ངོ་སྤྲོད་པ། དགེ་བཤེས་བསམ་གཏན།
དེབ་འདིའི་སྔོན་གླེང་སྐད་ཆ་ཐུང་ཐུང་ཞིག་ཞེས་པའི་ནང་དུ་”ཤེས་ཡོན་ཅན་རྣམས་ཀྱིས་དྲ་རྒྱའི་ཕྱི་རོལ་གྱི་བོད་མི་གྲངས་ཀྱིས་ཟིན་དཀའ་བ་དེ་དག་གི་ཆེད་གླེང་སྟེགས་འདི་བེད་སྤྱོད་ཚུལ་བཞིན་གནང་སྟེ་མི་མང་ལ་དུས་ལྟར་བསམ་ཚུལ་འབུལ་རྒྱུ་མ་མཉེལ་བ་གནང་གལ་དང།” དང། ཡང་ཡི་གེ་འབྲི་ཚད་ཀྱིས་མི་ཕྲིས་པ་དང་མགོ་ཐོག་ཚད་ཀྱིས་མི་སྙོབས་པ་དེའང་ཁྱེད་ཀྱི་རྩ་དོན་ཞིག་ཏུ་བཟུང་ནས་འཇིགས་ཞུམ་མེད་པར་མདུན་དུ་བསྐྱོད་དགོས་སོགས་བཀོད་འདུག་ལ། དེབ་འདིར་ཚུད་པའི་རྩོམ་ཡིག་ལ་རྩོམ་ཡོན་ཡང་མི་ཉུང་བ་རེ་འབུལ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད་འདུག
དགོན་སྡེ་དང་གཞིས་ཆགས་ཁག མཐོ་རིམ་སློབ་གྲྭ་ཁག་ཏུ་ཤར་ཕྱོགས་ཁུག་རྟའི་དཔྱད་གཏམ་ལ་དགའ་མོས་བྱེད་བཞིན་པ་ཡོངས་གྲགས་ལྟར། ཁོང་གིས་འདོན་ཐེངས་ལྔ་པའི་རྩོམ་སྒྲིག་པའི་གཏམ་འདི་ལྟར་གླེང་འདུག་སྟེ།
“སྐུ་ངོ་ཞྭ་སྒབ་པ་དེང་སང་བཞུགས་ཡོད་ན་ངར་དྲི་བ་འགའ་ཡོད་ཅེས་པའི་ཁ་བྱང་འོག ཉེ་སྔོན་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་བར་འཇམ་དབྱངས་ནོར་བུ་དང་སྣར་སྐྱིད་ངག་དབང་དོན་གྲུབ་སོགས་ཀྱིས་དངོས་སུ་སློབ་སྟོན་བྱས་ཏེ། བྱིས་པ་བསམ་མེད་འགའ་བེད་སྤྱོད་བཏང་ནས། རྒྱལ་བ་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་ལ་རང་བཙན་གསལ་བསྒྲགས་ཟེར་བ་ཞིག་བཏགས་ཏེ་དོན་དམ་༧གོང་ས་ཆེན་པོ་བཅུ་བཞི་པ་མཆོག་དང་ཁོང་གི་ལམ་སྟོན་ནམ་གྲོས་མགོ་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐོང་ཆུང་དང་ཟུར་ཟ་བྱེད་པ་དག་གི་བྱེད་བབ་ཀྱིས་ཡུན་རིང་སེམས་སུ་ཉར་བའི་སྐད་ཆ་ཁ་ཤས་མི་བཤད་ཐབས་མེད་ཆགས། ལམ་སྟོན་བྱེད་པོ་ཁོ་པ་ཚོས་ད་དུང་ཚོགས་ཆེན་ཆེ་ཆུང་སྣ་ཚོགས་བསྡུ་སྐོང་གིས་ཅིག་བྱེད་ཀྱི་ཡིན་ཁུལ་སྟོན་པའི་སྐབས་འདིར་ཁོ་པ་དག་གི་བྱེད་བབ་འདི་དག་གི་ཁུངས་རྒྱུ་མ་ཕུ་འདེད་བྱས་ན་ཞྭ་སྒབ་པ་ཟེར་བའི་སྡེ་པ་གཞུང་གི་སྐུ་དྲག་འདས་པོ་དེའི་བསམ་ཚུལ་ལ་ཐུག་ཡོད་པ་འདྲ་”ཞེས་བྲིས་འདུག་ཅིང། ད་དུང་ཁོས་”ངེད་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་བའི་དཔྱད་གཏམ་ཁག་མང་གཙོའི་འགྲོ་ལུགས་དང་མཐུན་ལ། ཁུངས་ལུང་རྒྱུ་མཚན་གྱིས་ཕྱུག་པའི་སྤོབས་དེ་ངས་ནམ་ཡང་རང་གི་དཔྱད་གཏམ་འདི་དག་༸གོང་ས་མཆོག་གི་སྤྱན་སྔར་དབུལ་རྒྱུར་སྤོབས་པ་བཅངས་པ་དེས་མཚོན་ཐུབ་”སོགས་བཀོད་འདུག
རྩོམ་བསྐུར་ཡུལ། Loveyoutibet@gmail.com
འདྲེ་མགོ་རྡོའི་ཟིན་བྲིས་སུ་འདི་འདྲ་ཞིག་བྲིས་ཡོད།།
དེབ་ནག་པོ་གསུམ།
