མཁྱེན་ལྡན་སྐྱ་རེངས་བརྙན་དེབ་ཀློག་པ་པོ་རྣམས་དང་། རྩོམ་ཡིག་ཞལ་འདེབས་གནང་མཁན། འགན་འཁྲིའི་དགེ་སློབ་རྣམ་པ་ཡོངས་ལ།
ད་ལན་འདི་ནས་རྒྱུ་འགྲོན་བུན་གཡར་བྱས་ནས་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་འདོན་ཐེངས་གསུམ་པ་འདོན་སྤེལ་ལེགས་གྲུབ་བྱུང་ཡོད་ཅིང་། འབྱུང་འགྱུར་༢༠༡༠ལོར་ཡང་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་བཞི་པ་མུ་འཐུད་འདོན་སྤེལ་ཞུ་རྒྱུ་ཡིན་ན། ཁྱེད་རྣམས་ཀྱིས་གཞིས་བྱེས་ཡོང་གི་བོད་ཕྲུག་གཙོ་གྱུར་གྱིས་བོད་རིགས་ཡོང་གི་ཤེས་ཚད་གོང་མཐོར་འཕེལ་སླད། ནང་ཆོས་ངོ་སྤྲོད། ཚན་རིག་དང་། སྒྲུང་རྩོམ། དཔྱད་རྩོམ། ལོ་རྒྱུས། བསྒྱུར་རྩོམ། མི་སྣ་ངོ་སྤྲོད། རྒྱུན་ཤེས་སམ་ཤེས་བྱ། བསླབ་བྱ། མུ་འབྲེལ་སྒྲུང་གཏམ། བཞད་གད། དཔར། རི་མོ། ལེགས་སྤེལ་ཉེས་འགོག་གི་དགོངས་སོགས་ཞལ་འདེབས་གནང་རོགས་ཞུ།
སྐྱ་རེངས་རྩོམ་སྒྲིག་པས།
རྩོམ་ཡིག་བསྐུར་ཡུལ།
གློག་འཕྲིན། kyarengdigest@yahoo.com
ཁ་པར། 9845510545/9902135431/9900971961
ཌཱཀ་ཁང་།
Kyareng Tibetan Youth Digest
Drepung Monastery (Loseling)
P.O.Tibetan Colony 581411
Mundgod (K.S.) India
ད་ལམ་ ༼སྐྱ་རེངས་༽ ཞེས་པ་བོད་ཀྱི་ན་གཞོན་བརྙན་དེབ་གསར་པ་འདི་འདོན་སྤེལ་གནང་བར་ལེགས་བསུའི་ཐུགས་རྗེ་ཆེ་ཞུ་ རྕོམ་རིགས་འབུལ་ཐུབ་པའི་འབད་བརྩོན་ཞུ་གི་ཡིན་། སྒྲུང་དེབ་དེ་རང་རེ་སློབ་གྲ་དང་སྤྱི་ཚོགས་ནང་རིན་མེད་གནང་གི་ཡོད་དམ་ ཚོང་སྒྱུར་ཐོག་ནས་འགྲེམས་སྤེལ་གནང་གི་ཡོད་ ལྷག་པར་གོང་དུ་ ༼གཞིས་༽བྱེས་ཡོང་གི་བོད་ཕྲུག་གསུངས་འདུག་པ་གཞིས་ནང་དུ་ཇི་ལྟར་འགྲེམས་འཆར་ཡོད་ན་ འདི་ནི་རང་ཉིད་ཤེས་འདོད་ཙམ་གྱིས་དྲི་བ་ལས་བསྟིང་ཚིག་ངང་ནས་དྲི་བ་མིན་ཞེས་གསལ་བཤད་ཞུ་རྒྱུ་ཡིན་ སྒྲུང་གཏམ་འདྲ་མིན་གྱི་ཐོང་ནས་རང་རེ་བོད་ཕྲུག་གཞོན་སྐྱེས་ཚོར་བོད་ཀྱི་མཐུན་མོང་མ་ཡིན་པ་རྩ་ཆེའི་སྐད་ཡིག་ཐོག་དོ་སྣང་དང་དབྱིངས་བཞུགས་ཐུབ་ཆེད་དམིགས་ཡུལ་བཟང་པོ་དང་ རླབས་ཆེན་གྱི་འཆར་གཞི་འདི་དག་གང་ཙམ་ཞིག་ནས་ཨག་སར་གྱིས་ཡལ་མི་འགྲོ་བར་རྒྱུན་ཁྱོངས་གོང་འཕེན་ཐུབ་པའི་རེ་སྨོན་ཞུ་བ་ལགས་སོ་།།
ཉིད་ནས་གསུངས་པ་བཞིན་གཞིས་ཞུགས་སྤུན་ཟླ་ཚོར་འགྲེམས་སྤེལ་གྱི་གོ་སྐབས་ཕྲ་ན་ཡང་། འདི་ནས་wwwkyareng.com ཟེར་བའི་དྲ་ངོས་ཆུང་ཆུང་ཞིག་གི་ནང་ཕབ་ལེན་བྱེད་ཆོག་པ་བཟོས་ཡོད།
