དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྔོན་མའི་སྐབས་སུ་ཤར་ཕྱོགས་ཁུག་རྟའི་རྩོམ་སྒྲིག་འོག་འདི་ག་ལས་འགུལ་ཁང་ནས་(ཆབ་སྲིད་དཔྱད་གླེང་)ཅེས་པའི་གསར་ཤོག་ཅིག་འདོན་ཐེངས་བཞིར་འགྲེམ་སྤེལ་བྱས་ཡོད། ཟླ་ཤས་གོང་དུ་འགན་འཛིན་བརྗེ་སྤོར་གྱི་སྐབས་སུ་དབུ་རྒྱུན་ལྷན་ཚོགས་སྤྱི་མོས་ཀྱི་གྲོས་ཆོད་བཞི་པའི་དགོངས་དོན་ནི་(ད་ལྟ་འདོན་སྤེལ་བྱེད་བཞིན་པའི་དབུ་མའི་ལམ་གྱི་གསར་ཤོག་ཆབ་སྲིད་དཔྱད་གླེང་ཞེས་པའི་ཟླ་རེར་ཐེངས་གཉིས་རེ་འདོན་བཞིན་དེ་དག་བརྗོད་བྱ་དང་འགྲོན་གྲོན་གང་ཅིའི་ཆ་ནས་སྟབས་བདེ་མེད་སྟབས་མཚམས་འཇོག་གིས་)ཞེས་སོགས་འཁོད་དེ་འདོན་སྤེལ་མཚམས་འཇོག་བྱས་ཟིན་པ་ཡིན།
ཉེ་ལམ་ཤར་ཕྱོགས་ཁུག་རྟ་ནས་(ཆབ་སྲིད་དཔྱད་གླེང་) ཕྱི་ལོ་ ༢༠༡༣ (འདོན་ཐེངས་ལྔ་བ་)འཁོད་པའི་དེབ་ཅིག་འདོན་སྤེལ་བྱས་པར་འདི་ནས་རྩོམ་སྒྲིག་པ་སྒེར་ངོས་ཀྱི་དུས་དེབ་འདོན་སྤེལ་དང་། རྩོམ་སྒྲིག་རང་དབང་ལ་ཚད་བཀག་བྱས་པ་མིན་མོད་ཀྱང་ལས་འགུལ་ཁང་ནས་འདོན་སྤེལ་བྱས་པའི་(ཆབ་སྲིད་དཔྱད་གླེང་གསར་ཤོག་)རྒྱུན་མཐུད་པ་ལྟ་བུར་(སྤྱིའི་འདོན་ཐེངས་ལྔ་པ་)སོགས་འཁོད་པར་འདི་ནས་ངོས་ལེན་མེད་པ་དང། རྩོམ་སྒྲིག་པ་ཤར་ཕྱོགས་ཁུག་རྟ་ཞེས་འཁོད་པའི་ཆབ་སྲིད་དཔྱད་གླེང་དུས་དེབ་ཀྱི་བརྗོད་བྱ་རྗོད་བྱེད་དང། དཔར་བསྐྲུན་འགྲོ་སོང་སོགས་གང་ཅིར་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་དང་འབྲེལ་བ་མེད་པ་ལགས་ན་གང་ཟག་སྒེར་གྱི་བྱེད་ཕྱོགས་དང་ལས་འགུལ་ཁང་གི་ལས་དོན་གཉིས་གོ་འཛོལ་མི་ཡོང་བའི་གསལ་བསྒྲགས་སུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་དང་འགན་འཛིན་གཞོན་པ་དྭང་ཤར་ཡོན་ཏན་རྒྱ་མཚོ་གཉིས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན་ལ།།
འོ་་་ད་ཡིན་ན་ཤར་ཁུག་གི་སྤྱོད་ངན་དམར་རྗེན་དུ་སྟོན་འདུག
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟས་ངོ་དེབ་སྟེང་འདི་འདྲ་ཞིག་སྤེལ་འདུག
༄༅།། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་གཞིར་བཟུང་མི་མང་ནང་གསར་འཕྲིན་ཞིག་འདོན་སྤེལ་དགོས་ངེས་ལ་༼ ཆབ་སྲིད་དཔྱད་གླེང་༽ཞེས་པའི་ཚགས་ཤོག་ཅིག་རྩོམ་སྒྲིག་དང་པར་བསྐྲུན་ཞུས་ཤིང། རྩོམ་སྒྲིག་གི་ལས་དོན་གྱིས་མཚོན། ཐ་ན་འདོན་ཐེངས་རེ་འགའི་སྦྱིན་བདག་དང། འགྲེམས་སྤེལ་མེག་གྷན་ཚོང་ཁང་ཟ་ཁང་རེ་རེར་ཕྱིན་ཏེ་མངགས་ཉོར་འབོད་སྐུལ་དང་ངོ་ཤེས་འདྲིས་གྲོགས་སོགས་ཀྱི་སར་བཅར་ཏེ་ལས་འགུལ་ཁང་གི་དཀའ་ངལ་གྱིས་པར་འགྲེམས་དཀའ་བ་ཞུས་འབྲས་འདོན་ཐེངས་བཞི་ཙམ་ས་གནས་ཕྱི་རྒྱལ་ཁག་བཅས་ཁྱོན་ ༢༣ ཙམ་ལ་བདེ་བླག་ངང་འགྲེམས་སྤེལ་ཐུབ་ཡོད་ནའང། མུ་མཐུད་རྒྱུར་དཀའ་ངལ་ཆེ་བ་དང། ཡང་རེ་འགར་༼ ཆབ་སྲིད་དཔྱད་གླེང་༽ནི་ཤར་ཕྱོགས་ཁུག་རྟ་ཁོ་ནའི་རྣམ་དཔྱོད་ཡིན་པ་དང། ཡང་ལྐོག་ལྐོག་ཏུ་རྩོམ་སྒྲིག་པའི་གཏམ་གྱིས་སྲིད་སྐྱོང་ལ་ཕོག་མི་ཉན་ལྟ་བུ་སོགས་ཀྱིས་མཚམས་འཇོག་བྱས་ཡོད་ནའང། འདི་ནས་ཚགས་ཤོག་དེ་སྤྱི་ཚོགས་ལ་དགོས་ངེས་ཅན་ཞིག་ཡིན་པ་སྔ་མོར་བསམ་ཞིབ་ལེགས་པར་བཏང་བ་དང། ཆབ་སྲིད་དཔྱད་གླེང་འཇིག་རྟེན་དུ་སྐྱེ་བ་སྐད་ཆ་དྲང་མོར་བཤད་ན་ཁོ་བོའི་འབད་བརྩོན་ཉག་ཅིག་ལ་བརྟེན་ནས་བྱུང་སྟབས། འདི་མུར་རང་ཡལ་དུ་ཕྱིན་པ་ཡིན་ན། དགོས་ངེས་ཅན་གྱི་ལས་གཞི་ཞིག་རྩ་ཡལ་དུ་སོང་བ་ལྟ་བུའི་བློ་འགྱོད་འབྱུང་ངེས་སྟབས། འབད་པ་བརྒྱ་ཡིས་སྒྲུབ་པའི་ལས་མཇུག་དེ་ཉིད་ཞིབ་འཇུག་གི་ཞོར་དུ་གཉེར་འདོད་བྱུང་སྟབས། གསར་ཤོག་དེབ་གཟུགས་སུ་བསྒྱུར་ཏེ་འདོན་ཐེངས་མུ་མཐུད་དེ་སྒེར་པའི་ངོས་ནས་པར་འགྲེམས་བྱས་ཡོད་པ་མ་ཟད། བརྗོད་བྱའི་ས་མཚམས་དང་རང་དབང་བཅས་ལའང་འགྱུར་བ་བཏང་བ་སྔོན་གླེང་སྐད་ཆ་ཐུང་ངུའི་གསལ་བཤད་ཞུས་ཡོད་པ་དེ་དོན་རྩོམ་པ་པོ་རྣམས་ཀྱིས་དགོངས་འཇགས་ཞུ།། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཤེས་ཡོན་དང་རིག་གཞུང་འགན་འཛིན་མིང་བཏགས་པ། རྩོམ་པ་པོ་སོགས་ཀྱི་མིང་ནས་འབོད་པ་ལ་སུན་སྣང་ཅན་ཤར་ཕྱོགས་ཁུག་རྟར་འབོད་པས།།
ངས་གོ་ཐོས་ལ། སྲིད་སྐྱོང་དང་ཤར་ཁུག ལས་འགུལ་ཁང། ཡང་ན་རྒྱུན་ལས་རྨོག་རུ་བསྟན་པ། ཟླ་བ་ཚེ་རིང། དང་ཤར་འདི་ཚོའི་བར་ན་སྒྲུང་མང་པོ་ཞིག་འདུག བཤད་རྒྱུ་ཡིན་ན་གསལ་བོར་བཤད་ན་ལོས་དགའ། ངས་ཀྱང་བཤད་འདོད་ཡོད།
དགའ་ལྡན་དགོན་པའི་འཇམ་དབྱངས་ཟེར་བ་ཅི་གང་མགོ་མི་འཚོས་པ་དེས་ཉེ་ལམ་ཨ་རིའི་རླུང་འཕྲིན་ནང་ལྗིད་ཁོག་བསྟན་ཡོད་པ་ཀུན་གསལ་རེད། ཁོང་ཚོགས་གཙོར་སུས་གདམ་པ་རེད།་ཅི་ལྟར་ཚོགས་གཙོ་ཆགས་པ་ཡིན་ནམ། ཧཧཧཧ ད་དབུ་མའི་ལས་འགུལ་ཁང་ཆུང་ཆུང་དེར་བཤད་ཡ་མང་པོ་འདུག ཡིན་ནའང། མི་མང་གིས་ལས་ཀ་སུས་བྱས་མ་བྱས་གསལ་བོར་ཧ་གོ་ཡི་རེད། དབུ་མའི་ལས་འགུལ་ཁང་སུས་སྤྱི་ཚོགས་ཐོག་དབུགས་མ་ཆད་པ་བཟོས་པ་དེའང་གསལ་བོར་ཤེས་ཀི་རེད། ད་ང་ཚོས་གཞོན་ནུ་བསྐྱུར་ནས་དབུ་མ་ཚང་ཅིག་གླེང་ན་ག་འདྲ་འདུག ཧཧཧཧཧཧ
ང་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པས། ལས་འགུལ་ཁང་ཆུང་ཆུང་དེའི་གནས་ཚུལ་ཞིབ་ཚགས་ཤིག་ཤེས་ཀྱི་ཡོད། ཧཧཧཧ
དེ ༢༠༠༨ ལ་བཙུགས་པ་མ་རེད་དམ། དེ་ནས་ལོ་ཁ་ཤས་ལ་ཕྱོགས་བསྐྱོད་ཡག་པོ་འདྲ་ཞིག་འདུག་སྐད། དེ་ནས་་་ལོ་ཁ་ཤས་རིང་་་་་་་་ཧཧཧཧཧ དེའི་རྗེས་་་་་་དབུགས་སླར་གསོས་པ་་་་་ད་མི་བཤད་་་་་་ག་ལེར་ཡིན།
ཁོང་ཚོའི་ནང་འཆམ་པོ་མེད་པ་རེད་མ་གཏོགས། འདི་ལྟར་གསལ་བཤད་གནང་དགོས་དོན་མི་འདུག དེབ་དེའི་སྔོན་གླེང་ནང་ཤར་ཕྱོགས་ཁུག་རྟས་གསལ་བཤད་བྱས་འདུག ཡིན་ནའང། འདི་ཚོའི་བར་ན་འགལ་བ་ཛ་དྲག་པོ་དེ་འདྲ་ཡོད་པ་ཡིན་ན། ག་རེ་ཡིན་ན། དབུ་མའི་ལམ་གྱི་དབུས་རྒྱུན་ལས་ཚོའི་ནང་ནས་དབུ་མའི་ལམ་ལ་སུས་ཡག་པོ་མཁྱེན་གི་ཡོད་ན། ཁོང་ཚོའི་རྒྱུན་ལས་ཚོ་དབུ་མ་ལམ་དངོས་གནས་ཧ་ག་ཚོད་གོ་ཡོད་ན། སྤྱི་ཚོགས་ཀྱིས་ཤེས་པ་དེ་སུ་སུ་རེད་དམ། ད་དབུ་མ་གཏན་འབེབས་བྱུང་རིམ་བཤད་པའི་དུས་ཚོད་རྫོགས་ཚར་རེད། ཧཧཧཧཧཧ
འདི་འདྲ་བའི་ཚགས་ཤོག་ཅིག་འགྲེམས་སྤེལ་བྱེད་ཡ་མཚམས་འཇོག་བྱས་པའི་གསལ་བསྒྲགས་བྱས་པ་ལ་ཧ་ལས་ཡ་གང་ཡང་ཡོད་མ་རེད། བྱེད་སྟངས་འདི་འདྲ་དང་གནས་སྟངས་འདི་འདྲ་ནི་བཙན་བྱོལ་ནང་བྱུང་པ་ནི་རྒྱུན་ལྡན་ཞིག་ཆགས་ཡོད།
སྟབས་ཡག་སོང་། ཐན་བྱས་མ་བྱེད་དགུ་བྱེད་བྱས་པའི་འབྲས་བུ་དེ་ལས་ཅི་ཡོང་།
དབུ་མིའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ལས་ཐོག་པ་ཞིག་གིས་ཆབ་སྲིད་དཔྱད་གླེང་དཔྱད་བརྗོད་སྤེལ་བ་དེ་དབུ་མིའི་ལམ་ལས་འགུལ་ཁང་ལ་འབྲེལ་བ་མེད་པ་ཆགས་ཤེས་ཀྱི་མ་རེད། སྔ་ཕྱིར་འགལ་ཟླ་ཅན་གྱི་གསལ་བསྒྲགས་སྤེལ་བ་འདིས་ཅི་ཞིག་སྟོན་གྱི་འདུག་ཟེར་ན་ད་དུང་ཡང་ལས་འགུལ་ཁང་འདིའི་ནང་ཁྱི་མང་པོས་ཁྱི་སྐད་རྒྱུག་རྒྱུ་ཡོད་པ་ཤེས་ཀྱིན་འདུག མ་ཟད་ཁྱི་སྐད་མང་པོ་རྒྱུག་གི་འདུག ཤར་ཁུག་གཅིག་པོར་བཤད་མ་བཤད་ཡོད་པ་མ་རེད། ཁ་དོག་མ་འདྲ་བ་གཅིག་པུ་ལས་ཚང་མ་ཁྱི་ཡིན་པ་འདྲ་འདྲ་རེད། ལམ་དབུ་མ་ཁ་ལ་ཁྱེར་ནས་ཆབ་སྲིད་ཀྱི་ཁ་ཕེན་མང་པོ་ཟ་མཁན་ཁྱིའི་རྒྱལ་བོ་དེ་ཚོ་སྔ་ས་ནས་ཕྱིན་འདུག