ད་ལོ་བོད་ན་དབྱར་རྩྭ་དགུན་འབུའི་གོང་འཕར་འདུག་ཅེས་འུར་འུར་བྱེད་བཞིན་འདུག གོ་ཐོས་ལ་འབུ་ཆུང་བ་གཅིག་ལ་རྒྱ་སྒོར་ ༢༥ དང་ཆེ་བ་གཅིག་ལ་རྒྱ་སྒོར་ ༣༠ ལྷག་སྤྲོད་ཀྱིན་འདུག་ཟེར། བརྐོ་མཁན་མི་བཞི་ཡོད་པའི་ཁྱིམ་ཚང་གཅིག་གིས་ཉིན་གཅིག་ལ་རྒྱ་སྒོར་ ༥༠༠༠ ཙམ་གྱི་འབུ་རྙེད་བཞིན་ཡོད་པ་དང་། དེ་འདྲའི་ཁྱིམ་ཚང་གཅིག་གིས་དབྱར་ཐོག་འདིར་རྒྱ་སྒོར་འབུམ་གཅིག་ཙམ་བཟོ་ཐུབ་ཀྱི་རེད་ཟེར། ད་ལོར་འབུ་འདིའི་གོང་ཚད་མཐོ་དོན་ཅི་ཡིན་ནམ།
སྔོན་མ་ཡིན་ན་འབུ་རྐོ་མཁན་རེད་ཟེར་ནས་ཀུན་གྱིས་ངན་པར་བརྩི་སྲོལ་ཡོད། དུས་དེང་སང་འབུ་མ་རྐོ་ན་ལྐུགས་པ་རེད་ཟེར་ཐག་ཆོད། ཡིན་ནའང་འབུ་རྐོ་ནས་སྐབས་ཐོབ་དངུལ་ཏོག་ཙམ་རག་བདེན་མ་ཡིན་ཀྱང་ཕྱུག་པོ་ཆགས་པ་རེད་ཟེར་གོ་མྱོང་མེད། དེ་གང་ཡིན་ནམ། སྤྱིར་འབུ་རྐོ་བ་དེ་ཆོས་དང་ཚན་རིག་གང་གི་ཐད་ནས་ཀྱང་ཡག་པོ་ཞིག་ཡིན་ཚོད་མི་འདུག དེས་ན་རབ་འཚོ་བ་འབུ་ལ་བརྟེན་མི་དགོས་པ་གཅིག་དང་གལ་སྲིད་རྐོ་དགོས་ཐུག་ནའང་མཐའ་མའི་ཁ་སེང་བོད་དང་བོད་མི་ལ་ཡོད་པ་ཞིག་བྱེད་དགོོས་པ་ནི་བོད་ཀྱི་ཚོང་པ་རྣམས་ཀྱི་ལས་འགན་ཆེན་པོ་རེད། དེ་མིན་བོད་མི་རྒན་གཞོན་ཐམས་ཅད་ཀྱིས་ཆོས་དགེ་བ་སྤངས། སློབ་སྦྱོང་དང་ལས་ཀ་གཡུག རབ་ན་བརྡུང་རེས། སྡུག་ན་ནང་དམེ་བསད་རེས་བྱས་ནས་རྐོ་བའི་འབུའི་ཁེ་སང་ངོ་མ་དེ་གཞན་གྱིས་འཁུར་བ་ནི་ང་ཚོ་ལ་འཇོན་ཐང་མེད་པའི་རྟགས་རེད། ཁ་ཕོ་ཆེ་དང་མ་ཆེ་མེད། ཕ་ཚོ་ངན་དང་མི་ངན་མེད།
འབུ་ལེགས་པ་རེ་ལ་རྒྱ་གོར་༡༠༠རེད་འདུག་ཟེར། ༣༠་ཆུང་ཆུང་རེད། བོན་གྱི་རྫོང་སྦྲ་ཆེན་རྫོང་དང་ཁྱུང་པོ་སོགས་སུ་དབྱར་རྩ་དགུན་འབུ་ལེགས་ཤོས་སྐྱེ་ས་རེད་འདུག སྦྲ་ཆེན་རྫོང་ཞབས་ལ་བོན་པོ་མ་གཏོགས་བན་དེའི་གྲོང་པ་གཅིག་ཀྱང་མེད་རེད་ཟེར།
བན་དེ་བ། བན་དེ་བ། ཁྱོད་བན་བོན་རྩོད་དང་མ་རྩོད་ད་འབུ་ལ་ཡང་བན་དེའི་འབུ་དང་བོན་པོའི་འབུ་ཞེས་རྩོད་ཀྱི་ཡོད་པས། ཡིན་ཆུག ཡིན་ཆུག བོན་པོའི་འབུ་ལ་སྒོར་༡༠༠ བན་དེའི་འབུ་ལ་སྒོར་༣༠ཡིན་ཆུག གང་ལྟར་མཐའ་མ་རྒྱ་མིའི་འབུ་རེད།
