རྩོམ་པ་པོ། ཀླུ་སྨྱོན། མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ །
གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།།
སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།།
སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
བོན་རྙིང་ས་བཀའ་དགེ་ཇོ་གྲུབ་མཐའ་དྲུག །
ནུབ་གླིང་མུན་པའི་གླིང་དུ་ཁྱབ་སྤེལ་མཁན།།
མཁས་བཙུན་གྲུབ་པའི་བདག་ཉིད་ཁྱེད་རྣམས་ཀྱི།།
ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྲུབ་ཤོག །
འགྲོ་བློར་གང་འཚམ་ཞི་བསིལ་ཆོས་ཀྱི་སྒྲ།།
འཇུག་སྒོ་དུ་མས་དུས་ཀུན་འདོམ་མཛད་པའི།།
དགེ་བའི་བཤེས་གཉེན་ཁྱེད་ཅག་ལྷན་ཅིག་ཏུ།།
དོན་ལྡན་བགྲོ་གླེང་མཛད་པར་གློ་བ་དགའ།།
ཕྱི་རུ་ཟང་ཟིང་གློག་རྫས་འབེལ་ན་ཡང་།།
ནང་དུ་ཞི་བདེས་དབེན་པའི་ནུབ་ཕྱོགས་འགྲོར།།
གཤེན་ཐུབ་བསྟན་པའི་བདུད་རྩིའི་བགོ་སྐལ་ཆེ།།
ཇི་ལྟར་འགྱེད་པའི་བགྲོ་གླེང་ངོ་མཚར་གནས།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་རིག་གི །
ཕ་ནོར་ཕྱི་རབས་གཞོན་ནུའི་འདོད་བློ་དང་།།
འཚམ་པའི་སློབ་ཁྲིད་འཛིན་སྐྱོང་སྤེལ་བའི་ཐབས།།
གཅིག་ལས་གཅིག་ལྷག་སྟོན་པའི་རེ་བ་ལྕི།།
རྒྱལ་ཀུན་གསུང་གི་བྱིན་ཆགས་དབྱངས་གསལ་གྱིས།།
ཐ་དད་ཡིག་རིགས་འཁྱུད་པའི་སྐད་སྒྱུར་གྱི།།
མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བའི་ལམ།།
ཤེས་ལྡན་ཡི་ག་འབྱེད་པའི་བགྲོ་གླེང་འཚལ།།
མདོར་ན་བསིལ་ལྡན་ཁ་བའི་ཆོས་རིག་གི །
མར་མེ་གཅིག་ལས་གཉིས་སུ་མཆེད་པའི་དུས།།
རང་གཞན་འདི་ཕྱིའི་བདེ་སྐྱིད་སྤེལ་བའི་ཕྱིར།།
ཤེས་རབ་མཚོན་རྣོན་སོ་ཁ་བརྡར་བར་ཞུ།།
དེ་སྐད་ཐེངས་འདིའི་ཚོགས་པའི་དགོངས་དོན་བཞིན།།
འགྲུབ་པའི་སྨོན་ལམ་རབ་དཀར་ལྷ་རེག་བཅས།།
བྱང་ཕྱོགས་ཨ་ལ་སི་ཀའི་དབེན་ཁྲོད་ནས།།
ཀླུ་སྨྱོན་ཁྲག་འཐུང་གླིང་བས་ཕྱག་བཅས་ཕུལ།།
བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བོད་ཆེན་པོའི་ཆོས་སྨྲ་བ་དག་གི་ཚོགས་ཆེན་འདིའི་གྲོས་ཆོད་གང་དང་གང་བཞག་ཡོད་མེད་གསལ་ཁ་སྟོན་པར་ཞུ།
ཁྱེད་རང་རྣམ་པ་ཆོས་བརྒྱུད་སོ་སོ་གདམས་ནས་སྐུ་ཚབ་བཏང་བ་རེད་དམ།
ང་རིན་པོ་ཆེ་རྐྱང་རྐྱང་ཡིན་པ་འདྲ། ངས་ངོ་ཤེས་པ་་གཅིག་ཀྱང་མི་འདུག
སྙིང་ཐག་པ་ནས་ཡི་རང་དང་གུས་འདུད་ཞུ།
འོ་ཛི་ཀརྡོ་ལགས་ཁྱེད་ཀྱི་ངོ་ཤེས་མེད་མ་ཡིན་ན་ང་རིན་པོ་ཆེ་ཡིན་པས་ཁྱབ་པ། དེ་འདྲ་རང་ད་ཨེ་ཡིན་ན།
རིས་སུ་མ་ཕྱེས་པའི་བོད་ཀྱི་་ཆོས་རྒྱུད་ཆོས་ལུགས་ཀྱི་བླ་སྤྲུལ་རྣམ་པ་ཡང་ཡང་འདི་ལྟར་ཚོགས་ཐུབ་ན་དགེ་མཚན་ལས་སྐྱོན་ཆ་མ་མཐོང། སྐབས་འདི་དུས་ཁྱེད་རྣམས་ཀྱི་ཚོགས་འདུའི་བགྲོས་ཆོད་དང་འཆར་གཞི་སོགས་བསྒྲོག་གནང་ན་དགེ་མཚན་ཆེ།
མ་གཞི་ནས་ཁ་བྱང་དེར་ཅུང་བསམ་འཆར་ཡོད། ཆོས་རྒྱུད་གཅིག་པོ་ཟེར་ན་འགྲིག་གི་མི་འདུག བཙན་བྱོལ་བསྒྲིག་འཛུགས་ཀྱི་ཡིག་ཆ་སོགས་སུ་་་་ཆོས་རྒྱུད་ཆོས་ལུགས་ཞེས་གཉིས་སུ་གསལ་ཡོད་དེ་ལ་རྒྱུ་མཚན་ཡོད་ཤས་ཆེ། ཁྱེད་རྣམས་ཀྱི་ཐུགས་ལ་བཏགས་རོགས།
ངོ་ཤེས་མེད་པ་ཡིན་ན། བཅོས་རོགས།
ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུ།།
༥༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༨ གི་ཆུ་ཚོད་ ༢༢ སྐར་མ་ ༡༧
འོ་ཛི་ཀརྡོ་ལགས་ཁྱེད་ཀྱི་ངོ་ཤེས་མེད་མ་ཡིན་ན་ང་རིན་པོ་ཆེ་ཡིན་པས་ཁྱབ་པ། དེ་འདྲ་རང་ད་ཨེ་ཡིན་ན། ་་་་་་་་་
ཨ་རིའི་བོད་ཀྱི་ཆོས་བརྒྱུད་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་ཕུལ་བའི་ཤིས་ཚིག
རྩོམ་པ་པོ། ཀླུ་སྨྱོན། མཁོ་གཏོང་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། དང་། ཡང་བླ་སྤྲུལ་དགེ་འདུན་ཆོས་དགེ་དེ་ཚོའི་མིང་བྱང་ཙམ་ཡང་མེད་པ་དེ་ག་རེ་བྱས་་པརེད། དུས་བབ་སོགས་ནང་ལ་གསར་འགྱུར་ཐོན་མ་ཐུབ་པ་འདི་ཡིས་གང་མཚོན་ནམ། ལགས། བན་དེ་བ་ལགས།
ང་དྷརྨ་རའ་ཛྰ་དང་། དོལ་རྒྱལ་བླ་སྤྲུལ་དེ་ཚོ་ལ་འཇིགས་དྲགས་ནས། ང་རིན་པོ་ཆེ་ཞེས་ཁ་ནས་ཤོར་སོང་བས། བླ་སྤྲུལ་དགེ་བཤེས་དེ་དག་གི་ངོ་སྤྲོད་ཅིག་གནོངས་དང་། ཕན་ཐོགས་འོངས་ངེས་འདུག་གོ།
