གཞོན་ནུ་ལྷན་ཚོགས་ཀྱི་གྲོས་ཆོད་ཁག Posted on 2013-06-042013-06-04 By ཁ་བརྡ་ 12 Comments on གཞོན་ནུ་ལྷན་ཚོགས་ཀྱི་གྲོས་ཆོད་ཁག གཤམ་གསལ་གྱི་འབྲེལ་ཐག་ན་ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཁག་གི་ངོ་བཤུས་ཡོད་ཅིང་། ཁ་བརྡར་གཟིགས་མཁན་ཚོར་མཁྱེན་རྟོགས་ཡོང་ཆེད་ལ་དམིགས་་ནསའདིར་བཀོད་པ་ཡིན། TYC 15th General Meeting Resolution 2013 copy གསར་འགྱུར།
ཉེས་པ་ལ་ཡོན་ཏན་གཅིག་ཉིད་ཡོད་པ་དེ་ནི། བཤགས་ན་དག་ཡས་ཡོད་པ་དེ་ཡིན། དངོས་གནས་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལ་ཡིད་ཆེས་དང་གུས་བཀུར་ལག་ལེན་གནང་དང་གནང་མུས་ནི། མགོན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན࿒པར་བོད་མིའི་མ་འོངས་མདུན་ལམ་ཕུགས་རེ་ལ་ཐུག་པས་ཡིན་པ་དང་། ཅི་སྟེ་ངེས་མེད་དགོངས་སེལ་མ་ཞུས་ཀྱང་སྐུ་སྒེར་ལ་གནད་འགག་དེ་ཙམ་མེད་ལ་གྱོན་གུན་ནི་བོད་མི་རིགས་ཀྱི་རྩ་དོན་དང་། རྒྱུན་འཛིན་སྙིང་སྟོབས་ལ་རྨ་ཁ་བྱིན་ཉེན་ཡོད་པས་དགོངས་ཟབ་རིང་མཐོང་གནང་བར་བསྔགས་་བརྗོད་ཀྱི་མེ་ཏོག་འཐོར་བར་ངེས། ད་དུང་མུ་མཐུད་སྔར་ལྷག་ཤུགས་སྣོན་ཧུར་བསྐྱེད་ཀྱིས་མི་རིགས་དབུ་འཕང་མཐོར་་འདེགས། དུས་རབས་གསར་བསྟུན། གནའ་རབས་རྒྱུན་འཛིན། མདོར་ན་གནའ་དེང་གཤོག་ཟུང་ཡངས་པོར་བརྐྱངས་ནས་རང་ཉིད་རང་གིས་སྐྱོང་བའི་དཔལ་ལ་གོམ་པ་མདུན་བསྐྱོད་འགོག་པའི་རྡོ་བོ་ཐལ་བའི་རྡུལ་དུ་བརླག་པར་བྱེད་པའི་སྙིང་སྟོབས་གཡོ་བ་མེད་པར། ཕ་སའི་འཛུགས་སྐྲུན་སྒོ་ཀུན་ནས་འབད་པར་ཞུ།།
བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་ལས་འགའ་ཤས་ཀྱིས་བྱེད་ཕྱོགས་ལ་ཡི་མ་རངས་པ་མང་བོ་ཡོང་གི་ཡོད་ཀྱང་ད་རེའི་གཞོན་ནུའི་གྲོས་ཆོད་ལ་བལྟས་ན་ཕྱོགས་ཡོངས་ནས་ཡག་པོ་བྱུང་ཡོད་པ་འདྲ་ཞིག་མཐོང་སོང་། དེ་མ་གཏོགས་ཚོགས་པ་གཞན་ལ་འབྲེལ་བ་བྱེད་སྟངས་དང་། ཕྱོགས་བསྐྱོད་སྐབས་ཀྱི་གཏམ་བཤད་དང་འགན་འཛིན་ལྷན་རྒྱུས་ཀྱི་གྲོས་ཆོད་གཏམ་བཤད་སོགས་སྔར་གྱི་བྱེད་ཕྱོགས་མང་བོ་ཞིག་དེ་འདྲའི་འོས་པ་དང་འཚམས་པོ་མེད་པས་མ་འོངས་བོད་ཀྱི་གཞོན་ནུའི་ལངས་ཕྱོགས་་ཅི་འགྱུར་ལ་སྔངས་སྐྲག་བྱུང་། ད་རེའི་གྲོས་ཆོད་འདིས་ཕྱི་གསལ་ནང་གསལ་གང་མཚམས་བཟོས་འདུག་ལ་སླད་མའི་ལངས་ཕྱོགས་པ་བློ་གཏད་འགྱུར་མེད་གནང་ཆོག་གི་རེད་སྙམ།། ཡག་པོ་བྱུང་བྱ་ཞུས་པ་ཡིན།
གཞོན་ནུས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བ་དེར་འབྲེལ་བ་གཏན་ནས་བྱས་མེད་པ་དང་། མ་འོངས་པར་ཡང་ནམ་ཡང་བྱ་རྒྱུ་མིན་གསུངས་པ་དེ་གནད་འགག་གང་ལ་ཐུག་པ་ཡིན་ནམ།
༄། །ད་ལན་སྐུ་སྒེར་ནས་༧གོང་ས་མཆོག་གི་མཚན་བྱང་བེད་སྤྱོད་བྱས་ནས་བཀའ་ཟུར་ཟམ་གདོང་བླ་མས་གསུང་བཤད་ལས། བཙན་བྱོལ་ནང་མང་གཙོ་མེད་པ་དངོས་སུ་གསལ་པོ་གསལ་རྐྱང་ཆགས་སོང༌། དེ་མཚུངས་རང་བཙན་འཐབ་རྩོད་པ་སྒེར་མི་འགའ་ཞིག་གི་རང་དབང་རྩོམ་ཡིག་ལ་བཟོད་བསྲན་མ་ཐུབ་པར་མཁས་བཤད་དང་དབང་ཤུགས་ཀྱིས་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པར་ཞི་འཇམ་ཐོག་ས་ལ་བརྡབ་རྒྱུ་ཡོད་ཚད་བརྡབས་ཏེ། དབང་མེད་ཀྱིས་གཞོན་ནུ་ལྷན་ཚོགས་ནས་ལྷ་དགོངས་དང་གསལ་གྱི་དགོངས་གསལ་མི་ཞུ་ཀ་མེད་བཟོས་སོང༌། ཉམ་ཆུང་གཞོན་ནུ་ཚོགས་པ་སྙིང་རེ་རྗེ་ཨང༌། གནས་ཚུལ་དེ་དག་མ་འོངས་པར་གཞོན་ནུར་མ་ཉེས་ཁ་གཡོགས་ཀྱིས་ནག་ཉེས་ཀྱི་ལོ་རྒྱུས་ནང་གསལ་ཐུབ་པ་མངོན།
དེང་གི་བོད་ཕྲུག་བསོད་ཉམས་སྤྲང་ཕྲུག་ལ། ། སངས་རྒྱས་དངོས་སུ་བྱོན་ཡང་ཕན་མི་ཐོགས། ། གཞོན་སྐྱེས་དད་མེད་ཆོས་མེད་བོད་རིགས་ལ། ། དྲང་བདེན་བཤད་ས་མེད་པ་ཅི་ཡིན་ནམ། ། རྒྱ་བོད་གྲོས་མོལ་བཀག་རྡོ་གཞོན་ལྷན་གྱི། ། ཁ་ཡོད་ལག་མེད་རང་བཙན་དོར་འགྱུར་ཅིག །
གཞོན་ནུའི་ལང་ཕྱོགས་གང་རིས་གདོད་མ་ཡིན། བོད་པའི་རིགས་གཞུང་སྐྱེ་འགྲོའི་བདེ་སྐྱིད་རེད། དམར་པོའི་ཅག་བརླུང་འགལ་རྐྱེན་བར་ཆད་རེད། ༧རྒྱལ་བའི་དབང་བོ་བོད་པའི་སྐྱབས་མགོན་རེད། གཉིས་སྨན་དབུ་མ་བོད་པའི་ཐབས་ལམ་ཡིན། རང་སྲིད་རང་སྐྱོང་བོད་པའི་གྲུབ་འབྲས་ཡིན། རང་དབང་ཐོབ་ན་བོད་པའི་བདེ་སྐྱིད་ཡིན། བདེ་སྐྱིད་འདོད་ན་ཐབས་ལམ་དབུ་མ་དགོས། མྱུ་གུ་ལྟ་བུས་འདུས་བྱས་གཅིག་ལ་ཡང། རྒྱུ་ཡི་རྣམས་གྲངས་མང་པོ་མེད་པ་ན། བསྐྱེད་བྱེད་རྫོགས་པར་མ་ཚང་མི་བསྐྱེད་བཞིན། དེ་ཕྱིར་གཅིག་འདེམ་གཞན་སྤངས་དོར་བར་བྱ།
ད་ཡིན་ན་བོད་པ་ཚོ་ལ་དགོས་པའི་ཁྱབ་སྲིད་ཀྱི་ཁེ་དབང་ཚང་མ་ཆོས་ལུགས་ཤིག་གི་འཕྲོག་འགྲོ་གི་ཡོད་པ་དངོས་གསལ་དོད་པོ་རེད་འདུག གཞོན་ནུ་ཚོགས་པའི་ལྟ་བ་མ་འོངས་བོད་ཀྱི་ཁེ་དབང་ཁྱབ་སྲིད་ཁོ་ནའི་གཞུང་ཞིག་ལས་ཆོས་ལུགས་ཤིག་གིས་དབང་བསྒྱུར་བྱས་ན་མི་འདོད། ད་ལྟའི་ཁྱབ་སྲིད་པ་ཁ་གཅིག་གིས་ད་ལྟ་བཙན་བྱོལ་གྱི་གཞུང་ཆོས་ལུགས་ཤིག་་གིས་དབང་བསྒྱུར་ནས་ཡོད་པ་བཞིན་མ་འོངས་པར་དེ་ལྟར་གནས་ཐུབ་པའི་ཁྱད་སྔོན་ཆུ་བཞི་སྒང་དྲུག་ཁ་འཐོར་དུ་བཏང་པ་བཞིན་ད་ལྟ་ཡང་གཞོན་ནུ་ཚོགས་པའི་ནུས་ཤུགས་ཇེ་རྒྱས་སུ་འགྲོ་བཞིན་པ་འདི་ཡིས་ཆོས་ལུགས་གཅིག་གི་ཁྱབ་སྲིད་ཀྱི་ཁེ་དབང་ལ་གནོད་སྐྱོན་འགྲོ་གི་ཡོད་པ་ལ་དམིགས་ནས་ནང་འཁྲུག་བྱེད་འཇུག་གི་ཡོད་པ་གསལ་པོ་རེད། གཞོན་སྐྱེས་ཚོ་ཁྱེད་རྣམ་པས་མ་འོངས་བོད་མི་མང་གི་གཞུང་ཇི་ལྟར་དགོས་མིན་མཁྱེན་རྟོགས་བྱེད་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་།
ད་ཡིན་ན་བོད་པ་ཚོ་ལ་དགོས་པའི་ཁྱབ་སྲིད་ཀྱི་ཁེ་དབང་ཚང་མ་ཆོས་ལུགས་ཤིག་གི་འཕྲོག་འགྲོ་གི་ཡོད་པ་དངོས་གསལ་དོད་པོ་རེད་འདུག གཞོན་ནུ་ཚོགས་པའི་ལྟ་བ་མ་འོངས་བོད་ཀྱི་ཁེ་དབང་ཁྱབ་སྲིད་ཁོ་ནའི་གཞུང་ཞིག་ལས་ཆོས་ལུགས་ཤིག་གིས་དབང་བསྒྱུར་བྱས་ན་མི་འདོད། ད་ལྟའི་ཁྱབ་སྲིད་པ་ཁ་གཅིག་གིས་ད་ལྟ་བཙན་བྱོལ་གྱི་གཞུང་ཆོས་ལུགས་ཤིག་་གིས་དབང་བསྒྱུར་ནས་ཡོད་པ་བཞིན་མ་འོངས་པར་དེ་ལྟར་གནས་ཐུབ་པའི་ཁྱད་སྔོན་ཆུ་བཞི་སྒང་དྲུག་ཁ་འཐོར་དུ་བཏང་པ་བཞིན་ད་ལྟ་ཡང་གཞོན་ནུ་ཚོགས་པའི་ནུས་ཤུགས་ཇེ་རྒྱས་སུ་འགྲོ་བཞིན་པ་འདི་ཡིས་ཆོས་ལུགས་གཅིག་གི་ཁྱབ་སྲིད་ཀྱི་ཁེ་དབང་ལ་གནོད་སྐྱོན་འགྲོ་གི་ཡོད་པ་ལ་དམིགས་ནས་ནང་འཁྲུག་བྱེད་བཅུག་གི་ཡོད་པ་གསལ་པོ་རེད། གཞོན་སྐྱེས་ཚོ་ཁྱེད་རྣམ་པས་མ་འོངས་བོད་མི་མང་གི་གཞུང་ཇི་ལྟར་དགོས་མིན་མཁྱེན་རྟོགས་བྱེད་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་།
ཀུ་ཅི། ཡིག་གཟུགས་ཆེར་བཏང་ནས་འདིར་འགོད་རོགས།
ཅིག་བལྟས་པ་ཡིན་ཡང་། མིག་ཚ་ནས་ཀློག་ཐུབ་པ་མི་འདུག
ཉེས་པ་ལ་ཡོན་ཏན་གཅིག་ཉིད་ཡོད་པ་དེ་ནི། བཤགས་ན་དག་ཡས་ཡོད་པ་དེ་ཡིན། དངོས་གནས་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལ་ཡིད་ཆེས་དང་གུས་བཀུར་ལག་ལེན་གནང་དང་གནང་མུས་ནི། མགོན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན࿒པར་བོད་མིའི་མ་འོངས་མདུན་ལམ་ཕུགས་རེ་ལ་ཐུག་པས་ཡིན་པ་དང་། ཅི་སྟེ་ངེས་མེད་དགོངས་སེལ་མ་ཞུས་ཀྱང་སྐུ་སྒེར་ལ་གནད་འགག་དེ་ཙམ་མེད་ལ་གྱོན་གུན་ནི་བོད་མི་རིགས་ཀྱི་རྩ་དོན་དང་། རྒྱུན་འཛིན་སྙིང་སྟོབས་ལ་རྨ་ཁ་བྱིན་ཉེན་ཡོད་པས་དགོངས་ཟབ་རིང་མཐོང་གནང་བར་བསྔགས་་བརྗོད་ཀྱི་མེ་ཏོག་འཐོར་བར་ངེས།