༄༅།། ངྷ་རམ་ས་ལར་དེ་རིང་རྩིས་ན་ཉིན་བཞི་འགོར་པའི༧་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྐབས། མི་ཧ་ཅང་མང་པོ་འདུག་ཟེར། མི་མང་པོ་མི་རིགས་སྣ་མང་གིས་གྲུབ་པའི་གསུང་ཆོས་རྭ་བའི་ཕྱི་ལོག་ན་དེ་བས་ཀྱང་སློང་མོ་པ་དང། ཞལ་འདེབས་བསྡུ་མཁན། ཞལ་ལག་བཙོང་མཁན་སྣ་མང་ཡོད་ཀྱང། ད་ཐེངས་ཉེ་སྔོན་ནས་རབ་རིབ་ཀྱིས་གྲགས་པའི་དེབ་ནག་པོ་གསུམ་གྱི་སྐོར་སྐད་ཆ་འདྲི་མཁན་དང་ཤེས་འདོད་བྱེད་མཁན་མང་པོ་བྱུང་འདུག དེབ་ནག་པོ་གསུམ་ནི་ངས་ཀྱང་གང་དག་ཡིན་མིན་ད་དུང་མ་ཤེས། ཡིན་ནའང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤར་ཕྱོགས་ཁུག་རྟའི་འབྲེལ་བ་དང་འགལ་བའི་གནས་ཚུལ་ཕྱོགས་སྒྲིག་བྱས་པ་མི་ལོ་གཉིས་ཀྱི་རིང་གི་གནས་ཚུལ་ཆ་ཚང་ཞིག་ཡིན་པར་གོ རྒྱུ་མཚན་དེས་ད་ཐེངས་ཀྱི་དེབ་ནག་པོ་གསུམ་ཏན་ཏན་ཤར་ཕྱོགས་ཁུག་རྟའི་མིན་ནམ་སྙམ་སྟེ་ཁ་བརྡ་དྲ་བ་དང་ཁོང་གི་ངོ་དེབ། ཁོང་གི་བརྩམས་ཆོས་དག་གི་སྙིང་དོན་འགོད་ས་རྒྱ་ཡིག་སྟེང་གི་དྲ་འབྲེལ་རྣམས་ལ་བལྟས་པས་ཅི་ཡང་མ་མཐོང།
ཡིན་ནའང། ཉིན་གཉིས་ཀྱི་སྔོན་ཁོང་གི་ངོ་དེབ་ལས་ཆབ་སྲིད་དཔྱད་གླེང་གི་དེབ་གཟུགས་ཤིག་མཐོང། དངོས་གནས་དེབ་ཀྱི་ཁ་དོག་ནག་པོ་རང་རེད། ཇུས་འགོད་བྱེད་སྟངས་དེར་སྣང་བ་འགྲོ་ཞིང། ཆབ་སྲིད་དཔྱད་གླེང་ཡིན་པས་ཡིན་ནམ། རྒྱབ་ཤའི་ནག་པོའི་སྟེང་གི་ཁ་དོག་ཀམ་ཀམ་དེས་མིག་རིད་པར་བྱེད་པ་ཞིག་འདུག དེ་ནི་གཅིག་བསམས་ན་ཡིན་ཀྱང་ལོས་ཡིན་ཏེ། ཆབ་སྲིད་དཔྱད་གླེང་གི་རྒྱབ་ཤར་ཡིན་པས་རེད། འོན་ཀྱང། ངོ་དེབ་སྟེང་གི་ཡིག་སྒམ་དུ་དེབ་དེ་ཉོ་ཕྱོགས་སྐོར་བཀའ་འདྲི་ཞུས་ཀྱང་ཁྱོན་ནས་ཡ་ལན་བྱས་མ་སོང། དེ་ནི་གཅིག་བྱས་ན་ཤར་ཕྱོགས་ཁུག་རྟས་ཆེ་རྟགས་བསྟན་པ་རེད་ལ། ཡང་ན་ཁོང་གི་ཆབ་སྲིད་ཀྱི་དཔྱད་གཏམ་དང་བཀའ་མོལ་རྣམས་གོང་ལ་སོང་བས་མ་ཟད་ཆེན་པོ་རྣམས་ཀྱིས་རྗེས་མཐུན་ལྟ་བུར་མཇུག་ནོན་ཚ་ནན་བྱས་སྟབས་དེ་རིང་སང་ཉིན་གྱི་ངྷ་སའི་ཆབ་སྲིད་གནས་བབ་ནང་ང་རྒྱལ་ཅུང་ཙམ་ཡང་སྐྱེས་མེད་འགྲོ་བསམས།
ནོར་གླིང་ན་ཡོད་པའི་གྲོགས་པོ་ཞིག་ལ་སྐད་ཆ་བཤད་སྐབས་ལས་འཕྲོས་ཏེ་དེབ་ནག་པོ་གསུམ་གྱི་སྐོར་སྐད་ཆ་དྲིས་དུས། ཁོང་ཡང་ང་ལྟར་དེབ་དེ་འདྲ་ཞིག་ཐོན་སྐད་ལ་ཁུ་སིམ་སིམ་མྱང་ཞིབ་བྱ་མིའི་གྲས་རེད། ཁོང་གིས་དེབ་གཉིས་ཐོན་གྱི་ཡིན་ཚུལ་གོ་བ་ལས་གསུམ་གོ་མི་འདུག་ལ། ཁོང་གིས་གཙུག་ལག་ཁང་གི་སྒོ་འགྲམ་ནས་ཆབ་སྲིད་དཔྱད་གླེང་ཉོས་ཏེ་རོབ་ཙམ་བལྟས་ཟིན་འདུག ཁོང་ལྟར་ན། སྲིད་སྐྱོང་དང་ཤར་ཁུག་གི་དེབ་དེའི་མིང་ལ་༼ འབྲུག་ངར་སྐད་ཆེའང་སྟོང་སྐད་རེད། འཇའ་ཁ་དོག་བཀྲ་ཡང་སྣང་བ་རེད། ༽ཅེས་བཤད་རྒྱུ་འདུག་ལ། ཆབ་སྲིད་དཔྱད་གླེང་གིས་བཞུགས་ཁྲིའི་གཡས་གཡོན་གྱི་སྐུ་ངོ་དང་བླ་སྤྲུལ་ཚོའི་གསུང་ཆོས་བར་གསེང་རྣམས་འཇུས་འདུག་ཚུལ་ཡང་བཤད་རྒྱུ་འདུག
འོན་ཀྱང་དེ་རིང་རྒྱ་མིང་འཁོད་པའི་ངོ་དེབ་ཅིག་ཏུ་ཆབ་སྲིད་དཔྱད་གླེང་གི་མཇུག་ཏུ་འདི་འདྲ་ཞིག་བྲིས་འདུག ་པ་མཐོང། ༼ཁ་སང་དེ་རིང་ངྷ་རམ་ས་ལར་གྲགས་འགུལ་ཧ་ཅང་ཆེ་བའི་དཔེ་དེབ་གསར་པ་ཞིག་སྟེ། ༧གོང་ས་མཆོག་གི་གསུང་ཆོས་ཉིན་བཞིའི་རིང་ཆབ་སྲིད་དཔྱད་གླེང་དཔར་འགྲེམས་བྱས་སྟབས། དེབ་དེའི་ཐད་གླེང་ཕྱོགས་ཤུགས་ཆེར་འབྱུང་གི་ཡོད་ཚོད་འདུག ངས་དེབ་དེ་རེག་ཐུབ་རྒྱང་རིང་ནས་རྩོམ་སྒྲིག་པར་འབྲེལ་བྱས་ཀྱང་འབྲེལ་བ་ཡག་པོ་ཞིག་བྱེད་མ་ཐུབ། ངའི་གྲོགས་པོ་གནད་ཡོད་དེས་ལབ་ན་གངས་སྐྱིད་ཀྱི་གླེང་ཕྱོགས་ནི་དེ་བས་ཀྱང་ཚོར་ཤུགས་ཆེན་པོ་ཞིག་ཡིན་འདུག་པ་དང། སྲིད་སྐྱོང་གིས་ཤར་ཕྱོགས་ཁུག་རྟར་ད་ནས་བཟུང་སྐྱོན་བརྗོད་རྣམས་ཡོངས་འགྲེམས་མ་དགོས་པར་ཐད་ཀར་བཀའ་ཤག་ལ་ཕུལ་རྒྱུར་དགོངས་ཚུལ་བརྒྱུད་ནས་གསུངས་འདུག་སྐད། འདི་དག་བདེན་པ་ཡིན་ན། ཤར་ཕྱོགས་པས་ཀྱང་བསམ་ཚུལ་རྣམས་སྲིད་སྐྱོང་མཆོག་དང་བཀའ་ཤག་ལ་ཕུལ་ཐུབ་ན་ཡག་པོ་འདུག་བསམས།། ༽ ཞེས་བྲིས་འདུག