ཡང་དྲ་ངོས་རྩོམ་ཡིག་སྤེལ་སའི་http://kyareng.blogspot.comསྐྱ་རེངས་ཟིན་བྲིས་ཞིག་དང་། ལྷག་པར་ནང་ཆོས་ཐད་བགྲོ་གླེང་ལྷུག་པོར་གནང་ཆོག་སའི་http://kyarengbuddhism.blogspot.comཟིན་བྲིས་ཞིག་ཀྱང་ཡོད། བརྙན་དེབ་དེ་ནི་བཙན་བྱོལ་ནང་ཡོད་པའི་སློབ་གྲྭ་ཁག་ཏུ་རིན་མེད་ངང་གང་ཐུབ་འགྲེམས་བྱེད་བཞིན་ཡོད། བྱུང་འགྱུར་སྐྱ་རེངས་མུ་འཐུད་ཇི་ཙམ་བར་འདོན་སྤེལ་ཞུ་ཐུབ་མིན་ནི་རྩོམ་པ་པོ་ཚོའི་རྩོམ་ཡིག་གི་ཞལ་འདེབས་དང་། བརྙན་དེབ་ཀྱི་རྒྱུ་འགྲོན་དང་། ལས་བྱེད་ཚོར་རགས་ལས་འདུག
འདྲ་པར་སྟེང་གི་སྤྲེའུ་གསུམ་(ཆོལ་ཁ་གསུམ་ཡིན་འདྲ།)དང་གཡས་ཀྱི་པེ་ཅིན། གཡོན་གྱི་ཏ་ཇི་མ་ཧ། མདུན་གྱི་དགེ་འདུན་པས་ཞི་ཕྱི་རྒོལ་བྱེད་པ་དག་གིས་མཚོན་དོན་ཅི་ཡིན་ནམ།
མདུན་ཤོག་གི་སྤྲེལ་གསུམ་གྱི་མཚོན་དོན་ནི་ཆོལ་ཁ་གསུམ་མ་ཡིན། དེ་གསུམ་ནི་རྒྱ་ནག་དང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་གསུམ་གྱི་དཔོན་རིགས་མཚོན་པ་ཡིན།
རྩོམ་སྒྲིག་པ་ལགས། གསལ་ཁ་ཆགས་མ་སོང་། མདུན་ཤོག་ཐོག་གི་གོར་ཐིག་དེའི་ནང་གི་ཁང་པའི་ཟུར་ལྟ་བུ་ཞིག་ཡོད་པ་དེ་ནས་པར་རིས་རེ་རེ་བཞིན་འགྲེལ་བཤད་ཅིག་གནོངས་དང་།
གཞན་རྩོམ་འཁྱོག་རེ་སྐུར་བར་ཤུགས་རྒྱག་གི་ཡིན། ཁྱེད་ཚོའི་བྱ་བ་ལམ་ལྷོང་དང་རྒྱུན་འཁྱོངས་ཡོང་བར་སྨོན།
ཨ་རོ་ཚོ
བརྙན་དེབ་ཟུར་གྱི་གོར་གོར་དེ་སྐྱ་རེངས་བརྙན་དེབ་ཀྱི་མཚོན་རྟགས་ཡིན། ཁང་པའི་ཟུར་དེ་དང་བྱ་དེ་དེ་དང་ནམ་མཁའ་བཅས་ཀྱིས་སྐྱ་རེངས་ཤར་བ་མཚོན་གྱི་ཡོད།
རྒྱབ་ཀྱི་ཁང་པ་གསུམ་པོ་དེ་དག་གི་དཀྱིལ་མ་དེ་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཚོགས་ཁང་རེད།
བརྙན་དེབ་ཀྱི་མདུན་ངོས་ཀྱི་མཚོན་དོན་མདོར་བསྡུས་ན། བོད་མི་ཚོས་ཞི་བའི་ལམ་ནས་རང་གི་འདོད་དོན་ཇི་སྙད་ཅིག་སྐད་འབོད་ཀྱི་ལམ་ནས་སྒྲོག་གི་ཡོད་ནའང་རྒྱ་ནག་གིས་མ་ཉན་པ་དང་རྒྱལ་སྤྱིས་མ་གཟིགས་པ་དང་རྒྱ་གར་གིས་སྐད་ཆ་མ་བཤད་ལྟ་བུ་ཡིན།
ཡ་ཡ། ད་ང་ཚོས་དུས་དེབ་ག་འདྲ་ཞིག་འདོན་འོང་ལྟ་ཨ། གྲྭ་སར་བསྡད་ནས་དགོས་རྒྱུ་དཔེ་ཆ་ལ་མི་ལྟ། མི་དགོས་རྒྱུ་དུས་དེབ་འདྲ་བཏོན་མཁན་འདི་ཚོ། གྲ་སར་ཆགས་གི་མ་རེད། ལྟོས་དང༌། རྩོམ་རིག་དགའ་ཚལ་གྱི་བེ་རི་འཇིགས་མེད། ལྡུམ་རའི་བསོདནམས་ཡེ་ཤེས། གངས་ཕྲུག ཤེས་རབ་དར་རྒྱས། བསྟན་འཛིན་ཤེས་རབ། ཤཱ་འོད་ཀྱི་སྐྱ་བུ། འདི་ཚོ་ལ་ལྟོས་དང༌། ད་འདི་ཡང་གྲྭ་སར་ཆག་གི་མ་རེད། ཇོ་རིནཔོ་མ་རེད། ངའིསེམས་བཟང་ཡིན་གོ། དཀོན་མཆོག་གསུམ་ཡིན།
ང་རང་ཡང་རྩོམ་འཁྱོག་རེ་གཉིས་འབྲི་ཤེས་པས་གྲ་པ་ཁུངས་བསྐྱེལ་ཐུབ་མ་སོང༌། ཧོ་ཧོ། འདི་ཚོ། དམྱལ་ལ་མ་མཐོང་བར་དུ་སངས་རྒྱསལ་ཡིད་ཆེས་བཟི་གི་མ་རེད།