ང་ལ་སྐབས་སུ་བབ་མིན་གང་ལྟར་སྒྲོལ་མ་འཇིགས་བྲལ་ལ་ལན་འབུལ་རྒྱུར། བགྲོ་གླེང་ཚོགས་པ་འདིར་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་སོ་སོའི་ངོས་ནས་སྐུ་ཚབ་བཏང་བ་དེ་འདྲ་མ་རེད། ཚོགས་པ་འདི་བྱང་ཨ་རིའི་ཁུལ་དུ་བཞུགས་པའི་གཡུང་དྲུང་བོན་དང་ཆོས་དགེ་ཁག་ཅིག་ལྷན་དུ་འཛོམས་ཏེ་རྒྱལ་བསྟན་དར་སྤེལ་བྱ་བ་ལ་ཕན་ཚུན་ཉམས་མྱོང་བརྗེ་རེས་སམ་ཆོས་ཕྱོགས་ཀྱི་དགོངས་ཚུལ་གང་ཡིན་ཐད་ཀར་བགྲོ་གླེང་བྱེད་སའི་ལྡིང་ཆ་ལྟ་བུ་ཞིག་རེད། བགྲོ་གླེང་ཚོགས་པ་འདི་ཐོག་མར་དབུ་འཛུགས་གནང་མཁན་ནི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་མཁན་མཁན་པོ་ཆོས་དགའ་དང་། མཁན་པོ་ཨོ་རྒྱན་ཆོས་དབང་། ཨ་གནམ་ཐུབ་བསྟན། སྤྲུལ་སྐུ་པདྨ་བློ་གྲོས་སོགས་ཡིན་ཞིང་། རིམ་གྱིས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་བགྲོ་གླེང་ཚོགས་པའི་ངོ་བོར་གྱུར་ཏེ་ད་ལྟའི་ཆར་བོན་རྙིང་ས་བཀའ་དགེ་ཇོ་དྲུག་གི་ཁོངས་ནས་ནུབ་ཕྱོགས་ཁུལ་གྱི་བླ་མ་མང་པོ་ཞིག་ཚོགས་མིའི་ཁོངས་སུ་ཡོད། །
བླ་མ་ཀླུ་སྨྱོན་དངབྱ་འཕུར་ལྷུན་གྲུབ་རྒྱ་མཚོ་སོགས་ཁྱེད་རྣམས་པའི་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་དེ་ བོད་གངས་ཅན་པའི་སངས་རྒྱས་ཀྱིས་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་བའི་བརྟེན་འབྲེལ་རེད་ རྒྱུ་མཚན་ནི་ ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ་ ཟེར་བ་ལྟར་
མ་འོང་པར་མུ་མཐུད་ནས་གནང་རྒྱུའི་རེ་བ་ཆེ་ དེ་མིན་ཆོས་རྒྱུས་བར་རང་རྒྱལ་གཞན་ཕམ་ཀྱི་རྩོད་རྙོགས་དེས་ རང་གཞན་གཉིས་མེད་བཟོ་བ་དང་ ཆོས་དུག་དུ་སོང་བ་ལྟར་ སེམས་ནང་ཉོན་མོངས་ཤུགས་ཆེར་འཕེལ་བ་ལས་ ཕན་པ་གང་ཡང་ཡོང་གི་མི་འདུག།
གུས་པའི་རེ་བར་བོད་ཀྱི་བསྟན་འཛིན་གྱིས་སྐྱེ་བུ་རྣམས་དམ་བཙང་དགོང་པ་གཅིག་མཐུན་ཡོང་བ་དེ་ཡིན།
http://www.himalayabon.com/news/2013-06-09/222.html