དེས་ན་ཡང་སྙིང་དེབ་ནག་པོ་གསུམ་ནི་གང་གང་ཡིན་ནམ།།
འདོན་སྤེལ།: ༢༠༡༣/༠༦/༠༥
ཤར་ཁུག་གི་དེབ་དེའི་མིང་ལ་༼ འབྲུག་ངར་སྐད་ཆེའང་སྟོང་སྐད་རེད། འཇའ་ཁ་དོག་བཀྲ་ཡང་སྣང་བ་རེད། ༽ཅེས་བཀོད་འདུག་ན་རྟེན་འབྲེལ་བཟང་། ངས་ངོས་ནས་འབྲུག་ཟེར་བ་འདི་རྒྱ་ནག་པོའི་བླ་སྲོག་མཚོན་བྱེད་ཤིག་ལ་བརྩི་གི་ཡོད། རྒྱ་གུན་ཁྲན་ངར་སྐད་ཆེའང་སྟོང་སྐད་ཡིན་པར་མཚོན་འདུག་པས་དགའ་པོ་བྱུང་། ཏང་ཀྲུང་ཡ་ནི་ཕྱི་ནས་བལྟས་ན་མཛེས་མཛེས་འཇའ་ལྟ་བུ་ཡིན་ཀྱང་དོན་ངོ་མ་སྐད་ཅིག་གཉིས་པ་ལ་ཡལ་འགྲོ་བ་མཚོན་འདུག་པས་དགའ་པོ་བྱུང་།
དེབ་མིང་ཡག་པོ་བཏགས་འདུག་་་་ངོ་མ་རྟེན་འབྲེལ་བཟང་།
ཤར་ཁུག་པས་ཡང་བསྐྱར་དཀྲུག་ཤིང་འཕེན་ཡོང་བས་ཁོ་ཧོར་གཙང་འཇིགས་མེད་དང་། ཁོ་ཐུབ་བསྟན་ལུང་རིགས་ཀྱི་རྒྱབ་ལངས་ཕྱོགས་བསྒྲིལ་བྱས་ཡོང་ན་རིམ་པས་བཤད་ཆོག་ ད་ལྟ་གཉིད་ཉལ་དགོས་ཡོད
རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་རྒྱལ་དབང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་འདི་རང་བཙན་གསལ་བསྒྲགས་ཡིན་པ་གསུངས་འདུག ང་ལ་ནམ་དུས་གང་དུ་དེབ་གང་ཤོག་གྲངས་བཅས་སྟོན་རྒྱུ་ཡོད།
ཆབ་སྲིད་དཔྱད་གླེང་ཞེས་པའི་དེབ་དེ་ཤ་ཁུག་གིས་ཡིན་ན་ཀློག་རིན་མེད། ཆབ་སྲིད་མི་ཤེས་མཁན་མི་ཞིག་གིས་ཆབ་སྲིད་དཔྱད་གླེང་ལ་མཐོང་རྒྱུ་ཅི་ཡང་མེད་ཁོ་ཐག་རེད། འུར་མ་རྒྱབ་ལོ།
ཆུ་གླང་རྩ་ཚིག་གི་སྐོར་ལ་དྲ་ཐོག་འདི་ནས་བགྲོ་གླེང་ཐེངས་མང་བྱས་པ་རེད། སྐབས་དེ་དག་ཏུ་རང་བཙན་གསལ་བསྒྲགས་མིན་པར་ཐག་བཅད་པའི་ཤར་ཁུག་གི་བཞེད་སྟངས་ལ། བཤད་བཤད་མཐར་མི་མང་པོས་ཆུང་ཚེ་རིང་སོགས་ཀྱིས་རེད་ཟེར་གྱི་འདུག་ཅེས་པ་འདི་འཁྱེར་སླེབས་སོང། དེ་ལ་གཟུར་གནས་རིགས་པའི་རྗེས་འབྲངས་ཚོ་གད་མོ་ཤོར་བ་རེད། དེབ་འདི་ལག་སོན་བྱུང་ནས་རགས་ཙམ་བཀླགས་པས། འདིའི་ནང་ཆུ་གླང་རྩ་ཚིག་སྐོར་ཤར་ཕྱོགས་པས་དཔྱད་རྩོམ་རིགས་པ་རྐྱང་རྐྱང་གིས་སྒྲུབ་པ་ཞིག རང་གི་ཚོར་བ་མ་འདྲེས་པ་གཉིས་བྲིས་འདུག དེའི་ནང་རང་བཙན་གསལ་བསྒྲགས་མིན་པ་དང་ཁམས་དང་ཨ་མདོར་མ་ཁྱབ་པ་དེ་རྒྱལ་བ་བཅུ་གསུམ་པའི་གསུང་འཕྲིན་གཞན་དག་དང་བསྡུར་ནས་སྒྲུབ་འདུག ང་ནི་བློ་ལ་འགྲོ་བོ་བྱུང། ཁོང་གིས་ད་དུང་དེ་སྔ་ལོ་རབས་བདུན་བཅུ་དང་བརྒྱུད་བཅུའི་ནང་བཙན་བྱོལ་བོད་གཞུང་གི་ཡིག་ཆའི་ནང་དུའང་དེ་ལྟར་ཐེབས་འདུག དེ་ནི་གཞན་གང་ཡང་མིན་ཏེ་སྐུ་ངོ་ཞྭ་སྒབ་པ་སོགས་ཀྱི་ཨུ་ཚུགས་དང་ཞེན་ཁོག་རང་ཤུགས་ཆེ་བའི་འདོད་ཚུལ་ཞིག་ལས་བྱུང་བ་རེད་ཅེས་གསལ་བྲིས་གནང་འདུག
