རྔ་བ་ཀུན་བཟང་སྒྲོལ་མ།
ཆར་ཤུགས་ཀྱི་ངང་ཚུལ་དེར
སུ་ཞིག་ཡིན་ཡང་བཟོད་དཀའ་ལ
བྱ་སྤྱོད་དེ་
སུ་ཞིག་གིས་མཐོང་ཡང་བཟོད་སྣང་དབེན་པས་
ཆར་ཤུགས་དེ་
གང་དུ་བབས་ཀྱང་འདར་སུག་རྒྱག་གིན་
འདི་ལྟར་མི་ལོ་ཧྲིལ་བོ་དུ་མ་ཞིག་
མཛུབ་རྩེར་སྒྲེང་ཞོར་སྐད་ཅིག་གིས་ཡལ་
དོན་དངོས་སུ
ཕྱི་རོལ་ན་ཆར་ཤུགས་ཆེ་དྲགས་པས
འཇའ་ཚོན་དང་ཉི་འོད་གང་ན་ཡོད་པར་མ་ཤེས་ལ་
ཐ་ན་ས་འོག་ཏུ་གནས་པའི་འབའ་འབུ་དག་ཀྱང་ངུ་སྐད་ཤོར་ངེས་ལ
མཁའ་དབྱངས་སུ་འཕུར་བའི་བྱ་བྱེའུ་ཡིན་རུང་
རྩྭ་དང་རྩི་ཤིང་ཐམས་ཅད་རྩ་བ་ནས་གཏོར་ཐལ
སྤང་དང་མེ་ཏོག་རྣམས་ཀྱི་ཁ་མདོག་བསྒྱུར་ཐལ་
གང་ལྟར་
ང་ནི་ཆར་ཤུགས་དང་བསིལ་རླུང་གིས་གཡོས་པའི་མེ་ཏོག་ཁེར་སྐྱེས་ཤིག་ཡིན་པས
དེ་རིང་གི་ཆར་ཤུགས་དེས་
གྲང་ཤུར་ཤུར་གྱི་སེམས་པ་རྨས་མ་ཞིག་
ཆར་ཞོད་ཆེ་བའི་ལམ་འགྲམ་ལ་ཁེད་བཞིན་
ཁ་སང་གི་མཛེས་སྡུག་ལ་ཕྱིར་མིག་འཁྲེང་ཞིང་
དེ་རིང་གི་ཡོད་ཚད་ལ་ཡིད་སྨོན་བྱེད་ཞོར་
ངས་ཐམས་ཅད་ལ་གས་ཁ་ཤོར་ལ
ངས་ཡོད་ཚད་ལ་མནར་གཅོད་བཏང་བ་ཐེངས་གཅིག་མིན་པས་
ངའི་བདེ་སྐྱིད་དང་མདུན་ལམ་ལ་དེ་བས་ཀྱང་རྨ་ཁ་བཟོས
ཆར་ཤུགས་དེ་ཇི་འདྲའི་གདུག་རྩུབ་དང་རྒྱུ་འབྲས་མེད་པར
ཆར་ཤུགས་དེར་ཡ་ང་དང་སྙིང་རྗེ་མེད་པས་
ངའི་ན་ཟུག་གི་རི་གྲོང་ན་
དལ་གྱིས་འབབ་བཞིན་པས་
ངས་ཕྱི་རོལ་གྱི་སྒེའུ་ཁུང་ནས་
ཁྱོད་ཀྱི་ན་ཟུག་གིས་བསླངས་བའི་སེམས་པ་ཚོར་གྱིན་
འདི་ལྟར་ ཕྱིར་དྲན་ལྷོད་ཀྱིས་རྙེད་
ཆར་ཤུགས་དེས་སྔར་བཞིན་
བདག་གི་སེམས་ཁུང་ན
ན་ཟུག་གྲངས་མེད་ཀྱིས་
༢༠༡༣ ༥ ༢༨ ཉིན།
དགོངས་དག་འབྲེལ་མེད་ཀྱི་མཆན་ཞིག་འགོད་དགོས་ཁག་སོང་།
ལྷན་རྒྱས་ལ་འབོད་སྐུལ་ཞུ་རྒྱུར། ཁྱེད་རྣམ་པས་གལ་སྲིད་ནང་ཆོས་བོད་དབྱིན་ཚིག་མཛོད་དེབ་དེ་རིགས་མཁྱེན་རྟོགས་ཡོད་ན་ཕྲན་ལ་མིང་བྱང་ངོ་སྤྲོད་གནང་སྐྱོང་བ་མཁྱེན་མཁྱེན་ཞུ།
ཚེ་དཔག་རིག་འཛིན་གྱིས་བརྩམས་པའི་Tibetan-English Dictionary of Buddihist Terminology ཞེས་པ་དེ་ཕྲན་ལ་ཡོད། དེ་ལས་གཞན་པའི་བོད་དབྱིན་ནང་ཆོས་ཚིག་མཛོད་དཔེ་དེབ་ཡོད་ན་ཐུགས་རྗེས་གཟིགས་མིང་བྱང་ངོ་སྤྲོད་མཛད་གནང་ཡོང་བར་ཞུ་ཞུ།
ཁག་མེད་གི
མོ་ལ་དཀའ་ལས་ཡོད་ས་རེད།
སེམས་མེད་ཞིག་གིས་གཡུགས་པ་འདྲ།
ངོ་མ་སྙིང་རྗེ།
མོའི་དེ་དམིགས་བསལ་ཞིག་ཡིན་ས་རེད།
འདོད་པ་ཡོད་ནི་ཟིག་གིས་རོགས་པ་གནང་རོགས་ཞུ་ཡ་ཡིན།
ཤག་ཤག་འབབས་པའི་རླབས་སྒྲ་དེ་དང་ཁྱོད་ཀྱི་སྙིང་གཏམ་ལྷན་དུ་འཇོ།།
བཟང་བོའི་ཁོར་ཡུག་མཉེན་མོ་ཞིག་གིས་ཁྱོད་ཀྱི་རང་གཤིས་མཚོན་པར་བྱེད།།
དགའ་དང་དུང་བའི་ཕ་མཐའ་དེ་ནས་གཅུན་པར་དཀའ་བའི་ཚོར་བ་ཞིག་།
མ་བོས་མགྲོན་གྱི་དྭངས་མར་སླེབས་ཚེ་འདས་པའི་ཤུལ་དེར་རྒྱང་སོ་བལྟས།།
ཡག་པོ་བྲིས་འདུག མུ་མཐུད་ནས་ཤུགས་རྒྱག་རོགས
གྲུ་ཆར་སིམ་སིམ་འཇོ་བའི།།
ནམ་མཁའ་ལྷ་མོའི་ཐུགས་ལ།།
ས་སྐྱེས་ལྗང་གཞོན་ཡོད་ན།།
མཛེས་པ་མེ་ཏོག་འབུམ་གྱིས།།
ཞིང་ཁམས་མཛེས་པར་བྱས་ཆོག།།
གྲུ་ཆར་སིམ་སིམ་འཇོ་བའི།།
ནམ་མཁའ་ལྷ་མོའི་ཐུགས་ལ།།
ས་སྐྱེས་ལྗང་གཞོན་ཡོད་ན།།
མཛེས་པའི་མེ་ཏོག་འབུམ་གྱིས།།
ཞིང་ཁམས་མཛེས་པར་བྱས་ཆོག།།