ཨོ་རྒྱན་ཉི་མ།
ངས་ལྟ་སྟངས་ནོར་མེད་ན་བན་བོན་གཉིས་ཀའི་བསླབ་པ་མི་སྲུང་བར་གང་དྲན་བྱེད་བསྡད་པ་དང་། ཧམ་པ་སུ་ཆེ་ལས། ཆོས་པ་སུ་ཡིན་དང་། ཆོས་རྣམ་དག་སུས་སྒྲུབ་ཀྱིན་ཡོད་པར་དོ་སྣང་མེད་པ་དང་། ལོ་རྒྱུས་རྫུན་མ་བཟོ་བ། ཁུངས་མེད་ལུང་མེད་ཀྱི་ཞང་ཞུང་རིག་གཞུང་དང་། ཏུན་ཧོང་ཡིག་རྫུན་ལ་གཙིགས་ཆེར་འཛིན་པ་དང་། རིག་གཞུང་གསར་རྙིང་གཉིས་ཀའི་ཤེས་ཡོན་གྱིས་དབུལ་ན་ཡང་། གསར་ཞེན་མེ་ལྟར་འབར་ཞིང་། འདི་བྱས་དང་དེ་བྱ་ཡི་དམིགས་འབེན་མེད་པར་བྱང་རྒྱལ་དུ་སྨྲ་བ་འདི་དག་གིས། ད་ལྟ་ང་ཚོར་ཕུན་སུམ་འཚོགས་པའི་རིག་གཞུང་མདོ་སྔགས་རིག་གནས་དང་བཅས་པ་དང་། ཆོས་འབྱུང་དང་རྒྱལ་རབས་ཚད་ལྡན་དག་ལ་སྨད་པ་ཉག་གཅིག་ལས། ཕུང་གསུམ་པ་དང་། ལོ་རྒྱུས་རྫུན་མ། ཞང་ཏུན་རིག་གཞུང་གིས་ང་ཚོར་ཕན་ཐོགས་སྐར་གང་མེད་པ་མཐོང་ཆོས་མངོན་གྱུར་རེད། དྲང་པོ་བཤད་ན་མྱི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ། ཟེར་བའི་དཔེ་ལྟར་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་དུས་བསྟན་པ་དཀྲུག་སོང་ཟེར། གནས་སྐབས་དང་། མཐར་ཐུག་གི་ཕན་གནོད་ལ་བསམ་བློ་མི་གཏོང་བར་ད་ལྟའི་མི་ཆེན་ཚོའི་དགོས་མཐོ་བསྐང་བ་གཙོར་འདོན་གྱི་སྐད་ཆ་བཤད་ན་དྲང་མོ་དང་། བདེན་པ་རེད་ཟེར། ཏུན་ཧོང་ཡིག་རྫུན་ནང་དུ་བོད་དང་། རྒྱ་ནག བོན་པོ། བན་དེའི་ལྟ་གྲུབ་དང་། ལོ་རྒྱུས་ཁག་མང་པོ་ཞིག་ཡོད་ཚོད་རེད།
འདི་དག་ཚང་མ་བོན་པོ་གཙོར་བྱས་པའི་རང་རང་གི་མངོན་འདོད་བསྒྲུབ་ཕྱིར་བཟོས་བཞག་པ་ཞིག་ལས། ཆོས་རིག་གཉིས་ལ་ཕན་ཐོགས་ཡོད་པའི་གཏམ་ཞིག་གང་ཡང་མཐོང་གི་མི་འདུག གལ་སྲིད་དེའི་ནང་དུ་བན་དེའི་ལྟ་གྲུབ་དང་། ཆོ་ག ལོ་རྒྱུས་བརྗོད་པའི་ཡིག་ཚོགས་ཡོད་པས། རྫུན་དུ་མི་རུང་ངོ་ཞེ་ན། དེ་ནི་རྫུན་མ་བཟོ་མཁན་ཚོའི་བྱས་སྟངས་ཤིག་རེད། གང་ཞིག་རྫུན་མ་བཟོ་བ་ལ་དང་པོ་དཔེ་ཆོད་བྱེད་ས་ཞིག་དང་། རྒྱབ་བརྟེན་ཞིག་ཡོད་མདོག་མ་བྱེད་ན་རྫུན་མ་བཟོ་ལུགས་མེད་པ་རེད། རྫུན་མ་བཟོ་ཡོང་དུས་དངོས་པོ་གང་ཞིག་རྩ་བ་ཆེན་པོ་ཞིག་དང་འདྲ་བས་རྫུན་མ་བཟོ་བ་ལས། དམིགས་ཡུལ་དང་། གཏད་སོ་མེད་པའི་རྫུན་བཟོ་མཁན་ནི་སྨྱོན་པ་རེད། དེ་ཕྱིར་བོད་པའི་ཆོས་རྒྱལ་དག་གིས་ཕྱི་ནང་གི་རྐྱེན་ངན་དང་གོད་ཆག་མང་པོ་བགྲོད་པའི་མཐར་ད་ལྟའི་ཕུན་སུམ་ཚོགས་པའི་རིག་གཞུང་འདི་བསྐྲུན་ཐུབ་པ་རེད། ནོར་བུ་རང་ལག་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་དགོས་པ་ལས། ནོར་བུ་གཞན་ལག་ཏུ་ཤོར་ཟིན་དུས་རྡུག་སྐད་འདོན་ན་ཡང་ཕན་ཐོགས་གང་ཡོད་དེ། དཀའ་ངལ་ཆེ་རོགས་རེད། དེ་ཕྱིར་དགོས་མེད་ཀྱི་ཞང་ཞུང་རིག་གཞུང་དང་། ཏུན་ཧོང་ཡིག་གེ་ལ་མགོ་མི་འཁོར་བར་ཆོས་པ་ཡིན་ན་ཆོས་པ་རྣམ་དག་ཅིག་དང་། འཇིག་རྟེན་པ་ཡིན་ན་འཇིག་རྟེན་པ་རྣམ་དག ཆབ་སྲིད་པ་ཡིན་ན་ཆབ་སྲིད་པ་རྣམ་དག་གི་ལམ་ཁར་ཕེབས་ན། བོད་ཀྱི་ཚེ་སྲོག་དེ་ད་དུང་འཇིག་རྟེན་འདི་ནས་ཡུན་རིང་འཚོ་ཐུབ་ངེས་རེད།
དེ་མིན་ཁུངས་མེད་ཀྱི་རིག་གཞུང་དང་། དོན་མེད་ཀྱི་ཡིག་ཚོགས། བདེན་མིན་གྱི་མི་བུ་དག་ལ་སྐྱབས་སུ་བཅོལ་ཏེ། ད་ཡོད་ཀྱི་རིག་གཞུང་ལ་སྨྱན་བཏགས་བསྡད་ན་བོད་ཀྱི་ཤ་ཁྲག་མེད་མི་སྲིད་ཀྱང་། བོད་ཀྱི་རིག་གཞུང་དང་། བསམ་བློའི་ཁྱད་ཆོས་དག་བརླག་ངེས་སོ། །ངས་འདི་ནས་སྐད་ཆ་ཚིག་གསུམ་བཤད་དུས་ཆོས་ལུགས་བར་དཀྲུག་སོང་ཟེར། ཆོས་ལུགས་དང་། ཆོས་ལུགས་པའི་བར་མཐུན་འབྲེལ་དང་། འགལ་བ་བྱེད་མིན་ཁྱེད་ཅག་ལ་རག་ལས་པ་རེད། ངས་བཟང་པོ་ལབ་ན་ཁྱེད་ཅག་མཐུན་འགྲོ་བ་དང་། ངས་ངན་པ་ཞིག་ལབ་ན་ཁྱེད་ཅག་འགལ་འགྲོ་བ་ལྟ་བུའི་བྱེད་པ་པོ་ཞིག་གཏན་ནས་མིན། དེ་ཕྱིར་རང་འགོ་ཉི་མ་ཆོས་ཀྱིས་འདོན་པ་ལས་མི་དཀར་འགོ་ལ་ཞ་ནག་མ་གཡོག་རོགས། ངས་སྐད་ཆ་བཟང་ངན་བཤད་པ་ཙམ་གྱིས་གཏོར་བ་དང་། འདུམ་ནུས་ན་ཁྱེད་ཅག་དེ་འདྲའི་ཅོལ་ཆུང་ཞིག་དང་། ཀླད་མེད་ཅིག་རེད་ཡ།