སོང་ཙང་ཉེ་ཆར་ཀརྨ་ཆོས་འཕེལ་གྱི་གླེང་རྙོག་སྐོར་གྱི་བརྙན་འཕྲིན་༧གོང་ས་མཆོག་གིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སྐོར་གསུངས་སྟངས་དང། ཟམ་གདོང་རིན་པོ་ཆེས་ཆུ་གླང་རྩ་ཚིག་སྐོར་གྱི་དྲི་བ་ལན་འདེབས་སྟངས་ལ་ཞིབ་གཟིགས་གནང་བ་ཡིན་ན། ཤར་ཕྱོགས་ཁུག་རྟའི་ལྟ་སྟངས་ཀྱི་བདེན་པ་ཡོངས་སུ་གསལ་འདུག དེ་དགའ་ན་མི་དགའ་ན། འདོད་རུང་མ་འདོར་རུང། དངོས་ཡོད་གནས་ཚུལ་དང་དྲང་པོ་དྲང་བཞག་གི་དངོས་བྱུང་ཞིག་རེད་འདུག་པས། ཐུང་ཙམ་ཞུ་འདོད་བྱུང།།
༼ འབྲུག་ངར་སྐད་ཆེའང་སྟོང་སྐད་རེད། འཇའ་ཁ་དོག་བཀྲ་ཡང་སྣང་བ་རེད། ༽ཅེས་པའི་གོ་དོན་ཅོ་རི་ཉི་མའི་འདོད་བློ་ནང་བཞིན་རྒྱ་གུང་ཁྲན་ལ་ཟེར་རྒྱུ་ཡོད་ན་སྐྱིད་པ་ལ་དང་དགའ་བ་ལ། ཡིན་ནའང་མདུང་ཁ་འདི་རྒྱ་གུང་ཁྲན་ཐོག་སྐོར་རྒྱུ་ལས་རང་གི་འགོ་ཁྲིད་ལ་སྐོར་རྒྱུ་ཡིན་པ་གདོན་མི་ཟའོ།། མི་བདེན་གི་སྙམ་ན་སྒུག་དང་ཤེས་ཡོང་།
རང་བཙན་བསྒྲགས་གཏམ་ཟེར་ན་དོན་དང་མཐུན་འདུག་བསམ། སྤྱིར་ན་སྐབས་དེར་མན་ཇུའི་ཕྱོགས་དང་གོ་མིན་ཏང་གི་ཕྱོགས་ནས་བོད་རྒྱ་ཁོངས་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། དོན་དངོས་ཡོད་ལ་བོད་རྒྱ་ཁོངས་མིན་པ་རེད། དེ་ཡང་མཚོ་སྔོན་དང་སི་ཁྲོན་གྱི་དམག་ཤེད་ཅན་གྱི་ཇག་དཔོན་ཁག་གཅིག་གིས་ཟ་འདོད་རྔམ་སེམས་་ཀྱིས་ཇག་བཅོམ་བྱེད་པའི་དམིགས་ཡུལ་ཞིག་གིས་བོད་ལ་འཕྲོག་བཅོམ་བྱེད་བྱེད་པར་བཀག་རྒྱ་མེད་ཆེད་ལ་སྲིད་དོན་གྱི་རྫུན་གཏམ་སྤེལ་བ་ཞིག་རེད། དེ་ལུགས་ལ་ངས་ཀྱང་ཞིབ་ཏུ་བསམ་བློ་གཏོང་གི་ཡོད། རྣམ་པ་ཚོར་ཉན་འདོད་ཡོད་ན་ངས་ཀྱང་གང་ལ་གང་འཚམས་རེ་ཤེས་ཀྱིན་ཡོད། དེ་ལུགས་ཞྭ་སྒ་པས་ཀྱང་བྲིས་འདུག རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རྒྱ་མཆོད་ཡོན་གྱི་མཚན་ལ་བསྟོད་རེས་ཡིན་པ་དོན་དངོས་ཡིན་མོད་རྒྱ་ཕྱོགས་ནས་གཅིག་འོག་ཏུ་གཅིག་ཡིན་པ་ལྟ་བུ་དང་། ཐ་ན་རྒྱལ་བ་རིན་པོ་ཆེ་བཅུ་གསུམ་པ་གོ་གནས་ལས་ཕབ་ཚུལ་སོགས་དོན་དངོས་ཡོད་དང་མི་མཐུན་པའི་སྲིད་དོན་རྙོགས་འཛིངས་བྱུང་སྟབས་རྒྱལ་བ་བཅུ་གསུམ་པས་རང་བཙན་ཡིན་ལུགས་ཀྱི་ཁྱབ་བསྒྲགས་བྱས་པ་རེད། ཡིན་པ་ལ་ཡིན་པར་ཁྱབ་བསྒྲགས་བྱས་པ་ཞིག་རེད། རང་རེས་ཐེག་པ་ཆེན་པོ་སྔགས་ཀྱི་སེམས་བསྐྱེད་ཀྱི་སྐབས་སུ། བདག་དང་མཐའ་ཡས་སེམས་ཅན་རྣམས།།ཡེ་ནས་སངས་རྒྱས་ཡིན་པ་ལ།།ཡིན་པར་ཤེས་པའི་བདག་ཉིད་དུ།།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།ཞེས་པ་དང་དོན་འདྲ་མཚུངས་རེད། མདོ་དོན་ཕར་གཏུག་ན་རྒྱ་ཇག་ཁ་ཤས་ཤིག་གི་བོད་ལ་འཕྲོག་བཅོམ་ལམ་འགྲོ་རྒྱུགས་ཆེད་དུ་རྫུན་གཏམ་བཤད་པ་ལ་ཐུག་ཡོད་པ་རེད། ཇག་པ་ཚོས་སྐྱག་རྫུན་བཤད་པའི་རྗེས་སུ་འབྲངས་ནས་ང་ཚོས་སྐྱག་རྫུན་བཤད་ན་ལས་རྒྱུ་འབྲས་ལ་མཐུན་གི་མ་རེད།
