རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅། ། ཕུན་དབང་དང་པེ་ཅིན་སྲིད་གཞུང༌།
ཕུན་དབང་ནི་བོད་ཀྱི་གུང་ཁྲན་ཏང་མི་ཐོག་མའི་གྲས་ཡིན་པར་ལོ་རྒྱུས་ཡིག་ཚང་འགའ་རེ་ན་བཤད་ཀྱི་འདུག་མོད་ངས་ཕུན་དབང་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཕུན་དབང་ལ་གུང་ཁྲན་ཏང་གིས་བརྙས་བཅོས་བྱས་པ་ནི་བློ་ཡུལ་ལ་མི་ཤོང་བ་ཞིག་རེད། ཅུང་ཞིབ་ཏུ་བཤད་ན། ཕུན་དབང་ཆུང་དུས་བློ་རིག་བཀྲ་ལ་སྙིང་སྟོབས་ལྡན་པའི་བོད་མི་གསར་བརྗེ་བ་ཞིག་ཡིན་ཏེ། ཁོ་རང་ལོ་བཅུ་གྲངས་ཙམ་ནས་རྒྱ་ནང་དུ་སློབ་གྲྭ་སྣ་ཚོགས་འགྲིམས་ཏེ་མར་ལེ་རང་ལུགས་ཀྱི་སློབ་གསོ་མྱང་ཞིང༌། རང་ལོ་ཉི་ཤུ་ཙམ་ནས་ཁོ་གུང་ཁྲིན་ཏང་ནང་དུ་ཞུགས་པ་མ་ཟད། ༡༩༥༠ལོར་རྒྱ་དམག་ཐོག་མར་བོད་དུ་སླེབས་སྐབས། ཏིན་ཞོ་ཕང་གིས་ཕུན་དབང་རྒྱ་ནག་གི་དམག་སྡེ་ཨང་བཅོ་བརྒྱད་པའི་ཧྲག་ཤོག་ང་བཞི་བའི་དྲུང་ཆེ་གཞོན་པར་བསྐོས་པས་ཁོས་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་དཔུང་གི་ལམ་ཁྲིད་རོགས་རམ་བྱས་ནས་དམག་སྡེ་ཨང་བཅོ་བརྒྱད་པ་བོད་ཀྱི་ཁམས་ཆབ་མདོར་ཡོང་སྟེ། ཆབ་མདོ་དྲག་ཤུགས་ཀྱིས་རྒྱ་ནག་གི་མངའ་འོག་ཏུ་བཅུག་པ་རེད།
བོད་གཞུང་དང་པེ་ཅིན་སྲིད་གཞུང་བར་དུ་གྲོས་མོལ་དོན་ཚན་བཅུ་བདུན་འཇོག་སྐབས་ཕུན་དབང་ནི་པེ་ཅིན་སྲིད་གཞུང་གི་ལོ་ཙཱ་བ་ཆེ་ཤོས་དང་བརྒྱུད་རིམ་ཧྲིལ་བོའི་ནང་ཞུགས་ནས་པེ་ཅིན་སྲིད་གཞུང་ལ་ཞབས་ཕྱི་གང་ལེགས་བསྒྲུབས་པས་མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལེ་སོགས་པེ་ཅིན་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོས་དངོས་སུ་བསྟོད་བསྔགས་བྱས་ཏེ་ལེགས་སྐྱེས་ཕུལ་མྱོང༌། ༡༩༥༠ནས་༦༠བཅུའི་བར་ལོ་ངོ་བཅུ་ལ་ཕུན་དབང་གིས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་སྐྱོད་དམར་དམག་གི་མགོ་ཁྲིད་ལྔ་བ་དང༌། སྐབས་དེའི་པེ་ཅིན་སྲིད་གཞུང་གི་བོད་སྡོད་མཐོ་རིམ་དབང་འཛིན་ཁྲོད་བོད་རིགས་གཅིག་པུ་སོགས་ཀྱི་སྲིད་དབང་བཟུང་བ་རེད། གོང་ས་མཆོག་ཕ་ཡུལ་གངས་ལྗོངས་ན་བཞུགས་པའི་སྐབས་སུ་མའོ་ཙེ་ཏུང་གིས་ཕུན་དབང་ནི་བོད་ཀྱི་ན་གཞོན་ཕུལ་དུ་བྱུང་བ་ཞིག་ཡིན་ཚུལ་གྱི་བསྟོད་སྔགས་གོང་ས་མཆོག་ལ་དངོས་སུ་ཞུས་མྱོང༌།
ཡིན་ནའང་པེ་ཅིན་སྲིད་གཞུང་གིས་གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཤུལ་དུ་སྤྱི་ལོ༡༩༦༠ལོ་ནས་༡༩༧༨ལོའི་བར་དུ་མི་ལོ་བཅོ་བརྒྱད་ལ་ཕུན་དབང་བཙོན་དུ་བཅུག་ནས་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། ཁོང་གི་བཟའ་ཟླ་མཛེས་ལེགས་གཅར་རྡུང་གིས་དམར་གསོད་བཏང་བ་དང༌། བུ་རྒན་པ་ཕུན་ཁམས་སོགས་ཉེ་འབྲེལ་བཅུ་ཕྲག་ལྷག་ལ་མི་ལོ་དྲུག་ནས་བཅུ་དྲུག་བར་གྱི་ཁྲིམས་ཆད་བཙོན་འཇུག་བྱས་པ་མ་ཟད། ཁོང་གི་བུ་ཕྲུག་གཞན་དག་ལའང་མནར་གཅོད་འདྲ་མིན་ཚད་ལས་བརྒལ་བ་བཏང་བ་ནི་ཁོང་གི་མི་ཚེའི་ལོ་རྒྱུས་སུ་གསལ།
