉེ་བའི་གྲོགས་པོ་མཁན་པོ་དང་སྤྲུལ་སྐུ། དགེ་བཤེས། སློབ་དཔོན་སོགས་སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཀྱང་། ཆབ་སྲིད་སྐོར་ལ་དོ་སྣང་མི་བྱེད་པས་བསྐུལ་མ་རིང་ཐུང་མང་པོ་ཞིག་དུས་ཡུན་སྔ་ཕྱི་བར་གསུམ་ལ་གནང་བྱུང་བ་མ་ཟད། མཚམས་མཚམས་སུ་བདག་ལ་གློ་བ་ཉེ་བའི་མཆེད་གྲོགས་རྒན་པ་ཁ་ཤས་ཀྱིས་བཀའ་བཀྱོན་ཡང་མང་པོ་གནང་བྱུང་། ཡིན་ནའང་། བདག་གིས་བོད་མི་རིགས་ལ་བཅིང་བའི་ལྷག་བསམ་རྣམ་དག་དང་དྲང་བདེན་དཔང་ལ་བཙུག་ནས། ད་ལྟའི་ཛ་དྲག་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་དེ་མཚམས་འཇོག་དང་། མེར་བསྲེགས་ཚར་བ་རྣམས་ལ་གྲུབ་འབྲས་དང་ནུས་པ་ཅང་ཟད་རེ་ཐོན་ཐབས་དང་། བོད་ཀྱི་ཆེས་ཐབས་སྐྱོ་བའི་སྒྲིག་འཛུགས་གནས་སྟངས་དེའི་ཁ་ཕྱོགས་དང་ལམ་ཕྱོགས་ལ་འགྱུར་བ་རེ་འགྲོ་ཐབས་དང་། མ་འོངས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་བོའི་འདུན་ལམ་སོགས་ལ་དམིགས་ཏེ་དྲང་བདེན་དང་འབྲེལ་ནས་གནས་ལུགས་ངེས་ཅན་གྱི་སྐད་ཆ་རེ། རྒྱབ་རྟེན་ཁུངས་ལུང་དང་རྒྱུ་མཚན་ཡང་དག་གྱི་སྒོ་ནས་བཤད་པ་མ་གཏོགས། གཞན་བོད་མིའི་སྒྲིག་འཛུགས་དང་གོང་ས་རྒྱལ་བ་རིན་པོ་ཆེ་སོགས་ལ་སྔ་རྒོལ་དུ་བླངས་ནས་སྒེར་འཁོན་ཞིག་རྩོད་རྒྱུ་གཏན་ནས་མེད་ལ། བརྩད་པ་ཡང་རྩ་བ་ནས་མིན་ནོ། དེ་མིན་མི་རིགས་ཤིག་གི་ལས་དོན་ཐད་སྐད་ཆ་རེ་བཤད་དགོས་ན་ནི། དེ་དང་དེར་སུ་དང་སུ་ལ་འབྲེལ་བ་ཡོད་རིགས་ཀུན་ལ་དཔྱད་ཞིབ་དང་། ཁུངས་ལུང་དང་ལྡན་པའི་གནས་ལུགས་རྒྱུ་མཚན་དག་འཚོལ་ཞིབ་བྱེད་དགོས་པ་མ་གཏོགས། གཞན་མིག་ཡ་གཅིག་བཙུམ་ནས་མིག་ཡ་གཅིག་པོས་གཡས་ཕྱོགས་ལ་མི་ལྟ་བར་གཡོན་ཕྱོགས་རྐྱང་པ་ལ་ལྟ་མི་ཉན་པ་དེ་ཡང་དྲང་བདེན་གྱི་གཤིས་ཀ་ཞིག་ལོས་ཡིན། དེ་དང་འབྲེལ་བའི་རིགས་སུ་གཏོགས་པ་ལ་ནི་དེ་དང་མཐུན་པའི་སྐད་ཆ་རེ་བཤད་ལོས་དགོས་སྙམ།
དེ་མིན་སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་རྟག་ཏུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་བེད་སྤྱོད་ལོག་པར་བཏང་ནས། རང་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ། རང་དང་ལྟ་ཕྱོགས་མི་མཐུན་པའམ་རང་ལ་གོ་སྐབས་གཞན་ཞིག་མཆིས་ཚེ་ཕར་ཕྱོགས་ལ་དོལ་རྒྱལ་དང་། རྒྱ་མིའི་མྱུལ་མ་དང་ལྷ་དགོངས་དཀྲུག་མཁན་སོགས་ཅ་ཅོ་འདོན་པ་ལ་ནི། བདག་གིས་དོ་སྣང་དང་དོགས་གཡེངས་དེ་ཙམ་བྱེད་མ་མྱོང་ལ་བྱེད་དགོས་དོན་ཡང་མི་འདུག །མཐར་བོད་མིའི་སྤྱི་ཚོགས་འདི་ལ་མཚོན་ན་རིག་གནས་ཀྱི་གོ་རྟོག་བདེན་ཞིང་། རྨོངས་དད་དང་མཁྲེགས་འཛིན་ཅན་ཁ་ཤས་ཀྱིས་ཐོབ་ཐང་དང་གོ་ས་ཤིག་གི་ཆེ་མཐོང་ཙམ་སྐྱོང་བ་མ་གཏོགས། བདེན་པ་དང་གནས་ལུགས་གཤའ་མ་ཞིག་གི་དོན་གོ་མི་ཆོད་པ་འདི་ཤེས་རྗེས། ད་ནི་ང་ཚོ་བོད་གངས་ཅན་པ་འདི་གནའ་ནས་ད་བར་དུ་རྒན་གཞོན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཤད་བཞིན་ཡོད་པའི། ཚེ་སྔོན་གྱི་ལས་དབང་གཉན་པོ་ལ་བཅོལ་བ་ལས། གཞན་ཚེར་མའི་ལམ་ཁ་རྐྱང་མ་གཏོགས་མ་མཐོང་བས་ན། ངས་རེ་ཞིག་བོད་དོན་དང་འབྲེལ་བའི་དཔྱད་བརྗོད་དང་རྩོམ་ཡིག་སོགས་འབྲི་མཚམས་བཞག་པ་ཡིན། ད་ནས་བཟུང་སྟེ་བདག་ལ་མཚོན་ན། བོད་གངས་ཅན་པ་ཞེས་པ་ཞིག་བྱུང་མྱོང་བ་ལས། གསོན་ཡོད་མེད་དང་གནས་ཐུབ་མིན་ལ་རེ་དོགས་དང་རྣམ་རྟོག་གང་ཡང་བྱེད་ཀྱི་མིན། རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ཕན་ཚུན་བར་ལ་ནི། ད་དུང་ཆབ་སྲིད་ཡིན་མིན་གང་རུང་གི་སྒོ་ནས་སྐད་ཆ་རེ་བཤད་མིན་ལ་ནི་ང་རང་ལ་མ་གཏོགས་གཞན་སུ་ལའང་ཇུས་གཏོགས་མི་འདུག་སྙམ། ངས་ཡང་དེ་ལ་གསལ་བཤད་བྱས་མེད་ལ་བྱེད་ཡང་ཅི་དགོས། བོད་དོན་ལ་ནི་ད་ནས་བཟུང་སྟེ་བདག་ཡིད་སེམས་གཏིང་ནས་ཆད་ཅིང་དགོངས་པ་རྩ་བ་ནས་ཞུས་པ་ཡིན། བདག་ལྟ་བུའི་དམན་པ་ཐ་ཤལ་བ་ཞིག་ལ་ཚོར་སྣང་དེ་དང་ཡིད་ཆད་འདི་བྱུང་བ་ནི་དེ་ཙམ་ཧ་ལས་དགོས་དོན་ཅི་མི་འདུག་ནའང་། བོད་མི་མི་ཉུང་བ་ཞིག་ལ་གནས་སྟངས་འདི་ལྟ་བུའི་འོག་ནས། ཚོར་སྣང་འདི་ལྟ་བུ་རེ་འཕྲད་ཏེ་ཡིད་སེམས་གཏིང་ནས་ཆད་པ་ཞིག་བྱུང་བའམ་འབྱུང་མི་སྲིད་པ་མིན་པའི། གྲངས་ཀ་གཅིག་བརྩིས་ནས་བརྒྱ་དང་། ནས་འབྲུ་གཅིག་བསགས་ནས་སྒྲོ་བ་གང་ཟེར་བ་ལྟར། དེས་ན་བོད་མི་རིགས་ལ་འཕྲད་པའི་ཉེན་ཁ་འདི་ཧ་ཅང་ཛ་དྲག་ཅན་གྱི་གནས་སྟངས་ཤིག་ལ་སླེབས་ཡོད་མེད་དེ་ཡང་། ཤེས་ལྡན་དང་དཔྱོད་ལྡན་རྣམ་པས་ཐུགས་བསམ་གཟབ་གཟབ་རེ་བཞེས་དགོས་ཡོད་མེད་ཐད། སོ་སོ་ལ་སོ་སོས་འདྲི་བ་འདོན་མིན་དེ་ཡང་ངས་རེ་བསྐུལ་དང་འབོད་བསྐུལ་རྩ་བ་ནས་ཞུ་འདོད་མེད།
མདོར་ན་འདིར་ངས་ཆབ་སྲིད་མི་བཤད་ཅེས་ཁས་ལེན་ནི་ཅི་ཡང་བྱེད་ཀྱིན་མེད་ལ། སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་དགུ་ནས་བཟུང་ངའི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་འབྲི་མཚམས་བཞག་པ་ཡིན་ཞེས་པ་དང་། དེ་ལ་ངས་༼དེ་རིང་ནས་བཟུང་༽ཞེས་པ་དང་ཁར་སང་ཤོ་ལོ་ཀ་གཉིས་བཅས་བྲིས་ནས་གདོང་དེབ་མདུན་ལ་བཞག་ཚར་བ་ཡིན། བོད་དོན་དང་འབྲེལ་བའི་དཔྱད་རྩོམ་དག་འབྲི་མཚམས་བཞག་པའི་སྐྱོ་གཏམ་ཐ་མ་ནི་དེ་རིང་བཤད་པ་ཙམ་ཡིན། ཡིན་ནའང་ད་བར་དུ་རང་འགན་རང་གིས་ཁུར་ནས་བོད་ཀྱི་ལོ་རྒྱུས་ལ་དཔྱད་བརྗོད་དང་། དྲང་བདེན་གྱི་སྒོ་ནས་བོད་པའི་ཆབ་སྲིད་པ་ལ་ཁ་ཤས་ལ་བསྔགས་བརྗོད་དང་། ཁ་ཤས་ལ་སྐྱོན་བརྗོད་ཀྱི་ལམ་ནས་རྩོམ་ཡིག་སྤེལ་བ་དག་ནི་བདག་ལ་མཚོན་ན་ང་རང་གི་རྒྱལ་རབས་ལོ་རྒྱུས་ཤིག་ཡིན་ལ། དྲང་བདེན་དང་གནས་ལུགས་རྒྱུ་མཚན་འཚོལ་བའི་ངའི་ལམ་ཁ་རྙིང་པ་ཡང་དེ་ཡིན།
༠༦/༠༡/༢༠༡༣
༄། དེ་རིང་ནས་བཟུང་།
རང་བཙན་བརྩད་ན་བླ་མའི་ཐུགས་དང་འགལ།།
དབུ་ལམ་བཤད་ན་ལས་འབྲས་བདེན་པར་འགལ།།
དེ་རིང་ནས་བཟུང་བདག་ནི་འདི་གཉིས་ཀའི།།
ལྟ་གྲུབ་གང་ཡང་མི་འཛིན་ཨ་རི་བ།།
སྒྲིག་འཛུགས་ཕྱོགས་ལ་ཞེན་པ་གཏིང་ནས་ལོག །