རྣམ་པ་ཚོར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུས་ན། བོད་རྒྱ་ནག་གི་ཁོངས་ཡིན་པའི་རྩོད་གཞི་དེ་དུས་རབས་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་སྟོད་ཙམ་ལ་བྱུང་བ་རེད། དེའི་བར་དུ་རྒྱ་བོད་བར་དང་། རྒྱ་སོག་བར། བོད་སོག་བར་བཅས་ལ་འབྲེལ་བ་སྣ་ཚོགས་ཤིག་བྱུང་ན་ཡང་དོན་དུ་ཕན་ཚུན་རྒྱལ་ཚབ་གཉིས་ཀྱི་བརྩི་འཇོག་མ་གཏོགས་བོད་འདི་རྒྱ་ནག་གོང་མའི་ཆབ་འབངས་སུ་གཏོགས་ཚུལ་ཀྱི་ཚིག་གཅིག་ཀྱང་མཐོང་རྒྱུ་མི་འདུག བོད་སྡེ་པ་གཞུང་གིས་རྒྱ་ནག་གོང་མའི་གཞུང་ལ་ཆེ་བསྟོད་མང་པོ་བྱས་འདུག ཡིན་ན་ཡང་ཁྲལ་འཇལ་བའི་ལོ་རྒྱུས་མི་འདུག་ཨ། སྐབས་དེ་དུས་རང་རང་རྒྱལ་པོའི་སྲིད་གཞུང་ལ་ཁྲལ་འཇལ་མི་དགོས་པའི་མང་ཚོགས་ཤིག་མེད་པ་རེད། དུས་རབས་ཉུ་ཤུ་པའི་སྟོད་དུ་མན་ཇུའི་སྲིད་གཞུང་རུལ་སུང་དུ་གྱུར་པ་རེད། རྒྱ་ནག་ནང་ལ་ཕྱི་ནང་གི་རྙོགས་དྲ་མང་པོ་ཞིག་ལྷགས་ཡོང་བ་རེད། སྐབས་དེར་མཚོ་སྔོན་དང་སི་ཁྲོན་ཁུལ་གྱི་དམག་ཤེད་ཅན་གྱི་དཔོན་རིགས་ཁ་ཤས་ཤིག་གིས་བོད་འདི་ཉམས་ཆུང་གི་ཚོ་སྡེ་ཤིག་ཡིན་པ་ཤེས་ཀྱིན་ཡོད་པ་རེད། དེ་ལ་ཇག་བཅོམ་བྱེད་འདོད་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་རེད། ཟ་འདོད་ཇག་བཅོམ་བྱེད་དུ་ཡོང་བ་རེད། དེ་ལ་དབུས་སྲིད་གཞུང་གི་བཀག་རྒྱ་མི་ཡོང་བའི་ཆེད་དུ་སྲིད་དོན་གྱི་ཆ་ནས་བོད་འདི་རྒྱ་ཁོངས་ཡིན་པས་རང་ས་རང་སྲུང་བྱེད་དུ་སོང་བ་ཡིན་མདོག་མདོག་གི་གླེང་ཕྱོགས་སྤེལ་བ་རེད། མདོར་ན་སྐབས་དེའི་ལུའུ་ཇུན་སོགས་ཀྱི་རྒྱ་དམག་དེ་ཚོ་བོད་དུ་ཇག་བཅོམ་དུ་ཡོང་བ་རེད། དེ་ཚོས་ཅི་བྱས་འདུག་ལྟོས་དང་། ཇག་པ་རྐྱང་རྐྱང་བརྒྱབ་པ་མ་གཏོགས་ལས་ཀ་གཞན་གང་ཡང་བྱས་ཡོད་པ་མ་རེད། སྐབས་དེར་བོད་ལ་དབྱིན་ཇིའི་ཤུགས་རྐྱེན་ཡོད་པ་རེད།་དབྱིན་ཇི་སྟོབས་ཤུགས་ཆེན་པོ་རེད། དབྱིན་ཇིས་བོད་ལ་དམག་གིས་སྲུང་སྐྱོབ་བྱས་ན་རྒྱ་ནག་གི་ཇག་དཔོན་ཚོར་བཟོ་ལྟ་སྤྲོད་རྒྱུ་ཡིན་སྟབས་ཁོ་ཚོའི་ཕྱོགས་ནས་བོད་རྒྱ་ཁོངས་སུ་གཏོགས་ཚུལ་གྱི་རྫུན་གཏམ་སྤེལ་མགོ་ཚུགས་པ་རེད། བོད་རྒྱ་ནག་གི་ཁོངས་སུ་གཏོགས་ཚུལ་གྱི་གླེང་ཕྱོགས་འདི་ག་ཚོད་ཅིག་ཡར་ལ་དེད་རུང་དུས་རབས་ཉི་ཤུ་པའི་སྟོད་མ་གཏོགས་ཚིག་གཅིག་ཀྱང་རྙེད་གི་མི་འདུག མདོར་ན་བོད་རྒྱ་ཁོངས་ཡིན་པའི་གླེང་ཕྱོགས་དེ་ཕུགས་གཏུག་ན་ཇག་པ་ཁ་ཤས་ལ་ཐུག་ཡོད་པ་རེད།
དེང་སང་མི་ཁ་ཤས་ཀྱིས་ཏཱ་ལའི་བླ་སྐུ་ཕྲེང་ཅིག་ཅིག་གིས་རྒྱ་ནག་གོང་མའི་གསུང་འཕྲིན་འབྱོར་དུས་ཁ་ཤར་ཕྱོགས་སུ་འཁོར་ནས་པུས་མོ་ས་ལ་བཙུགས་ནས་གུས་འདུད་ཞུས་ཚུལ་དེས་བོད་རྒྱ་ཁོངས་ཡིན་པར་སྒྲུབ་ཁུལ་བྱེད་པ་དེ་བོད་ཀྱི་མིའི་ལོ་རྒྱུས་དང་བསམ་བློ་ལ་ཆ་རྒྱུས་ཆུང་བའི་གཏམ་རེད། སྐབས་དེར་རྒྱ་ནག་གོང་མ་རིམ་བྱོན་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཤ་སྟག་ཡིན་པའི་དག་སྣང་ཡོད་པ་རེད། འཇམ་པའི་དབྱངས་ཀྱི་གསུང་འཕྲིན་ཞིག་འབྱོར་ན་སུ་ཡིན་ཡང་ཕྱག་འཚལ་དང་འཚལ། དེ་མན་ཇུ་གོང་མ་ཆན་ལུང་གིས་ཆོས་གོས་རྣམ་གསུམ་མནབ་པའི་འདྲ་རིས་སོགས་ཀྱང་ཡོད་པ་རེད། དོན་ལ་སྐབས་དེར་བོད་མིའི་ལྟ་སྟངས་ལ་ཁོང་ཚོ་ཡང་བླ་མ་ཤ་སྟག་རེད། ཁོང་རྣམ་པ་འཇམ་པའི་དབྱངས་དང་སྤྱན་རས་གཟིགས་བར་ཀྱི་དག་སྣང་དང་ཆོས་ལུགས་དད་མོས་ཀྱི་རྣམ་འགྱུར་སྟོན་སྟངས་ཤིག་རེད་མ་གཏོགས་སྲིད་དོན་ལ་འབྲེལ་བ་ཡོད་པ་ཞིག་མ་རེད། མདོར་ན་མི་སུ་ཡིན་ཡང་ཇག་པའི་རྫུན་གཏམ་གྱི་