ཏུན་ཧོང་ཡིེག་རྙིང་བོན་པོས་རྫུན་བཟོ་བྱས་པ་རེད་ཨེ། ཁྱོད་ཀྱིས་རང་ཉིད་བོན་པོ་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་དེང་དུས་ལོ་རྒྱུས་སྨྲ་བ་ཚོས་གཙིགས་ཆེར་འཛིན་ཞིང་དངོས་གཙོ་སྨྲ་བའི་དཔྱད་འབྲས་ཀྱིས་བདེན་དཔང་བྱས་པའི་རྩ་ཆེའི་ཡིག་རྙིང་འདིའང་ཡལ་བར་འདོར་ཕོད་པ་འདི་ལས་མཚར་བ་མ་བྱུང་། ད་ཁྱོད་ཀྱིས་དེང་དུས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོ་དང་དངོས་གཙོ་སྨྲ་བ་རྣམས་ཀྱང་བོན་པོ་རེད་མི་ཟེར་བའི་ངེས་པ་མི་འདུག ཁྱོད་དངོས་གནས་ཟེར་རྒྱུས་ཕུངས་པ་འདྲ། ལོ་རྒྱུས་རྫུན་བཟོ་བྱས་པ་རྣམས་ཀྱིས་བོད་ཀྱི་ངོ་གདོང་རྩ་མེད་བཟོ་བཞིན་པ་ལོས་བདེན་ཏེ། དེ་ལྟར་བཟོ་མཁན་རྣམས་ཀྱིས་བོད་ཀྱི་མིའི་རུས་རྐང་དང་རིག་གཞུང་ཡོད་ཚད་ཀྱི་ཁུངས་ཕྱི་ལ་གཏུགས་ཏེ། ཕྱིའི་འཁྱམ་པོ་དང་ཇག་པ་བོད་ཡུལ་དུ་དྲངས་པའི་བླུན་རྟགས་དང་བྱས་ཉེས་ལ་འུད་བསྟོད་བྱས་པ་འདི་དག་བོད་མི་རིགས་ཀྱི་སྲོག་རྩ་གསོན་འབྲེག་དང་སྙིང་དམར་སྤར་འདོན་བྱས་པ་རེད། ལོ་རྒྱུས་རྫུན་བཟོ་བྱས་པའི་བྱ་འགུལ་ཆེ་ཤོས་ནི་དུས་རབས་བཅུ་གཅིག་པ་ནས་བྱུང་ཞིང་། ཐ་ན་རྒྱ་གར་གྱི་དཔེ་ལའང་སྒྲོ་མང་པོ་བཏགས་ཏེ་ཕྱི་མོའི་རྒྱ་དཔེ་ལ་ཚིག་ཟུར་ཙམ་ཡང་མེད་ཀྱང་བུ་དཔེ་བོད་འགྱུར་མར་རྣ་འཐེན་ནས་ཁ་ལ་ཨེ་ཐུག་གི་ཨུ་ཚུགས་བྱས་པའང་ཡོད་ཅིང་། ཁུངས་མེད་ཀྱི་ལུང་རྫུན་དེ་དག་གིས་ཁྱོད་དང་ཁྱོད་ལྟ་བུའི་ཨུ་ཚུགས་དང་མུན་འཕྱན་པ་ཁྱུ་གཅིག་གསོ་སྐྱོང་བྱས་པ་རེད། བོན་པོས་ལོ་རྒྱུས་རྫུན་བཟོ་བྱས་སོང་ཟེར་ནས་རི་བོང་གནམ་རྡིབ་ཀྱི་སྡུག་སྐད་དེ་མ་བསྒྲགས་པའི་སྔོན་ལ་འཇམ་དཔལ་རྩ་རྒྱུད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ། པདྨ་མ་བཀའ་ཐང་དང་མ་ཎི་བཀའ་འབུམ། བཀའ་ཆེམས་ཀ་བཀོལ་མ་སོགས་བགྲང་ན་ཕྲེང་བས་མི་འདངས་བའི་དཔེ་རྫུན་དེ་དག་ལའང་བསམ་གཞིགས་བྱ་འོས་མོད། བོན་ ཟེར་བའི་ཡི་གེ་འདི་མཐོང་ཙམ་ཉིད་ནས་མིག་རྩ་དམར་པོར་འགྱུར་འགྲོ་བའི་ཁྱོད་ལ་ནི་དེ་འདྲའི་བློ་རྒྱ་ཞིག་ག་ལ་ཡོད་དེ། ཡོད་ན་ཚད་འདི་འདྲ་ཞིག་ཏུ་ལྷུང་བར་མི་འགྱུར་རོ། ཏུན་ཧོང་ཡིག་རྙིང་བོན་པོས་བཟོས་པ་རེད་ཟེར་བ་འདི་ཁྱོད་འཇིགས་ས་ཞིག་ཡོད་པས་བཤད་པ་ཡིན་ཏེ། དེ་ནི་ཡིག་རྙིང་དེའི་ནང་དུ་པདྨ་འབྱུང་གནས་ཟེར་བའི་མི་སྣ་ཞིག་མེད་པས་རྐྱེན་གྱིས་རེད། དེ་འདྲའི་ལ་རྒྱ་འཛིན་སྟངས་འདི་འདྲ་ཁྱོད་ལྟ་བུའི་གླེན་པ་ཕྱོགས་ཞེན་ཅན་གྱིས་ནུས་པ་ལས་གྲུང་པོ་ཕྱོགས་ཞེན་ཅན་གྱིས་ནམ་ཡང་ནུས་པ་མ་ཡིན། དེ་བས་ངས་ནི་ཁྱོད་གྲུང་པོ་ཕྱོགས་ཞེན་ཅན་ཞིག་ཡིན་ན་ཆོག་པ་ལའང་སྙམ་མོད། ལས་ངན་པ་འདི་ལ་ཕྲན་ཕར་ཟད་སངས་རྒྱས་ཀྱིས་ཀྱང་དོ་ཟླ་བྱེད་མ་ནུས་པས་བྱ་ཐབས་ཟད། དེ་རིང་དེ་ཙམ་ཡིན། རྒྱུ་མཚན་འདྲེན་དགོས་པ་འདྲ་ཡོད་ན་རྗེས་ནས་བཤད་ཆོག གྲོང་གི་ནག་མོའི་ཅོ་འཛིང་ལྟ་བུའི་ཁྱོད་ཀྱི་གཏམ་ཡོད་ཚད་ལ་རེ་རེ་བཞིན་དུ་ལན་རྒྱག་ཐུབ་མིན་མི་ཤེས་ཏེ་མ་ཐུབ་ན་ཅིས་ཀྱང་ཁྲོ་བ་མི་མཛད་པར་མཁྱེན། །
དཀོན་མཆོག་མཁྱེན་་་ད་ཡིན་ན་ཨོ་ཉི་ངོ་མ་སྨྱོན་ཡོང་གི་འདུག་ཡ་་་་་གུ་རུ་རིན་པོ་ཆེན་མཁྱེན་་་བཀོར་ཕོར་དེའི་ཆེད་དུ་བོད་མི་རིགས་རྩ་མེད་ཕྱིན་ན་ཕྱིན་བསམས་ཀྱི་ཡོད་པར་མངོན་གསལ་རེད་འདུག་་་ཨ་ཁཁཁཁཁ