ལས་འགུལ་ཁང་འདིར་ཤ་ཚ་མཁན་གྱི་མི་གཞུང་དྲངས་དེ་ཚོས་མ་བཟོད་ནས་མི་ཤི་བར་བདག་པོ་རྒྱག་རྩིས་བྱེད་ཀྱིན་གདའ། ཁྱི་ངན་ལངས་ཤོར་ཤ་ཤས་ཀྱིས་ལམ་བུ་འདིར་ཟློས་གར་འཁྲབ་བཞིན་འདུག ཚོགས་པ་འདིའི་ལས་མི་འཕོ་འགྱུར་བྱེད་ཆོག་དང་། རྒྱུན་ལས་གྲོས་འཆམས་བྱུང་ཆོག་ཆོག་ཡོད་པ་འདི་ཡག་རྟགས་ཤིག་ཏུ་མཐོང་གི་མི་འདུག ལས་མི་ཡར་འཇུགས་མར་གཡུགས་བྱས་ཆོག་ཆོག་གི་བྱེད་ལས་འདིར་བལྟས་ཡོང་ན་རྒྱུན་ལས་དེ་ཚོའི་ནང་ན་ཡང་མི་རུལ་བསུང་ཅན་ཡོད་པའི་དན་རྟགས་ཤིག་མ་རེད་དམ།
ཆབ་སྲིད་དཔྱད་གླེང་ཡིན་ད་ཆོས་སྲིད་དཔྱད་གླེང་ཡིན་ཧ་མི་གོ་ལ་ད་བར་མཐོང་ཐོས་བྱུང་མ་མྱོང་། ད་དུང་དགོས་ཡ་མེད་དགོས་པ་དེ་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་མཐུན་འབྲེལ་དེ་རེད། དེ་ནི་དབུ་མ་ཡིན་རང་བཙན་ཡིན་ང་ཚོས་འགྲིག་ཁོ་ཚོས་མ་འགྲིག་ང་ཚོ་ལ་དག་སྣང་དང་བླ་ལྷའི་ལུང་བསྟན་བླ་མའི་བཀའ་ཡོད། ཁོ་ཚོས་བྱས་པ་དེ་དད་ལོག་རེད། རྟུག་དྲི་དང་འདྲ་བ་རེད་ཟེར་བ་སོགས་སོ་སོ་དང་ལངས་ཕྱོགས་མ་མཐུན་ན་མཐོ་དམན་ཚང་མའི་སྐྱོན་བརྗོད་བྱེད་རྐྱང་བྱེད་པ་ནི་མི་རིགས་འདི་ཉིད་ཞི་བའི་དབྱིངས་སུ་ཐིམ་ལྟས་རེད། ད་ནི་བཙན་བྱོལ་ནང་བྱེད་མི་ཆོག་པ་དང་བཤད་མི་ཆོག་པ་སོགས་མང་པོ་འདུག མདོར་ན་རང་རེ་བཙན་བྱོལ་ནི་དད་པ་ཅན་དང་། ཆོས་སེམས་ཅན། བླ་མ་ཐུགས་མཉེས་ན་མི་རིགས་རྩ་མེད་སོང་ཡང་འགྱོད་པ་མེད་པ་ཚོད་རེད་འདུག མ་ཟད་ལས་བཟང་ངན་གང་བྱས་ཀྱང་ཚང་མའི་༧གོང་ས་མཆོག་གི་བཀའ་ཡིན་རབ་བཤད་པ་ནི་༧གོང་ས་མཆོག་ལ་བསྟོད་པ་ཡིན་བསམ་རུང་སྨད་པ་ཁོ་ལས་མ་འདས། དེས་ན་ཆབ་སྲིད་ཀྱི་དཔྱད་གླེང་དང་རྩོམ་རིགས་ནང་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་པ་ནི་དད་པའི་སྟ་རེས་གང་བཅད་ཡོང་ཧ་གོ་ས་མ་རེད།
ཆབ་སྲིད་དཔྱད་གླེང་འདོན་ཐེངས་ ༦ པས་སྲིད་སྐྱོང་གི་ཁ་དོག་མི་མང་ནང་སྟོན་ཐུབ་པ་འདུག་ཅེས་གོ་སོང། ངས་དཀར་ཆག་སྐད་འཕྲིན་ནང་མཐོང་བ་མ་གཏོགས། དེབ་དེར་ཀློག་རྒྱུ་མ་བྱུང།
ཤར་ཁུག་སྙིང་རྗེ། དེ་སྔ་སྲིད་སྐྱོང་ལ་བདེན་པ་མི་འདུག་ཟེར་མཁན་དབུ་མ་དང་འབྲེལ་བ་ཡོད་པ་ཁ་ཤས་ཀྱིས། དེང་སང་ཤར་ཁུག་དང་ཟླ་བ་ཚེ་རིང་ལ་རྒྱབ་བཤད་རྒྱབ། སྲིད་སྐྱོང་གི་ངོ་སོ་ཡར་ལ་བསྟད་ནས་འདུག་ཅེས་གོ་བས། སྲིད་དོན་པ་ཁྲམ་པ་ཚོའི་བར་ནས་ཤར་ཁུག་གིས་རྒྱུ་མཚན་གནས་ལུགས་བཤད་ཀྱང་ཕམ་འགྲོ་གི་ཡོད་པ་རེད། ད་མང་པོ་འདུག ་་་་་་་་་་་་་་་ག་ལེར་ཡིན།
ཉེ་སྔོན་མདོ་སྨད་ཚོགས་ཆེན་སྟེང་དམ་ཆོས་དཔལ་བཟང་གིས་རྒྱ་དམར་རྒྱལ་དར་འཁྱེར་མཁན་གྱི་ཤར་ཁུགས་ཀྱི་བྱ་སྤྱོད་དེ་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་འབྲེལ་བ་གཏན་ནས་མེད་ཅེས་པའི་གཏམ་བཤད་དེ་ཡི་རངས་བྱུང་། དེ་དང་འབྲེལ་ནས་དེ་རིང་ཡང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་ཁ་གསལ་དོན་གསལ་གྱི་གསལ་བསྒྲགས་སྤེལ་ཏེ་ཤར་ཁུགས་ཀྱི་ཁྱི་ལས་འཁྲབ་སྟངས་གསལ་འདོན་བྱས་པར་ཡག་པོ་རེད་སྙམ།
(ཆབ་སྲིད་དཔྱད་གླེང་) ཕྱི་ལོ་ ༢༠༡༣ (འདོན་ཐེངས་ལྔ་བ་)
དང་།
(ཆབ་སྲིད་དཔྱད་གླེང་གསར་ཤོག་)རྒྱུན་མཐུད་པ་ལྟ་བུར་(སྤྱིའི་འདོན་ཐེངས་ལྔ་པ་)་་་་ཟེར།
ལྔ་བ་ལས། ལྔ་པ་དག་པ་ཡིན་པ་ཡང་འདིར་སྟོན་འདུག་གོ །