རྗེས་སུ་མ་འབྲངས་ཟེར་འདོད་བྱུང་།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྲིད་དབང་གིས་མདོ་ཁམས་ཀྱི་ཡུལ་མང་པོ་ཞིག་ལ་ཁྱབ་མེད་ཚུལ་དེས་བོད་རང་བཙན་མིན་པར་བཤད་མི་ནུས་པ་ཞིག་རེད། རྒྱལ་ཁབ་དང་ཡུལ་ལུང་གི་ཆབ་སྲིད་ས་མཚམས་ཟེར་བ་དེ་ཏན་ཏན་ཞིག་ཡོད་པ་མ་རེད། རྒྱ་གར་ལ་ལྟོས་དང་། རྒྱ་གར་རང་བཙན་མ་ཐོབ་གོང་གི་ས་མཚམས་དེ་དེང་སང་གི་བྷང་ལ་དྷེ་ཤ་དང་པ་ཀི་སི་ཐན་ཡོངས་རྫོགས་གཅིག་གི་ཁོངས་སུ་ཡོད་པ་རེད། རང་བཙན་ཐོབ་རྗེས་ཀྱི་རྒྱ་གར་དེ་ཆུང་ཆུང་ཞིག་རེད། བར་སྐབས་ཤིག་ལ་རྒྱ་གར་འདི་རྒྱལ་ཁབ་ལྔ་བརྒྱ་ཆགས་པ་རེད། ལོ་རབས་བརྒྱ་ཕྲག་ཉིཤུ་པའི་སྟོད་དུ་རྒྱལ་བ་བཅུ་གསུམ་པས་གཞན་དབང་སྟབས་བསྟུན་གྱིས་མདོ་ཁམས་ཀྱི་ཡུལ་ལུང་ཡོངས་རྫོགས་དབང་འོག་ཏུ་འཇུག་མ་ཐུབ་པ་མ་གཏོགས་འཇུག་འདོད་མེད་པ་མ་རེད། ཡིག་ཆ་མང་པོའི་ནང་ལ་སྡེ་པ་གཞུང་གི་སྲིད་དབང་དེ་མདོ་ཁམས་ཡོངས་རྫོགས་ལ་རྒྱ་སྐྱེད་འདོད་ཡོད་པ་གསལ་གི་འདུག ཡིན་ན་ཡང་གཅིག་ནས་མདོ་ཁམས་ཀྱི་སྡེ་དཔོན་མི་དྲགས་དེ་ཚོ་དེ་ལ་དགའ་པོ་མི་འདུག གཉིས་ནས་སི་ཁྲོན་དང་མཚོ་སྔོན་གྱི་རྒྱ་མི་ཇག་དཔོན་དེ་ཚོ་དེ་ལ་དགའ་གི་མེད་པ་རེད། དེ་འདྲ་ཞིག་གིས་གནས་སྐབས་རིང་བྱེད་ཐབས་མེད་པར་ལུས་སོང་བ་རེད། ཨ་མདོ་ལ་ཡུན་རིང་པོར་བཞུགས་པ་དང་ཁོང་རང་གི་ཡང་སྲིད་ཨ་མདོར་འཁྲུངས་དགོས་པའི་གཟིགས་ཚུལ་བྱུང་བ་དེ་ཡང་དོན་དུ་ཨ་མདོ་སྡེ་པ་གཞུང་གི་ཁོངས་སུ་བསྡུ་བའི་ཆེད་དུ་གཟིགས་རྒྱང་རིང་པོའི་འཆར་གཞི་ཞིག་རེད། ཡིན་ན་ཡང་ལམ་འགྲོ་མ་བྱུང་བ་རེད། སིམ་ལའི་ཆིངས་ཡིག་གི་ནང་དུ་བོད་ཕྱི་མ་དང་ནང་མ་ཟེར་བའི་དབྱེ་བ་དེའི་ནང་དུ་རྒྱལ་རོང་གི་རོང་མི་བྲག་སྒོ་སྟེ་དེང་སང་བསྟན་པ་རྫོང་ཟེར་བ་དེའི་མིང་གིས་བཟུང་ནས་དེ་ལ་རྒྱ་མིའི་དམག་གཏོང་མི་ཆོག་ཚུལ་བྲིས་ཡོད་པ་འདི་རེད། མདོར་ན་སྡེ་པ་གཞུང་གིས་དབང་ཤུགས་ཀྱིས་མ་འདངས་བ་མ་གཏོགས་སེམས་ཤུགས་ཀྱིས་མ་འདངས་བ་ཞིག་མ་རེད།
མ་གཞི་ངས་འདིར་མི་རིགས་རིང་ལུགས་ཀྱི་ཆགས་སྡང་དང་རྒྱལ་གཅེས་རིང་ལུགས་ཀྱི་ཚོར་བ་རྐྱང་རྐྱང་གི་སྐད་ཆ་ཤོག་གི་མེད། མི་རིགས་རིང་ལུགས་དང་རྒྱལ་གཅེས་ཚོར་བ་ཞེས་པ་དེ་ཚོ་མཚམས་མཚམས་ལ་དགོས་པ་ཞིག་རེད། མཚམས་མཚམས་ལ་མི་དགོས་པ་ཞིག་རེད། སྐབས་སྐབས་ལ་ཡག་པོ་བཟོ་གི་འདུག སྐབས་སྐབས་ལ་སྡུག་པོ་བཟོ་གི་འདུག ཁྱེད་རྣམ་པ་ལ་མི་རིགས་ཀྱི་ལ་རྒྱ་དང་། ཕ་ཡུལ་ལ་དགའ་ཞེན། མི་རིགས་རིང་ལུགས་ཀྱི་བསམ་བློ་དང་། རྒྱལ་གཅེས་ཀྱི་ཚོར་བ་དེ་འདྲ་མེད་ན་ཡང་། བདེན་པ་ཞེས་པ་དེ་ནམ་ཡིན་ཡང་འདོར་རུང་གི་མ་རེད། ནམ་ཡིན་ན་དགོས་གི་རེད། སུ་ཡིན་ན་ཡང་དགོས་གི་རེད། དུས་རབས་ཉི་ཤུ་པའི་སྟོད་དུ་རྒྱ་མིའི་ཇག་པ་ཁ་ཤས་ཤིག་གི་རང་རང་གི་རྐུབ་འགེབས་ཆེད་དུ་རྫུན་བཤད་པ་དེ་ཚོའི་རྗེས་རྗོད་བྱས་བསྡད་ན་ལས་རྒྱུ་འབྲས་ལ་ཡང་འགྲོ་གི་མ་རེད། མཚོ་སྔོན་དང་སི་ཁྲོན་གྱི་ཇག་པས་བོད་མི་གྲངས་མེད་པ་ཞིག་བསད་ཡོད་པ་རེད། དེང་སང་ང་ཚོ་དྲ་ཐོག་འདི་ན་འཛོམ་ཡོད་པའི་མདོ་ཁམས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་འདི་ཚོའི་ཡབ་མེས་ཡང་མྱེས་མང་པོ་ཞིག་རྒྱ་ཇག་གི་ལག་ཏུ་ཤི་ཡོད་པར་ངས་མནའ་བསྐྱལ་ཐུབ་གི བོད་རྒྱ་ཁོངས་རེད་ཟེར་བའི་ཆབ་སྲིད་གླེང་ཕྱོགས་སྤེལ་མཁན་གྱི་ཁུངས་དེ་ང་ཚོའི་ཕ་མེས་གསོད་མཁན་གྱི་ཇག་པ་ཚོར་ཐུག་ཡོད་པ་རེད།
