རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་ཞི་བའི་གོམས་བགྲོད་ཐེངས་གཉིས་པ་དབུ་འཛུགས་ཀྱིས་ཉིན་གྲངས་དགུ་བཅུ་འགྲོ་ལ་ཉེ་ཞིང་སྤྱི་ལེ་ཆིག་སྟོང་དགུ་བརྒྱ་བརྒལ་ཏེ་རྒྱ་གར་གྱི་ཞིས་རི་པོ་རིས་ལ་སླེབས་ཡོད་པ་དང་། ཉེ་བའི་ཉིན་ཤས་ཡར་སྔོན་ནས་སྐུ་ཞབས་སྐལ་བྷེ་ཐར་ལགས་མཉམ་ཞུགས་བྱས་ཡོད་པ་དང་། ཁོང་གིས་ས་མཚམས་བར་དུ་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག ལྡི་ལི་དང་ཡོ་བྷིས་མངའ་སྡེའི་བརྒྱུད་སྐབས་ཚ་བ་ཧ་ཅང་ཆེ་བའི་རྐྱེན་གྱིས་གཟུགས་པོར་ཚ་རྨ་འབུད་པ་དང་ལམ་བར་ནས་ཆུ་དང་བསིལ་གྲིབ་མ་རག་པ་སོགས་ཀྱི་དཀའ་ངལ་མང་དུ་འཕྲད་པ་དང་། ད་ལྟའི་ཆར་ཡང་ལམ་དབར་ཆར་བ་འབབ་པ་དང་སྨུག་པ་འཐིབ་པ་སོགས་ཀྱི་རྐྱེན་གྱིས་གོན་པ་རློན་པར་གྱུར་བ་སོགས་ཀྱི་རྐྱེན་པས་དཀའ་ངལ་མང་དག་ཅིག་འཕྲད་ཀྱིན་ཡོད་ནའང་། ཁོང་གིས་ཕྱིའི་འབྱུང་ཁམས་ཀྱི་འཕོ་འགྱུར་དབར་གྱི་དཀའ་ངལ་འདི་དག་ནི་འཕྲད་འགྱུར་ཡིན་པར་ཚོད་དཔག་བྱས་ཡོད་པས་དཀའ་ངལ་ནང་བརྩི་གིན་མེད། ཡིན་ནའང་། རོགས་པའི་རྐང་བར་ཆུ་བུར་བརྡོལ་བ་སོགས་ཀྱི་དཀའ་ངལ་ཅུང་འདུག་མོད། ཁོང་གི་སྙིང་སྟོབས་ལའང་འགྱུར་བ་མེད་པར་དཔའ་ངར་གྱིས་ཁེངས་ཏེ་ང་ལས་ཀྱང་ལྷག་པ་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ང་ཡང་ཉིན་བཅུ་གཅིག་པ་དེ་བསྒུགས་ནས་བསྡད་ཡོད་དོ། ཁྱོད་ཀྱི་བསམ་དོན་འགྲུབ་པར་ཤོག །
༄༅། །བསམ་དོན་འགྲུབ་པའི་སྨོན་ལམ་ཞུ།
བུ་ཁྱེད་ཀྱི་བསམ་དོན་ཡོངས་སུ་འགྲུབ་པའི་སྨོན་ལམ་བྱེད་བཞིན་ཡོད། གླིང་ཚ་རྒྱལ་གྱུར་ཅིག
ཉིན་བཅུའི་རྗེས་སུ་གླིང་ཚང་ཁ་བཤད་དོན་ལ་གནས་མི་གནས་བལྟ་བའི་ཉིན་མོ་རེད། ང་ཚོས་ཉན་ནས་བསྡ་ཡོད་དོ།
