བོད་ལ་ཞེན།
འབུ་རིན་གོང་ཆུང་དུས་རྐོ་མིར་རིགས་ངན་ཟེར།།
དུས་དེང་སང་འབུ་ཆེད་ནང་དམེ་ཇེ་མང་རེད།།
རྒྱུ་དངུལ་དང་ཐུག་དུས་ཇག་པ་ཁྱུ་གཅིག་འདྲ།།
བོད་ཆོས་ལྡན་སྙིང་རྗེ་ཆེ་བ་རྫུན་མ་རེད།།
ལུས་ཚེ་སྲོག་བརྒྱ་ཕྲག་མེ་ལ་བསྲེགས་ནས་སོང་།།
རྗེས་ཤུལ་ལུས་སྤུན་ཟླ་ནང་འཛིང་ཇེ་མང་རེད།།
རྒྱུ་དངུལ་དང་ཐུག་དུས་རང་རིགས་མི་དྲན་པ།།
བོད་ལ་རྒྱ་སྙིང་སྟོབས་ཆེ་བ་རྫུན་མ་རེད།།
སྡོམ་དམ་ཚིག་སྲོག་ལས་གཅེས་པར་སྲུང་དགོས་ཟེར།།
རྒྱུ་མཛེས་མ་ཐུག་ན་དེ་ཡང་དེ་ཙམ་རེད།།
ནོར་བུད་མེད་ཐུག་དུས་དམ་ཆོས་གད་སྙིགས་འདྲ།།
བོད་ལས་འབྲས་བརྩི་སྲུང་ཆེ་བ་རྫུན་མ་རེད།།
བརྒྱན་ཤོ་བག་གཉིས་ལ་མི་དགའ་ཉུང་ཉུང་འདྲ།།
ཆང་དུ་བ་སྤོང་མི་དེ་བས་ཉུང་ཉུང་རེད།།
ཁེ་རང་ལ་བྱུང་ན་གཡོ་སྒྱུ་ཇེ་མང་ལ།།
བོད་ཡ་རབས་སྤྱོད་བཟང་ཟེར་བ་རྫུན་མ་རེད།།
རྒྱ་ནག་པོའི་སྒོར་མོར་ཞེན་པ་ལོག་མི་དཀོན།།
དངུལ་ཤོག་སྒོར་བྱུང་ན་རྒྱལ་ཁབ་དགོས་མི་ཉུང་།།
སྡང་དགྲ་བོ་དྲིན་ཆེན་ཕ་རུ་བཟུང་ལུགས་ལ།།
བོད་རང་དབང་ཐོབ་པའི་རྨི་ལམ་རྫུན་མ་རེད།།
བོད་ལ་ཞེན་་་་་་་་་བོད་གངས་ཅན་ཁ་བའི་ལྗོངས་འདི་ནི། ཁྱིམ་ཚང་གཅིག་མ་ཡིན་པ་རྒྱལ་ཁབ་ཤིག་ཡིན་པས། འདི་དང་འདི་འདྲ་བའི་གནས་ཚུལ་ཡོངས་སྲིད་གི་རེད། དེ་བས་ཁྱོད་ཀྱིས་ཀྱང་མཐའ་གཅིག་ཏུ་རང་མི་རིགས་ལ་སྒག་པ་མ་རོགས་གནང་།
ངས་ཁ་སེང་བོད་ནང་འབུའི་ཆེད་གྲིས་མགོ་བཤག་ཡོད་པའི་པར་ཞིག་མཐོང་བྱུང་། སེམས་པ་སྐྱིད་པོ་ཅང་མ་བྱུང་ཙང་རྩོམ་འདི་བྲིས་པ་ཡིན།