སྤོབས་མཐས་དཔྱད་པ་རང་བཞིན་གནད་ལ་འཁེལ་འདུག་ལ་བོད་ཀྱི་ཇག་ཚོགས་ཤར་ཁུག་དང་རྩེ་བློ་བཀྲ་གཉིས་ཀྱི་གཙོས་པའི་ཇགས་པ་ཚོའི་ཁ་ནང་དགུ་བཟློག་རང་བརྒྱབས་འདུག། ཐུགས་རྗེ་ཆེ། དེ་སྔོན་མདོ་ཁམས་ཀྱི་སྡེ་པ་དེ་ཚོ་རང་གཤིས་གྱོང་སེའེ་ཡོད་ཙང་སྡེ་པ་གཞུང་ལ་ཁྲལ་འཇལ་འདོད་མེད་པའི་གཤིས་ཀ་གྱོང་པོ་དེས་བོད་གཞུང་གིས་ཐད་ཀར་དབང་བསྒྱུར་བྱེད་མི་ཐུབ་ཀྱང་གོང་མ་ཚང་ལ་ཁྲལ་འཇལ་གྱི་ཡོད་པ་ཞིག་ཡིག་ཆ་གང་དུ་ཡང་གསལ་གྱི་མི་འདུག། བྱས་ཙང་ཁྱེད་ཀྱིས་གསུང་པ་ལྟར་༧སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་ནས་དགོས་པ་རྒྱུ་མཚན་ངེས་ཅན་ལ་གཟིགས་ཏེས་མདོ་སྨད་ལ་འཁྲུངས་པ་མ་ཟད་བོད་སྡེ་པ་གཞུང་གིས་ཡང་སྲིད་མདོ་སྨད་ནས་གདན་དྲངས་ཡོང་བ་རེད། འོན་ཀྱང་༧བཅུ་བཞི་པ་ཆེན་པོས་ཁོང་གི་ཡབ་ཡུམ་གཉིས་ལ་བཀའ་འདྲི་ཞུས་ནས་དཔོན་པོ་སུ་རེད་ལབ་ན་ཟི་ལིང་ཀྲུའུ་ཞི་རེད་ལབ་ཀྱི་རེད་མ་གཏོག་བོད་སྡེ་པ་གཞུང་རེད་ལབ་ཀྱི་མ་རེད་གསུངས་ཀྱི་འདུག། ང་ནི་རྦད་དེ་མགོ་ཐོམས་སོང་བོད་སྡེ་པ་གཞུང་གིས་ཡང་སྤྲུལ་ཟི་ལིང་ཀྲུའུ་ཞིའི་ལག་ནས་ཕྲོགས་ཡོང་པ་རེད་ཡང་ན་བརྐུས་ཡོང་པ་རེད་ཡང་ན་ཉོས་ཡོང་བ་རེད། འདི་ནི་ཡ་མཚན་དངོས་བྱུང་རང་རེད་འདུག།
སྤོབས་པ་མཐའ་ཡས་སོགས་ཤེས་ནས་སྨྲ་བ་ཚོར་ཐུགས་རྗེ་ཆེ་ཞུ། ཤར་ཁུག་སོགས་ཀྱིས་སྤྱི་ཚོགས་ཟ་ངེ་ཟིང་ངེ་བཟོ་བ་ཙམ་རེད།
བཀླག་བཞིན་པ་ཡིན། ཡིན་ཡང་དེའི་ནང་རྕོམ་མང་དག་ཅིག་རྕོམ་སྒྲིག་པས་རང་གི་བལྟ་བ་གླེང་བ་ཤ་སྟག་གིས་ཀློག་པ་པོ་རྨོངས་བཅུག་འདུག དེའི་ནང་རྕོམ་འགར་ཤར་ཕྱོགས་ཁུག་རྟ་དང་། བློ་བཟང་ཆོས་འབྱོར་ཟེར་བ། རྕོམ་སྒྲིག་པ་ཟེར་བ་བཅས་མང་དག་འདུག དོན་དམ་པར་མི་གཅིག་མ་རེད་དམ། རྕོམ་བྱང་མི་འདྲ་བའི་ཐོག་རང་གི་གཞུང་ལ་བཅངས་པའི་ནད་རྙིང་བཏོན་འདུག་ག
ལྷན་རྒྱས་ལ་འབོད་སྐུལ་ཞུ་རྒྱུར། ཁྱེད་རྣམ་པས་གལ་སྲིད་ནང་ཆོས་བོད་དབྱིན་ཚིག་མཛོད་དེབ་དེ་རིགས་མཁྱེན་རྟོགས་ཡོད་ན་ཕྲན་ལ་མིང་བྱང་ངོ་སྤྲོད་གནང་སྐྱོང་བ་མཁྱེན་མཁྱེན་ཞུ།
ཚེ་དཔག་རིག་འཛིན་གྱིས་བརྩམས་པའི་Tibetan-English Dictionary of Buddihist Terminology ཞེས་པ་དེ་ཕྲན་ལ་ཡོད། དེ་ལས་གཞན་པའི་བོད་དབྱིན་ནང་ཆོས་ཚིག་མཛོད་དཔེ་དེབ་ཡོད་ན་ཐུགས་རྗེས་གཟིགས་མིང་བྱང་ངོ་སྤྲོད་མཛད་གནང་ཡོང་བར་ཞུ་ཞུ།