དབུ་མའི་ལམ་ལས་འགུལ་ཁང་གི་ཆབ་སྲིད་དཔྱད་གླེང་གསར་ཤོག་འདོན་སྤེལ་མཚམས་འཇོག་བྱས་ཟིན་པ་ཡིན། ཞེས་བཤད་པ་དེར་དཔྱད་ན་གསལ་པོ་བཟོ་དགོས་རྒྱུ་གནད་ཅིག་ནི། ཤ་ཁུག་གིས་ཆབ་སྲིད་དཔྱད་གླེང་གསར་ཤོག་རྒྱུན་སྐྱོང་ནས་སྤེལ་བ་དེ་གསར་ཤོག་དང་དུས་དེབ་སོགས་ཀྱི་འདོན་སྤེལ་དང་སྒོར་རྒྱབ་པ་སོགས་ཀྱི་སྤྱིའི་སྒྲིག་གཞི་དང་འགལ་ནས་སྤེལ་གྱི་ཡོད་དམ། ཡང་ན་ཁྲིམས་མཐུན་གྱིས་དེ་སྤེལ་བ་རེད། གལ་སྲིད་ཁྲིམས་མཐུན་གྱིས་ཤ་ཁུག་གིས་དེ་སྤེལ་བ་ཡིན་ན། དེ་ནི་དབུ་མའི་ལམ་ལས་འགུལ་ཁང་གིས་གསར་ཤོག་དེ་སྒོར་རྒྱབ་པ་མ་ཡིན་པར་དབུ་ལམ་ལས་འགུལ་ཁང་གི་གསར་ཤོག་དེ་ཤ་ཁུག་སྒེར་གཉེར་ཐོག་ལ་མིང་སྒྱུར་བྱས་པ་ཙམ་ཡིན་པས་གོང་དུ་ཆབ་སྲིད་དཔྱད་གླེང་གསར་ཤོག་སྒོར་རྒྱབ་པ་ཡིན་གསུངས་པ་དེ་ཡོངས་སུ་མ་དག་པ་རེད། ཡང་ན་ཤར་ཁུག་གིས་ཁྲིམས་འགལ་གྱིས་ཐོག་ནས་འདོན་སྤེལ་བྱས་པ་ཡིན་ན། དེ་ཡང་གསར་ཤོག་དང་དུས་དེབ་སོགས་ཀྱི་འདོན་སྤེལ་གྱི་སྒྲིག་གཞི་དང་ཡོངས་སུ་འགལ་ནི་ཡོད་པས་ཤར་ཁུག་ཞེས་པའི་མིང་ཅན་དེ་ཁྲིམས་དང་སྒྲིག་གཞི་ལམ་དང་ལུགས་སྲོལ་གང་གི་འོག་ཏུ་འགྲོ་མི་དགོས་པའི་རང་འདོད་ཀྱིས་བྱ་སྤྱོད་ལ་གོམས་པའི་མི་རྒོད་ཞིག་ཡིན་འདུག།
དོན་དངོས་དབུ་ལས་འགུལ་ཁང་གི་ཁ་བོད་ནང་ཁུལ་ལ་འཁོར་བ་ལས་ཕྱི་རྒྱ་ལ་འཁོར་ནས་དབུ་མ་ངོ་སྤྲོད་ཡང་དག་ཅིག་བྱ་ཐབས་དང་། ༧གོང་ས་མཆོག་གིས་རྒྱའི་ཤེས་ལྡན་པའི་བོད་པའི་བསྐོར་ལ་རྩོམ་སྟོང་ཕྲག་ཙམ་བྲིས་ཡོད་ཚུལ་གསུངས་སོང་བས་དེ་དག་ལས་ཡག་ཤོས་རྣམས་འདེམས་ཏེ་བོད་ཡིག་དུ་བསྒྱུར་ཤིང་བོད་མི་རྣམས་ལ་རྒྱ་མི་ཚོའི་ལངས་ཕྱོགས་ངོ་སྤྲོད་བྱ་ཐུབ་ན་དབུ་ལས་འགུལ་ཡོད་པའི་དགོས་བ་ཚང་ཡོད་ལ་། དེ་ནི་དབུ་ལས་འགུལ་ཁང་གི་འགན་ཡང་རེད་། ཡིན་ཡང་དབུ་ལས་འགུལ་ཁང་དེ་དག་བྱ་ཐུབ་པའི་ཤེས་ཡོན་དང་འཇོན་ཅན་ཡོད་མེད་མི་ཤེས་།
ཤར་ཁུག་དབུ་མའི་ལམ་དུ་བླངས་པ་ནི་སྲིད་སྐྐྱོང་གིས་དྲང་པོ་མ་བྱས་པ་དང་།ཤར་ཁུག་དྲང་པོ་རེད་ཟེར་མཁན་ཆབ་བྲག་ལྷ་མོ་ལས་སུ་གཅིག་མེད་རབས་གོ་སོང་། ཤར་ཁུག་ལ་འགྲོ་སྡོད་ཀྱི་གནས་མེད་ཚུལ་བཤད་པའི་ཤར་ཁུག་གི་སྙན་ཞུ་ལ་བལྟས་ནས་སྙིང་རྗེ་བསྒོམ་པ་ཡིན་ཚུལ་རྒྱུན་ལས་ཙང་མས་བཤད་ཀྱིན་འདུག འོ་ཤར་ཁུག་སྙིང་རྗེ།སུ་ལའང་དགོས་མཁོ་མིི་འདུག
རྩེ་བློ་བཟང་བཀྲ་ཤིས། ཤར་ཁུག འདྲེ་མགོ་རྡོ་་་་་་ཧཧཧ་་ད་མང་ཀི
དབུ་མའི་ལས་ཁུངས་ན་ཁྲིམས་མཐུན་གང་ཡང་ཡོད་པ་མ་རེད། དཔེར་ན། རྨོག་རུ་བསྟན་པ་རྩ་དགོངས་ཟིན་པ་ཞིག་ཡང་ཕྱིར་དང་བླངས་ཐོག་ཕེབས་བསྡད་ཡོད་པ་རེད། དེ་མ་གཏོགས་དེ་སྔའི་ཚོགས་གཙོ་ཚོགས་གཞོན་ཟླ་བ་ཚེ་རིང་དང་ཤར་ཁུག་གིས་དགོངས་པ་སྤྲད་ཚར་བ་ཞིག་རེད། ད་འཇམ་དབྱངས་ཡོན་ཏན་ཟེར་བ་ཞིག་ཚོགས་གཙོ་རེད་ཟེར།་དེ་ལ་འོས་ཤོག་བླུགས་ནས་བསྐོས་ཡོད་ཚད་མི་འདུག རྒད་པོ་རྒད་མོ་ཚོས་ཏག་ག་ཅིག་བསྐོས་པ་རེད་ཟེར། དང་ཤར་ཡོན་ཏན་གྱིས་ཚོགས་གཙོ་འཇམ་དབྱངས་བསྡད་ན་ཁོང་ཚོགས་གཞོན་དུ་འདུག་རྒྱུ་ཁས་བླངས་པ་རེད་ཟེར། ཤར་ཕྱོགས་ཁུག་རྟ་རྒྱུན་ལས་འོས་འདེམས་སྐབས་རྨོག་རུ་བསྟན་པས་སྲིད་སྐྱོང་ལ་ཅིག་མ་འབྲི་ཞེས་ཡང་བཞེངས་ནས་བཤད་པ་རེད་ཟེར། ཡང་ཁ་ཤས་ཀྱིས་བཤད་ན་ཤར་ཕྱོགས་ཁུག་རྟ་དང་སྲིད་སྐྱོང་གི་རྙོག་གླེང་གྲོས་ཚོགས་ནང་དྲི་བ་དྲིས་ལན་བྱེད་ཀྱི་ཡིན་ཅེས་རྨོག་རུ་བསྟན་པས་དང་བླངས་ཁས་ལེན་གནང་བ་རེད་ཟེར། གང་ཤེས། རྗེས་ནས། སྐད་ཆ་འདྲ་མི་འདྲ་གོ་ཡ་འདུག