དེའི་རྗེས་ཏིན་ཞོ་ཕིན་གྱིས་ཕུན་དབང་ལ་དག་སེལ་ཕྲན་བུ་ཞིག་བྱས་ཏེ། དམངས་འཐུས་ཀྱི་མི་རིགས་ལས་དོན་ལྷན་ཁང་གི་མགོ་བ་གཞོན་པ་ཞིག་གི་གོ་གནས་ཕྲན་བུ་ཞིག་སྤྲད་ཀྱང༌། ༡༩༩༨ལོར་ཁོང་ལས་འཁྱུར་ངལ་གསོ་བྱས་ཟིན། ལོ་བརྒྱད་ཅུ་གྱ་གཉིས་ཅན་གྱི་གུང་ཁྲན་ཏང་མི་རྒན་པ་ཕུན་དབང་གིས༢༠༠༤ལོར་ཧོའུ་ཅན་ཐོ་ལ། མི་ཚེའི་བྱུང་བ་དང་འབྲེལ་ནས་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གནད་དུ་སྨིན་པའི་སྙན་ཞུ་རིང་བོ་ཞིག་བྲིས་ཏེ་ཕུལ་མོད་ཧོ་ཅན་ཐོ་ཡིས་སྙན་ཞུ་དེ་ལ་དོན་སྣང་ཕྲན་ཙམ་ཡང་བྱས་མེད་ཀྱང༌། ཉིས་སྟོང་བརྒྱད་ནས་ད་ལྟའི་བར་གྱི་བོད་མདོ་དབུས་ཁམས་གསུམ་ནས་ཞི་རྒོལ་རབ་དང་རིམ་པ་ཞིག་བྱས་ཚེ། ཧོ་ཅན་ཐོ་གཙོ་བྱས་པའི་པེ་ཅིན་སྲིད་གཞུང་གིས་ཕུན་དབང་གིས་ཕུལ་བའི་ཞུ་ཡིག་ནི་དོན་དངོས་གནད་དུ་སྨིན་པའི་ཞུ་ཡིག་ཅིག་ཡིན་པ་ཤེས་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་ད་དུང་མ་ཤེས་མིན་ཁུལ་གྱིས་སྔར་གྱི་རང་ལྟ་མཆོག་འཛིན་དང་མཁྲེགས་འཛིན་བྱས་ཏེ་འདུག་པ་ནི་ཁོ་ཚོའི་གོམས་སྲོལ་བཟང་ཤོས་དེ་རེད།
གང་ལྟར་ཕུན་དབང་གིས་རང་ལོ་ཉི་ཤུ་ནས་དགུ་བཅུའི་བར་དུ་པེ་ཅིན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་དང་ཁེ་ཕན་ཧ་ཅང་མང་བོ་ཞིག་བསྒྲུབས་མོད། པེ་ཅིན་སྲིད་གཞུང་གིས་ཁོ་ལ་དྲིན་ལན་འཇལ་བ་ནི། མི་ལོ་བཅོ་བརྒྱད་ལ་མུན་ནག་གི་ཁྲིམས་ཁང་དུ་བཅུག་པ་མ་ཟད། ཁོའི་ཆུང་མ་དམར་གསོད་བཏང་བ་དང༌། བུ་ཕྲུག་ཉེ་འབྲེལ་ཚང་མར་ཁྲིམས་ཆད་ཡ་ང་བ་ཞིག་བཅད་པ་དེ་ལས་གླེང་རིན་ཡོད་པ་གཅིག་ཀྱང་མེད་པས་ཞིབ་ཏུ་མ་བྲིས།
གནས་ཚུལ་འདིའི་སྟེང་ནས་བོད་རིགས་ལས་བྱེད་པ་ཚང་མས་རང་གི་མི་རིགས་དོར་ནས་པེ་ཅིན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཅི་ཙམ་བསྒྲུབས་ཀྱང་རང་ལ་ཁེ་ཕན་ཡོད་མེད་སེམས་ན་གྲ་སྒྲིག་ཅིག་ཡོད་ངེས་ཡིན།
༄༅། ། ཧང་ཡོ་པང་དང་པེ་ཅིན་སྲིད་གཞུང༌།
ཧང་ཡོ་པང་ཞེས་པའི་རྒྱ་རིགས་དབུ་ཁྲིད་འདི་ནི་སྔོན་ཆད་དམག་སྤྱི་ཧི་ལུང་གི་མངའ་ཞབས་ཀྱི་དམག་མི་ཞིག་ཡིན་ལ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་དུ་པེ་ཅིན་སྲིད་གཞུང་གི་དབུ་ཁྲིད་ཀྱི་འགན་བཞེས། ཁོང་གིས་པེ་ཅིན་སྲིད་གཞུང་གི་དབུ་ཁྲིད་ཀྱི་འགན་བཞེས་རྗེས། བོད་མི་རིགས་སོགས་མི་རིགས་གྲངས་ཉུང་ཁག་གི་ས་ཆ་མང་བོ་ཞིག་ཏུ་རྟོག་ཞིབ་རྒྱུ་འབྲས་ལྡན་པ་ཞིག་གནང་རྗེས་བོད་མི་རིགས་སོགས་མི་རིགས་གྲངས་ཉུང་རྣམས་ལ་རང་ཉིད་ལ་དབང་བའི་ཁེ་ཕན་ཞིག་སྤྲོད་དགོས་པའི་གྲོས་གཞི་བཏོན་མ་ཐག་པེ་ཅིན་སྲིད་གཞུང་གིས་ཁོང་གི་གོ་གནས་བླངས་པ་མ་ཟད། མཐའ་ན་བཙོན་ཁང་ལྟ་བུའི་འཚོ་གནས་ཁྲོད་ཁོང་གི་མི་ཚེའི་མཇུག་བསྡུས།