ཞང་ཞུང་དང་། ཏུན་ཧང་ཡིག་ཆའི་རྗེས་སུ་རྒྱུགས་མཁན་ཚོས་བོད་ཀྱི་སྲོག་གཅོད་པ་ལས། གཞན་པ་ཞིག་གིས་ཁག་པོ་རེད། བོད་ལ་ཞང་ཞུང་རིག་གཞུང་ལས་མེད་ན་ཞབས་འདྲེན་ཞུ་ཚར་བ་རེད། ངོ་མ་ཁྱེད་ཅག་ལམ་ནོར་ཐེབས་འདུག ཤ་ཚ།
ཨོ་ཉི། ད་ཁྱོད་ཆགས་སྡང་གིས་སྨྱོས་ཟིན་པ་འདྲ། ངོ་ཚ་མེད་པའི་ཐ་ཤལ་ཁྱོད་འདྲ་བའི་མི་ལ་ཁ་ཏ་བསླབ་བྱ་བྱེད་པ་ནི་ཁྱིས་མི་ལ་བསླབ་བྱ་རྒྱག་པ་དང་གཅིག་པ་རེད། ཏུན་ཧོང་ཡིག་རྙིང་བོན་པོས་རྫུན་བཟོ་བྱས་པ་རེད་ཟེར་ན་ཁྱོད་རང་གི་སྐྱེས་དམན་དེས་ཁྱོད་ལ་བདེན་ཁ་སྟེར་ན་མ་གཏོགས་སུ་གཅིག་གིས་རྣ་བར་འགྲོ་གི་མ་རེད། ཏུན་ཧོང་ཡིག་རྙིང་ནང་ཁྱོའི་འཚང་ལ་ཕོག་པའི་སྐད་ཆ་ཁ་ཤས་ཡོད་པ་ཙམ་གྱིས་རྫུན་མ་ནམ་ཡང་སྒྲུབ་མི་ཐུབ། སྤྱིར་བཏང་བོད་ཀྱི་གཏམ་དཔེར། ‘མི་གནོང་ཡོད་དེ་འཁྲོ། །’ཟེར་བ་ངོ་མ་བདེན་པ་རེད།
ངེད་ཅག་ཚང་མ་ལམ་ནོར་ཐེབས་ཡོད་ན། ལམ་ནོར་མ་ཐེབས་མཁན་ཁྱོད་བཟའ་ཚང་གཉིས་པོ་ཡིན་རྒྱུ་རེད་་་་ཧཧཧཧཧཧཧ
ཨོ་རྒྱན་ཉི་མ་ལགས། ཁྱེད་ལས་སོགས་པ་དེང་སང་གི་རྙིང་མ་པ་ཉུང་ཤས་ཞིག་གིས་རྙིང་མའི་ཆོས་ཕུགས་དཀར་འདོན་ཆེད་དུ་བོན་པོའི་ལོ་རྒྱུས་དང་ཏུན་ཧོང་ཡིག་རྙིང་དག་རྫུན་བཟོར་སྒྲུབ་བཞིན་འདུག་མོད། འོན་ཀྱང་དེའི་ཤུགས་ལས་མ་ནུ་བཀའ་འབུམ་དང་། བཻ་ཌཱུར་དཀར་པོ། ཆོས་འབྱུང་མེ་ཏོག་སྙིང་པོ། འཇུ་མི་ཕམ་གྱི་ཇུ་ཐིག ལྡེའུ་ཆོས་འབྱུང་སོགས་དུ་མ་ཞིག་རྫུན་དུ་འགྱུར་བར་ཤེས་པར་གྱིས་ཤིག །
བན་བོན་མཉམ་གནས་འོངས་བའི་བཀྲ་ཤིས་ཤོག །
ཨ་ད་འདིར་ཡང་རང་གཞན་མགོ་ན་དགོས་པའི་རྩོམ་ཞིག་བསྐྱལ་འདུག རྒྱ་གུང་བྲན་གྱིས་བོད་རྩ་བླག་ཏུ་གཏོང་ལ་ཁད་དུ། རྒྱལ་བ་རིན་པོ་ཆེས་གཙོས་ཕྱི་ལ་ཞུགས་པའི་བོད་པ་ལྷག་བསམ་ཅན་པོ་མང་ཆེ་བ་དང་། དེ་བཞིན་བོད་ནང་གི་མི་དམངས་རྣམས་ཀྱིས་ཤུགས་བརྒྱབ་ནས་རེ་བ་ཐན་ཐུན་ཞིག་ཤར་སོང་སྙམས་དུས། ཕྱི་ལ་རྙོག་ཁྲའི་ཕད་ཀོག་ད་རུང་བསྔོགས་མི་ཚར་བ་འདི་ཡ་མཚན་རེད།
བོན་པོའི་ཆོས་ལུགས་ཀྱིས་མི་མང་པོར་ཕན་ཐོག་པ་བཞིན་རྙིང་མའི་ཆོས་ལུགས་ཀྱིས་དེ་ལྟར་བྱེད། ད་ཕན་ཚུན་ཏོག་ཙམ་འདྲ་ས་ཡོད་པ་དེ་ལ་སྡང་ནས། རྐུན་མ་ལ་འཇག་པ་ཕོག་པའི་རྣམ་འགྱུར་འདི་འདྲ་བཏོན་ན་གྱོང་སུ་ལ་རག གྱོང་རྙིང་བོན་གཉིས་ལས་གཞན་སུ། ད་རྙིང་བོན་གཉིས་ཀ་སོ་སོའི་ཆོས་ལ་ལ་རྒྱ་ཡོད་པ་རྣམས་ཀྱིས། བསམ་བློ་རྒྱ་ཆེན་པོ་བཏང་ནས་ག་ལེར་བརྩོད་པ་འདི་ཆོས་ཕྱོགས་ལ་ཞི་ན་དགའ།
འཛམ་གླིང་ཆོས་ལུགས་ཞི་བདེ་ཟེར་བ་དང་། ཆོས་ལུགས་རིས་མེད་གཡུག་ཞོག རྙིང་བོན་གཉིས་ཀྱི་ཐུས་མི་བཏང་ནས། རྙིང་བོན་གྱི་ཐུན་མོང་གི་ལོས་རྒྱུས་དང་ཆོས་ཀྱི་ཁྱད་ཆོས་རྣམས་གླེང་ནས་མཐུན་ཐབས་བྱས་ན་བཟང་། འགྲོ་བ་མང་ཆེ་བར་ཕན་ཚུན་མཐུན་ས་བརྙེད་གང་ཐུབ་བྱས་ནས་ཐུན་མོང་གི་བབ་ས་གཅིག་ཨེ་བརྙེད་བལྟས་ནས་མ་འོངས་ཀྱི་བདེ་སྐྱིད་འཚོལ་བཞིན་པ་དེར། ང་ཚོའི་རྙིང་བོན་གཉིས་ཐུན་མོང་གི་བབ་ས་འདུག་ཟེར་ནས་ཕན་ཚུན་གསོད་ལ་ཁད་བྱེད་པ་འདི་ཆོས་པའི་རང་གདངས་ངོ་མཚར་ཅན་ཞིག་ལ་འགྲོ། ངོ་མ་བོན་རྙིང་གི་རྗེས་འཇུག་རྣམས་བསམ་བློ་ཕུགས་ལ་གཏོང་རན་འདུག
ཁྱོད་ཚོ་འདིར་ཡོང་མཁན་གྱི་བོན་རྙིང་མིང་འཛིན་པ་རྣམ་པའི་སྤྱོད་པར་ལྟ་དུས། ངོ་མ་ཁྱོད་ཚོའི་ཆོས་ཀྱི་ཤེས་བྱ་འདི་རང་རྒྱུད་འདུལ་མི་ཐུབ་པ་འདི་གསལ་པོ་འདུག འདིས་ཁྱོད་གཉིས་ཀྱི་ཆོས་ལུགས་ཀྱི་ཁྱད་ཆོས་ཅི་སྟོན་བཞིན་ཡོད་དམ། བསམ་བློ་གཏང་རན་འདུག ཁྱོད་གཉིས་སེམས་ནང་ལ་ཆགས་སྡང་འདི་འདྲ་བསགས་ནས། རྫོགས་པ་ཆེན་པོའི་འོད་གསལ་ཇི་ལྟར་གསལ་རྒྱུ་ཡིན་ནམ། ཕན་ཚུན་དགྲ་ནག་གི་འདུ་ཤེས་འདི་འདྲ་འཛིན་ནས་ལྷན་སྐྱེས་གཉུག་མའི་འོད་གསལ་ཇི་ལྟར་གསལ་རྒྱུ་ཡིན་ནམ། སྔ་དགོངས་ཁ་ཏོན་ག་རེ་འདོན་གྱི་ཡོད།