གང་ལྟར་དེང་སང་དབུ་མའི་ལམ་ཟེར་ན་མིས་ཤེས་པ་འདི་གཙོ་བོ་ལས་ཀ་བྱེད་མཁན་ཟླ་བ་ཚེ་རིང་དང་ཤར་ཁུག་གཉིས་ཀྱི་བཀའ་དྲིན་རེད། སྔོན་མ་དབུ་མའི་ལས་ཁང་ནས་ཕར་བྲོས་འགྲོ་མཁན་རྐྱང་རྐྱང་རེད། སྤྱི་འཐུས་ཐོབ་ན་འགྲིག་སོང་ནི་རེད་མ་གཏོགས། དབུ་མའི་ལམ་ལ་སེམས་འཁུར་རྩ་བ་ནས་ཡོད་པ་མ་རེད། ཉེ་བའི་ལོ་གཅིག་གཉིས་རིང་སྲིད་སྐྱོང་གི་བཀའ་དྲིན་ལ། ཤར་ཁུག་གི་བཀའ་དྲིན་ལ། ཟླ་ཚེའི་བཀའ་དྲིན་ལ། ལས་ཀ་དངོས་གནས་བྱས་སོང། ཐ་ན་རྡོ་རྗེ་གདན་དུས་དབང་སྐབས་ཤར་ཁུག་མི་གཅིག་གིས་དཀའ་ལས་རྒྱབ་པ། གསར་འགོད་པ་ཚོས་གསལ་བོར་ཧ་གོ་ཡི་རེད། ཆབ་སྲིད་དཔྱད་གླེང་ཚགས་པར་ལབ་ན། ཚགས་པར་གྱི་དམིགས་ཡུལ་གཏན་འབེབས་གནང་མཁན། མིང་འདོགས་མཁན། རྩོམ་ཡིག་འགོད་སྟངས། རྩོམ་འབྲི་མཁན། ཚགས་པར་བཙོང་མཁན། སྦྱིན་བདག་བཙལ་མཁན་ཚང་མ་ཤར་ཁུག་རེད། ངས་སྐབས་དེར་ངྷ་ས་ནས་ཁོང་ལ་འགྲེམས་སྤེལ་རོགས་པ་བྱས་མྱོང། དྲང་མོ་ཡིན། གང་ལྟར་དབུ་མའི་ལམ་ལས་ཁང་ལབ་ན་ཤར་ཁུག་མི་གཅིག་རེད། ལས་འཆར་ཁོས་བཏིངས། ཁོས་བྲིས། ཁོས་ཚོགས་འདུ་སྐོང། ཁོས་ཁྱབ་བསྒྲགས་བྱས། ང་དངོས་གནས་གསལ་བོ་རྒྱུས་ཡོད། ངས་རྩ་བ་ཉིད་ནས་བསྟོད་ཀི་མེད།་སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་བུ་མོ་ཚོས་ཤར་ཁུག་གི་མིང་ལའང་དབུ་མའི་ལམ་དང་ཇོ་དབུ་མའི་ལམ་ཞེས་འབོད་ཀི་འདུག དེ་ནས་ཆེན་པོ་རྣམས་འགྲེལ་བ་ཞུ་ན། རྒྱ་ནག་དབུ་མའི་ལས་ཁང་གིས་ལན་འདེབས་ན། སྤྱི་ཚོགས་ནང་གི་མཚན་སྨོད་ཞུ་མཁན་ཚོར་ལན་འདེབས་ན། ཚང་མ་ཤར་ཁུག་རེད། ན་ནིང་ཐུགས་ཕམ་བྱུང་སྐབས། ཟླ་བ་ཚེ་རིང་དང་ཤར་ཁུག་གིས་ག་ཚོད་ཤུགས་རྒྱབ་མ་སོང། ཤེས་མཁན་ཅིག་གིས་ཤེས་ཀི་རེད། ༢༠༡༢ ལོའི་དབུ་མའི་ལམ་གྱི་ཉིན་མོ་ག་ཚོད་དྲ་རྒྱས་པོ་ཚགས་ཚུད་པོ། དུས་ཚོད་དང་རན་པ། སྔོན་མ་ཚོགས་པ་ཞིག་ཚོགས་མ་སོང་ངམ། ས་གནས་ཁག་ག་ཚོད་བཙུགས་སོང། དབུ་མ་ཚང་མགོ་ཀྱག་ཆོག་ཆོག་ཅིག་བཟོས་པ་རེད། རྡོ་རྗེ་གདན་ནས་གསར་འགྱོར་ཚོར་བཀའ་སློབ་གཏམ་བཤད་ག་ཚོད་ཡག་པོ་བྱས་མ་སོང། རྒྱ་རིགས་ཚོར་ག་ཚོད་འབྲེལ་བ་བྱས་མ་སོང། ཡིན་ནའང། ཉེ་བའི་ཆ་ནས་དབུ་མའི་ལམ་གྱི་རྒྱུན་ལས་ཁ་ཤས་དང་བློ་བཟང་སེང་གེའི་བཀོད་བྱུས་འོག་གི་མི་ཁ་ཤས་ཀྱིས་ཟླ་བ་ཚེ་རིང་དང་ཤར་ཁུག་གཉིས་ལ་ཆེད་མངགས་གནོན་ཤུགས་སྤྲད་སོང།། དེ་ཚང་མས་ཤེས་ན་ཡག་གི་རེད། ང་ངདོས་གནས་ཤར་ཁུག་ལ་རྒྱུས་ཡོད། རྨོག་རུ་བསྟན་པ་རྒྱུས་ཡོད། དབུ་མའི་ལས་ཁང་ལ་རྒྱུས་ཡོད། ཉུང་ཙམ་བཤད་ཡིན། དེ་རིང་གསལ་བསྒྲགས་འདིའི་ནང་གི་ཚིག་སྦྱོར་ལ་བལྟས་ན་ཚོགས་གཙོ་མདོག་ངན་ལག་ཀྱོག་དེས་གང་མི་ཤེས་ཀྱང། དང་ཤར་བསམ་ཤེས་ལོ་ལོན་རེད་ཝ། གཞོན་སྐྱེས་ཚོ་སྐྱེད་སྲིང་མི་ཐུབ་ནའང། མ་འདོད་པ་འདི་འདྲ་བྱས་ན་ཐབས་སྐྱོ་བོ་མ་རེད་དམ། འདི་དག་ཕྲག་དོག་རེད།། ཤར་ཁུག་གིས་ཚོགས་ཆེན་སྐབས་དང་ཤར་ལ། དབུ་མ་ངོ་སྤྲོད་བྱེད་ན་མི་མང་གི་མདུན་ནས་དེབ་ཀློག་ནས་ཕན་གི་མ་རེད། བྱུང་རིམ་གཅིག་པུ་ངོ་སྤྲོད་བྱས་ནས་ཀྱང་ཕན་གི་མ་རེད།་སོགས་གསུངས་སྟབས་ཁོང་ཚོགས་ཆེན་སྟེེང་རླུང་ལངས་ནས་ཡར་བཞེངས་པ་རེད་ཟེར། དེ་འདྲ་མཆོད་མི་འདུག གང་ལྟར་དབུ་མའི་ལས་ཁང་ན་ཤར་ཕྱོགས་ཁུག་རྟ་འདྲ་བ་ཞིག་གཏན་ནས་མེད། དཔལ་འབྱོར་ཅན་ཡོད་པ་རེད། བླ་རྒན་ཨུ་ཚུགས་ཅན་དེ་འདྲ་ཡོད་པ་རེད།
དབུ་མའི་ལས་འགུལ་ཁང་གིས་གསལ་བཤད་གནང་བ་ཏག་ཏག་རེད། མི་བྱེད་དགུ་བྱེད་ཚང་མ་བྱེད་མཁན་ཤར་ཀུག་རེད། རྩེ་བློ་བཟང་བཀྲ་ཤིས་ཀྱི་མིང་ཐོག་ནས་རང་གིས་རང་ལ་སེམས་གསོ་རེ་བྱེད་ཀྱིན་འདུག་མོད། ད་ཚར་འདུག བླུན་པོ་སྨྲ་བ་མང་ན་ང་ཚོས་ཤར་ཁུག་དབུ་ལམ་དུ་འཛུལ་ནས་ག་རེ་བྱས་མིན་སྐོར་ལ་རྒྱུས་ལོན་ཞིག་བྱས་ཆོག་ཨཱ། དབུ་མ་རྒྱལ་ལོ།