གཞོན་ནུའི་ཕྱོགས་དེར་སྙིང་རྗེ་ཤ་ཚ་ཡང་།།
དེ་རིང་ནས་བཟུང་བདག་ནི་འདི་གཉིས་ཀའི།།
ཕྱོགས་འཛིན་མི་བྱེད་བཏང་སྙོམས་ཨ་རི་བ།།
རྒྱ་མིར་བལྟས་ན་གཅིག་ལས་གཅིག་འཇོན་ཞིང་།།
བོད་མིར་བརྟགས་ན་གཅིག་ལས་གཅིག་ཞན་ཡང་།།
དེ་རིང་ནས་བཟུང་བདག་ནི་རྒྱ་བོད་ཀྱི།།
མི་རིགས་བཟང་ངན་མི་འབྱེད་ཨ་རི་བ།།
༠༥/༢༩/༢༠༡༣
སྒྲིག་གཞོན་སུ་རྒྱལ་ང་ལ་ཁྱད་པར་མེད།།
དབུ་རང་གང་མཛད་ང་ལ་ཇུས་གཏོགས་མེད།།
རྒྱ་བོད་སུ་ཡིན་ངས་ནི་དབྱེ་མི་འབྱེད།།
ད་ནི་རེ་དོགས་མེད་པར་བཏང་སྙོམས་སོ།།
ཆབ་སྲིད་མི་བཤད་ངས་ནི་མི་ཟེར་ཡང་།།
ཕན་མེད་གནོད་མང་ལས་ལ་ང་མི་འཇུག །
རྩོམ་ཡིག་མི་སྤེལ་ངས་ནི་མི་ཟེར་ཡང་།།
དབུ་རང་ནང་ཁུལ་དཔྱད་གཏམ་ངས་མི་སྤེལ།།
༠༥/༣༡/༢༠༡༣
ཏག་ཏག་རེེད། ཁྱོད་འདྲ་བ་ཡོད་པ་ལས་མེད་ན་བོད་གངས་ཅན་པ་རྣམས་ལ་བདེ། ཁ་བརྡ་དྲ་བ་ནས་ཐོག་མར་ཀླུ་སྨྱོན་གྱིས་བོད་གངས་ཅན་གྱི་ཆེད་དུ་ཆབ་སྲིད་ཀྱི་རྩོམ་ཡིག་མི་སྤེལ་ཞེས་དམ་བཅས་ནས་བུད་ཐལ། དེ་རིང་སྤྲུལ་སྐུ་དབང་ཆེན་མིང་ཅན་ནས་བུད་ཐལ། སྐྱིད་པ་ལ། ལས་སྨོན་ལོག་པའི་སྦྲུལ་སྐུ་འདི་ཚོ་སྙིང་རེ་རྗེ། སྒོར་མོའི་ཆེད་དུ་སྦྲུལ་སྐུ་བཟོས་པ་ཤ་སྟག་ཡིན་པ་དེ་རིང་ཤེས་ལྡན་པ་དག་མཐོང་གསལ་རེད། མི་མང་གིས་གནས་ཚུལ་འདི་དག་ཤེས་དགོས་པ་གལ་ཆེ་བར་འདོད།
སྤྱིར་ང་ཚོ་ཚང་མ་ཉེ་རིང་ཆགས་སྡང་ཅན་ཞིག་ཡིན་པའི་ཆ་ནས་ཉེ་ཕྱོགས་ཀྱི་ཁ་ལེན་ཚིག་བརྩི་བྱེད་དགོས་བ་ཞིག་ལོས་ཡོད་དེ། ས་ཡ་དྲུག་གི་རིན་པ་བརྒྱ་ལོ་ཁ་ཤས་ལ་གཏོང་ཐུབ་པ་འདིས། མཐར་གཏུགས་ན་ཐབས་བརྒྱ་ཇུས་སྟོང་མེད་པའི་མྱི་ངན་རྐང་རྩ་་མེད་པ་ཅན་ཞིག་ལ་ངེས་འཛིན་མ་བྱས་ཐུབ་མེད་ཆགས་སོང་།
ཆབ་སྲིད་མ་བྲིས་པར་བཞག་ཆོག་པས། དེ་འདྲ་འབྲི་མི་འབྲི་ཡི་གསལ་བརྡ་ཞིག་སྤེལ་དགོས་དོན་འདི་ཡང་ཆབ་སྲིད་པ་གཏིང་ནག་པ་ཞིག་ཡིན་པའི་ཚོར་བ་བྱུང་།
གང་ལྟར་བོད་གངས་ཅན་པ་འདི་སེམས་ཐག་རྦད་བཅད་གྱི་དབའ་བོ་ཚོས་སྐྱོབས་དགོས་དུས་སེམས་རྩ་གཉོམ་པོ་ཅན་གྱི་མགོ་གཉིས་མ་ཚོ་ཡོད་ལས་མེད་ན་ཡག་ཚོད་རེད། དེ་ཙམ་ཞུ།
སྤྲུལ་སྐུས།
༄། དེ་རིང་ནས་བཟུང་།
རང་བཙན་བརྩད་ན་བླ་མའི་ཐུགས་དང་འགལ།།
དབུ་ལམ་བཤད་ན་ལས་འབྲས་བདེན་པར་འགལ།།
དེ་རིང་ནས་བཟུང་བདག་ནི་འདི་གཉིས་ཀའི།།
ལྟ་གྲུབ་གང་ཡང་མི་འཛིན་ཨ་རི་བ།།
ཟེར་བ་ལ།
རང་བཙན་བརྩད་ནས་བླ་མའི་ཐུགས་དང་འགལ་ན་ལྟས་ངན་རེད། །
དབུ་ལམ་བཤད་ནས་ལས་འབྲས་བདེན་འགལ་མཐོང་བ་རྨོངས་རྟགས་རེད། །
ད་ནས་ཁྱེད་ཀྱིས་གཉིས་ཀར་བློས་བཏང་་ལ་རྒྱ་མེད་པའི་རྟགས། །
བོད་དོན་མི་གླེང་ཨ་རིར་བོད་ལུས་བླངས་བའི་དགོས་དོན་ཆུང་། །
ཀརྡོས་ཀུ་རེ་དང་བཅས།
ཏག་ཏག་རེད། དེ་འདྲ་ཞིག་བྱུང་བ་བསམ་ཡོད། ཡང་མིང་རྫུན་གཞན་ཞིག་གི་འོག་ནས་རྩོམ་ཡིག་ངན་ངོན་རེ་བསྲིང་མ་ཡོང་། ཐུགས་རྗེ་ཆེ།
༄།སྤྲུལ་སྐུ་མཆོག་ཐུགས་ཁག་མེད་་་་་་་་
