བོད་ལ་ཞེན།
དེ་ཡང་བཙན་བྱོལ་དུ་ཡོད་པའི་བོད་ཡིག་ཚགས་ཤོག་ཁག་གི་ཤོག་ངོས་མང་ཉུང་དང་འདོན་ཐེངས་མང་ཉུང་སོགས་གང་ལ་བསམས་ཀྱང་ཡིག་རིགས་གཞན་གྱི་ཚགས་པར་ལས་གསར་འགྱུར་ཉུང་བ་དང་དལ་བ་ཡོད་པ་ནི་ཁག་མེད་པ་དང་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་དྲ་བའི་ཐོག་ཡོད་པའི་བོད་ཡིག་གི་ཚགས་པར་རྣམས་སུ་ཡང་གསར་འགྱུར་ཤིན་ཏུ་ཉུང་བ་དང་ཧ་ཅང་གི་དལ་བ་ནི་འཐུས་ཤོར་སོང་བ་ལ་ངོས་མི་འཛིན་ཐབས་མེད་རེད། ང་ཚོའི་གསར་འགྱུར་བརྗོད་གཞི་ལ་བསམ་ན་བོད། བཙན་བྱོལ། རྒྱལ་སྤྱི། རྒྱ་ནག་བཅས་ཀྱི་གསར་འགྱུར་ཡིན་ཁུལ་ཀྱང་ཉིན་མ་རེ་ལ་གསར་འགྱུར་སྣ་རེ་ཙམ་མ་གཏོགས་བཀོད་མ་ཐུབ་པ་ནི་གསར་འགྱུར་མེད་པའི་སྐྱོན་མ་ཡིན་པར་གསར་འགྱུར་མཁོ་སྒྲུབ་མ་ཐུབ་པ་དང་བསྒྱུར་མ་ཐུབ་པ་བཅས་ཀྱི་སྐྱོན་ལོས་ཡིན། དྲ་བའི་གསར་འགྱུར་ཀློག་མཁན་རྣམས་ཀྱིས་ཐེངས་གཅིག་བལྟས་ན་གསར་པ་མཐོང་རྒྱུ་མེད། ཐེངས་གཉིས་པར་བལྟས་ནའང་གསར་པ་མེད། གསུམ་པ་ལའང་དེ་ག་རང་ཡིན་ན་རྗེས་སུ་བལྟ་འདོད་མེད་པར་གྱུར་ནས་ཀློག་མཁན་ཉིན་རེ་བཞིན་ཉུང་དུ་འགྲོ་བར་ཐེ་ཚོམ་མེད། མདོར་ན་ལས་བྱེད་པས་ལས་ཐུབ་ན་གསར་འགྱུར་ཉིན་མ་རེ་ལ་གསར་འགྱུར་བརྒྱ་ཙམ་དགོས་ཀྱང་ཡོད་ངེས་པས། དྲ་བའི་གསར་འགོད་པ་རྣམས་ཀྱིས་གསར་འགྱུར་མང་ཙམ་ཉིན་རེ་བཞིན་བཀོད་མ་ཐུབ་ན་ཉིན་མ་ཞིག་དྲ་བའི་སྒོ་རྒྱག་དགོས་ཆགས་ངེས།
དངོས་གནས་རེད་ཤག དངོས་གནས་ཕོངས་ཤག
དངོས་གནས་རེད་འདུག དེ་ག་རང། བོད་ཡིག་གི་གསར་ཤོག་ཟེར་ན་རྙིང་ཤོག་རང་རེད་འདུག ལྟོས་དང་དུས་བབ་གསར་ཤོག་དང་བང་ཆེན་གཉིས་ལ་དེ་གཉིས་ཁྱབ་ཆེ་ཤོས་ཡིན་པའི་ཁུལ་རེད། ཡིན་ནའང་ཉིན་མ་གསུམ་ཙམ་ནས་གསར་གནས་རེ་ཙམ་ལས་མི་འདུག དེ་ཡང་རྒྱ་ནག་ལ་ཁ་ཆག་རྣ་རུལ་བྱུང་ན་ཅུང་ཙམ་འདུག་དེ་མིན་རྒྱལ་སྤྱིའི་གསར་འགྱུར་ཾཁ་ཤས་ཤེས་འདོད་པ་འགའ་འདུག་མོད་བསྒྱུར་མཁན་མེད་པའམ་སེམས་ཁུར་མི་བྱེད་པ་གང་ལྟར་རྗེས་ལུས་རང་རེད། ལོ་སྟོད་དུ་བོད་ནས་མེར་སྲེགས་སྐབས་ཅུང་ཙམ་འདུག་ད་མཚམས་ཆད་དུས་གང་ཡང་མི་འདུག གཅིག་བྱེད་ན་༧གོང་ས་མཆོག་གཟིགས་སྐོར་ཕེབས་པའི་སྐོར་ཅུང་ཙམ་རེད། གལ་ཏེ་༧གོང་ས་མཆོག་གཏན་བཞུགས་གནང་ཚེ་དེ་ནས་གསར་འགྱུར་ཀྱང་རྫོགས་ཟིན་འདུག
བང་ཆེན་གསར་ཤོག་དྲ་ཐོག་ནས་ཀློག་དུས་ཞིབ་འཇུག་ཡང་ཡང་བྱས་ནས་ནང་དུ་ཡོང་གི་འཇུག་གི་འདུག ཕལ་ཆེར་ཨ་རིའི་མཐོང་ཆེན་ཞུ་སར་འགྲོ་འགྲོ་བྱེད་དགོས་འདུག དེ་ཡང་ཧ་ཅང་གི་དལ་པོ་རེད། མི་དྲགས་རང་དྲགས་ཁ་བརྡ་རེད་གཞན་བོད་ཀྱི་དྲ་རྒྱར་དེ་ཙམ་དགོས་པ་མི་འདུག