ང་ཚོ་བོད་མི་རིགས་ལ་མཚོན་ན་པེ་ཅིན་སྲིད་གཞུང་གི་དབང་ཆ་གཅིག་བསྡུས་བྱས་ནས་མི་ལོ་ལྔ་བཅུ་ལྷག་འདས་པའི་ཁྲོད་དུ་སྐད་ཆ་རྒྱུ་འབྲས་ཤིག་བཤད་པའི་མགོ་ཁྲིད་ཐོག་མ་ནི་ཧང་ཡོ་པང་ཞེས་པའི་དབུ་ཁྲིད་འདི་གཅིག་པུ་ཡིན་ཏེ། ཁོང་གིས་རྟོག་ཞིབ་འདིའི་རྗེས་སུ་བོད་རིགས་མི་དམངས་ལ་ངོ་མ་དཀའ་ཁག་མང་བོ་འདུག་པས་ད་ནས་བཟུང་བོད་ཀྱི་ས་གནས་སྲིད་དབང་དེ་ས་གནས་བོད་རིགས་ལས་བྱེད་པར་འཛིན་དུ་བཅུག་ན་བཟང་ཞེས་གསུངས་པར་པེ་ཅིན་སྲིད་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་འཇུག་ཁྲོད་ནས་སྐུ་གྲོངས།
དོན་རྐྱེན་འདིའི་ཐད་ནས་སྐད་ཆ་རྒྱུ་འབྲས་ཤིག་བཤད་ན། ཁོང་ལ་ཀྲུང་གོ་ཞེས་པའི་མི་རིགས་དབང་བསྡུས་ཀྱི་རྒྱལ་ཁབ་ཆེན་པོ་འདི་རྩ་འཐོར་དུ་གཏོང་འདོད་གཏན་ནས་མེད་པ་མ་ཟད། ཁོང་གིས་མི་རིགས་ང་དྲུག་དང་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་གྲུབ་པའི་རྒྱལ་ཁབ་ཆེན་པོ་འདིའི་མ་འོངས་པའི་ཕྱིར་དུ་ད་གཟོད་དམངས་གཙོའི་ཕྱོགས་སུ་བསྐྱོད་མགོ་རྩོམ་རྒྱུའི་གྲ་སྒྲིག་བྱས་མོད། པེ་ཅིན་སྲིད་གཞུང་གིས་དཔལ་འབྱོར་ཁོ་ན་ལ་དམིགས་ཏེ། ཁོང་གི་རླབས་ཆེ་བའི་ཕུགས་འདུན་དེ་མངོན་གྱུར་གནང་དུ་མ་བཅུག གྱ་དགུ་ལོའི་དྲུག་བཞིའི་སློབ་མའི་དོན་རྐྱེན་དང༌། ཉིས་སྟོང་བརྒྱད་ཀྱི་བོད་ཀྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་དགུ་ལོའི་ཡུ་གུར་གྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་བཅུ་ནས་བཅུ་གཉིས་བར་གྱི་བོད་ཀྱི་རང་ལུས་ཞུགས་འབུལ་གྱི་ཞི་རྒོལ་དོན་རྐྱེན་ཆེན་མོ་སོགས་བྱུང་དུས་པེ་ཅིན་སྲིད་གཞུང་གིས་ཧང་ཡོ་པང་གི་ཕུགས་འདུན་ཡིད་ལ་དྲན་གྱི་ཡོད་མོད། ད་དུང་ཁོ་ཚོས་ལྟ་བ་མཁྲེགས་འཛིན་བྱས་ཏེ་འདུག་པ་ནི་པེ་ཅིན་སྲིད་གཞུང་གི་གོམས་སྲོལ་ལྟ་བུ་ཞིག་ཏུ་གྱུར་འདུག
མུ་འགོད།
ཧ་ཅང་གནད་འགག་ཅན་གྱི་དཔྱད་གླེང་སྤེལ་འདུག། ཐུགས་རྗེ་ཆེ་ཞུ།
ཡག་གི་ངོ་མ་ཡག་ཡི་ཐུགས་རྗེ་ཆེ་