ཆུ་གླང་རྩ་ཚིག་གི་སྐོར་ནས་འཕྲོས་ཏེ་དེའི་མདུན་རྒྱབ་ཀྱི་གནས་བབ་སྔོགས་པ་འདི་ངས་བལྟས་ན་བློ་བསྐྱེད་གསར་པ་ཞིག་རེད་ལ། མ་འོངས་པའི་ལོ་རྒྱུས་ཀྱི་བྱེད་པོ་ཚོར་ཉམས་མྱོང་ལྟ་བུ་ཞིག་ཀྱང་ལོས་ཡིན། སྤོབས་པ་མཐའ་ཡས་ཀྱིས་མཁོ་ཁམས་སྟོད་སྨད་ཀྱི་ཇག་ཚོགས་ལས་དྲངས་ཏེ་ཡུལ་གྱི་མངའ་དབང་ཆིག་སྒྲིལ་ལ་ཤུགས་རྐྱེན་ཅི་ཐེབས་འདི་བསམ་བྱར་འོས་པ་ཞིག་རེད། ཡིན་ནའང། དབུས་དང་མཐའ་གཉིས་ཀ་ནས་སུ་གང་ལའང་ལྟོས་མི་དགོས་པར་མངའ་དབང་ཆིག་སྒྲིལ་ལ་སེམས་པ་དཀར་འདུན་ཙམ་སྟོན་ཐུབ་པའི་གནས་སྟངས་མང་པོ་བྱུང་ཡོད་ནའང། མ་བསྟན་པ་སྨྲས་མེད་ཐོག དེ་ལས་སྡིག་པའི་ལས་ཉེས་རིམ་བསགས་ཕྲེང་བསྟར་བསྒྲིགས་ན་དངོས་གནས་རང་རྒྱ་མིར་དགོས་རྒྱུ་དང། བོད་མི་གྲགས་པའི་རྗེས་འབྲངས་ཚོ་སེམས་ཤུགས་ཆགས་ཉེན་འདའ་བས། སྐབས་དང་དུས་བབ་འཚམས་སོ་སོར་གང་ལ་གང་འོས་ཀྱིས་གྲུབ་འབྲས་གཙོ་བོ་དང་དགོས་དབང་ཤུགས་ཆེས་བཤད་རྒྱུ་མ་གཏོགས། མང་པོ་ཞིག་བསྟར་ཆགས་སུ་འདྲེན་རྒྱུ་ཡིན་ཚོད་མི་འདུག དེའི་ཆ་ནས་བཙོག་པའི་བྱུང་བ་དེ་དག་ལ་ལྟེབས་བརྩེགས་རྒྱག་པ་མིན་པར་སྒེར་པ་སོ་སོའི་ངོས་ནས་བསམ་ཞིབ་ལེགས་པར་བྱེད་གལ་མཐོང་གི་ཡོད།
གལ་སྲིད་མངའ་དབང་གསལ་བསྒྲགས་ལྟ་བུ་གཙོ་འདོན་གྱིས་དེ་ལྟར་གསལ་བསྒྲགས་སྤེལ་བ་ཡིན། རྒྱལ་བ་རང་གི་མཁྱེན་ཡོན་དང་བསྒྱུར་བཅོས་དགོངས་གཞི་གང་ལ་བལྟས་ཀྱང་དེ་ལས་ལྷག་པ་ཞིག་སྤེལ་རྒྱུ་ཡོད་པ་རིགས་པའི་ལམ་ནས་ཐག་ཆོད་ཐུབ་པ་ཞིག་ཡིན་སྟབས། ཡང་ཡང་ཨུ་ནན་གྱིས་རང་བཙན་གསལ་བསྒྲགས་འདོགས་པ་དེ་དགེ་བ་གང་ཡང་མ་མཐོང་ལ། མ་འོངས་པར་དེ་བས་ཀྱང་མི་མཐོང་ཁར། ལོ་རྒྱུས་རང་གི་ཁེ་ཕན་གྱི་དབང་དུ་བྱས་ནའང་དེ་ལྟར་མི་མཐོང་བའི་མིའི་རྣམ་དཔྱོད་ཀྱི་གཤོག་ཟུང་བར་མེད་རྡེབས་པ་ནི་ཐེ་ཚོམ་བྲལ་བ་ཞིག་འདུག་གོ།།
བསམ་ཚུལ་འདི་ཡང་ཕྱི་སྡོད་བོད་འབངས་དཀྱུས་མ་ཞིག་གི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་པ་ཙམ་ཡིན་པས་མི་བསུབས་རོགས་ཞུ།
ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་དྲ་ཐོག་གང་སར་བློ་བཟང་ཆོས་འབྱོར་སོགས་མི་ཁག་ཅིག་གིས་ཉེ་རིང་ཆགས་སྡང་གི་སྐད་ཆ་འདྲ་མིན་གད་སྙིག་ནང་བཞིན་གཡུགས་བཞིན་འདུག རྒྱ་ནག་གི་བོད་བཙན་བཟུང་བྱས་ཚུལ་དང་བོད་དེ་ལོ་རྒྱུས་ཐོག་ཏུ་རང་བཙན་གཙང་མ་ཡིན་རབས་ལུང་བ་གང་བཞིན་བཤད་བཤད་ནས་དུས་རབ་ཕྱེད་ཙམ་འདས་པའི་དེ་རིང་།
མགོ་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་ནས་མཇུག་འབངས་མི་ཤར་ཁུག་སོགས་མི་སྒེར་གང་མང་མང་ཞིག་གིས་གློ་བུར་ཐོལ་རྒྱག་ཏུ་ཞྭ་སྐབ་པའི་རྒྱལ་རབས་ཁུང་ལུང་མེད་ཚུལ་དང་། མདོ་ཁམས་གཉིས་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཚུལ། བོད་རང་བཙན་བརྩད་ན་སྙིང་བོ་མེད་ཚུལ་དང་གླེན་པ་ཡིན་ཚུལ། ད་དུང་རྒྱ་ནག་དེ་ང་ཚོས་བསམ་པ་ནང་བཞིན་གྱི་སྡུག་ཅག་ཅིག་མིན་ཚུལ། རང་བཙན་བསྐྱར་ནན་བསྒྲགས་གཏམ་དེ་འབོད་ཚད་ལྡན་མིན་ཚུལ། ད་དུང་ཕྱི་ལོགས་སུ་སྐད་འབོད་བྱས་པས་བོད་ནང་ཁུལ་ལ་གནོད་པ་བྱས་ཚུལ་སོགས་བསམ་ཚུལ་འདྲ་མིན། དྲ་དེབ་དང་ཡོས་གྲུབ་སོགས་བརྒྱུད་ནས་ཆུ་ལོག་ནང་བཞིན་ལུད་བྱུང་།
དྲང་མོར་བཤད་ན་སེམས་གྱི་གཏིང་ནས་བོད་མི་ཚང་མ་མགོ་འཐོམས་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར་ཡོད་པ་གདོན་མི་ཟ། དོན་ངོ་མར་ཁོང་ཚོས་ཡང་སྙིང་ང་ཚོ་གང་ཞིག་ཏུ་འཁྲིད་རྕིས་ཡིན་ནམ།
ཆབ་སྲིད་དཔྱད་གླེངས་འདི་དེབ་ནག་གསུམ་ནང་གི་གཅིག་རེད།