ང་ཡང་བསམ་ཚུལ་དེ་སྔོན་ནས་བྱུང་། སྔོན་མ་བང་ཆེན་དང་དུས་བབ་ནས་ཉིན་རྒྱུན་བལྟ་ཡི་ཡོད། འཚམས་རེར་བདུན་ཕྲག་རེར་གསར་འགྱུར་གཅིག་ནས་གཉིས་རེ་མ་གཏོགས་མི་ཡོང་གི ཉོབ་ནས་དེང་སང་དེ་ཚོ་དང་གཏན་བྲལ་ཡིན། ད་ངའི་ངོ་དེབ་དང་ཁ་བརྡ་གཉིས་རེ་བ་ཆེ་ཤོས་ཡིན།
གསར་འགྱུར་གྱི་ཕུང་བ་དྲྭ་བ་གཅིག་པུ་མ་རེད། ཨ་རླུང་དང་ཨེ་རླུང་ལ་སོགས་པའང་ཕུང་འདུག དཔེར་ན་ཨ་རླུང་ནང་ནང་ཆོས་ཀྱི་ལས་ཚན་ནང་བྱང་ཆུབ་སྒྲོལ་མས་་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལ་བཅར་འདྲི་བྱས་པའི་ཁག་སྔ་མ་དེར་ཉོན་དང་། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་རྒྱ་མིའི་སོ་བ་རེད་ཅེས་རྒྱ་གར་བདེ་སྲུང་མི་སྣས་རྗེས་འདེད་བྱས་པའི་སྐོར་དང་། ཁོང་རྒྱ་གར་ནས་འདུག་མ་ཐུབ་པར་ཨ་རིར་སྐྱབས་བཅོལ་དུ་ཕེབས་དགོས་པ་བྱུང་བའི་སྐོར། ད་དུང་ཁོར་འཕྲད་པའི་དཀའ་ངལ་ཁག་༧གོང་ས་མཆོག་གིས་ཀྱང་མཁྱེན་ཀྱི་ཡོད་མེད་ཐེ་ཚོམ་ཡིན་ཚུལ་ལ་སོགས་སྒྲུང་སྙན་མོ་འདུག དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དགེ་་ལུགས་པས་སྤྱི་འཐུས་ལ་འདེམས་པ་ནོར་མི་འདུག ཨ་མའི་བུ་བཙན་བྱོལ་སྤྱི་ཚོགས་ནང་གསར་རྙིང་གི་ནད་ཡམས་ཤུགས་ཆེན་པོ་ཡོད་ཀྱང་། རྙིང་འབྱོར་ཚོ་ནང་བཞིན་གསར་འབྱོར་ཚོས་༧གོང་ས་མཆོག་གི་ཐུགས་དཀྲུགས་བཞིན་མེད་པ་འདྲ། ཡོད་པ་དེ་ངག་ཕོད་བུ་འཇིགས་མེད་རེད། གཞན་དགེ་ལུགས་པ་བདག་བརྒྱག་རྒྱུར་དགའ་བའི་དབང་གིས་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལའང་བདག་པོ་བརྒྱབ། དེ་བཞིན་རྨོག་རུ་བསྟན་པ་འབྲས་སྤུངས་ཚོགས་གྲལ་ནས་སྤོས་རྗེས་མདོ་སྨད་སྤྱི་འཐུས་ལ་བསྐོས། ཀིརྟིའི་བླ་མའི་ངོར་བལྟས་ནས་རྐུ་མ་ཀིརྟིའི་སྒྲོལ་དཀར་ལྟ་མོ་མདོ་སྨད་སྤྱི་འཐུས་སུ་བདག་པོ་བརྒྱབ་ད་རྣམ་པ་ཚོར་གསར་འགྱུར་མང་པོ་འདུག་ཡ། ཀརྨ་ཆོས་འཕེལ། གཞོན་ནུ་ཚོགས་པ་རྙིང་འབྱོར་གྱི་བུ་རབས་ཚ་རྒྱུད་ཚོས་ཡག་པོ་འཁྲབ་བཞིན་འདུག བསམ་བློ་རྩ་བ་ནས་བཏང་གི་མེད་པའི་བཟོ་འདུག གྲ་གོགས་ཚོར་ཨ་རླུང་ནང་ནང་ཆོས་ཀྱི་ལས་ཚན་ནང་བྱང་ཆུབ་སྒྲོལ་མས་་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལ་བཅར་འདྲི་བྱས་པའི་ཁག་སྔ་མ་དེར་ཉོན་དང་དཔེ་གསར་འགྱུར་བརྙན་པོ་འདུག ཐུབ་བསྟན་ལུང་རིག་ད་ནས་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལ་འང་ཅིག་ཕྲིས་ཤོག་དཔེ་མ་རབས་ཚ་བོ་འདུག