སྤྱི་ལོ༢༠༡༣ཟླ༦ཚེས༦ཉིན་གྱི་དགོང་ཁར། རྡ་ས་མག་ལོར་སྦྲག་ཁང་གི་ཉེ་འགྲམ་གྱི་ཤ་འཚོང་གི་སྒོ་ཁ་རུ་རྒྱ་གར་ཡུལ་མི་བཞིས་བོད་མོ་ཞིག་ལ་བཙན་གཡེམ་བྱས་འདུག་པ་དང་། བོད་མོ་དེའི་ཕུ་བོས་རྒྱ་གར་ཉེས་ཅན་པར་ལག་འཛིང་བྱས་པས་ཁོའི་ལག་པ་ལ་རྨས་སྐྱོན་ཕོག་འདུག་ཟེར། གནས་ཚུལ་བྱུང་ཡུལ་ནི་བོད་མོ་དེའི་སྡོད་ཁང་གི་ཉེ་འཁོར་ཡིན་པ་དང་། བཙན་གཡེམ་གཏོང་མཁན་བཞི་བོ་ནི་སྦྲག་ཁང་ཉེ་འཁོར་གྱི་ཤ་འཚོང་མི་ཞིག་དང་། ཆང་བཙོང་མི་ཞིག ཤིང་ཏོག་བཙོང་མི་ཞིག སྔོ་ཚོད་བཙོང་མི་ཞིག་བཅས་ཡིན་འདུག་ཟེར། བོད་མིའི་འབྲེལ་ཡོད་ལས་ཁུངས་ནས་འགན་ཇི་ལྟར་བླངས་ཡོད་དམ། བུད་མེད་ལྷན་ཚོགས་ཟེར་བས་དེའི་ཐད་ནས་ཅི་ཞིག་བྱས་ཡོད་དམ། བཙན་བྱོལ་དྲ་འབངས་ཀྱིས་དེའི་ཐད་ནས་ཅི་ཡང་མི་གླེང་དོན་གང་ཡིན་ནམ།
སྤྱི་ལོ༢༠༡༣ཟླ༦ཚེས༦ཉིན་གྱི་དགོང་ཁར། རྡ་ས་མག་ལོར་སྦྲག་ཁང་གི་ཉེ་འགྲམ་གྱི་ཤ་འཚོང་གི་སྒོ་ཁ་རུ་རྒྱ་གར་ཡུལ་མི་བཞིས་བོད་མོ་ཞིག་ལ་བཙན་གཡེམ་བྱས་འདུག་་་་་ཟེར།
རྩོམ་པ་པོས་མེ་མདའི་ཁ་འོག་ནས་གནད་འགག་ཅན་གྱི་རྩོམ་ཡིག་སྤེལ་བ་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་འདོད་ཆེ། དབུ་མ་པ་ཚོས་ཡིན་ཅིག་གཟིགས་དགོས་པའི་གནད་དོན་ཞིག་རེད།
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
འདི་དང་མ་འབྲེལ་བའི་མཆན་མི་སྤེལ་བ་དང་འཐེན་ཕྱོགས་ཀྱི་སྐད་ཆ་མ་བཤད་རོགས་ཞུ་སྙིང་དྲོ་སོང་ངག་འཆར་གྱི་གཏམ་གྱིས་བཞན་སེམས་དཀྲུག་བྱེད་ལས་མྱི་རང་གང་ལ་གནོད་ལས་ཕན་མེད་པའི་ཕྱིར་ནས་མ་སྤེལ་རོགས་ཞུས་ཡིན་ནོར་འཁྲུལ་འདྲ་འདུག་ན་སྙིང་ཁུངས་རུ་པའི་ཐོག་ནས་དགོངས་དག་ཞུ།
ཐུགས་རྗེ་ཆེ་མུ་མཐུད་དུ་འགོད་རོགས།
བདེན་པ་རྩ་བ་ནས་མེད་པའི་རྩོམ་ཡིག་ཞིག་སྤེལ་འདུག། གལ་སྲིད་ཕུན་དབང་གིས་རང་ལོ་ཉི་ཤུ་ནས་དགུ་བཅུའི་བར་དུ་པེ་ཅིན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་དང་ཁེ་ཕན་ཧ་ཅང་མང་བོ་ཞིག་བསྒྲུབས་ཡོད་ནམ་གང་བྱས་ནི་གཙོན་གཅུག་པ་རེད། པེ་ཅིང་སྲིད་གཞུང་ལ་ཁེ་ཕན་བསྒྲུབས་མཁན་བོད་རིགས་ཚང་མ་གཙོན་དུ་གཅུག་གིས་ཡོད་ནམ་རག་སྡིས་དང་རྒྱ་མཚན་ནོར་བུ་བྱམ་པ་ཕུན་ཚོགས་གཙོས་མང་པོ་ཞིག་དེ་སང་གཙོན་ནང་ཡོད་རྒྱུ་རེད།།
བོད་པ་ཕར་ཞོག མའོ་དང་རོགས་པ་གཅིག་གཉིས་མ་གཏོགས་རྡུང་བརྡེགས་མ་ཕོག་པ་ཧ་ཅང་དཀོན་པོ་རེད། རྡུང་བརྡེགས་ཕོག་པ་རྒྱུ་མཚན་དུ་བྱས་ནས་ལྷག་བསམ་རྣམ་དག་མ་བྱས་པ་སྒྲུབ་མི་ཐུབ། དེ་ལས་ཕུན་དབང་གིས་ ‘མི་རིགས་ས་ཁོངས་རང་སྐྱོང་’ གི་རྩ་ཁྲིམས་ལ་ཤུགས་བརྒྱབ་ནས་ད་ཆ་༧གོང་ས་མཆོག་གིས་དབུས་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྩོད་རྒྱུའི་ལམ་ཆེན་དེ་རྙེད་པ་རེད་སྙམ།