ཁྱོད་ཀྱིས་ཞང་ཞུང་བོད་ཀྱི་ཆ་ཤས་མ་རེད་ཟེར་གྱི་ཡོད་པ་འདྲ། དེ་ཨེ་རེད།
རྒྱང་ལྟས།
བོན་ལུགས་རྙིང་ཆོས་རྙིང་དྲགས་སམ། །
རང་ལྟ་མ་བྱས་རྒྱང་ལྟ་བྱས། །
རྒྱང་ལྟས་རང་གཞན་གཉིས་ཕུང་བཏང་། །
བོན་རྙིང་གཉིས་ཀྱི་བར་ན་དཀྲུགས། །
ཀརྡོས།
བསམ་ཤེས་ལགས་ཀྱིས་བཤད་པ་བདེན། ཁོ་བོས་ཀྱང་ད་ལྟའི་ཆར་བོད་ཁམས་འདིར་ཆོས་ལུགས་ག་གེ་མོའི་རྒྱུད་འཛིན་ཡིན་ཟེར་ནས་ས་སྒྲོག་གནམ་སྒྲོག་བྱེད་མཁན་ཆེ་ཆུང་མང་དུ་ཡོད་ཀྱང་དོན་གྱི་ཆ་ནས་བསྟན་པ་ག་གེ་མོའི་དམ་ཚིག་ལ་རྨ་འབྱིན་མཁན་ལས་བསྟན་འཛིན་གཤའ་མ་ཞིག་ནི་ཉི་མོའི་སྐར་མ་ལྟར་དཀོན་པར་མཐོང་། དེར་བརྟེན་ངེད་ཀྱིས་གང་བཤད་པ་རྣམས་ལོ་རྒྱུས་ཀྱི་བདེན་རྫུན་འབའ་ཞིག་ལ་གཟས་པ་ལས་ཆོས་ལུགས་ག་གེ་མོར་གཏན་ནས་གཟས་མེད། ལྷག་པར་དུ་ཡང་འོ་ཉིའི་བྱ་སྤྱོད་ལྟ་བུའི་ཁུངས་མེད་ཀྱི་འུར་གཏམ་སྒྲོག་པ་ལ་མི་དགའ་ཞིང་མ་གོམས་པས་དེས་སྐྱོན་གྱིས་ཟིན་པའང་དེ་བས་མེད།
ཨ་ཙི་ཡང་བན་བོན་གྱི་དམག་འཁྲུག་གི་མགོ་གཙུགས་ཚར་འདུག བན་དེའི་དམག་དཔོན་དེ་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རེད་བཞག བོན་པོ་དམག་དཔོན་དེ་སུ་ཡིན་མེད་པའི་མིང་ཙམ་རེད་བཞག དེས་ཀྱང་བདེན་རྫུན་ཞིག་གསལ་བོར་མཚོན་ཀྱིན་ཡོད་པ་རེད། ཡིན་ན་ཡང་ངོ་གདོང་དངོས་སུ་སྟོན་མི་ཕོད་པའི་དྲ་རྐུན་ང་ལྟ་བུ་ཚོས་གང་ལབ་ལབ་རེད། དེ་བས་ཁྱེད་བོན་པོ་ཤ་ཞེན་ཅན་ཚོས་དྲ་ཐོག་ནས་མིང་རྫུན་བཀོལ་ནས་སྡུག་སྐད་དང་ལྐོག་ལབ་ཀྱིས། སངས་རྒྱས་ལ་ངན་སྨད། གུ་རུ་རིན་པོ་ཆེ་ཕྱི་མྱི། མཁན་སློབ་ཆོས་གསུམ་བདུད་དུ་སྒྲུབ་ཀྱང་ཁྱོད་ཚོར་བཤད་རྒྱུས་ཕུང་པ་ཙམ་རེད། རང་ཁུངས་མ་འཆོལ་ནས་ཚིག་པ་ཕ་ལ་ཟ་ན། །ངན་སྨོད་མ་ལ་རྒྱབ་ཟེར་དེ་རེད། དེ་བས་འཛམ་གླིང་འདི་ཅི་འདྲ་རྒྱ་ཡངས་ཤིང་རྒྱ་ཆེ་བས་ཞིང་འདིར་ནས་ངོ་དང་ངོ་། གདོང་དང་གདོང་སྤྲད་ནས་ཞི་དུལ་གུས་བཀུར་བཅས་པས་གཟུར་གནས་བློ་གྲོས་ལྡན་པའི་བགྲོ་གླིང་བྱས་ན་བཟང་ངམ། བན་དེ་ཡིན་ཟེར་བའི་ངོ་གཉིས་པ་འགའ་རེས་རིས་མེད་དང་དག་སྣང་བརྗོད་ཀྱང་བན་བོན་གཉིས་ཀ་བདེན་མཉམ་དང་རྫུན་མཉམ་ཞིག་ནམ་ཡང་འབྱུང་མི་ཐུབ། དེ་བས་རང་རང་ས་ནས་བདེན་ཁ་སྟེར་ན་མི་བཟང་ངམ། བདེན་པ་བཤད་ན་ངས་བོན་པོ་ལ་ངན་ཚིག་འགའ་རེ་ཤོར་མྱོང་། གང་ཡིན་ཞེ་ན། མཁན་སློབ་ཆོས་རྒྱལ་དམ་པ་ཚོས་གཡོ་སྒྱུས་བྱས་པ་སོགས་གཞི་མེད་ཀྱི་ཀྱི་ཉེས་འཛུགས་བྱེད་ཀྱིན་འདུག འདི་དག་དེང་དུང་བོན་འདི་ཚོས་ཁོག་ན་དུག་བཞིན་བག་ཆགས་ངན་པ་ཞིག་ཡོད་པ་ལྔ་ལ་བུད་པ་རེད། འདི་རྙིང་མ་གཅིག་པུ་ལ་སྡང་བ་ཅི་མ་རེད། ས་དགེ་བཀའ་ཇོ་སོགས་ནང་བསྟན་ལ་ཁུར་མི་ཐུབ་པའི་ཞེ་འཁོན་རྩོད་པའི་ཁོག་ནག་བྱེད་པ་རེད། ནང་པ་ཡིན་ཟེར་བ་ཚོས་རེས་དག་སྣང་སྦྱང་ཐུབ་བམ། དེ་འདྲའི་དག་སྣང་དང་རིས་མེད་དེ་ཁྱི་སྐྱག་རེད། ནམ་མཁའ་དང་ལག་འཐིལ། སངས་རྒྱས་དང་སེམས་ཅན་མཉམ་སོང་བའི་བླ་མ་ཡིན་ཁ་ཁ་རེད། རྩད་ཀྱང་དགོས་དོན་ཡོད་མ་རེད། དག་པ་རབ་འབྱམས་ཤར་ཟིན་པ་རེད། དཔེར་ན། མི་ཕམ་དང་ཤར་རྫ་སོགས་རེད། ཚང་མ་དེ་འདྲ་ཨེ་ཡིན་ནམ། མི་ཕམ་པའི་བོན་གྱི་རིག་གཞུང་བདག་རྒྱབ་པ་དང་འབྱུང་ཁུངས་དང་བཅས་པ་གསལ་བོ་བཤད་ཡོད་པ་ལ་ད་ཡང་བོན་པོ་ཚོས་རྐུན་མ་ཡིན་པ་བཤད་འདུག་ག འདི་དྲིན་ཆེན་ལ་དྲིན་ལོག་དངོས་རེད། བཤད་སྲོལ་ལྟར་ན་མི་ཕམ་རིན་པོ་ཆེ་ལ་ཡང་བོན་གྱི་ཕྱོགས་བྱས་པའི་རྐྱེན་གྱིས་མི་ལོ་བཅོ་བརྒྱད་དུ་སྐུ་སྙུང་གིས་ཟིན་པ་དང་མཐར་འདས་རྐྱེན་ཡང་བྱུང་བ་རེད། དེ་སོགས་བདེན་རྫུན་བཤད་ན་མཐའ་མེད་པ་རེད། མདོར་ན་བོན་པོ་ཚོས་ར་ལུག་དམར་མཆོད་བྱེད་མ་ཆོག་པའི་ཞེ་འཁོན་ནག་པོ་དེས་རྒྱལ་བསྟན་ཡོངས་རྫོགས་འདྲ་བཤུས་བྱས་ནས་དགྲ་ཇག་ནང་དུ་ཞུགས་ཚར་བ་རེད། ད་རྒྱལ་པན་གྱིས་ངོས་ལེན་སྲིད་གཞུང་གྀ་བདེན་དཔུང་སྤྲད་ཀྱང་ཆོས་རྒྱལ་ཆེན་པོ་དག་ལ་ནག་ཉེས་འགེལ་བ་དང་ནང་བསྟན་རྨིང་ནས་གཤིག་པར་བརྩམ་པ་རེད། དེ་ཙམ་ཡིན་་་་་་་་་་་་་་་་་་་་་་་་་་རྫོགས་ཆེན་པདྨས