འདི་ནའང་རིས་མེད་མཐུན་བསྒྲིལ་གྱི་ཚོགས་འདུ་ཚོགས་འདུག
འདི་ཡང་ཐོག་མར་རྫོགས་ཆེན་མཁན་པོ་ཆོས་དགའི་དགོངས་པ་གཞིར་བཞག་ནས་ཡེ་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་ཚང་མ་མདུན་ལམ་དེ་སྐྱོད་ཐུབ་ན་ཡག་པོ་འདུག དེ་མིན་ནང་པ་མིན་བཞིན་ནང་གྲལ་དུ་ཚང་ཁ་རྒྱག་ནས་བོན་པོ་ཚོས་རྫིག་བརྫིག་དང་ཁྲེལ་མེད་ཇི་ལྟར་ལབ་བྱས་ཀྱང་དེ་ག་རང་བཞག་ནས་དུང་ལེན་བྱས་ན་བྱ་ཉེས་དངོས་ཡིན་པར་སྨོས་ཅི་འཚལ། རིས་མེད་ནི་རིས་མེད། ཁྱི་རྐུན་འོ་ཟོ་ཁ་ནས་མཐུན་པ་བཞིན་སོང་ན་བསྟན་པ་ལ་ཞབས་ཞུ་ལས་ཞབས་འདྲེན་ཡིན་པར་ཤེས་དགོས། བསམ་ཆར་ཙམ་ཡིན།
རྒན་བན་དེ་ལགས་ ཐུགས་རྗེ་ཆེ་ ཚོགས་འདུ་དེ་ལྟ་བུ་ནི་དགའ་སྤྲོ་འཕེལ་བ་ཞིགརེད་འདུག་ དེ་འདྲའི་མཛེས་པ་ལ་ཨང་
ཡག་པོ་འདུག །རྗེས་སུ་ཡིད་རང་ངོ་། །
ཡ་ཡ་་་་་་་་་་་་ཀླུ་ཚང་གིས་ཡག་པོ་བྲིས་གནང་ཤག
མ་གཞི་རིས་མེད་ཟེར་བ་དེ་ཡག་པོ་ཞིག་མཐོང་གི་མེད།
ཁྱེད་རྣམས་པས་ད་ལན་དམིགས་ཡུལ་དང་གྲོས་ཆོད་གང་གནང་ཡོད། ཡང་ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེག་གསེར་ཐིག་མ་ཡིན་པར་སྨོན། ཚོགས་འདུར་འཚོགས་ནས་རང་རང་གི་ཆོས་ལུགས་ཡག་རབས་རྒྱན་རབས་ལུང་བ་གང་བཤད་ནས་གྲོལ་སོང་བ་མ་ཡིན་པར་སྨོན།
པདྨ་མིང་ཅན་འདི་ཡིས་ཅི་ཞིག་ཟེར་གྱི་འདུག་གམ བོན་པོས་རྫིག་རྫིག་བཏང་བྱུང་ཟེར། ད་འགྲིག་ཤག་ཁྱོད་ལ་དགོས་པ་དེ་བྱུང་འདུག རིས་མེད་ལ་དགག་གི་ཡོད་ན། ཀླུ་སྨྱོན་རིས་མེད་ཚོགས་པ་དེ་ཡི་དྲུང་ཡིག་རེད་འདུག དེ་བསྟན་པའི་ཞབས་འདྲེན་ཞིག་གི་དྲུང་ཡིག་རེད་དམ། དེ་ལྟར་ན་དཔལ་འཇེ་ཁྱོད་ཀྱིས་པདྨའི་མིང་གི་འོག་ནས་ཀླུ་སྨྱོན་ལ་བསྟོད་པ་དེ་བསྟན་པའི་ཞབས་འདྲེན་ཞིག་ལ་བསྟོད་པ་ཡིན་ནམ།
ཧཧཧཧ་་་པདྨ་མ་ལགས་་་་་སྐད་ཆ་བཤད་མ་ཤེས་ན་ཨི་ཤེས་བལྟ་ནས་དྲྭ་ཐོག་ཏུ་ཞབས་འདྲེན་རྐྱང་རྐྱང་ཞུས་མ་་འདུག་ལོ་་་་དེ་ལས་མ་ཎི་འདོན་བཞིན་ཨ་རམ་བྱས་ནས་བསྡད་ན་སྐྱིད་ཤོས་རེད་་་་མི་ལ་སྐྱོན་འདོགས་རྒྱུ་ཨི་རགས་བལྟ་ཁ་བྱེད་ནས་མ་འདུག་ལོ