ད་དུང་ཕུན་དབང་པེ་ཅིན་གཞུང་ལ་ལྷག་བསམ་རྣམ་དག་ཡིན་ནམ་རང་མི་རིགས་ལ་ལྷག་བསམ་རྣམ་དག་ཡིན་དཔྱད་དགོས་པ་ཞིག་རེད། ཕུན་དབང་གི་དམིགས་འདུན་ངོ་མ་ནི་ ‘བོད་གསར་བརྗེ་’ བྱེད་རྒྱུ་དེ་རེད། དེ་ཁོང་གི་བསམ་པ་ལྟར་ན། རྒྱ་ནག་གི་རོགས་རམ་ལ་བརྟེན་ན་མ་གཏོགས་མི་ཡོང་བའི་ཚོད་དཔག་བྱས་ཡོད། དེ་དོན་དངོས་དང་ཇི་ཙམ་མཐུན་མིན་བརྗོད་དཀའ་ཡང་། བོད་ལ་སེམས་པ་དཀར་བའི་བོད་མི་རྣལ་མ་ཞིག་ཡིན་ཐག་ཆོད་རེད།
ཧཧཧ། དེང་སང་ཕུན་དབང་ཡང་བོད་ལ་བློ་དཀར་ཞིག་རེད་ཟེར། གང་བཤད་ཀྱི་ཁ་ལ་མ་བལྟ། གང་བྱས་ཀྱི་རྗེས་ལ་ལྟོས།
ཕུན་དབང་བོད་ལ་བློ་དཀར་ཡིན་སྐོར་༧གོང་ས་མཆོག་གིས་ལན་མང་གསུངས་ཡོད་པས་མ་མཐོངས་སམ།
འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ནི། སྐྱེ་ཤི་བར་མདོ་ཚང་མ་བོད་མི་རིགས་ཀྱི་རྩ་དོན་དང་ཁ་བྲལ་མ་མྱོང་བའི་སྤྱི་དོན་པ་གཞན་འདྲིང་ལ་འཇོག་མ་ཐུབ་པའི་སྐྱེ་བུ་ཞིག་ལ་སྣང་། ཁོང་སྐུ་དངོས་མཇལ་མྱོང་། མཉམ་དུ་ཆང་ཡང་བཏུང་མྱོང་། གཏམ་སྣ་ཚོགས་གླེང་མྱོང་། ནམ་ཁྱིམ་ལ་ལོག་དུས་ཡིད་མུག་མུག་བཟོ་བར་བྱེད་ལ། མཚམས་རེ་མུག་མུག་གི་སྐད་ཆ་བགྲང་མོ་དེ་དག་གི་བར་གསེང་ནས། གད་མོ་ཆེན་པོ་ཤོར་དགོས་པའི་དོན་རྐྱེན་ཡང་མང་པོ་བྱུང་།
ཕུན་དབང་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དང་པོ་དེ་ཁམས་ཁུལ་ལ་རྒྱའི་འཇག་དམག་མང་པོ་ཡོང་ནས། མི་བསད་རྟ་འཁྱེར་བྱེད་དུས། ཁོང་ཚོ་དང་འཐབ་རྫིང་མང་པོ་བྱས་པ་བརྒྱུད་ནས། ཁོང་ནས་ཁམས་པ་རྣམས་རྡོག་རྩ་གཅིག་སྒྲིལ་ཡོང་བར་འབད་པ་ཆེར་སྐྱེས་གནང་འདུག དེ་ནས། ཕུན་དབང་གིས་གོ་མིན་ཏང་ལ་རེ་བ་བྱས་ནས། འཇག་དམག་རྣམས་ལ་ཁ་གཏད་ཡོང་རེ་བྱས་ནས། གོ་མིང་ཏང་གི་ནང་ལ་ཡང་ཞུགས་མྱོང་གསུངས། ཕྱིས་སུ་རྒྱའི་གུང་ཁྲན་གྱི་ལས་འགུལ་ལ་ཡིད་དབང་འཕྲོག་པ་དང་། ལྷག་པར་དུ་གུང་ཁྲན་གྱི་འཇབ་དམག་གི་ནུས་པར་ཡིད་དབང་འཕྲོག་ནས། བོད་པའི་གུང་ཁྲན་ཚོགས་པ་བཙུགས་པ་དང་། དེ་ལ་རྒྱའི་གུང་ཁྲན་གྱི་རོགས་རམ་ཨེ་འཐོབ་ལ་འབད། རྒྱ་བོད་གུང་ཁྲན་གྱི་སྣེ་མཐུད་པའི་འགན་འཁུར་ནས། བོད་པ་འགའ་ཤས་རྒྱའི་གུང་ཁྲན་གྱི་ཚོགས་པར་སྦྱོང་བརྡར་ལ་བཏང་བ་དང་། ཕྱིས་སུ། རྒྱའི་གུང་ཁྲན་ལ་རྒྱལ་ཁ་ཐོབ་རྗེས། བོད་པའི་གུང་ཁྲན་ཚོགས་མི་རྣམས་རྒྱའི་གུང་ཁྲན་ནང་ལ་ཁ་བསྒྱུར་དགོས་བྱུང་བ་རེད་འདུག
ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་གསལ་པོར་གསུངས་པ་དང་ཁྱེད་རྣམ་པས་འདིའི་སྐོར་ལ་བདེན་ཤ་གཅོད་འདོད་ན། ༡༩༥༦ཡས་མས་གོང་ས་མཆོག་པེ་ཅིང་ལ་ཕེབས་སྐབས། མཚན་མོ་གཅིག་གོང་ས་མཆོག་དང་འཁེར་གཙང་ལ་མཇལ་ཁ་དང་བཀའ་མོལ་ལྷུག་པོར་ཞུ་རྒྱུ་བྱུང་ཞིང་། སྐབས་དེ་དུས། ཕུན་དབང་ནས་ཁོང་གི་ལོ་རྒྱུས་སྔ་ཕྱི་གོང་ལ་མཆོག་ལ་ཞུས་པ་དང་། བོད་པའི་གུང་ཁྲན་གྱི་གནས་སྟངས། དེ་བཞིན་མ་འོངས་བོད་ཀྱི་གནས་སྟངས་སོགས་ནང་མོལ་མཛད་ནས