འོ་ཉིའི་རྣམ་སྤྲུལ་ཞིག་རེད་འདུག་གཱ། ཧེ་ཧེ་ཧེ། ཁྱོད་ཀྱི་སྐད་ཆར་ལན་རྒྱག་དགོས་ས་ཞིག་མ་མཐོང་། གང་ཡིན་ཟེར་ན་སྒྲུབ་བྱེད་དང་དཔང་རྟགས་མི་འདུག གྲོང་གི་རྒན་མོའི་ས་ནོག་ཆུ་ནོག་གི་གཏམ་ལྟ་བུ་འབའ་ཞིག་རེད། དེ་བས་ལན་རྒྱག་ཤེས་མ་སོང་། ལྟ་བ་དང་གྲུབ་མཐའ་ལོ་རྒྱུས་སོགས་ཀྱི་བདེན་རྫུན་འབྱེད་པའི་གཏམ་ཟབ་མོ་འདྲ་ཡོད་ན་གུས་བརྩིའི་ངང་བགྲོ་བ་ལ་ཞུགས་ངེས་ལགས།
ངོས་ཀྱི་བསམ་པར། ཁག་གཅིག་ནས་ཕྲན་བུ་མ་མཐུན་པ་དང་རྩོད་རྙོག་འདྲ་བྱུང་དུས། ད་ཡིན་ན་དཔེ་བསགས་སོང་བསམ་ནས་ཕྱིར་འཐེན་དང་འགུལ་ཤུགས་ཆག་འགྲོ་བ་ནི། གདེང་སྤོབས་དང་སྙིང་སྟོབས་ཞན་པས་ལན་པར་སྙམ།
དགེ་སྐྱོན་དབྱེ་བ་ཡག་པོ་ཕྱེ་ནས་དགེ་ཡིན་ན་གཞན་གྱི་ཡང་་བླངས། སྐྱོན་ཡིན་ན་རང་གི་ཡང་དོར་བའི་གདེང་ཚོད་དགོས་པ་ཡིན། དཔེར་ན་དབུ་མ་དང་རང་བཙན་ཆབ་སྲིད་སྐོར་དང་། བོན་པ་དང་ནང་ཆོས་དེ་ལས་ས་དགེ་བཀའ་རྙིང་ཇོ་ནང་བཅས་ཆོས་དང་རིག་གཞུང་རིང་ལུགས་སྣ་ཚོགས་འདེམས་ཀ་བྱ་ཡས་ཡོད་པ་ནི། ཡིན་ན་གཅིག་རང་གཅིག་སྡུད་དང་རྨོངས་དད་བྱ་མི་དགོས་པར་རྣམ་དཔྱོད་ཡངས་པོས་རང་བློར་འཚམས་པའི་འདེམས་སྒྲུག་བྱ་རྒྱུ་ཡོད་པ་ནི་སྐལ་བཟང་དང་རིག་གཞུང་ཕྱུག་པོ་ཡིན་པའི་མཚོན་རྟགས་རེད། དེ་མིན་བདེན་པ་གཅིག་མ་གཏོགས་གཉིས་མ་བཞག་ན་འགྲིག་པར་སེམས། ཡིན་ན་གཅིག་མིན་ན་གཅིག་ཅེས་དེ་ག་རང་བཙན་དེད་ལས་ཐབས་གཞན་དབེན་པས་ན་ཡིན། ཡང་ང་ཚོས་ཆོས་རིག་ཕྱུག་ཀྱང་ཆབ་སྲིད་དཔལ་འབྱོར་འཛུགས་སྐྲུན་རྗེས་ལུས་སྐྱོ་པོ་ཡིན་པ་དངོས་ཡོད་རེད། འདི་ང་ཚོས་བྱབ་བསྐྱལ་བ་གང་ཡང་མ་རེད་སྙམ། ཡང་དེང་རབས་དང་བསྟུན་མ་ཤེས་པའི་ཉེས་པར་བསམ་ན་ཕྲན་བུ་གོ་རྒྱུ་ཡོད་མོད། འོན་ཀྱང་གཙོ་ཕལ་གོ་ལྡོག་རང་བྱུང་མེད་སྙམ། མུ་མཐུད་དཔྱད་གླེང་གར་སྟེགས་སྟེང་སྣ་ཚོགས་རོལ་མོ་དང་བཅས་འཁྲབ་སྟོན་ཡིད་དབང་འཕྲོག་པ་གནང་ནས་མདུན་བསྐྱོད་ཆེན་པོར་ཞུགས་དགོས། བཀྲ་ཤིས་བདེ་ལེགས་ཡོད།
ཧ་ཧ་་་་་་་་
ད་ཡང་འདི་ན་ཨོང་རྡོ་ནས་ཁྲག་ལྷུག་ལྷུག་ཅིག་བཤལ་སོང། པདྨ་མོ་མཚན་ནས་དཔལ་འཇེའི་འཇེ་ནར་ནར་འཐེན་སོང།
ད་རྙིང་མའི་རྫོགས་ཆེན་གྱི་གདམས་པ་ཉམས་སུ་བླང་དུས་ཉམས་ལེན་པའི་སྤུས་ཚད་བཟང་ངན་དེ་དམར་རྗེན་དུ་གཞན་གྱི་མདུན་བཤམས་པ་རེད། དེ་ཚོར་ལན་འབྲི་བའི་ངལ་བ་བྱེད་འདོད་མེད། རྒྱང་ལྟ་་་་་་་་ག་རེ་རྒྱང་ལྟ། རང་ངོ་ལ་ཉོན་མོངས་དུག་ལྔ་དུག་གསུམ་གྱི་གཡག་ཆེན་རྒྱུགས་པར་མི་མཐོང་བར། རྒྱང་རིང་གི་ཤིག་རྒྱུགས་པར་བལྟ་འདོད་ཧཧཧཧཧཧརེད།
མཁན་སློབ་ཆོས་གསུམ་གྱིས་བོན་བསྟན་སྣུབས་པ་རེད་དམ་མ་རེད། སོ་སོའི་བསྟན་པ་སྣུབ་མཁན་དེ་ལ་ལྷ་རུ་བལྟ་དགོས་སམ་འདྲེ་རུ་བལྟ་དགོས། བོན་པོས་བོན་གྱི་བསྟན་པ་བསྣུབ་མཁན་ལ་ལྷ་རུ་བལྟ་དགོས་པ་དང་་་་་རྙིང་མས་རང་གི་བསྟན་པ་བསྣུབ་མཁན་ལྟག་པར་མདའ་མོ་འཕངས་ཏེ་དམར་གསོད་བཏང་བ་གཉིས་ལ་ཁྱད་པར་དཀར་ནག་གི་དབྱེ་བ་ཆེ་ཆུང་འདུག་གམ་མི་འདུག