ཆབ་སྲིད་ལས་སུ་གཅིག་ཀྱང་བཀྱེད་མི་ཐུབ། དེ་ལས་གང་བསམ་པ་དེ་བཤད་ཐུབ་དགོས་པ་རེད།
སྤྲུལ་སྐུ་ལགས་ཁྱེད་ཐུགས་ཁག་མེད་་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟང་འདི་འདྲ་་ཞིག་རེད་་་སུ་ཞིག་གི་མདུན་དུ་སེམས་གཏམ་བཤད་དགོས་རེད་་ད་འུ་ཐུག་གི་་་ང་ཡང་ཚོར་བ་འདི་ཐེང་མང་སླེབ་སོང་
ལྷ་ཆེན་ཚངས་པའི་དབུ་ལ་ཕོག་ཀྱང་རུང་། །
ཀླུ་རྒྱལ་འཇོག་པོའི་ཞབས་ལ་ཐུག་ཀྱང་རུང་། །
བདེན་ཚིག་ངར་སྐད་དབྱངས་སུ་གྱེར་བ་ལ། །
ཞུམ་པའི་སྤོབས་སེམས་བྲལ་འདི་ཨ་མའི་བུ། །
མི་འདིའི་རྩོམ་དང་པར་གཉིས་ངོ་དེབ་ནས་མཐོང་སོང་།
དྲྭ་གྲོགས་ཚོས་ཀྱང་མཐོང་ཡོད་སྲིད།
ངོ་མ་སྐྱུག་བྲོ་བ་ཞིག་རེད།
ཡར་ལ་བལྟས་ཏེ་གཞུང་དང་བླ་མར་སྨད།
མར་ལ་བལྟས་ཏེ་མཇེ་དང་ལྟུ་ཁུང་གླེང་།
སྤྲུལ་སྐུ་ཞིག་གི་མིང་སྐམ་གདོང་ལ་གོན།
ཐལ་བ་རྡུལ་དུ་བརློག་ཅིག་ཆོས་རྒྱལ་ཀྱེ།
རྣམ་དག་ཆོས་ཀྱི་མཁའ་ལ་རོལ་བ་ཡི།
མ་གཡེལ་ཐུགས་དམ་སྐོང་བའི་ལྷ་ཆེན་པོ།
རྒྱང་ནས་བོས་པའི་ཚེ་ན་སྙན་མ་སྲ།
མདུན་ནས་་གཡབ་པའི་ཚེ་ན་སྤྱན་མ་ཟིམ།
ད་ནི་དུས་ལ་བབས་སོ་ས་མ་ཡ། བྷཱ་ཛུ་གྷུ་ཤཀ་ཡེ་སོ་ཧཱཿ
སྐྱག་རྫུན། སྤྲུལ་སྐུ་དབང་ཆེན་ཞེས་བའི་མིང་འདི་གད་སྙིགས་ནང་ལ་ལྷུང་ཚར་སོང་བ་ཤེས་རྗེས་ཡང་མིང་རྫུན་མ་ཞིག་བརྗེད་འདོད་པ་མ་ཡིན་ནམ། སྤྱིར་སྤྲུལ་སྐུ་དབང་ཆེན་ཟེར་བ་འདི་ཡང་མིང་རྫུན་མ་ཞིག་ཡིན་པ། དེ་མིན་ན་ཁྱོད་སུས་སྤྲུལ་སྐུ་ཡིན། སུས་ངོས་འཛིན་གནང་སོང་། ཁ་རྒྱགས་པ་མ་བཤད། ཨ་རིའི་མི་སེར་ཐེབས་ཆགས་ཞིག་ཆགས་ཟིན་ན་ས་བཅུ་བ་ཐོབ་འདུག་མ་བསམ། ཁྱོས་རང་གི་ཅ་ནེ་ནང་ལ་གཅིན་གཏོང་མཁན་ཞིག་གིས་བོད་དོན་མ་བཤད་ན་འགྲིག་གི བོད་ལ་ཤ་ཚ་མེད་ན་མི་སྐྱོན་གི
བོན་པོ་འདི་ཚོས་སྐྱག་རྫུན་སྤོབས་པས་སྒྲོག །
ཀླད་མེད་དེ་ཚོས་གསར་བའི་ལ་རྒྱ་གླེང་། །
བཅོལ་ཆུང་དེ་དག་ཉེ་རིང་ཆགས་སྡང་བཤད། །
བོད་རྣམ་རྡུག་པའི་མཐའ་རུ་ལྷུང་བའི་རྟགས། །
དབུ་རང་གཉིས་ཀ་བོད་ལ་ཤིན་ཏུ་མཁོ། །
རང་བཙན་རྩོད་མི་མེད་ན་ལོ་རྒྱུས་བརླགས། །
དབུ་ལམ་མེད་ན་འཕྲལ་སྐྱོན་སེལ་མི་ནུས། །
དེ་གཉིས་བོད་ལ་མཁོ་བའི་གལ་གནད་ཅིག །
དབུ་ལམ་རྩོད་ཀྱང་ལ་རྒྱ་ཡོད་པ་དཀོན། །
སེམས་གཏམ་བཤད་ཀྱང་ཉན་མཁན་དེ་བསདཀོན། །
ངོས་ལེན་དཀོན་པའི་གཏམ་དང་བྱ་བ་ལ། །
བཟང་ངན་གཉིས་ཀྱི་ལས་ཀྱི་སྣེ་མོར་འཆང་། །
ཐུགས་རྒྱལ་མ་ཆགས་ལ་རྒྱའི་མགོ་བོ་འགྱོགས། །
ཆོས་པ་ཡིན་ན་དབུ་མའི་ལམ་ལ་སོང་། །
སྲིད་ལ་དགའ་ན་རང་བཙན་ཕྱོགས་སུ་སོང་། །
དེ་ཉིས་མཉམ་དུ་ལག་ལེན་ཁག་པོ་རེད། །
གཉིས་ཀ་མེད་ན་མདོ་མེད་བདག་འདྲ་འགྱུར། །
དེ་གཉིས་མི་འབད་བོད་མིའི་མིང་ཙམ་གྱུར། །
རང་དབུ་གཉིས་ལ་ཤུགས་སྣོན་རྒྱག་པ་དང་། །
ལྡོག་ཕྱོགས་ཉེས་སྐྱོན་གླེང་བ་རང་དབང་རེད། །
གཞན་གྱིས་བཟང་པོ་བཤད་ན་དགའ་བ་དང་། །
ངན་ནོ་ཟེར་ན་མི་དགའ་ཅི་ཞིག་ཡོད། །
དེ་གཉིས་ཡོད་ཚད་དབུགས་ཀྱི་རྒྱུ་སྟངས་ཤིག །