་གཉིས་ཀ་ཐུགས་ཤིན་དུ་སྐྱོ་ནས། ཁོང་རྣམ་པ་གཉིས་ཀ་ཕྲུ་གུ་ལྟར་ངུས་ནས། བར་མཚམས་ལ་གོང་ས་མཆོག་བོད་ཀྱི་ལས་དབང་ལ་ཐུགས་སྐྱོ་ནས་གསུང་སྐད་ཆེན་པོ་སྐྱོན་ནས་བཤུམས་ཤིང་། གོང་ས་མཆོག་ནས། བོད་མི་དམངས་ཀྱི་བདེ་སྡུག་ལ་ཁྱོད་ཀྱི་འདི་ལྟ་བུའི་དཀའ་ལས་བརྒྱབ། ངོ་མ་བསམ་ཡུལ་ལས་འདས་པ་རེད་གསུངས། དེ་བཞིན་གོང་ས་མཆོག་གིས། བོད་ཀྱི་བདེ་སྐྱིད་ལ་ཐུག་ན། ང་གུང་ཁྲན་ལ་ཞུགས་དགོས་ཀྱང་ཞུགས་རྐྱང་ཡིན། གང་ལྟར་ཚེ་འདིར་བོད་མིའི་བདེ་རྩའི་ཆེད་དུ་ག་རེ་སྒྲུབ་དགོས་ཀྱང་སྒྲུབ་ཀྱང་ཡིན། ཁྱེད་བློ་བདེ་པོར་ཞུགས་གསུངས་ནས་ཁོ་གཉིས་ཞལ་གྱེས་འདུག དེ་ནས་ཉིན་མ་འགའ་ཤས་སོང་བའི་རྗེས་པེ་ཅིང་གིས་གོང་ས་མཆོག་གི་སྐུ་ཚབ་ལྷན་རྒྱལ་ལ་ཐུགས་སྤྲོ་བཏང་། ཕུན་དབང་གིས་དེའི་དགོངས་མོ་ཆང་མང་ཙམ་བཏུངས་ནས་ར་བཟི། རྗེས་མ་ཚོགས་ཁང་ནས་མར་ཐོན་ཡོང་དུས། གཡས་གཡོན་གྱི་བོད་ཀྱི་སྐུ་དྲག་དེ་ཚོ་ཅུང་མ་བདེ་བ་བྱུང་བ་དང་ཁོང་ར་གཟི་ཡང་རོགས་སྐྱོར་བྱེད་མཁན་མེད་པར་ལུས་པའི་སྐབས། གོང་ས་མཆོག་གིས་ཐད་ཀར་ཁོང་གི་ཁྲིས་ལ་བཅར། ཕུན་དབང་གི་ཕྱག་ནས་སྐྱོར་ནས་ཚོགས་ཁང་གི་རྡོ་བཀྱག་རིང་པོ་ཞིག་བབས་པ་ཡིན། དེའི་སྐབས་ལ་འབའ་གཞས་ཤིག་བཏང་ནས་རྡོ་བཀྱག་དེ་ཚོ་བབབ་པ་ཡིན་གསུངས་པ་དྲན། དེའི་སང་ཉིན་བཀའ་བློན་ཟུར་ཁང་ཡོང་ནས། ཕུན་དབང་ལ་གོང་ས་མཆོག་གིས་ཁོང་ལ་སྐུ་སྐྱོར་ཞུས་པ་དེ་གསང་བ་བྱེད་དགོས་པ་དང་འདི་སུ་ལ་ཡང་མི་ཤོད་པའི་མནའ་སྐྱེལ་བཅུག་འདུག ཧ་ཧ་
གོད་བྲོ་བ་ཞིག་ནི། ཟུར་ཁང་གིས་ཕུན་དབང་ཆོས་ལ་འདད་པ་མེད་པ་དེ་བརྗེད་ནས་དཀོན་མཆོག་དཔང་བཙུགས་གནང་རོགས་ཟེར་དུས། ཕུན་དབང་གིས་ང་ཏང་ཡོན་ཞིག་གིས་དཀོན་མཆོག་དཔང་བཙུགས་བྱས་ན་འགྲིགས་ཨེ་ཡོང་གསུངས། ཟུར་ཁང་ནས། ཡོང་ང་། བྱས་ན་མའོ་ཙེ་ཏུང་གི་དབུ་མནའ་བཞེས་རོགས་ཟེར། ཕུན་དབང་གིས་མའོ་ཙེ་ཏུང་ཚད་ལ་བཙུགས་པ་ཡིན་ཟེར།
ནོར་བཅོས། མཆན་༡༤། ༡༩༥༦དེ་༡༩༥༤ཡས་མས་ལ་བཅོས་པར་ཞུ།
་་་་་་་་ ཁོང་རྣམ་པ་གཉིས་ཀ་ཕྲུ་གུ་ལྟར་ངུས་ནས། བར་མཚམས་ལ་གོང་ས་མཆོག་བོད་ཀྱི་ལས་དབང་ལ་ཐུགས་སྐྱོ་ནས་གསུང་སྐད་ཆེན་པོ་སྐྱོན་ནས་བཤུམས་ཤིང་། གོང་ས་མཆོག་ནས། བོད་མི་དམངས་ཀྱི་བདེ་སྡུག་ལ་ཁྱོད་ཀྱི་འདི་ལྟ་བུའི་དཀའ་ལས་བརྒྱབ། ངོ་མ་བསམ་ཡུལ་ལས་འདས་པ་རེད་གསུངས། དེ་བཞིན་གོང་ས་མཆོག་གིས། བོད་ཀྱི་བདེ་སྐྱིད་ལ་ཐུག་ན། ང་གུང་ཁྲན་ལ་ཞུགས་དགོས་ཀྱང་ཞུགས་རྐྱང་ཡིན། གང་ལྟར་ཚེ་འདིར་བོད་མིའི་བདེ་རྩའི་ཆེད་དུ་ག་རེ་སྒྲུབ་དགོས་ཀྱང་སྒྲུབ་ཀྱང་ཡིན། ཁྱེད་བློ་བདེ་པོར་ཞུགས་གསུངས་ནས་ཁོ་གཉིས་ཞལ་གྱེས་འདུག ་་་་་ཟེར།