སློབ་དཔོན་གྱིས་བོན་བསྟན་བསྣུབ་བམ་མ་བསྣུབ། བསྣུབ་པ་དེ་ཁྱེད་ཚོས་ཉིན་ལྟར་འདོན་པའི་བར་ཆད་ལམ་སེལ་ནང་དུ་ཡོད་པ་རེད། བསྣུབ་མེད་ཟེར་ན་བར་ཆད་ལམ་སེལ་ནང་དུ་བོན་པོར་ངན་སྨྲས་དམོད་མོ་རྒྱབ་རྒྱུའི་མཚམས་འཇོག་དགོས། ཨོང་རྡོས་སྟུག་དྲི་ཐུལ་ཐུལ་བཏང་བ་དེ་ཚོར་ལུང་དང་རིག་པ་རྒྱུ་མཚན་ལོ་རྒྱུས་གང་ཡང་མེད་པ་དེ་ཚོར་དགག་པ་བྱེད་པ་ནི་རང་ཉིད་ངལ་བྱེད་ལས་གང་ཡང་མེད། ཁོ་ལ་རིག་པ་འགྲོ་ས་མེད། ཁོ་ལ་ལུང་འགྲོ་ས་མེད། ཁོ་ལ་ལོ་རྒྱུས་ཤོད་ས་མེད། ཁོ་ལ་འགྲོ་ས་ཡོད་པ་ནི་པདྨ་དམར་པོ་ལས་མེད། པདྨ་ཟེར་བ་དེ་ནི་དཔལ་དགྱེས་ཟེར་བ་མི་ཆོས་བླ་མའི་རྫུན་གྱིས་འཁོར་ལོ་བསྐོར་མཁན་དེ་རེད། འཇའ་མཚོན་དཀྲིགས་པའི་ཁྲི་ཡི་སྟེང་ནས་རྫོགས་ཆེན་་་་་རྫོགས་ཆེན་་་་་་་རང་གྲོལ་་་་་་རང་ཞིག་་་་དག་སྣང་་་་འཁོར་འདས་མཉམ་ཉིད་་་་་བཟང་ངན་གཉིས་མེད་་་་་་ཀ་དག་་་་་་་ཅེས་བཤད་ནས་མཚན་ལ་རྒྱོ་རྒྱབ་་་་་་ཕྱག་རྒྱ་མ་ཡིན་ཟེར་་་་ལྟོས་དང་ཨོང་རྡོས་ཤམ་ཐབས་དཀར་པོ་ཞིག་གོན་ནས་པར་ནང་དུ་ཅི་འདྲ་བྱས་ན་སྡད་འདུག དེ་ལ་ཕོ་རོག་དཀར་པོ་ཟེར། དཔལ་དགྱེས་དཔལ་འཇེ་ཟེར་བ་དེ་མགོ་ལ་རལ་ཅོག་བཞག་་ཤམ་ཐམས་དཀར་པོ་གྱོན་པ་དག་ནི་ཅི་འདྲའི་བརྩོག་པ་ལ་་་་་བསྟན་པ་བཤིག་མཁན་ནི་གཞན་ནས་མི་ཡོང་་ང་མིན་ང་འདྲས་བཤིག་ཟེར་བ་རེད།
༡༢༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ གི་ཆུ་ཚོད་ ༢ སྐར་མ་ ༠༠
ཨ་ཙི་ཡང་བན་བོན་གྱི་དམག་འཁྲུག་གི་མགོ་གཙུགས་ཚར་འདུག ་་་་་་་་་་་་་་ཟེར།
ངས་ཨོ་ཉིས་བྲིས་ཚད་ཕལ་ཆེར་ཀློག་གི་མེད། རྒྱུ་མཚན་ནི། ད་ལྟའི་དུས་ཚོད་འདི་དུས་རབས་ཉེར་གཅིག་པ་སྟེ་འཛམ་གླིང་གོ་ལའི་ཁྱོན་འདིར་མི་རིགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་འཆམ་མཐུན། ཤེས་ཡོན་སྤྲོད་རེས། བསམ་བློ་བརྗེ་རེས་སོགས་མདོར་ན་མི་རྣམས་ཀྱིས་ཞི་བདེ་བསྐྲུན་པར་འབེད་བཞིན་པའི་དུས་སྐབས་ཤིག་ལས། ཆོས་ལུགས་དང་མི་རིགས་བར་གྱི་འགལ་ཟླ་ཡོང་གཞིའི་གཏམ་གླེང་བའི་དུས་མ་རེད། གལ་སྲིད་དེ་ལྟར་གླེང་མཁན་ཡོད་ཚེ་དེ་ནི་སྤྱི་ཚོགས་འདིར་འགན་ཅི་ཡང་ཁུར་མི་ཤེས་པའི་མི་བུ་ཀླད་སྟོང་ཁྱུ་ཞིག་རེད། འདི་ལྟ་བུའི་མི་ཡི་གད་སྙིགས་དེ་ཚོས་ཅི་ཞིག་འཆད་ཀྱང་ཐོག་མར་ནས་དེར་ལག་པ་འཇུ་མི་ཉན། དེ་ནི་དཔེར་ན། འདམ་གྱི་རྙོག་མའི་ནང་དུ་རྡོ་ཞུས་ན། རང་ལ་ཐོབ་པ་ནི་འདམ་གྱི་བཙོག་རླབས་དེ་དག་ཡིན་པ་ལྟར་རོ།
བསྟན་འཛིན་རྒྱལ་པོས་བཤད་པར་རྗེས་སུ་ཡི་རངས་དང་མངོན་པར་བསྟོད། ཾཁོ་བོ་ཡིན་ནའང་དེ་གང་རང་ཡིན། འོན་ཀྱང་ཨོ་ཉི་ལས་སོགས་རང་ལྟར་ཆགས་གཞན་ལྟར་སྡང་བའི་སྐྱག་རྩོམ་དེ་རིགས་ཀྱིས་ཀླད་མེད་མི་བུ་འགའ་ཞིག་མགོ་བོ་འཁོར་ངེས་བརྟེན་དེ་ཚོར་གཏལ་གཏམ་ལན་འགའ་ཞིག་འབྲི་དགོས་པ་བྱུང། དེ་མིན་ད་ལྟ་དུས་རབས་གསར་པ་འདིར་མི་རྣམས་ཀླད་པ་གསར་པ་དང་རིག་པ་གྲུང་པ་སྔར་གྱི་ལོ་རྒྱུས་སྐྱུག་བྲོའི་ཆོས་དམག་དང་ཡུལ་དམག་རིགས་དམག་དེ་ཚོར་མི་རྣམས་ཡིད་ཐང་ཆད་ཡོད། ལྷག་པར་དུ་༧ གོང་ས་མཆོག་གིས་དུས་ནས་དུས་སུ་ཆོས་ལུགས་ཕན་ཚུན་ལ་གུས་བརྩི་དང་དག་སྣང་འཆམ་མཐུན་དགོས་རབས་ཀྱིས་བཀའ་སློབ་རབ་རང་རིམ་པར་གསུངས་ཡོད། འོན་ཀྱང་རྙིང་མའི་བརྒྱུད་འཛིན་བླ་མིང་སྤྲུལ་མིང་སྔགས་མིང་་་་ཁྱི་ལ་སེང་མིང་བཏགས་པ་རིགས་ཅིག་གིས་ཞི་བར་གནས་སུ་འཇུག་གི་མི་འདུག ཨོ་ཉི་ཁོས་བོན་པོར་གཅིག་པོ་དམའ་འབེབས་སྐུར་འདེབས་ཙམ་མ་རེད། ཁོས་ཁོ་རང་རི་བོ་དགེ་ལུགས་པའི་ཆོས་རྒྱུད་ལའང་ངན་སྨྲས་ལུང་པ་གང་བཤད་ཡོད། མི་དེ་རིགས་ལ་དྭོགས་པ་སྐྱེ་དགོས་པ་ཞིག་འདུག ཁོས་ཆོས་ལུགས་གཞན་ལ་དམའ་འབེབས་བྱས་པའི་རྩོམ་སྐྱག་དྲི་ངན་དེ་རིགས་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོར་བཀོད་བསྒྲིག་བྱས་པའི་མཚོ་སྔོན་པོའི་དྲ་རྒྱ་དེ་ཚོར་བསྒྲགས་ཡོད། དེ་ལ་དྭོགས་གཞི་ཆེན་པོ་ཡོད། རྒྱ་ནག་ལ་དགོས་པ་དེ་རིགས་ཡིན་པ་ང་ཚོས་ཤེས་གསལ་རེད།
ཏུན་ཧོང་ཡིག་རྙིང་དངོས་གནས་ནང་ལ་སྔར་བོན་དུས་སུ་བོད་ཡིག་ཡོད་པ་གསལ་ཡོད་ན་དགའ་བསུ་རྒྱབ་སྐྱོར་ཡོད་ལ། ད་དུང་དེའི་མ་ཟད་རྙིང་གཞུང་ནས་གསུངས་པའི་ཐེག་པ་རིམ་པ་དགུའམ་རྫོགས་གཅིག་མཚུངས་ཡོད་ན་ཡང་དགའ་བསུ་ཡོད་དོ།།