ད་དུང་མུ་མཐུད་སྔར་ལྷག་ཤུགས་སྣོན་ཧུར་བསྐྱེད་ཀྱིས་མི་རིགས་དབུ་འཕང་མཐོར་་འདེགས། དུས་རབས་གསར་བསྟུན། གནའ་རབས་རྒྱུན་འཛིན། མདོར་ན་གནའ་དེང་གཤོག་ཟུང་ཡངས་པོར་བརྐྱངས་ནས་རང་ཉིད་རང་གིས་སྐྱོང་བའི་དཔལ་ལ་གོམ་པ་མདུན་བསྐྱོད་འགོག་པའི་རྡོ་བོ་ཐལ་བའི་རྡུལ་དུ་བརླག་པར་བྱེད་པའི་སྙིང་སྟོབས་གཡོ་བ་མེད་པར། ཕ་སའི་འཛུགས་སྐྲུན་སྒོ་ཀུན་ནས་འབད་པར་ཞུ།།
བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་ལས་འགའ་ཤས་ཀྱིས་བྱེད་ཕྱོགས་ལ་ཡི་མ་རངས་པ་མང་བོ་ཡོང་གི་ཡོད་ཀྱང་ད་རེའི་གཞོན་ནུའི་གྲོས་ཆོད་ལ་བལྟས་ན་ཕྱོགས་ཡོངས་ནས་ཡག་པོ་བྱུང་ཡོད་པ་འདྲ་ཞིག་མཐོང་སོང་།
དེ་མ་གཏོགས་ཚོགས་པ་གཞན་ལ་འབྲེལ་བ་བྱེད་སྟངས་དང་། ཕྱོགས་བསྐྱོད་སྐབས་ཀྱི་གཏམ་བཤད་དང་འགན་འཛིན་ལྷན་རྒྱུས་ཀྱི་གྲོས་ཆོད་གཏམ་བཤད་སོགས་སྔར་གྱི་བྱེད་ཕྱོགས་མང་བོ་ཞིག་དེ་འདྲའི་འོས་པ་དང་འཚམས་པོ་མེད་པས་མ་འོངས་བོད་ཀྱི་གཞོན་ནུའི་ལངས་ཕྱོགས་་ཅི་འགྱུར་ལ་སྔངས་སྐྲག་བྱུང་། ད་རེའི་གྲོས་ཆོད་འདིས་ཕྱི་གསལ་ནང་གསལ་གང་མཚམས་བཟོས་འདུག་ལ་སླད་མའི་ལངས་ཕྱོགས་པ་བློ་གཏད་འགྱུར་མེད་གནང་ཆོག་གི་རེད་སྙམ།། ཡག་པོ་བྱུང་བྱ་ཞུས་པ་ཡིན།
གཞོན་ནུས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བ་དེར་འབྲེལ་བ་གཏན་ནས་བྱས་མེད་པ་དང་། མ་འོངས་པར་ཡང་ནམ་ཡང་བྱ་རྒྱུ་མིན་གསུངས་པ་དེ་གནད་འགག་གང་ལ་ཐུག་པ་ཡིན་ནམ།
དོན་ངོ་མ་གཞོན་ནུའི་ལངས་ཕྱོགས་དབུ་མ་ཡིན་པའི་རྒྱུ་མཚན་ལ་ཐུགས་ཡོད་པ་རེད་་་་་་
གོང་ས་མཆོག་གི་བཀའ་འོག་མ་འདུས་པའི་གཞོན་ནུ་ཞིག་དང་།གཞོན་ལྷན་ལངས་ཕྱོགས་ཅིག་ཡོངས་མི་སྲིད།
བཙན་བྱོལ་ནང་མང་གཙོ་མེད་པ་གསལ་བོ་གསལ་རྐྱང་ཆགས་པ་རེད།