༄༅། འཇིག་མེད་ཐོས་པ་རང་གྲོལ་ལགས། གཞན་གྱི་གང་བྱེད་དང་གང་བཤད་ལ་གོ་རྒྱུ་དང་མཐོང་རྒྱུར་མགུགས་ནས་བསྡོད་མཁན་ཚོ་རང་ངོས་ནས་བོད་རྩ་དོན་ཆེད་གང་ཡང་བྱེད་ཀྱི་མེད་པའི་རྟགས་གསལ་པོ་སྟོན་གྱི་ཡོད་རེད། གླིང་ཚས་ཁ་བཤད་དོན་ལ་གནས་ཏེ་ད་བར་ཉིན་གྲངས་དགུ་བཅུར་ཉེ་བར་གོམ་བགྲོད་གནང་གི་ཡོད་པ་ཡོང་གྲགས་རེད། རྒྱ་བོད་ས་མཚམས་ནས་བཀག་ན་གླིང་ཚར་ཐབས་ཤེས་རྫོགས་པ་རེད་མ་གཏོགས་གླིང་ཚས་དྭངས་དུ་བླང་སྟེ་མཚམས་ཞག་པ་མ་རེད། སོང་ཙང་ང་ཚོ་ལྟོ་གོས་རྗེས་སུ་རྒྱུགས་མཁན་ཐ་དག་ནས་ཁོང་གི་བསམ་དོན་འགྲུབ་པའི་སྨོན་བདུན་དང་བསྔགས་བརྗོད་ཡིད་རངས་བྱེད་དགོས་པ་ཐུགས་ལ་ཞོག
གླིང་ཚ་ཚེ་བསྟན་རྡོ་རྗེ་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག
http://www.khabdha.org/?s=%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A0%E0%BD%96%E0%BE%B1%E0%BD%B4%E0%BD%84%E0%BC%8B%E0%BD%A0%E0%BD%82%E0%BE%B1%E0%BD%B4%E0%BD%A2%E0%BC%8B%E0%BD%A3%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%84%E0%BC%8B%E0%BD%A3%E0%BE%9F&x=0&y=0
ཁོ་བོའི་བྲིས་པའི་བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བརྒྱད་པོ་འདིར་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གླིང་ཚ་ཚང་གི་བསམ་དོན་འགྲུབ་པར་ཤོག ཁོང་མི་བརྩེ་བ་ཅན་ཞིག་ཡིན།
ཉིན་དེར་གནས་ཚུལ་ཅི་ཞིག་བྱུང་རུང་། ཁྱེད་ནི་ང་ཚོའི་ང་རྒྱལ་དང་དར་ཆ་ཡིན་ཏེ། མི་ཚེ་བློས་བཏང་གི་ཞི་བའི་འཐབ་རྩོད་མཁན་དེ་ཁྱེད་ཉིད་ཡིན་པའི་ཕྱིར། དེ་ཡང་ཉིད་ཀྱིས་བཏོན་པའི་རྩ་དོན་དེ་དག་གི་དགོས་པ་མ་གྲུབ་བར་དུའོ་་་་སྐུ་དྲིན་ཆེ་་་
གླིང་ཚས་གསུངས་པ་དེ་བདེན་པ་ཡིན་མིན་ངས་ལྟ་ཆོག་ཨམ་མདོ་ཚོས་ལྟོས་ཤིག།
ཁྱོད་ཚོས་གང་འདོད་འདོད་ཕྲིས། སུས་ཀྱང་ཁྱོད་ཚོས་ཅི་ཞིག་བྲིས་པར་མི་ལྟ་མི་སེམས་སོ། བརྒྱ་ལ་དེ་ལས་ལྡོག་སྟེ་ཅིག་ཡོད་པའི་དབང་དུ་བཏང་རུང་། ང་དེ་གཏན་ནས་མིན། བོད་ཀྱི་ཁ་དཔེར་སྙིང་རྗེ་སྟེ་ཁྱོད་ཚོ་ངོ་མ་སྙིང་རྗེ་རེད།