ཤར་ཁུག་འདི་རྩེ་བློ་བཟང་བཀྲ་ཤིས་ལ་སྤྲུལ་ནས་ཡང་འཁྲབ་སྟོན་འགོ་འཛུགས་ཡོང་གི་འདུག། ཧཧཧཧཧཧ། མི་འདིའི་བྱས་བྱེད་འདི་དག་གིས་ཁོ་རང་ཉིད་གཡངས་སར་མགྱོགས་ནས་མྱུར་དུ་འཁྲིད་སོང་། ད་ཚར་འདུག། ཁོར་སྙིང་རྗེ།
ཉོག་བཤད་ལ་ཉན་ཁོམ་དང་ལྟ་ཁོམ་མེད། གང་ལྟར་ཤར་ཁུག་དབུ་ལམ་ལ་མ་དགོས་པ་གསལ་པོ་རེད། ཡག་བྱུང་ཡ།
མདོ་ཁམས་པ་རྨོག་རུ་བསྟན་པ་ལགས། ད་ཐུགས་རྗེ་གཟིགས། སུན་གི གྲྭ་ཆས་དེ་ཅུང་ཙམ་བསམ་བློ་གཏོང་རོགས།།
ཤར་ཁུག་ལགས། ད་དབུ་མ་བློས་གཏོང་། རང་གི་རྩ་བའི་བླ་མ་ཟམ་གདོང་པའི་ལམ་རྙིང་པ་བདེན་པའི་ཨུ་ཚུགས་ལ་ཨུ་ཚུགས་ཀྱིས་ཐོམས།
ལྷ་སྒང་ཟེར་བ་འདིའི་སྐད་ཆ་བཤད་སྟངས་ལ་བལྟས་ན་རྨོག་རུ་བསྟན་པ་ཡིན་ཐག་ཆོད་རེད། དཀོན་མཆོག་གསུམ་རྨོ་རུའི་དྲི་མ་ཞེ་དྲག་ཁ་གི་འདུག
གོ་ཐོས་བྱས་ན་གསལ་བསྒྲགས་འདི་སྤེལ་མཁན་ཡང་རྨོག་རུ་བསྟན་པ་ལགས་རེད་ཟེར་ག མི་འདི་ད་ཡིད་ཆེས་བློ་གཏོད་ས་ཞིག་མི་འགྲོ་བ་ད་ཐག་གཅོད་རེད། དེ་སྔ་གསེར་རྟ་ཚུལ་ཁྲིམས་གཉིས་ཀྱི་བར་ནས་བཤད་ཡམས་སྤེལ་སྟེ་ཡར་སྐད་མར་ལ་བསྐྱལ། མར་སྐད་ཡར་ལ་བསྐྱལ་བ་རེད། དེ་གསེར་རྟ་ཚུལ་ཁྲིམས་ཀྱི་དེབ་ནང་གསལ་བོར་བྲིས་འདུག ཤོག་ངོས་ ༡༨༢ སྟེང་འདུག ཧཧཧཧཧཧ
ཤར་ཁུག་གི་མི་གཞི་དང་སྙིང་སྟོབས་ལ་གླེགས་འཁེལ་ནི་མ་རེད། དེ་གསལ་བོ་རེད། ཁས་མ་བླངས་རང་སྡུག་གྱོང་རེད།
བཤད་རྒྱུ་མེད་ན་ངུ་ལྷབ་མ་རྒྱག་རོགས།
འགན་འཛིན་གཙོ་གཞོན་གཉིས་ཀྱི་མཚན་འཁོད་གསལ་བསྒྲགས་སྤེལ་དགོས་པའི་གནས་སྟངས་ཤིག་གང་ན་འདུག དབུས་རྒྱུན་ཁོང་ཚོ་ནང་ཁུལ་ལ་བཤད་ན་འགྲིག་གཱ དང་པོར་དེབ་ལ་གཟིགས་ན་གསལ་བཤད་མེད་ན་གསལ་བོ་བཟོ་བ་ལས། མིའི་ཁ་རྒྱུགས། བེད་སྤྱོད་འོག་ཕྱིན་ན་ཐབས་སྐྱོ་བོ་མ་རེད་དམ། ང་ཚོ་ཚང་མ་ཉམས་མྱོང་ཅན་ལས་ཀ་བྱེད་མཁན་ཡིན་ཟེར་གི་ཡོད་པ་རེད། ལས་ཀ་བྱེད་སྟངས་འདི་འདྲ་རེད་དམ། ཤར་ཕྱོགས་ཁུག་རྟ་ནས་་་ཞེས་འབྲི་དགོས་དོན་ལ་བལྟས་ན་་་དེ་ག་ཟིག་བེད་སྤྱོད་འོག་ཕྱིན་ཏེ་སྐད་ཆ་བཟོ་འདོད་པ་མ་གཏོགས། གང་ཡང་མིན་པ་ཤེས་མཁན་གཟུར་གནས་ཅིག་གིས་མཐོང་གི་རེད། ཤར་ཕྱོགས་ཁུག་རྟར་སྐད་ཆ་བཟོ་ཐབས་བྱས་ན་ཡང་སྲིད་སྐྱོང་གི་བཀའ་ཡིག་དེ་འདྲ་གནང་གི་རེད་བསམས། ད་སྐད་ཆ་མ་མང་ན་ཡག་གི ་་་་་་ཁྱེད་ཚོས་མི་འཇོན་ན་མི་རབས་གསར་པར་རྩིས་སྤྲོད་གནང་རོགས། རྒད་པོ་རྒན་མོ་ཚོ།།།
ཤར་ཁུག་་་་་་སྐད་བརྒྱབ་ཀི་མ་འདུག དབུ་མའི་ལམ་ཚང་ལ་རྒྱུ་འབྲས་དང་ལ་རྒྱ་ཡོད་པའི་མི་གཅིག་ཀྱང་ཡོད་མ་རེད། ཁྱོད་ངུ་ནས་ཕན་ཐོགས་ནི་མ་རེད།།
ཤར་ཕྱོགས་ཁུག་རྟ་ལགས་ནི་དངོས་གནས་རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཕོ་རྒོད་ཞིག་རེད་འདུག་ཕྲན་གྱིས་ཁོ་པའི་དཔྱད་རྩོམ་ཕལ་ཆེ་བར་དོ་སྣང་ཆེན་པོས་བཀླགས་པ་ཡིན་བཙན་བྱོལ་སྤྱི་ཚོགས་ནང་ལྷག་བསམ་ཅན་གྱི་གཞོན་སྐྱེས་དེ་འདྲ་དཀོན་པོ་རེད་་་ངོ་མ་ཡིན།།
ཤར་ཁུག་རྒྱ་དར་དམར་པོ་ཁྱེར་ནས་རང་རྒྱལ་ལ་མ་ཕྱིན་པ་བྱས་བཙན་འཛུལ་སྤྱི་ཚོགས་ཉུང་ཉུང་ནང་ལ་སྤྲུགས་གང་ཐུབ་བྱེད་ཡས་དེ་རྩ་བའི་བླ་མའི་བཀའ་ཡིན་ནམ
ཤར་ཁུག་དང་པོ་བློ་སེང་གིས་གནས་དབྱུངས་བཏང་། ད་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་རྒྱང་ཕུད་བཏང་བ་ཡིན་ནམ། ང་ལ་ནི་གནས་ཚུལ་གསལ་པོ་གཅིག་རང་ཆགས་མ་སོང་ངོ་།། སྙིང་གཅེས་ཤར་ཁུག་གིས་ཉོབ་ཆ་གཟེད་བགྱིད་འདུག