༄། །ད་ལན་སྐུ་སྒེར་ནས་༧གོང་ས་མཆོག་གི་མཚན་བྱང་བེད་སྤྱོད་བྱས་ནས་བཀའ་ཟུར་ཟམ་གདོང་བླ་མས་གསུང་བཤད་ལས། བཙན་བྱོལ་ནང་མང་གཙོ་མེད་པ་དངོས་སུ་གསལ་པོ་གསལ་རྐྱང་ཆགས་སོང༌། དེ་མཚུངས་རང་བཙན་འཐབ་རྩོད་པ་སྒེར་མི་འགའ་ཞིག་གི་རང་དབང་རྩོམ་ཡིག་ལ་བཟོད་བསྲན་མ་ཐུབ་པར་མཁས་བཤད་དང་དབང་ཤུགས་ཀྱིས་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པར་ཞི་འཇམ་ཐོག་ས་ལ་བརྡབ་རྒྱུ་ཡོད་ཚད་བརྡབས་ཏེ། དབང་མེད་ཀྱིས་གཞོན་ནུ་ལྷན་ཚོགས་ནས་ལྷ་དགོངས་དང་གསལ་གྱི་དགོངས་གསལ་མི་ཞུ་ཀ་མེད་བཟོས་སོང༌། ཉམ་ཆུང་གཞོན་ནུ་ཚོགས་པ་སྙིང་རེ་རྗེ་ཨང༌། གནས་ཚུལ་དེ་དག་མ་འོངས་པར་གཞོན་ནུར་མ་ཉེས་ཁ་གཡོགས་ཀྱིས་ནག་ཉེས་ཀྱི་ལོ་རྒྱུས་ནང་གསལ་ཐུབ་པ་མངོན།
དེང་གི་བོད་ཕྲུག་བསོད་ཉམས་སྤྲང་ཕྲུག་ལ། །
སངས་རྒྱས་དངོས་སུ་བྱོན་ཡང་ཕན་མི་ཐོགས། །
གཞོན་སྐྱེས་དད་མེད་ཆོས་མེད་བོད་རིགས་ལ། །
དྲང་བདེན་བཤད་ས་མེད་པ་ཅི་ཡིན་ནམ། །
རྒྱ་བོད་གྲོས་མོལ་བཀག་རྡོ་གཞོན་ལྷན་གྱི། །
ཁ་ཡོད་ལག་མེད་རང་བཙན་དོར་འགྱུར་ཅིག །
གཞོན་ནུའི་ལང་ཕྱོགས་གང་རིས་གདོད་མ་ཡིན།
བོད་པའི་རིགས་གཞུང་སྐྱེ་འགྲོའི་བདེ་སྐྱིད་རེད།
དམར་པོའི་ཅག་བརླུང་འགལ་རྐྱེན་བར་ཆད་རེད།
༧རྒྱལ་བའི་དབང་བོ་བོད་པའི་སྐྱབས་མགོན་རེད།
གཉིས་སྨན་དབུ་མ་བོད་པའི་ཐབས་ལམ་ཡིན།
རང་སྲིད་རང་སྐྱོང་བོད་པའི་གྲུབ་འབྲས་ཡིན།
རང་དབང་ཐོབ་ན་བོད་པའི་བདེ་སྐྱིད་ཡིན།
བདེ་སྐྱིད་འདོད་ན་ཐབས་ལམ་དབུ་མ་དགོས།
མྱུ་གུ་ལྟ་བུས་འདུས་བྱས་གཅིག་ལ་ཡང།
རྒྱུ་ཡི་རྣམས་གྲངས་མང་པོ་མེད་པ་ན།
བསྐྱེད་བྱེད་རྫོགས་པར་མ་ཚང་མི་བསྐྱེད་བཞིན།
དེ་ཕྱིར་གཅིག་འདེམ་གཞན་སྤངས་དོར་བར་བྱ།
ད་ཡིན་ན་བོད་པ་ཚོ་ལ་དགོས་པའི་ཁྱབ་སྲིད་ཀྱི་ཁེ་དབང་ཚང་མ་ཆོས་ལུགས་ཤིག་གི་འཕྲོག་འགྲོ་གི་ཡོད་པ་དངོས་གསལ་དོད་པོ་རེད་འདུག