དེ་ཕྱིར་བཟང་ངན་གང་བཤད་འཇིགས་མི་དགོས། །
ཆོས་པ་ཡིན་ན་དབུ་མའི་ལམ་ལ་སོང་། །
དད་མེད་ཚོ་ཡང་དབུ་མའི་ལམ་ལ་སོང་། །
སྲིད་ལ་དགའ་ན་རང་བཙན་ཕྱོགས་སུ་སོང་། །
རང་བཙན་ཕན་ན་ཆོས་པ་ཡང་དེ་ཕྱོགས་སོང་། །
ཨོ་ཉི་ལགས་ཀྱི་་ཆེད་དུ་བྲིས།
སྤྲུལ་མིང་རྒྱབ་ཏུ་གཡོགས།
གནག་སེམས་སྙིང་ན་འབར།
བོད་མིའི་རྐང་འདྲེན་འདིའི།
མགོ་ལུས་དུམ་བུར་ཐོངས།
དམངས་གཙོའི་ཉི་གཞོན་འོག
བཤད་བརྗོད་དབང་ཡོད་ཀྱང་།
དོན་མེད་དཀྲོག་གཏམ་རིགས།
དགོས་མཁོ་གཏན་ནས་མེད།
སྤྲུལ་རྫུན་དབང་ཆེན་དང་།
སྔགས་ངན་ཨོ་ཉིའི་མིང་།
བྱ་འཕུར་བོན་རྒན་བཅས།
གྲུབ་མཐའི་ནད་ཀྱིས་ཟིན།
སྨན་ལྷའི་རྒྱལ་པོར་ཡང་།
གསོ་བྱེད་སྨན་རྩས་དབེན།
འགོས་ནད་དྲག་པོ་རྣམས།
ཀུན་གྱིས་གཟབ་རན་རེད།
སྤྲུལ་དབང་ཨོ་སྤྲུལ་མི་ངན་འདི་ཡི་རིགས།
ཡོད་ན་དགའ་དང་མེད་ཀྱང་གནོད་པ་མེད།
རང་རྫུས་རིམ་བཞིན་ཁྲོམ་ལ་འཕྱར་བ་ཡིས།
རང་སྐྱོན་ཤེས་ཏེ་ཐོན་པར་དགའ་བསུ་ཞུ།
ད་དུང་ཨོ་སྤྲུལ་བཙུན་ལོག་འདི་ཉིད་ཀྱང།
མི་རིང་མི་ཐུང་ལ་མོར་གཤེགས་པར་ཞུ།
བརྩིག་རྡོ་རིལ་པོ་འདྲ་བའི་མི་ངན་དག
མེད་པར་གྱུར་ན་ཐམས་ཅད་ཞི་བར་འཚོ།
ང་ཡིས་བསྒྲུབ་བྱ་བོད་དོན་ཡིན།
ང་ལ་མི་དགོས་འཐེན་འཁྱེར་ཡིན།
ང་ཡིས་གླེང་བྱ་བོད་དོན་ཡིན།
ང་ལ་མི་དགོས་ནང་རྩོད་ཡིན།
ང་ཡི་དམིགས་ཡུལ་བོད་དོན་ཡིན།
ང་ལ་མི་དགོས་ནང་འཁྲུག་ཡིན།
ང་ཡིས་བསྒྲུབ་དགོས་བོད་དོན་ཡིན།
ང་ལ་མི་དགོས་གཡེན་སྦྱོར་རིགས།
ང་ཡི་མཐར་ཐུག་བོད་དོན་ཡིན།
ང་ལ་མི་དགོས་སྤྲུལ་རྫུན་གདོང་།
ང་ཡིས་འབྲི་དགོས་བོད་དོན་ཡིན།
ང་ལ་མི་དགོས་ཕུང་དཀྲུགས་སེམས།
རང་བཙན་རྒྱབ་ཏུ་གཡུགས། །དབུ་ལམ་དང་དུ་བླང་། །རང་རིགས་སྨོད་པ་དང་། །དགྲ་ལ་བསྟོད་བསྔགས་བྱེད། །བོད་ཀྱི་ལས་དབང་ལ། །བསམ་ན་སྙིང་རླུང་ལང་། །ནང་ཁུལ་མཐུན་འབྲེལ་མེད། །དགྲ་ལ་ངོ་དགའ་བྱེད། །རང་བཙན་དུག་བཞིན་འཛེམས། །ང་ནི་ཞེན་པ་ལོག །
ང་ནི་སྤྲུལ་རྫུན་ཡིན་ལ་གྲྭ་ལོག་ཡིན། །
སྤྲུལ་སྐུ་དངོས་ལ་དད་པ་ཆེ་ན་ཡང་། །
དེང་སང་སྤྲུལ་རྫུན་རིགས་ལ་དད་པ་མེད། །
བོན་པོ་རྐུ་རྒན་ཕུང་གསུམ་བསྟན་བཤིགས་དག །
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དགྲ་བོ་རེད། །
སྟག་ཤ་ར་ཇག་ལ་འགྲོ་ནི་ཚོ།
བྱ་གླག་མོ་འདྲ་བའི་རྩལ་ཞིག་དགོས།
སྟག་དམར་ཡ་འདྲ་བའི་དཔའ་ཞིག་དགོས།
དེ་མིན་ན་ཇག་ལམ་ཆོད་ནི་མིན།་་་་་་ཟེར་སྲོལ་ཡོད།
བོད་རང་དབང་རང་བཙན་རྩོད་ནི་ཚོ།
སྐུ་རི་རྒྱལ་འདྲ་བའི་བརྟན་ཞིག་དགོས།
ཐུགས་ཉི་མ་འདྲ་བའི་གསལ་ཞིག་དགོས།
དེ་མིན་ན་འཐབ་རྩོད་ཐུབ་ནི་མིན།།
ས་རང་ཡུལ་རང་བདག་དགོས་ནི་ཚོ།
སྒེར་བློས་གཏོང་ཐུབ་པའི་སེམས་ཤིག་དགོས།
སེམས་སྤྱི་ལ་བཞག་པའི་ལྷག་བསམ་དགོས།
དེ་མིན་ན་རང་ས་འཐོབ་ནི་མིན།།
བུ་མཁས་པ་རྩོམ་ཡིག་འབྲི་ནི་ཚོ།
གཏམ་མདའ་མོ་འདྲ་བའི་དྲང་ཞིག་དགོས།
དོན་གཙང་ཆུ་དེ་ལས་རིང་ཞིག་དགོས།