ས་མཚམས་ལ་བསླེབ་པའི་ཉིན་དེར། ཁོང་ཕ་ཡུལ་དུ་ལོག་ཐུབ་དང་མི་ཐུབ་ངོ་མ་ལྟ་འདོད་མཁན་ཞིག་ཡིན་ན། ཁོང་གི་རྒྱབ་རྩར་འགྲོ་དགོས་པ་རེད། རྒྱ་གར་ལུང་པར་བོད་མི་བཙན་བྱོལ་བ་ག་ཚོད་ཡོད་རེད། མ་མཐའ་ཡང་སྟོང་ཕྲག་མང་པོ་འགྲོ་ཐུབ་ཀྱི་ཨེ་ཡོད། སོ་སོས་སོ་སོར་གཟིགས་དང་ཤེས་ངེས་རེད།
ཨ་མ་ཁྱེད་ལ་ཁག་མེད་དེ་དྲ་འབུ་ལྟས་ངན་འདི་ཚོའི་ཁ་མ་སྔོགས། མི་གཙང་ཁྲོད་ན་དྲི་ཞིམ་མེད་པ་བཞིན། དྲ་འབུ་འདི་ཚོའི་ཁ་ནས་ལེགས་བཤད་ཅིག་དོན་མི་སྲིད། དེ་བས་སོ་སོའི་རང་ཚུགས་མ་ཉམས་པར་བྱེ་ནས་བསྡད་རྒྱུ་རེད། གླིང་ཚ་རྒྱལ་གྱུར་ཅིག བོད་ཀྱི་བདེན་པ་རྒྱལ་གྱུར་ཅིག
ང་ཚོས་སྐྱེས་ཆེན་གླིང་ཚེའི་ངོ་མཚར་མི་ཆོས་ཀྱི་མཛེས་སྡུག་གང་དག་མ་རྟོགས་ནའང། སྔོན་ཐོན་གྱི་གཞན་རྒྱལ་གང་ཞིག་ནས། རང་གི་སྐྱིད་པོའི་གནས་ཚང་དང་སྐུ་ཟླ། ད་དུང་ཤ་ལས་ཆད་པའི་གཅེས་ཕྲུག་བྱིས་པ་གཉིས་ཀྱང་བློས་བཏང་སྟེ། ལུས་དང་སེམས་ཀྱི་དཀའ་བ་གྲངས་མེད་ཅིག ཅིའི་ཕྱིར་བླངས་པའམ་གང་གི་དོན་དུ་དེ་འདྲ་བྱས་པ་ཙམ་ཡང་། མི་ཤེས་མཁན་གྱི་ས་ཆ་འདིའི་བོད་མི་ཞིག་ཡོད་པ་ཡིན་ན། དེ་ནི་ཏག་ཏག་ཁོག་ལ་གདོན་ཞུགས་ཤིང་། སུའི་རྩ་ནས་གླ་ཕོགས་བླངས་ཏེ་སྨྱོས་བསྡད་ཡོད་མཁན་ཞིག་ཡིན་པ་ཀུན་ཤེས་རེད། དེ་ཚོས་ཨ་མདོ་མ་མདོའི་སྐད་ཆ་ཡིས་ང་ཚོར་དཀྲུག་ཤིང་རྒྱག་འདོད་ཡོད་རེད། དེ་ཚོས་བོད་མི་རླབས་ཆེན་དང་འཇོན་པོ་དེ་ཚོ། བོད་པ་མང་ཚོགས་ཀྱི་མིག་དང་སེམས་ནས་བྲལ་ཨེ་ཐུབ་ལ་རེམ་གྱིན་ཡོད་པ་རེད། ང་ཚོས་དེ་ཚོར་ཡ་བྱེད་དགོས་དོན་མེད་པ་མ་ཟད། ང་ཚོས་ནམ་ཡིན་ཡང་བླང་དོར་གདམ་ནོར་མི་ཉན་པ་དེ་རེད་དོ།
ང་རང་ཡོད་སའི་ས་ཆ་གུ་དོག་འདིར།
དྲ་ལམ་སྐྱོ་ནས་དྲ་སྒོ་འབྱེད་པར་དཀའ།
དེ་མིན་ད་དུང་དཔེ་ཀློག་བྱ་མང་ཕྱིར།
རེ་ཞིག་འདི་བྱེད་འདི་ན་ཡོད་མཁན་ཚོ།
གླིང་ཚ་ལགས་ཀྱི་ཁ་པར་ཨང་གྲངས་ཞིག་གནང་རོགས་ཞུ་ངས་ཁང་ལ་འབྲེལ་བ་བྱེད་འདོད་ཆེ་པོ་ཡོད་གཞན་པའི་དམིགས་ཡུལ་གང་ཡང་མེད།
བསམ་དོན་འགྲུབ་པར་ཤོག གླིང་ཚ་རྒྱལ་གྱུར་ཅིག