གླིང་ཚ་ཚེ་བརྟན་རྡོ་རྗེ།
སྤྱིར་བཏང་ཕ་ཞིག་གི་ངོས་ནས་བཤད་ན། ང་ནི་འཛམ་གླིང་སྟེང་གི་རང་ཉིད་ཀྱི་གཅེས་ཕྲུག་གཉིས་བྱེའུ་ཕྲུག་དམར་རྗེན་ཐང་སྟོང་ལ་གཡུགས་པ་ལྟར་བསྐྱུར་ནས། ཐ་ན་ཉིན་གཅིག་གི་ཟས་ཐུན་ཙམ་ཡང་སྤྲོད་མ་ཐུབ་པ་མ་ཟད། གཅེས་ཕྲུག་ཅེས་བང་དུ་བླངས་ཏེ་ལག་མགོར་ཁྲིད་ནས་ཕ་ཞིག་གི་འཛུམ་མདངས་ཙམ་ཡང་མ་བསྟན་པར་བསྐྱུར་བཞག་པ་དེ་ནི། ཁྲེལ་གཞུང་མེད་པའི་ཕ་ཞིག་གི་བྱེད་ཚུལ་ལས། གནམ་འོག་གི་ཕ་རྒན་བཟང་བོ་ཞིག་གི་བྱེད་སྟངས་དུ་གྱུར་མེད་པ་བདག་གིས་ཤེས། གཅེས་ཕྲུག་གཉིས་ན་མཉམ་ཚོའི་ཁྲོད་དུ་སླེབས་དུས། “ཁྱེད་ཀྱི་ཕ་རྒན་སུ་ཡིན་” ཞེས་འདྲི་དུས། ཕ་མིང་ཙམ་ལས་མི་ཤེས་པའི་དྭ་ཕྲུག་གི་འཚོ་བའི་སྐྱོ་གདུང་གི་ནམ་ཟླ་ལ་རོལ་དུས། ཕ་ལོ་ཟེར་ནས་འབོད་ས་མེད་པ་བཟོ་མཁན་གྱི་མི་ང་ནི། ཁྲེལ་གཞུང་དང་འགན་མི་ཁུར་བའི་ཕ་ལོ་ཁྲེལ་མེད་ཅིག་ཆགས་པ་ཡིན། མདོར་ན་བྱིས་པ་གཉིས་ཀྱི་འཚར་ལོངས་ཀྱི་ནམ་ཟླ་ལ་གས་ཆག་གཏོང་མཁན་ང་། དོན་དངོས་སུ་ཁྲེལ་གཞུང་མེད་པའི་ཕ་ལོ་དེ་ཡིན།
ཁྲེལ་གཞུང་མེད་པའི་མཛའ་བོ་ང་།
མི་ཚོགས་འཛོམས་ས་དང་ན་མཉམ་ཚོགས་ས་རུ། མཛའ་བོ་ཟེར་ནས་སྟོན་རྒྱུ་མེད་པ་དང་། ཕ་མ་བུ་ཕྲུག་མཉམ་འདུས་དང་སྤྲོ་སྐྱིད་རོལ་ས་རུ་བྱིས་པ་གཉིས་ཀྱི་ཕ་ལོ་འདི་རེད་ཟེར་ནས་གླེང་ས་མེད་པར་བཟོ་མཁན་གྱི་ཁྲེལ་གཞུང་མེད་པའི་མཛའ་བོ་དེ་ང་རང་ཡིན། སྐྱིད་ལ་སྡུག་པའི་འཚོ་བའི་མངར་སྐྱུར་ལ་རོ་མྱོང་བྱེད་དུས། བཟའ་ཚང་ཟེར་ནས་སྙིང་གཏམ་བཤད་ས་མེད་པར་བཟོ་མཁན་གྱི་ཁྲེལ་གཞུང་མེད་པའི་མཛའ་བོ་དེ་ང་རང་ཡིན། གཅེས་ཕྲུག་གཉིས་ཀྱི་ཟས་གོས་གནས་མལ་གྱི་འགན་ཁུར་ཡོངས་རྫོགས་མཛའ་མོའི་ཕྲག་པར་གཡུགས་ཏེ་བསྐྱུར་ནས་བྲོས་ཡོང་མཁན་གྱི་ཁྲེལ་གཞུང་མེད་པའི་མཛའ་བོ་ཁྲེལ་མེད་དེ་ང་རེད། སྐྱིད་དུས་ཁོ་མོའི་བསགས་དངུལ་གྱིས་འཇིག་རྟེན་གྱི་སྣང་བར་རོལ་ནས། སྡུག་བསྔལ་གྱི་ནམ་ཟླ་བློ་ཡིད་དུ་དྲན་མ་མྱོང་བ་ཞིག་མཛའ་མོའི་མགོ་ལ་བཙན་གྱིས་བཞག་ནས་འོང་མཁན་གྱི་ཁྲེལ་མེད་ཀྱི་མཛའ་བོ་དེ་ང་རང་རེད། མདོར་ན་ངས་ཁྲེལ་གཞུང་མེད་པའི་ལོ་ཟླ་ཞིག་རྒྱབ་དུ་བསྐྱུར་ཏེ་ང་མདུན་ཏུ་འགྲོ་བཞིན་ཡོད་ཀྱང་། ང་ལ་མི་རིགས་ཀྱི་དཔའ་བོ་ཟེར་གྱི་ཡོད་པ་རེད། དོན་དངོས་སུ་ང་རང་དཔའ་བོ་ཞིག་མ་ཡིན་པར། ཁྲེལ་གཞུང་མེད་པའི་ཕ་ལོ་དང་ཁྲེལ་གཞུང་མེད་པའི་མཛའ་བོ་ཞིག་ཆགས་པ་རེད། འདིའི་ནག་ཉེས་ཡོད་ཚད་ངའི་སྐྱེ་བ་རྗེས་མར་ཆད་པའི་བུ་ལོན་ཡིན། འོན་ཀྱང་། ང་རང་བོད་ལ་སྐྱེ་བའི་བོད་མི་གཅིག་གི་འགན་་་་་་་་་་་་་་་་