དེ་མིན་ན་རྩོམ་ལམ་ཆོད་ནི་མིན།།
སྤྲུལ་མིང་ཅན་དབང་ཆེན། ངས་ཁྱོད་ཀྱིས་བྲིས་པའི་རྩོམ་ཆལ་དང་མཆན་ཉོག་བཀླགས་མྱོང་། ངས་བཤད། བློ་ངན་དྲང་པོ་ལ་ལས་རང་། །བརླག་འགྱུར་ལ་ལས་གཞན་ལ་གནོད། །ནགས་ཀྱི་ཤིང་དྲང་རྩད་ནས་གཅོད། །མདའ་ཡི་དྲང་པོས་ཕ་རོལ་གསོད། །བྱ་བ་ཡིན་པས་རང་ཉིད་འཇོན་མདོག་རྒོད་མདོག་ཏུ་མ་སེམས། རང་གིས་རང་ལ་ཆབ་སྲིད་པ་དང་ཤེས་ཡོན་ཅན་པར་མ་སྒྲོགས། ཁྱོད་ཀྱིས་བྲིས་པའི་རྩོམ་དེས་བོད་མི་རིགས་དང་དེའི་རྩ་དོན་ལ་མི་ཕན་ན། ཁྱོད་ཀྱིས་རྩོམ་ཉོག་གིས་༸གོང་ས་དོན་གྱི་བདག་པོའི་དགོངས་པ་དཀྲུག་ན་་་་ཁྱོད་ཀྱིས་བྲིས་པ་ཐམས་ཅད། ཁྱོད་ཀྱིས་བཤད་པ་ཐམས་ཅད། དཀྲོག་གཏམ་རེད། དཀྲུག་ཤིང་རེད། གད་སྙིགས་རེད། དེ་ཤེས་པར་གྱིས། མདོར་བསྡུས་ན་ཁྱོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ཕྲན་བུ་ཙམ་ཡང་མི་འདུག དེ་ལྟར་ཡོད་རྒྱུ་ན། ཁྱོད་ཀྱི་སྨྱུ་ཁ་འདིས་བོད་དོན་རྩོད་ངེས། ཁྱོད་ཀྱི་སྨྱུ་ཁ་དེས་བོད་མི་རྣམས་ལ་ལམ་སྟོན་བྱ་ངེས། ཁྱོད་ཀྱི་སྨྱུ་ཁ་དེས་༸རྒྱལ་བའི་ཞལ་འཛུམ་དུ་འཇུག་ངེས། ཁྱོད་ཀྱི་སྨྱུ་ཁ་དེས་ཁྱོད་ཀྱི་སློབ་དཔོན་དང་། གྲོགས་མཆེད། གཉེན་ཉེ་དུ་སོགས་སྤོབས་པ་སྐྱེ་རུ་འཇུག་ངེས། འོན་ཏེ་ཁྱོད་ཀྱི་མཇུག་འབྲས་ནི་ཚང་མ་གོར་ཐིག་རེད། ཨེ་གོ་ཐལ་་་་དབང་ཆེན། དེ་ལས་ངལ་གསོ་ལེགས་པར་རྒྱོབས། བླུན་པོའི་ཁ་ནས་སྨྲ་བ་ཉུང་ན་མཛེས། སུས་ཀྱང་ཁྱོད་རང་དམ་ཉམས་དང་སྤྲུལ་རྫུན་རེད་ཟེར་མཁན་མི་འདུག སྐུ་མཁྱེན་་་་༸རྒྱལ་བའི་དགོངས་པ་མ་དཀྲུག་རོགས་་་་བོད་མིའི་སེམས་ལ་རྨ་ཁ་མ་གཏོད་རོགས་་་་ད་ཡང་བསྐྱར་ཐོན་མ་ཡོང་རོགས་་་ང་ཚོ་ཁྱོད་ལ་ཞེད་ནས་བསྡད་ཡོད་་་་་
ཏག་ཏག་རེད།སྡིག་བཤགས་རེ་བཏོན།
ཁྱེད་ཀྱིས་རང་བཙན་རྩོད་ན་དེ་ནི་རང་དབང་རེད། ཡིན་ན་ཡང་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་བོད་མིའི་སྒྲིག་འཛུགས་ལ་ངན་ཁག་འདྲ་མིན་དཀྲི་བ་དེ་ཡིད་སེམས་གཏིང་ནས་ཞེན་པ་ལོག་ཡོད། དྲ་གྲོགས་ཚོས་བསམ་བློ་ཞིག་ཐོངས་དང་། ཁོའི་ངོ་དེབ་ནང་འདི་འདྲ་བྲིས་འདུག ༧གོང་ས་མཆོག་གིས་རང་ཉིད་འཛམ་གླིང་ན་སྙན་གྲགས་ཅན་དང་ཁེ་ཕན་ཆེན་ནོ་བྷེལ་ཞི་བདེ་གཟེངས་རྟགས་དང་བོད་རང་བཙན་བརྗེ་བོ་རྒྱབ་ཡོད་པ་བཤད་འདུག རྣམ་དཔྱོད་ཅན་གྱི་དྲ་གྲོགས་ཚོས་ལྟོས་དང་། ཁོས་བྲིས་པ་བོད་དོན་ཆེད་རེད་དམ།
དབང་ཆེན་དང་དབང་ཆེན་ལྟ་བུ་དག་བོད་པའི་སྤྱི་ཚོགས་ནས་ཐོན་སོང་ན་ཡང་དགའ་བསུའི་ཐལ་མོ་རྡེབ་རྒྱུ་ལས་ཅི་ཡང་མེད། སྤྱི་ཚོགས་ལ་གནོད་བསྐྱལ་མཁན་གྱི་མི་རེ་རེ་ཡིན་ཡང་ཉུང་དགོས།
མི་ལ་ལྷག་བསམ་མེད་ན་ཉིན་མ་གཅིག་རྐུབ་རྡོལ་རྒྱུ་ཉག་ཅིག་རེད། སྤྲུལ་སྐུ་དབང་ཆེན་གྱིས་ད་བར་བོད་དོན་ལ་ལྷག་བསམ་ཆེ་མདོག་གི་རྐུབ་དེ་རིང་རྡོལ་སོང་། ཁོ་ད་ནས་བཟུང་ཨ་རི་ཡིན་ལབ་མི་འདུག་གམ།