གཞོན་ནུ་ཚོགས་པའི་ལྟ་བ་མ་འོངས་བོད་ཀྱི་ཁེ་དབང་ཁྱབ་སྲིད་ཁོ་ནའི་གཞུང་ཞིག་ལས་ཆོས་ལུགས་ཤིག་གིས་དབང་བསྒྱུར་བྱས་ན་མི་འདོད། ད་ལྟའི་ཁྱབ་སྲིད་པ་ཁ་གཅིག་གིས་ད་ལྟ་བཙན་བྱོལ་གྱི་གཞུང་ཆོས་ལུགས་ཤིག་་གིས་དབང་བསྒྱུར་ནས་ཡོད་པ་བཞིན་མ་འོངས་པར་དེ་ལྟར་གནས་ཐུབ་པའི་ཁྱད་སྔོན་ཆུ་བཞི་སྒང་དྲུག་ཁ་འཐོར་དུ་བཏང་པ་བཞིན་ད་ལྟ་ཡང་གཞོན་ནུ་ཚོགས་པའི་ནུས་ཤུགས་ཇེ་རྒྱས་སུ་འགྲོ་བཞིན་པ་འདི་ཡིས་ཆོས་ལུགས་གཅིག་གི་ཁྱབ་སྲིད་ཀྱི་ཁེ་དབང་ལ་གནོད་སྐྱོན་འགྲོ་གི་ཡོད་པ་ལ་དམིགས་ནས་ནང་འཁྲུག་བྱེད་འཇུག་གི་ཡོད་པ་གསལ་པོ་རེད། གཞོན་སྐྱེས་ཚོ་ཁྱེད་རྣམ་པས་མ་འོངས་བོད་མི་མང་གི་གཞུང་ཇི་ལྟར་དགོས་མིན་མཁྱེན་རྟོགས་བྱེད་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་།
ད་ཡིན་ན་བོད་པ་ཚོ་ལ་དགོས་པའི་ཁྱབ་སྲིད་ཀྱི་ཁེ་དབང་ཚང་མ་ཆོས་ལུགས་ཤིག་གི་འཕྲོག་འགྲོ་གི་ཡོད་པ་དངོས་གསལ་དོད་པོ་རེད་འདུག
གཞོན་ནུ་ཚོགས་པའི་ལྟ་བ་མ་འོངས་བོད་ཀྱི་ཁེ་དབང་ཁྱབ་སྲིད་ཁོ་ནའི་གཞུང་ཞིག་ལས་ཆོས་ལུགས་ཤིག་གིས་དབང་བསྒྱུར་བྱས་ན་མི་འདོད། ད་ལྟའི་ཁྱབ་སྲིད་པ་ཁ་གཅིག་གིས་ད་ལྟ་བཙན་བྱོལ་གྱི་གཞུང་ཆོས་ལུགས་ཤིག་་གིས་དབང་བསྒྱུར་ནས་ཡོད་པ་བཞིན་མ་འོངས་པར་དེ་ལྟར་གནས་ཐུབ་པའི་ཁྱད་སྔོན་ཆུ་བཞི་སྒང་དྲུག་ཁ་འཐོར་དུ་བཏང་པ་བཞིན་ད་ལྟ་ཡང་གཞོན་ནུ་ཚོགས་པའི་ནུས་ཤུགས་ཇེ་རྒྱས་སུ་འགྲོ་བཞིན་པ་འདི་ཡིས་ཆོས་ལུགས་གཅིག་གི་ཁྱབ་སྲིད་ཀྱི་ཁེ་དབང་ལ་གནོད་སྐྱོན་འགྲོ་གི་ཡོད་པ་ལ་དམིགས་ནས་ནང་འཁྲུག་བྱེད་བཅུག་གི་ཡོད་པ་གསལ་པོ་རེད། གཞོན་སྐྱེས་ཚོ་ཁྱེད་རྣམ་པས་མ་འོངས་བོད་མི་མང་གི་གཞུང་ཇི་ལྟར་དགོས་མིན་མཁྱེན་རྟོགས་བྱེད་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་།