ཡ་ཕོ་རྒོད་ཁེར་འགྲོས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་རང་ལ་ངས་རྒྱངས་ལྟ་བྱེད་བཞིན་པའི་སྐབས་ཡིན། ཁྱེད་རང་དེང་སང་ས་ཆ་གང་དུ་སླེབས་སོང་། གཟུགས་པོའི་གནས་སྟངས་སོགས་གང་འདྲ་ཡོད། ཁྲེལ་གཞུང་ཡོད་མེད་སྐད་ཆ་མ་བཤད་ནས་དྲ་རྒྱའི་འཆར་ཅན་རེ་འཛོམས་བྱུང་ན་ཁྱེད་རང་གི་གནས་སྟངས་མདོར་བསྡུས་རེ་དྲ་ཏོག་ཏུ་སླེབས་པའི་རེ་བ་ཡོད།
རང་གི་ཉེས་པ་ལ་འགྱོད་པ་དགེ་བའོ། །
༼ ང་ལ་མི་རིགས་ཀྱི་དཔའ་བོ་ཟེར་གྱི་ཡོད་པ་རེད༽ཟེར་ཁྱོད་ལ་མི་རིགས་ཀྱི་དཔའ་བོ་སུ་ཡིས་ཟེར་གྱིན་འདུག གུང་ཁྲེན་ཏང་གི་ཁྲག་དར་མཁའ་དབྱིངས་སུ་ཕྱར་མཁན་མི་རིགས་ཀྱི་རླ་བཙོང་མ་བོས་ན་དེ་གས་འགྲིགས་པ་རེད།
ང་ནི་གླིང་ཚ་ཁྱོད་ཀྱིས་དར་དམར་འཕྱར་བ་ལ་ངོ་རྒོལ་མེད་དོ།
འགྱོད་པ་སྐྱེས་པ་ནི་ཆོས་ཉིད་ཅིག་རེད།
ཆེས་ལྷད་མེད་པའི་བརྩེ་དུང་དག་མ་ཞིག ང་ཁྱེད་ཀྱི་བུ་ཕྲུག་དང་སྐུ་ཟླ་ཡིན་པའི་དབང་དུ་བཏང་ན། ངར་བརྩེ་དུང་འདི་གཅིག་པུས་ཆོག ཁྱེད་ནི་ཆེ་ས་འཛམ་གླིང་དང་ཆུང་ས་མི་རིགས་འདིའི་གཟི་བརྗིད་ཡིན། མ་འོངས་པའི་མི་ཚོའི་མིག་དང་སེམས་ནང་ན། ཁྱེད་ནི་་་་སྙིང་སྟོབས་ཡིན་་་་བྱམས་བརྩེ་ཡིན་་་་ལག་རྗེས་ཡིན་་་་
གླིང་ཚས་དར་དམར་གཡུག་ནས་ལམ་ནོར་གཡོ་སྲང་བྱས་ཟིན་པས་དེ་ལ་ད་ནི་གླེང་རིན་མ་མཐོང་། ཁོང་གི་གོམ་བགྲོད་གཉིས་པ་ནི་གཟི་བརྗིད་་ཀྱི་སྒང་ནས་སྐྱོད་པས་གཟི་བརྗིད་ཀྱི་སྒང་ནས་འཇུག་སྒྲིལ་བའི་ཡིད་ཆེས། བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཡོད། ད་ཐེངས་ཀྱི་ཁྱེད་ཀྱི་གོམ་བགྲོད་ལ་རྒྱབ་སྐྱོར་༡༠༠%ཡོད། དངོས་གནས་བློ་བཏང་ཆེན་པོ་གནང་བར་ཡིད་སྨོན་ཡོད།
མི་ཚེ་བློས་བཏང་སྟེ་ཞི་བའི་འཐབ་རྩོད་མཁན་ཁོང་གིས། ཞི་བའི་གོམ་བགྲོད་འདི་ཆ་ཤས་ཅིག་ལས་ཆ་ཅན་ཡོད་ན་མེད་ན་དེ་མིན་པ། སྔར་ནས་བསྒྲགས་ཚར་བ་རེད། ཁོང་གི་ཞི་བའི་གོམ་བགྲོད་སྔར་ཡང་ཐེངས་གཅིག་བྱས་ཟིན་ལ། ཕྱིས་སུའང་ཐེངས་གཅིག་དང་གཉིས་རེར་བྱ་དགོས་ཐུག་སྲིད་པ་རེད། དེ་ནི་གཞན་དབང་ལུང་པར་ཡོད་པའི་བོད་མི་སྤྱིའི་ཁ་རྗེ་དབང་ཐང་ཞིག་ལ་ཐུག་ཡོད་པ་ལས། མི་ཚེའི་འཐབ་རྩོད་པ་སྐྱེས་ཆེན་ཁོང་གིས་འཇོན་དང་མི་འཇོན་ལ་རག་ལས་མེད་པ་སུས་མི་ཤེས་ཏེ་ཤེས་སོ། ད་དུང་ཁོང་གིས་ངས་བོད་མི་དཀྱུས་མ་ཞིག་གི་བོད་དོན་ལས་འགན་ཁུར་ནས་འགྲོ་བཞིན་ཡོད་(ཚིག་ཇི་བཞིན་པ་མིན་རུང་ནང་དོན་ཡིན་)ཅེས་པ་དེ་ངོ་མ་རེད།