༡༠༽ དབྱངས་ཅན་འབངས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༡༣ སྐར་མ་ ༢༧
བོད་པ་ཕར་ཞོག མའོ་དང་རོགས་པ་གཅིག་གཉིས་མ་གཏོགས་རྡུང་བརྡེགས་མ་ཕོག་པ་ཧ་ཅང་དཀོན་པོ་རེད། རྡུང་བརྡེགས་ཕོག་པ་རྒྱུ་མཚན་དུ་བྱས་ནས་ལྷག་བསམ་རྣམ་དག་མ་བྱས་པ་སྒྲུབ་མི་ཐུབ། དེ་ལས་ཕུན་དབང་གིས་ ‘མི་རིགས་ས་ཁོངས་རང་སྐྱོང་’ གི་རྩ་ཁྲིམས་ལ་ཤུགས་བརྒྱབ་ནས་ད་ཆ་༧གོང་ས་མཆོག་གིས་དབུས་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྩོད་རྒྱུའི་ལམ་ཆེན་དེ་རྙེད་པ་རེད་སྙམ། ་་་་་་ཟེར།
་་་་ བོད་རིགས་ཚང་མ་གཙོན་དུ་གཅུག་གིས་ཡོད་ནམ་རག་སྡིས་དང་རྒྱ་མཚན་ནོར་བུ་བྱམ་པ་ཕུན་ཚོགས་གཙོས་མང་པོ་ཞིག་དེ་སང་གཙོན་ནང་ཡོད་རྒྱུ་རེད།། ་་་་ཟེར།
གོང་ས་མཆོག་ཕ་ཡུལ་གངས་ལྗོངས་ན་བཞུགས་པའི་སྐབས་སུ་མའོ་ཙེ་ཏུང་གིས་ཕུན་དབང་ནི་བོད་ཀྱི་ན་གཞོན་ཕུལ་དུ་བྱུང་བ་ཞིག་ཡིན་ཚུལ་གྱི་བསྟོད་སྔགས་གོང་ས་མཆོག་ལ་དངོས་སུ་ཞུས་མྱོང༌།
ཡིན་ནའང་པེ་ཅིན་སྲིད་གཞུང་གིས་གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཤུལ་དུ་སྤྱི་ལོ༡༩༦༠ལོ་ནས་༡༩༧༨ལོའི་བར་དུ་མི་ལོ་བཅོ་བརྒྱད་ལ་ཕུན་དབང་བཙོན་དུ་བཅུག་ནས་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། ཁོང་གི་བཟའ་ཟླ་མཛེས་ལེགས་གཅར་རྡུང་གིས་དམར་གསོད་བཏང་བ་དང༌། བུ་རྒན་པ་ཕུན་ཁམས་སོགས་ཉེ་འབྲེལ་བཅུ་ཕྲག་ལྷག་ལ་མི་ལོ་དྲུག་ནས་བཅུ་དྲུག་བར་གྱི་ཁྲིམས་ཆད་བཙོན་འཇུག་བྱས་པ་མ་ཟད། ཁོང་གི་བུ་ཕྲུག་གཞན་དག་ལའང་མནར་གཅོད་འདྲ་མིན་ཚད་ལས་བརྒལ་བ་བཏང་བ་ནི་ཁོང་གི་མི་ཚེའི་ལོ་རྒྱུས་སུ་གསལ། ་་་་་ཟེར།
་་་་་ པེ་ཅིན་སྲིད་གཞུང་གིས་དཔལ་འབྱོར་ཁོ་ན་ལ་དམིགས་ཏེ། ཁོང་གི་རླབས་ཆེ་བའི་ཕུགས་འདུན་དེ་མངོན་གྱུར་གནང་དུ་མ་བཅུག གྱ་དགུ་ལོའི་དྲུག་བཞིའི་སློབ་མའི་དོན་རྐྱེན་དང༌། ཉིས་སྟོང་བརྒྱད་ཀྱི་བོད་ཀྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་དགུ་ལོའི་ཡུ་གུར་གྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་བཅུ་ནས་བཅུ་གཉིས་བར་གྱི་བོད་ཀྱི་རང་ལུས་ཞུགས་འབུལ་གྱི་ཞི་རྒོལ་དོན་རྐྱེན་ཆེན་མོ་སོགས་བྱུང་དུས་པེ་ཅིན་སྲིད་གཞུང་གིས་ཧང་ཡོ་པང་གི་ཕུགས་འདུན་ཡིད་ལ་དྲན་གྱི་ཡོད་མོད། ་་་་་་ཟེར།
ཆབ་སྲིད་པའི་ལས་ནི། མནོག་ཆུང་ལ་སྡིག་ཆེ་བ་ཅིག་ཡིན་པ་མངོན་སུམ་ཚད་གྲུབ་ཡིན་པ་འདྲ། སྙིང་རྗེ་བའི་གནས་སུ་མི་འདུག་གམ། ལགས།
ངས་མཆན་༡༠ / ༡༡ བཅས་སུ་བཤད་པ་རྣམས་ནི། ཁོང་གི་ལོ་རྒྱུས་ ‘བོད་མི་གསར་བརྗེ་བ་ཞིག’ ཅེས་པ་ཞིབ་ཚགས་བཀླགས་པ་དང་། ལྷག་པར་ལོ་ཤས་སྔོན་འབའ་པའི་བརྟན་བཞུགས་ལ་དངོས་བཅར་་སྐབས་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་གསུངས་པ་ཡིད་ལ་བཅགས་ཏེ་བཀོད་པ་མ་གཏོགས། དེའི་སྔོན་ལ་རྒྱ་མི་བོད་ལ་མཁྲིད་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་རེད། ཟེར་བ་ཞིག་ལས་ཁོང་གི་སྐོར་གང་ཡང་ཤེས་ཀྱི་མེད། ཁྱེད་རྣམ་པ་ཁོང་གི་སྐོར་རྒྱས་པ་མཁྱེན་འདོད་ན་གོང་སྨོས་དེབ་དེ་དང་འབའ་པའི་་བརྟན་བཞུགས་བརྙན་འཕྲིན་གཟིགས་ན་མུན་ནག་མདའ་འཕེན་གྱི་ལོག་རྟོག་མང་པོ་ཞིག་སེལ་ཐུབ་ངེས་སུ་འདུག
ངས་མཆན་༡༠ / ༡༡ བཅས་སུ་བཤད་པ་རྣམས་ནི། ཁོང་གི་ལོ་རྒྱུས་ ‘བོད་མི་གསར་བརྗེ་བ་ཞིག’ ཅེས་པ་ཞིབ་ཚགས་བཀླགས་པ་དང་། ལྷག་པར་ལོ་ཤས་སྔོན་འབའ་པའི་བརྟན་བཞུགས་ལ་དངོས་བཅར་་སྐབས་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་གསུངས་པ་ཡིད་ལ་བཅགས་ཏེ་བཀོད་པ་མ་གཏོགས། དེའི་སྔོན་ལ་རྒྱ་མི་བོད་ལ་མཁྲིད་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་རེད། ཟེར་བ་ཞིག་ལས་ཁོང་གི་སྐོར་གང་ཡང་ཤེས་ཀྱི་མེད། ཁྱེད་རྣམ་པ་ཁོང་གི་སྐོར་རྒྱས་པ་མཁྱེན་འདོད་ན་གོང་སྨོས་དེབ་དེ་དང་འབའ་པའི་་བརྟན་བཞུགས་བརྙན་འཕྲིན་གཟིགས་ན་མུན་ནག་མདའ་འཕེན་གྱི་ལོག་རྟོག་མང་པོ་ཞིག་སེལ་ཐུབ་ངེས་སུ་འདུག
འབའ་བ་ཕུན་དབང་གིས་མི་ཚེ་གཅིག་ལ་གུང་ཁྲན་ལ་མི་འགྱུར་བའི་དད་པ་བྱས་ན་ཡང་། གུང་ཁྲན་གྱི་ཁོ་རང་བསླུ་བ་གྲངས་ཀྱི་མི་ལངས་པས༏ ཁོང་གི་ནག་ཉེས་མ་འོངས་པར་དེབ་ཐེར་སྟེང་ནས་བསུ་ཏུ་མེད་པ་ཆགས་རྒྱུ་ཡིན་པ་ཤེས་ནས༏ ལོ་ན་རྒས་པའི་སྐབས་སུ་༼བོད་མི་གསར་བརྗེ་བ་ཞིག༽་ཟེར་བའི་དེབ་དེ་བྲིས་ནས་མ་འོངས་པའི་མི་རབས་གསར་བ་རྣམས་ལ་བསླུ་བྲིད་གཏོང་བསམ་པ་རེད། དོན་དངོས་སུས་ཀྱང་བསུབ་ཐུབ་ཀྱི་མ་རེད། བཅིངས་འགྲོལ་དམག་གི་ཐོ་དེབ་ལ་ནི་རྡ་རམ་ས་ལ་ནས་འགྱུར་བ་དུས་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། འབའ་བ་སྐྱིད་སྡུག་གིས་འགྱུར་བ་གཏོང་ག་ལ་ཐུབ། དཀར་ནག་གི་ལས་གཉིས་འགལ་བ་རེད། སྲིད་དོན་པས་མི་འགལ་བར་སྒྲུབ་ཐུབ་ཀྱི་མ་རེད།
འབའ་བ་ཕུན་དབང་གི་ལོ་རྒྱུས་ངོ་མ་དེ་ཁོང་གིས་རྒན་འགོ་ཆགས་ནས་བྲིས་པ་བོད་མི་གསར་བརྗེ་བ་ཞིག་ཟེར་བ་དེའི་སྟེངས་ན་ཡོད་ནི་མ་རེད། བཅིངས་འགྲོལ་དམག་གི་ནུབ་བསྐྱོད་ཟིན་ཐོ་ན་ཡོད་པ་རེད།
༡༩༤༩ ནས་ ༡༩༥༩ སྐབས་ཀྱི་གཞིས་ཀ་རྩེ་ཡི་པཎ་ཆེན་རིན་པོ་ཆེ་དང་། དམར་པོ་འབའ་བ་ཕུན་ཚོགས་དང་སྐུ་དྲག་ང་ཕོད་ངག་དབང་འཇིགས་གསུམ་ལ་གུས་འདུད་ཞུས་འོས་སུ་མ་མཐོང་ལགས། དེའི་རྗེས་ཀྱི་གནས་ཚུལ་དང་རྣམ་ཐར་དེ་ཚོ་ནི། གནས་ཚུལ་ཐ་དད་ཅིག་རེད་སྙམ་ལགས། ཐག་གཅོད་མ་སྔ་བར་ད་དུང་དཔྱད་པར་འཚལ་ལོ།།