ད་ལྟའི་ཁ་བརྡའི་ནང་གི་བོན་ལུགས་ཚོར་དམའ་འབེབས་ལ་མ་བཟོད་ནས་ངའི་མཆན་བུ་༢༠པ་འདི་བཞིན་བྲིས་དགོས་བྱུང་སོང་ལགས། དོ་ཕོག་བྱུང་དགོས་དོན་མེད་ཀྱང་་་་་
ལུས་པོ་ཆང་གིས་བཟི་ན་ཆུ་ཚོད་བརྒྱད།
ཀླད་པ་ཆོས་ཀྱིས་བཟི་ན་མི་ཚེ་གཅིག
ཆང་བཟི་ཆོས་བཟི་གཉིས་ཀྱི་ཁྱད་པར་འདི།
དྲང་བདེན་སྲང་ལ་འཇལ་ན་སུ་ཡི་ལྕི།།
ཀླད་པ་ཆོས་ཀྱིས་བཟི་བའི་མི་རིགས་འདིས།
འཇིག་རྟེན་སྲིད་ལུགས་ཤེས་པའི་སྐབས་མི་འདུག
ཆོས་བཟི་ཕྱོགས་ཞེན་ཅན་གྱི་བཀོར་བདག་ཚོས།
བཙན་པོའི་མི་རིགས་ཐུག་པ་དཀྲུག་དཀྲུག་རེད།།
ཆོས་གོས་སེར་པོའི་འོག་གི་མི་རིགས་འདིས།
ལོ་རྒྱུས་དུང་དཀར་འདི་ཡང་སེར་པོར་མཐོང་།
འཚོ་གནས་སྨུག་པོ་འདི་ཡང་སེར་པོར་མཐོང་།
ཡོད་ཚོད་ཆོས་གོས་འོག་ཏུ་སེར་པོ་མཐོང་།
ཀྱེ་མ་གངས་ཅན་བོད་མིའི་ལས་དབང་འདི།
ཀླད་པ་ཆོས་ཀྱིས་བཟི་ལ་དྭངས་དུས་མེད།
རྨོངས་དད་གླང་རྭ་བཙུགས་ལ་རྫོགས་དུས་མེད།
མ་བྷན་སྐྱབས་སུ་བརྟེན་ལ་ཚར་དུས་མེད།།
སྤྱིར་བན་བོན་རྩོད་ནས་ཕན་ཐོག་གང་ཡང་མེད་པ་རེད་ལ། སུའི་ཆོས་ལུགས་ལ་སྐྱོན་བརྗོད་དང་ཟུར་ཟ་བྱས་ཀྱང་གང་ཟག་རང་ཉིད་ཕྱོགས་ཞེན་ཅན་ཞིག་ཡིན་པ་གསལ་སྟོན་བྱས་པ་ཙམ་ལས་ཆོས་ལུགས་དེ་སྐྱོན་ཅན་ཡིན་པ་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད། འོན་ཀྱང་བོན་པོའི་མིང་འཛིན་པ་རེ་ཟུང་གིས་སྤྱིར་སངས་རྒྱས་པའི་ཆོས་དང་བྱེ་བྲག་རྙིང་ཆོས་ལ་ཟུར་ཟ་དང་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་ཏེ་རྙོག་མ་བསྐྱར་སླང་བྱེད་ཀྱི་འདུག དཔེར་ན་དེ་རིང་གི་རྩོད་རྙོག་འདི་ཡང་ཁ་སང་གང་སེང་ཞེས་པ་དེའི་རྙིང་མའི་རྫོགས་ཆེན་བླ་རྒྱུད་ལ་ཟུར་ཟའི་རྩོམ་ཡིག་དེས་བསླང་པ་རེད།
ཆོས་སྲིད་ཡོངས་རྫོགས་དགེ་ལུགས་པའི་དབང་བསྒྱུར་བྱེད་པའི་སྤྱི་ཚོགས་རྙིང་པའི་དུས་སྐབས་སུ་ང་རང་བོན་པོ་ཚོ་ལ་བདེན་པ་ཡོད་ན་དྲང་བདེན་བཤད་ས་མེད་པ་ཆོས་དད་རང་མོས་མེད་པ་མི་ཚང་གཅིག་ལ་བུ་གཉིས་ཡོད་ནའང་བུ་གཞན་དེ་བདག་དབང་མེད་པ་ཐ་ན་དགོན་པའི་ཐོག་ལ་རྒྱ་ཕབ་ཞིག་ཡང་བཞེངས་མི་ཆོག་པའི་དུས་སྐབས་སུ་ཁྱེད་རང་ཚོས་བརྙས་བཅོས་བྱས་བྱས་པའི་གོམ་ནས་ད་ལྟའང་དེའི་འཕྲོ་ལུས་པས་ཁྱེད་ཀྱིས་སྐུར་འདེབས་བྱས་དགོས་བྱུང་བ་དེ་ཁག་མེད། ཡིན་ངའང་ད་ལྟ་གནས་སྐབས་དེ་འདྲ་མ་རེད་ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོན་པོ་རྣམས་ལ་༧གོང་ས་མཆོག་གིས་ཆོས་ལུགས་འདྲ་མཉམ་དང་དབང་ཆ་འདྲ་མཉམ་གནང་སོང་ལ་བོད་ལ་ཡོད་པའི་བོན་པོ་ཚོ་ལ་རྒྱ་ནག་གིས་དབང་ཆ་འདྲ་མཉམ་དང་སོ་སོའི་ལོ་རྒྱུས་རིག་གནས་ཆོས་ལུགས་ག་རེ་ཞིག་ཡོད་ནའང་སོ་སོས་འབུར་དུ་གཏོད་ཆོག་པའི་དབང་ཆ་སྤྲོད་ཡོད་དུས་ཧམ་པ་སུ་ཆེ་དང་ཆོས་པ་སུ་ཡིན་མིན་ཆོས་ཡང་དག་པར་སུ་ཡིན་མིན་སུས་སྤྱོད་མིན་སོགས་ཀྱིས་གོ་བསྡུར་ལུས་བྱེད། ཡིན་ནའང་ཁྱེད་ལྟ་བུའི་སོ་སོའི་ཆོས་དང་རིག་གཞུང་དེ་ལས་གཞན་གྱི་ལོ་རྒྱུས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རྙིང་དེ་ཚོ་རྫུན་བཟོ་ཡིན་པ་དང་རིག་གནས་ནི་ཁུང་ལུང་མེད་པར་རིག་གཞུང་གསར་རྙིང་གི་ཤེས་ཡོན་ནི་དབུལ་པོ་ཡིན་རབས་ཀྱིས་ཁ་དམར་གདགས་པ་ཡིན་ན་འཛམ་གླིང་གི་མི་ཚང་མ་དགོད་སློངས་བྱེད་ཞིག་རེད་མ་གཏོགས་དེའི་འབྲས་བུ་གང་ཡང་མི་ཐོན། ཁྱེད་ཀྱིས་ཞང་ཏུན་རིག་གཞུང་གིས་ང་ཚོ་ལ་ཕན་གང་ཡང་མི་ཐོག་གསུང་པ་དེ་བདེན་པ་རེད་ཁྱེད་རང་ཚོ་ལ་ཕན་དང་ཕར་ཞོག་གནོད་པ་བྱེད་གི་རེད། གང་ཡིན་ཟེར་ན་བོད་རྙིང་པའི་དུས་སུ་ཁྱེད་ཚོས