བན་དེ་བ་ཟེར་བའི་བོན་པོ་ཕྱོགས་འཐེན་ཅན་ཁྱོད་ཀྱིས་ག་དུས་ཡིན་ཀྱང་ཚིག་གི་དངོས་ཤུག་རྒྱུད་གསུམ་ནས་ཆོས་ལུགས་ཀྱི་འཐེན་ཁྱེར་རྐྱང་རྐྱང་བཤད་མ་འདུག འབུ་ལ་བན་དེ་དང་བོན་པོའི་དབྱེ་བ་ཉི་མ་དེ་རིང་མ་གཏོགས་གོ་མ་མྱོང་ངོ་།
རིགས་ཞེན་ལ་ཡང་རིགས་ཀྱི་ཞེན་ཁོག་དེ་ཤུགས་ཆེན་པོ་འདུག ཆོས་དང་ཆལ་ཁ་མི་རིགས་གང་གི་རིགས་རུས་པ་དཀར་པོའི་ཞེན་གོག་དེ་གང་ལྟར་དེ་འདྲ་བཤད་མ་འདུག ད་ལྟ་དུས་རབས་གསར་པར་རིགས་རུས་པའི་དབྱེ་བ་མེད།
ཆོལ་ཁ་ཞེས་བཅོས་རོགས
བན་དེ་བས་་་་གསུང་པ་དེ་བདེན་པ་རེད སྦྲ་ཆེན་རྫོང་དེ་ལ་བོན་པོ་མ་གཏོགས་ཡོད་མ་རེད ང་འགྲོ་མྱོང་ཡོད་་་དེང་སང་སྦྲ་ཆེན་རྫོང་ལ་མི་ཚོས་བོན་གྱི་རྫོང་ཞེས་འབོད་སྲོལ་འདུག་་་དེ་ནི་བོན་པོ་ཚོའི་གཟི་བརྗིད་རེད་་་་བོན་ལ་གོ་ཆག་དང་བཅོས་བསྒྱུར་ག་ཚོད་བྱས་ཀྱང་འདི་སུ་གང་གིས་ཀྱང་བསྒྱུར་དུ་མ་བཏུབས་པར་ལུས་འདུག་་་རྗེས་སུ་ཡི་རངས་དགོས་རྒྱུ་རེད ཁྱེད་ཚོ་བུ་རྒོད་རེད
རྩ་འབུ།
དབྱར་རྩྭ་དགུན་འབུ།
འདོད་ཆགས་སྐྱེ་འབུ།
ཞེ་སྡང་སྐྱེ་འབུ།
ནང་དམེ་བྱེད་འབུ།
དབྱར་རྩ་དགུན་འབུ་གོང་ཆེ་དྲགས་ནས་རང་གི་སྲོག་ཀྱང་དེར་ཤོར་འགྲོ་གི་འདུག
འབུ་རྩེ་ཕུད་གཅིག་ལ་བརྒྱ་སྒོར་ ༢༠༠ རེད་ཟེར།
ད་ལོར་འདི་ལྟར་གོང་ཆེན་པོ་ཆགས་པའི་རྒྱུ་མཚན་ཅི་ཡིན་ནམ། ཉོ་མཁན་གསར་པ་ཞིག་ཐོབ་པ་ཡིན་ནམ། ཁྲོམ་ར་ཇེ་ཆེར་སོང་བ་ཡིན་ནམ།
དབྱར་རྩྭ་དགུན་འབུ་འདིས་ག་རེ་ཕན་གྱིས་ཡོད་པ་རེད། མཁྱེན་ལྡན་དྲྭ་གྲོགས་ཚོས་གསལ་བྱེད་ཅིག་གནངས་རོགས་ཞུ།།
དབྱར་རྩྭ་དགུན་འབུ། །
འདོད་ཆགས་སྐྱེ་འབུ། །
ཞེས་པ་ལྟར། ཆགས་པ་འཕེལ་བསྐྱེད་ཀྱི་སྨན་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་འདྲ། གཞན་ཡང་སྟོབས་སྨན་ལྟ་བུ་གཞན་ལ་ཡང་གཏོང་སྲིད་པ་རེད།
དབྱར་ཁ་རྩ་དང་དགུན་ཁ་འབུར་འགྱུར་བས་དབྱར་རྩ་དགུན་འབུ་ཞིག་བརྗོད་ཀྱི་ཡོད། གོང་ཚད་ལེགས་པ་ཡོད་སྐད་འདུག འོན་ཀྱང་འབུ་རྐོས་མཁན་རྣམས་ལ་དངུལ་ཕྲན་བུ་རག་ཀྱང་བེད་སྤྱོད་ཡག་པོ་ཞིག་གཏོང་བའི་རེ་བ་ཡོད།