༼ ཆབ་སྲིད་དཔྱད་གླེང་༽རྩོམ་སྒྲིག་པའི་གཏམ་འགྲིག་མི་འདུག ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་ཁ་ཤས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་མཁན་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་རེད། སྐད་ཆ་དེ་དབུ་མའི་དབུས་རྒྱུན་ནང་ཕན་ཚུན་ལ་བསྐྱལ་མཁན་ཡང་རྨོག་རུ་བསྟན་པ་ལགས་རེད། གོ་ཐོས་བྱས་ན་དེང་སང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་ལངས་ཕྱོགས་འགྱུར་ནས་སྲིད་སྐྱོང་གི་ཕྱག་རོགས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་འཇམ་དབྱངས་བཟོད་པ་སོགས་ཀྱི་ཕྱོགས་སུ་ལངས་འདུག་པ་མ་ཟད། སྤྱི་འཐུས་ཟླ་བ་ཚེ་རིང་གིས་ཅིག་ཅིག་བྱེད་ཚུལ། ཤར་ཕྱོགས་ཁུག་རྟས་ཉིག་ཉིག་བྱེད་ཚུལ་སྙན་གསེང་ཞུ་གི་ཡོད་པ་འདྲ། དེ་འདྲར་བརྟེན་ནས་ད་ཐེངས་ཀྱང་༼ ཆབ་སྲིད་དཔྱད་གླེང་༽སྒོ་ཕྱེས་མ་ཐག གསལ་བཤད་དེ་འདྲ་ཞིག་སྤེལ་བ་དེའང་རྨོག་རུ་བསྟན་པའི་འབད་བརྩོན་རེད་ཟེར། དེ་ཡག་པོ་འདུག སྤྱི་ཚོགས་ཀྱིས་ཤེས་དགོས་པའི་གཤིས་ཀ་འདི་དག་སྦས་ཐབས་མེད་པ་རེད།
གཉིས་ནས། ཤར་ཕྱོགས་ཁུག་རྟའི་སྐབས་བཀའ་ཤག་གིས་དབུ་མའི་ལམ་ས་གནས་ཁག་ཏུ་འགྲོ་དུས་མི་མང་བསྡུ་སྐོང་སོགས་ལ་རྒྱབ་གཉེར་བྱས་མེད་པ་མ་ཟད། དེ་ལས་ཐབས་རྡུག་པོ་གནོན་ཤུགས་སྤྲོད་རྩིས་བྱས་པ་རེད། དེའི་རྐྱེན་དང་ཤར་དང་དམ་ཆོས་དཔལ་བཟང་སོགས་ཀྱིས་སྒོ་རྒྱབ་བཞག་ན་ཞེས་སྡིག་སྐད་མང་པོ་རྒྱབ་པ་རེད་ཟེར། ཡིན་ནའང། ཤར་ཕྱོགས་ཁུག་རྟ་བརྗེ་མཚམས་བཀའ་ཤག་ནས་བཀའ་ཡིག་ཡག་ཐག་ཆོད་ཅིག་གནང་འདུག སྲིད་སྐྱོང་གི་བྱེད་ཕྱོགས་འདི་ལྟར་ཡིན་དུས། དེའི་ཞབས་ནས་སྤྲེལ་ལད་འཁྲབ་མཁན་རྨོག་རུ་བསྟན་པ་དང་དང་ཤར། ལི་ཐང་པ་འཇམ་དབྱངས་སྤྲུལ་སྐུ་སོགས་ལ་ཁག་ཁྱོན་ནས་ཡོད་པ་མ་རེད།
གང་ལྟར། ཤར་ཕྱོགས་ཁུག་རྟ་ཁྱེད་ཚོ་འདྲ་བོ་རྣམ་དཔྱོད་ཕག་གི་མཚུངས་ཟླར་སོང་ཞིང། མི་གཤིས་ཟེར་བ་དེ་སར་གཡུགས་ནས་འགྲོ་མཁན། སྙིང་སྟོབས་ཟེར་བ་དེ་ཝ་ལས་ངན་པ་རེ་ཟུང་གིས་མིང་ཆད་བཟོ་མི་ཐུབ་པ་གསལ་བོ་ཡིན་སྟབས། དཀའ་ལས་མ་རྒྱབ་ན་ཡག་གི་རེད་ལ། ལས་ཆེ་ཆུང་གང་བྱེད་ཀྱང་རྒད་པོ་ཞིག་དང་གྲྭ་ཆས་གྱོན་མཁན་ཞིག སྤྲུལ་སྐུའི་མིང་བེད་སྤྱོད་གཏོང་མཁན་ཞིག་ཡིན་པའི་ཆ་ནས་ལྷག་བསམ་གྱིས་རྒྱབ་མ་འཁྱོགས་ན་ལས་རྒྱུ་འབྲས་མི་འགྲོ་བ་དེ་ཅི་ནས་ཀྱང་ཐུགས་བསམས་བཞེས་དགོས་པ་་རེད་འདོད།
ང་ནི་ཁྱེད་ཚོ་གཅིག་ཏུ་བསྡོམས་པ་ལས་ཀྱང་ཤར་ཕྱོགས་ཁུག་རྟ་འདྲ་བའི་དབུ་མ་པ་གཅིག་ཡོད་ན་དེས་འགྲིག་གི་འདུག་ལ། བོད་མི་རིགས་ལའང་དེས་འགྲིག་གི་རེད་བསམས།།
ད་མང་པོ་མ་བཤད། སུན་སྣང་སྐྱེས་ཀྱི་འདུག
་་་་ ང་ནི་ཁྱེད་ཚོ་གཅིག་ཏུ་བསྡོམས་པ་ལས་ཀྱང་ཤར་ཕྱོགས་ཁུག་རྟ་འདྲ་བའི་དབུ་མ་པ་གཅིག་ཡོད་ན་དེས་འགྲིག་གི་འདུག་ལ། བོད་མི་རིགས་ལའང་དེས་འགྲིག་གི་རེད་བསམས།། ་་་་ཟེར།
ཁུག་རྟ་ཞེས་པའི་མིང་ཅན་དེས་བོད་མིའི་སྤྱི་ཚོགས་ཀྱི་འཆམ་མཐུན་དང་མི་རིགས་ལར་རྒྱ་སོགས་ལ་གནོན་པ་བཏང་མཁན་གྱི་སྐབས་འཚོལ་ལྟོ་གཉེར་པ་ཐལ་ཤ་བ་ཁོ་ག་འགྲོ་དང་ག་འདུག་སར་བཀྲ་ཤིས་པའི་བྱ་ལས་མེད། མི་འདི་འདྲ་རིགས་གཅིག་བྱུང་ན་ཡང་བོད་མིའི་སྤྱི་ཚོགས་ལ་མང་བས་སྐྱོན་ལས་ཉུང་སྐྱོན་མེད། ད་ཡང་ཁོས་སྡུག་སྐད་རྒྱབ་ཀྱི་རེད། ཁོའི་ཟ་ཁ་གཅིག་འགག་སོང་ནི་རེད།