རྩེ་བློ་བཟང་བཀྲ་མི་ཤེས་པ་ཁྱོད་བོད་ལ་ཕྱིན་ནས་རྒྱ་མི་མཐོང་མྱོང་ཡོད་དམ། དོན་འགྲུབ་ལྷ་དར་གྱིས་ཁྱོད་རང་གི་ཕ་ས་འཕྲོད་ ཆོས་རྩ་མེད་གཏང་ བོད་མི་ས་ཡ་མང་པོ་དམར་གསོད་གཏང་སོང་བས། ཏན་ཏན་དོན་འགྲུབ་ལྷ་དར་ལ་ནོར་བའི་ཆ་ཡོད་གི་མོད་ ཡིན་ན་ཡང་ལྷག་བསམ་ལ་ལྷེད་མེད་པ་དང་བོད་དོན་ལ་རང་ནུས་ཅི་ཡོད་ཀྱི་ལས་དཀའ་བྱེད་ཡོད་གི། ཡང་ཁྱོད་ནི་སྐབས་དོན་གཏོར་བའི་མི་ཞིག་སྟེ་སྤྲུལ་སྐུ་དབང་ཆེན་ལ་ཇོས་ཏོག་བྱེད་པའི་སྐབས་འདིར་དོད་ལྷའི་གནས་ཚུལ་ཉ་ཉུང་བསེས་པའོ། གལ་ཏེ་ཁྱོད་རང་གྲ་པ་ཡིན་ན་དམ་སྡོམ་ལ་འབད་གལ་ཆེ་ འབྲུག་གི་གྲ་པ་ཡིན་ན་དམིགས་གསལ་ལོ་
དོན་ལྷའི་གནསལ་ཚུལ་ཞེས་བཅོས་རོག།
ཨོ་རེད་་་ད་དུང་་ཤར་པ་ཁྱོད་དྲ་ཐོག་ཏུ་གསར་པ་ཞིག་རེད་བསམས་བསམས་ཤིག་འདུག་་་ལུང་རྟོགས་ལགས་ནི་དྲ་ཐོག་གི་དགེ་སྐོས་རེད། རྨོངས་དད་དང་ཏོག་ཙམ་ལྐུགས་རྟགས་ཡོད་རེད་མ་གཏོགས་་་་སྡུག་སྐྱ་རང་མ་རེད།
ཅོ་རི་ཉི་མ་ལགས་ བཀའ་དྲིན་ཆེ་ ད་ཧ་གོ་སོང་ ཧ་མ་ལོག་གོང་ནས་ཧ་གོ་ན་ཡག་གི།
གྲོགས་ཅོ་རི་འདི་ཡང་ཨུ་རྡུམ་ཚ་ཙམ་དང་ལུང་ཚན་གྱི་ཞེན་ཁོག་ཆེ་ཙམ་ཡོད་པ་ལས་གཞན་བཤད་དགོས་ཡ་མེད།
ད་ཁྱེད་རྣམ་པ་བགྲོ་གླེང་ཡག་པོ་གནང་གི་འདུག་ད
ཁྱི་སྤྱང་ཟུག་ངུའི་གདངས་ལ་ལྷོད་འཇགས་དབེན། །
དོམ་དྲེད་མཆེ་སྡེར་བརྡར་བས་གནམ་ས་འགེང་། །
སྟག་གཟིག་ཁྲོས་པའི་ངར་སྒྲས་ནགས་ཀློང་སྲེག །
ལྷོད་འཇགས་བྲལ་བའི་གྲོང་འདི་དེ་རིང་མཐོང་། །
ཝ་མོའི་ཚོགས་ཀྱིས་ཉིན་མཚན་ཞི་བདེ་དཀྲོག །
དུག་སྦྲུལ་ནག་པོས་འཁྲིལ་ཞགས་སྐེ་ལ་སྲིང་། །
འདམ་སེང་རྩལ་གྱིས་ཡུ་མོའི་སྙིང་རླུང་འགེམ། །
ལྷོད་འཇགས་བྲལ་བའི་གྲོང་འདི་དེ་རིང་མཐོང་། །
ད་གང་ཤེས། ནམ་རྒྱུན་ཆབ་སྲིད་རིག་པའི་དཔྱད་གླེང་བ་དང་རྩོམ་འདྲི་ལ་བྱང་ཆ་ལྡན་པའི་མགོན་ཚེའམ་མགོན་པོ་ཕྱག་བཞི་པ་ཁོང་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་དཀའ་རྙོག་འདི་མཇུག་མ་བསྒྲིལ་གོང་ནས་བློ་འཕམས་དང་བཅས་འཇིག་རྟེན་འདི་ནས་ཞལ་དགྱེས་ཞུས་ཚར་སོང་། དེ་ནས་ཨ་ལག་ཀླུ་སྨྱོན་ཚང་ཁོང་དེ་དེ་བཞིན་ཆབ་སྲིད་རིག་པའི་ཐད་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཔྱད་གླེང་རང་བཞིན་ལྡན་པ་སྤེལ་མཁན་ཞིག་ཡིན་པ་མ་ཟད་སྙན་ངག་དང་ཡིག་འབྲི་ལ་དཀའ་ངལ་ཆེར་མེད་པའི་ཨ་ཁུ་ཆབ་སྲིད་པ་དངོས་གནས་ཡིན་བསམ་བསམ་ཞིག་ཡིན། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་འདི་དམངས་གཙོའི་ཁ་བོ་ཆེ་གདངས་ཤེས་པ་ཙམ་ལས་དོན་དངོས་དམངས་གཙོའི་གོ་རྟོགས་ཧ་ཅང་ཞན་ལ་ཆབ་སྲིད་རིག་པའི་ལྟ་གྲུབ་ཀྱི་བསམ་བློ་ཧ་ཅང་གུ་དོག་པས། ཁོང་ལ་ཁ་བརྡུང་དྲག་པོ་ཕོགས་ཏེས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་ཆབ་སྲིད་རིག་པའི་དཔྱད་རྩོམ་སྤེལ་རྒྱུ་ལས་ཞལ་དགྱེས་ཞུས་སོང་། ཡང་སྤྲུལ་སྐུ་དབང་ཆེན་འདི་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་ཆབ་སྲིད་བསྐོར་ཅུང་ཐལ་ཆ་ཆེ་བའི་སྐྱོན་བརྗོད་དེ་མི་ཐད་ཀྱང་གཞི་རྩའི་ཆབ་སྲིད་གོ་རྟོགས་ཧ་ཅང་ཟབ་ལ་རྒྱ་གུང་ཁྲན་དང་གཤིབ་མྱོང་ཡོད་པའི་མི་བུ་ཞིག་ཡིན་ཙང་གུང་ཁྲན་གྱི་ཆབ་སྲིད་བསྐོར་ཆ་རྒྱུས་ཡ་རྒྱུས་ཡོད་པར་རྟེན་དཔྱད་གླེང་རང་བཞིན་ལྡན་ལ། ངོ་སྲུང་གིས་གཅམ་བུའི་གཏམ་བཤད་མི་ཤེས་མཁན་ཞིག་ཡིན་པ་མ་ཟད་རྩོམ་འབྲི་ལ་བྱང་ཆ་ལྡན་པ་ཞིག་ཡིན་ཡང་། བཙན་བྱོལ་གྱི་གུང་ཁྲན་ལ་ཆ་རྒྱུས་ཡ་རྒྱུས་མེད་པ་མ་ཟད་གུང་ཁྲན་དང་ཉིན་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པའི་མི་བུ་ཡ་མ་བརླ་ཅན་འདི་ཚོས་ཡོད་ཚད་རྨོངས་དད་ཁ་འཁྱེར་གྱིས་རྒྱོབས་གསོད་ཁོ་ནས་ད་ནི་ཁོང་ཡང་ཧ་ཅང་གུ་དོག་པའི་སྤྱི་ཚོགས་འདིར་ཞེ་མེར་ལངས་སོང་བ་འདྲ། བྱས་ཙང་ཁོ་ཚོས་འཇིག་རྟེན་མི་ཆོས་རིང་ལུགས་འདི་ཡང་དམ་པའི་ལྷ་ཆོས་རིང་ལུགས་ཀྱི་ཐམས་ཅད་མཁྱེན་པའི་སྒོ་འཕངས་ཟེར་བ་ནང་བཞིན་རིལ་རིལ་གཅིག་བཟོ་ཡས་ཡིན་པ་འདྲ། ད་ནི་བལྟོས་ཨ་དྲ་ལམ་འདི་ན་ནམ་རྒྱུན་ཁ་ནས་ཁྱི་དང་སྐྱག་པ། མི་ངན། ལོག་སྤྱོད། ལྟ་ལོག། རྒྱའི་མྱུལ་མ། གདོལ་ཚོགས་མ་གཏོག་ཐོན་རྒྱུ་མེད་པའི་མཆན་པ་ཚོ་རྟ་རྒྱུགས་གཏོང་རྒྱུ་ཁོ་ནའོ།
ཕོ་རབ་དམ་པའི་མཚན་ཉིད་ཚང་བའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག
རྒྱ་དམར་གུན་ཁྲན་བོད་ལ་བསླེབས་སྐབས་དམར་ཡ་སྟག་གི་དཔའ་སྙིང་ཅན།
རིག་གནས་བརྗེ་དུས་ངན་བྱུང་དུས་བྲེ་སེར་འབྲོག་གི་རྭ་ཅོ་ཅན།
ཆོས་ལུགས་དད་པའི་རང་མོས་བྱུང་དུས་སློབ་མ་སྟོང་གི་གསོ་སྐྱོང་ཅན།
ཕོ་རབ་དམ་པ་ཁོང་གིས་ལུང་བསྟན་ཞིག་ལ་་་་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ཅེས་གསུངས་མྱངས་པར་འདྲ།
བཙན་བྱོལ་བོད་མིའི་རང་ཚུགས་ཤོར་ནས་རྩྭ་སྐྱ་རླུང་གིས་ཁུར་ནས་ཐལ།
རང་ཚུགས་མེད་པའི་ཆབ་སྲིད་པ་ཚོས་འཇག་མའི་ཤུགས་གླུ་ལེན་ནས་ཐལ།
རང་ཚུགས་མེད་པའི་གཞོན་ནུ་སུམ་ཅུ་རང་བཙན་དགྲ་རུ་ལངས་ནས་ཐལ།
རང་ཚུགས་མེད་པའི་སྤྲུལ་སྐུ་རྣམ་གཉིས་སྡར་མ་ཝ་བྲོས་རྒྱག་ནས་ཐལ།།།
རིག་གནས་གསར་བརྗེ་དུས་ངན་བྱུང་དུས་བྲེ་སེར་འབྲོག་གི་རྭ་ཅོ་ཅན།ཞེས་བཅོས་རོགས།
སྤྲུལ་སྐུ་དབང་ཆེན་གྱིས་ཡང་༧ཆེ་གེ་མོ་མ་བུན་བཟོ་བཞིན་འདུག
ག་གེ་མོ་ལ་བཅོས་རོགས་
་་་ ཕོ་རབ་དམ་པ་ཁོང་གིས་ལུང་བསྟན་ཞིག་ལ་་་་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ཅེས་གསུངས་མྱངས་པར་འདྲ། ་་་་ཟེར།
སྤུན་ཟླ་ཚོ་་་་་་རྩོད་ནང་ལ་མ་རྒྱབ་ངོ་ཚ་་་་་་་་་་་ཁ་ནས་མཐུན་ལམ་བཤད་་་་་གནང་དང་དེ་འདྲ་རེད་པས་་་།།།
སྤྲུལ་སྐུ་དབང་ཆེན་ཁྱེད་ཀྱིས་གསུངས་པ་དེ་ལ་ཡིད་རང་ཚད་མེད་ཡོད་ཐུགས་རྗེ་ཆེ། ང་ཚོ་བོད་པ་ཚང་གི་གཞོན་སྐྱེས་ཚང་མས་རིག་པའི་ལམ་བོད་དོན་འཚོལ་བ་ལས་རྨོངས་དད་ཀྱི་འོག་ནས་བོད་དོན་མ་འཚོལ་རོགས་སྙིང་དབུས་ནས་ཞུ་བཞིན་ཡོད།
གནམ་རྒན་མ་་་་ད་ཡག་མོ་བྱུང་་་་་
གནམ་རྒན་མ་་་་ད་ཡག་མོ་བྱུང་་་་་