ཤར་ཁུག་བཟང་ངན་ཁོ་རང་གི་བྱ་སྤྱོད་ནས་མཐོང་ཐུབ། དང་པོ་གཞུང་གིས་མ་འདོད་པར་ལས་གནས་ནས་ཕུད། དེ་རྗེས་དབུ་ལམ་ལས་འགུལ་ཁང་གིས་མ་འདོད་ནས་ཕུད། ད་དུང་ཁ་བརྡ་ཚང་ནས་ཀྱང་དྲ་རྒྱའི་སྟེང་རང་འདོད་ལྟར་རྩོམ་ཡིག་བཀོད་ཆོག་པའི་ཐོབ་ཐང་ཕྱིར་བསྡུ་བྱས། ད་ལྟོས་དང་ཤར་ཁུག་ནི་སུ་གང་ལ་མི་འཁྲོད་པའི་མི་མཛེ་ཆགས་ཟིན་པ་རེད། སྙིང་རྗེ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་རྐུབ་ཡང་ནས་ཡང་དུ་བརྡོལ་བ་དེང་སྐབས་བོད་ཕྱི་ནང་ཀུན་ཏུ་གསལ་བོ་ཆགས་ཡོད་སྟབས། སྲིད་སྐྱོང་ཤར་ཁུག་ལ་མི་དགྱེས་པ་དེ་སྲིད་སྐྱོང་ལ་བློ་ཁོག་མེད་པའི་རྟགས་རེད། སྲིད་སྐྱོང་ལ་ཤར་ཁུག་ལྟ་བུའི་ལས་བྱེད་ཚད་ལྡན་ཤེས་ཡོན་ཅན་དགོས་རྒྱུར་སྤྱི་འཐུས་གསུམ་བཞི་ཞིག་དང་བླངས་ཐོག་སྲིད་སྐྱོང་སར་བཅར་ནས་ཞུས་འདུག་ཀྱང། སྲིད་སྐྱོང་མཆོག་གིས་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་རྣམས་ཟུར་དུ་བསགས་བཞག་པ་དེ་མིག་ལ་བསྟན་བྱུང་ཟེར། ཉེ་བའི་ཆ་ནས་དབུ་མའི་ལམ་ཐད་སྲིད་སྐྱོང་ཡོངས་སུ་ཕམ་པ་མ་ཟད། ཤར་ཁུག་གི་བསམ་ཚུལ་རྣམས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཕྱིས་སུ་བཀའ་སྩལ་བ་དང་གཅིག་པ་ཆགས་སྟབས། སྲིད་སྐྱོང་ངོ་ཚ་བ་དེ་ཁག་མེད། ཆབ་སྲིད་དཔྱད་གླེང་ནང་དེ་བས་ཀྱང་གནད་དོན་མང་པོར་ཁ་གསལ་གཏིང་གསལ་བཟོས་ནས་དཔྱད་གཏམ་སྤེལ་འདུག དེ་ལ་སྲིད་སྐྱོང་གིས་སྙིང་ནད་འཛིན་པ་ནི་བློ་ཁོག་མེད་རྟགས་རེད།
དབུ་མའི་ལམ་ལས་འགུལ་ཁང་ལ་ཤར་ཁུག་མེད་ན་དེ་རིང་གི་ཉིན་མོ་འདི་མེད་ལ། སྔོན་མ་རྨོག་རུའི་ལག་ཏུ་ལོ་གཉིས་བཞག་པ་དང་ཤར་ཁུག་གིས་ལོ་གཉིས་ལ་བསྐྱངས་པ་གཉིས་རྦད་དེ་ཁ་ཁ་རེད། རྨོག་རུས་ཚོགས་ཆེན་ཐོག་དགོངས་སེལ་ཞུས་པ་རེད། དེང་སང་སྲིད་སྐྱོང་ལ་སྤྲེལ་ལད་འཁྲབ་ནས་དང་ཤར་རྒན་ཁོག་གི་ཁོག་རྒྱང་གི་ཡོད་པ་རེད་མ་གཏོགས། དོན་དམ་དབུ་མའི་ལམ་ལས་འགུལ་ཁང་ན་སུ་གང་ཡང་ཡོད་པ་མ་རེད། མེད་ནའང་འགྲིག་པའི་ཚོགས་པ་གཅིག་རེད།
བློ་སེང་གི་ཨབ་ཕྲུག་ཚོས་ཤར་ཁུག་གཅིག་པོར་ཁ་གཏད་གཅོག་ཁུལ་གྱིས་ཆུ་ཚོད་མང་པོ་འཕྲོ་བརླག་ལ་གཏོང་གི་འདུག ཡིན་ནའང། དེ་འདྲ་མ་རེད། བདེན་པ་ཟེར་བ་དེ་མི་གཅིག་ཡིན་ཡང་ག་ཚོད་ནུས་པ་མི་འདུག་གམ། ཁྱེད་ཚོས་གླེགས་འཁེལ་མདོག་ཅིག་ངས་མཐཽང་གི་མི་འདུག ཧཧཧཧཧ
ཁུག་རྟ་རྒྱལ་ལོ། དབུ་མ་རྒྱལ་ལོ།།
་་་་་་ ཆབ་སྲིད་དཔྱད་གླེང་ནང་དེ་བས་ཀྱང་གནད་དོན་མང་པོར་ཁ་གསལ་གཏིང་གསལ་བཟོས་ནས་དཔྱད་གཏམ་སྤེལ་འདུག དེ་ལ་སྲིད་སྐྱོང་གིས་སྙིང་ནད་འཛིན་པ་ནི་བློ་ཁོག་མེད་རྟགས་རེད། ་་་་་ཟེར།
ཤར་ཁུག་རྡོ་རྗེས་ཅིག་བཤད་ཁུལ་བྱས་འདུག་ཀྱང་རང་མགོ་དགྲ་འཁྲིད་མ་གཏོག་ཅི་ཡོད། ད་སྡུག་སྐད་རྒྱབ་ཀྱང་ཕན་པ་མེད། བོད་པའི་སྤྱི་སྒེར་སུ་ལ་ཡང་དགོས་མཁོར་མེད་པའི་ནང་རུལ་པ་ཤར་ཁུག་ཁྱེད། སྲིད་སྐྱོང་བློ་སེང་ལ་བློ་ཁོག་ཡོད་དང་མེད་ཀྱིས་སྐད་ཆ་བཤད་རིན་མེད། ཁོང་ད་ལྟར་བོད་པའི་དབུ་ཁྲིད་བླ་ན་མེད་པ་དེ་རེད། ཁོང་ལ་བློ་ཁོག་མེད་ན་བོད་མིར་བློ་ཁོག་མེད་སོང་བ་རེད། ངོ་ཚ་རྒྱུ་མེད་པའི་ཤར་ཁུག་འདིའི་བྱ་སྤྱོད་ལ་ལྟོས་དང་། བོད་གཞུང་གི་ལས་གླ་ནས་ཕུད་ནས་ག་འགྲོ་འདིར་འགྲོ་མེད་པའི་སྐབས་སུ་རྨོག་རུ་བསྟན་པས་ཁོ་བདག་པོ་རྒྱབ་ནས་ཁོའི་ལྟོ་རྒྱབ་འཚོ་བ་རེད། ཁོ་རང་ལ་ཁ་རྒྱབ་བསོལ་མཁན་གྱི་ཚོགས་སྡེ་མི་སྒེར་ཡོད་ཚོད་ལ་ཁོས་ནང་དམེར་བྱེད་རྒྱུ་ནི་ཁོའི་མི་གཤེས་རེད།
དབུ་མའི་ལམ་ལས་འགུལ་ཁང་གི་ནང་ལ་མི་མགོ་བདེ་སྐྱག་རྫུན་ཚ་བོ་ཁྱི་འདྲ་བོ་རྐྱང་རྐྱང་འདུག ལྷག་པར་ཡོན་ཏན་རྒྱ་མཚོ་ཟེར་བ་དེ་ནི་རྫུན་མ་རང་འཁྲེལ་མཁན་ཞིག་རེད། རང་དོན་ཆེད་དུ་སྐུ་སྒར་གྱི་ས་ཆ་ཡིན་ཡང་རང་བདག་གཉེར་བྱས་ནས་བསྡད་ཡོད་ལ། རྡ་སའི་མི་རྒན་ཚང་མའི་ཤེས་ཀྱི་རེད། ད་ལྟོས་དང་མི་འདི་འདྲ་བ་རྐྱང་རྐྱང་གི་དབུ་མའི་ལམ་གྱི་ལྟ་གྲུབ་ལ་འགལ་རྐྱེན་བཟོ་རྒྱུ་རེད།