་བོད་རང་ལ་མཛེས་མ་ལྷ་འདྲ་ཡོད་ཀྱང་རྒྱ་ནག་ནས་ཨ་ཅེ་ཝ་མོ་ཞིག་ཡར་འཁྲིད་བོད་རང་ལ་ཐེག་པ་རིམ་དགུའི་བོན་ནོར་བུ་ལྟ་བུ་ཞིག་ཡོད་ཀྱང་རྒྱ་གར་ནས་ཨ་གསར་གྱིས་ཆོས་ཞིག་ཚུར་གདན་དྲངས་བོད་རང་ལ་བརྡ་དང་ཡི་གེ་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་ཐོན་མིས་གསར་བཟོ་བྱས་རབས་སོགས་ཀྱི་སྒྲུང་དེ་ཚོ་ཏུན་ཧོང་ཡིག་རྙིང་གིས་དཔང་རྟགས་བྱས་པས་སྤྱི་ཡི་ཚོགས་ནས་ཁྱེད་ཚོ་འགྲིན་པ་ཐུར་དུ་འགུགས་བཅུག་པའི་གནོད་པ་གཅིག་བྱས། གཉིས་པ་རྒྱུ་འབྲས་ཀྱི་རིག་གནས་ལྔ་སོགས་ཀྱི་བོན་དེ་ཚོ་རྒྱ་གར་གྱི་ཆོས་ལ་ཁུང་གཏུག་པ་དེ་ཚོ་ཞང་ཞུང་རིག་གནས་ཀྱིས་དན་རྟགས་ཞིག་བྱེད་ཡོང་དུས་ཡང་ཁྱེད་རང་ཚོའི་ཀླད་པ་དེ་བཀྲུག་བཀྲུག་གཅིག་གཏོང་དུས་གཞན་བཤད་རྒྱུའི་དབེན་སྐབས་་་་་་་་འོ་་་་ཞང་ཏུན་རིག་གཞུང་ལ་ཡིད་ཆེས་མ་བྱེད་མགོ་བོ་མ་འཁོར་ལབ་པ་ཙམ་མ་གཏོགས་གཞན་ཅི་བཤད། ཆོས་ལུགས་བར་དུ་བཀྲུག་གིན་བཀྲུག་གིན་ལ་ད་དུང་མཐུན་འབྲེལ་གྱི་སྐད་ཆ་བཤད་པ་དེ་སླར་ཡང་བགད་མོ་སློང་བྱེད་རེད་ཧཧཧཧཧཧཧཧཧཧ།
ཆོས་སྲིད་ཡོངས་རྫོགས་དགེ་ལུགས་པའི་དབང་བསྒྱུར་བྱེད་པའི་སྤྱི་ཚོགས་རྙིང་པའི་དུས་སྐབས་སུ་ང་རང་བོན་པོ་ཚོ་ལ་བདེན་པ་ཡོད་ན་དྲང་བདེན་བཤད་ས་མེད་པ་ཆོས་དད་རང་མོས་མེད་པ་མི་ཚང་གཅིག་ལ་བུ་གཉིས་ཡོད་ནའང་བུ་གཞན་དེ་བདག་དབང་མེད་པ་ཐ་ན་དགོན་པའི་ཐོག་ལ་རྒྱ་ཕབ་ཞིག་ཡང་བཞེངས་མི་ཆོག་པའི་དུས་སྐབས་སུ་ཁྱེད་རང་ཚོས་བརྙས་བཅོས་བྱས་བྱས་པའི་གོམ་ནས་ད་ལྟའང་དེའི་འཕྲོ་ལུས་པས་ཁྱེད་ཀྱིས་སྐུར་འདེབས་བྱས་དགོས་བྱུང་བ་དེ་ཁག་མེད། ཡིན་ངའང་ད་ལྟ་གནས་སྐབས་དེ་འདྲ་མ་རེད་ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོན་པོ་རྣམས་ལ་༧གོང་ས་མཆོག་གིས་ཆོས་ལུགས་འདྲ་མཉམ་དང་དབང་ཆ་འདྲ་མཉམ་གནང་སོང་ལ་བོད་ལ་ཡོད་པའི་བོན་པོ་ཚོ་ལ་རྒྱ་ནག་གིས་དབང་ཆ་འདྲ་མཉམ་དང་སོ་སོའི་ལོ་རྒྱུས་རིག་གནས་ཆོས་ལུགས་ག་རེ་ཞིག་ཡོད་ནའང་སོ་སོས་འབུར་དུ་གཏོད་ཆོག་པའི་དབང་ཆ་སྤྲོད་ཡོད་དུས་ཧམ་པ་སུ་ཆེ་དང་ཆོས་པ་སུ་ཡིན་མིན་ཆོས་ཡང་དག་པར་སུ་ཡིན་མིན་སུས་སྤྱོད་མིན་སོགས་ཀྱིས་གོ་བསྡུར་ལུས་བྱེད། ཡིན་ནའང་ཁྱེད་ལྟ་བུའི་སོ་སོའི་ཆོས་དང་རིག་གཞུང་དེ་ལས་གཞན་གྱི་ལོ་རྒྱུས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རྙིང་དེ་ཚོ་རྫུན་བཟོ་ཡིན་པ་དང་རིག་གནས་ནི་ཁུང་ལུང་མེད་པར་རིག་གཞུང་གསར་རྙིང་གི་ཤེས་ཡོན་ནི་དབུལ་པོ་ཡིན་རབས་ཀྱིས་ཁ་དམར་གདགས་པ་ཡིན་ན་འཛམ་གླིང་གི་མི་ཚང་མ་དགོད་སློངས་བྱེད་ཞིག་རེད་མ་གཏོགས་དེའི་འབྲས་བུ་གང་ཡང་མི་ཐོན། ཁྱེད་ཀྱིས་ཞང་ཏུན་རིག་གཞུང་གིས་ང་ཚོ་ལ་ཕན་གང་ཡང་མི་ཐོག་གསུང་པ་དེ་བདེན་པ་རེད་ཁྱེད་རང་ཚོ་ལ་ཕན་དང་ཕར་ཞོག་གནོད་པ་བྱེད་གི་རེད། གང་ཡིན་ཟེར་ན་བོད་རྙིང་པའི་དུས་སུ་ཁྱེད་ཚོས་བོད་རང་ལ་མཛེས་མ་ལྷ་འདྲ་ཡོད་ཀྱང་རྒྱ་ནག་ནས་ཨ་ཅེ་ཝ་མོ་ཞིག་ཡར་འཁྲིད་བོད་རང་ལ་ཐེག་པ་རིམ་དགུའི་བོན་ནོར་བུ་ལྟ་བུ་ཞིག་ཡོད་ཀྱང་རྒྱ་གར་ནས་ཨ་གསར་གྱིས་ཆོས་ཞིག་ཚུར་གདན་དྲངས་བོད་རང་ལ་བརྡ་དང་ཡི་གེ་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་ཐོན་མིས་གསར་བཟོ་བྱས་རབས་སོགས་ཀྱི་སྒྲུང་དེ་ཚོ་ཏུན་ཧོང་ཡིག་རྙིང་གིས་དཔང་རྟགས་བྱས་པས་སྤྱི་ཡི་ཚོགས་ནས་ཁྱེད་ཚོ་འགྲིན་པ་ཐུར་དུ་འགུགས་བཅུག་པའི་གནོད་པ་གཅིག་བྱས། གཉིས་པ་རྒྱུ་འབྲས་ཀྱི་རིག་གནས་ལྔ་སོགས་ཀྱི་བོན་དེ་ཚོ་རྒྱ་གར་གྱི་ཆོས་ལ་ཁུང་གཏུག་པ་དེ་ཚོ་ཞང་ཞུང་རིག་གནས་ཀྱིས་དན་རྟགས་ཞིག་བྱེད་ཡོང་དུས་ཡང་ཁྱེད་རང་ཚོའི་ཀླད་པ་དེ་བཀྲུག་བཀྲུག་གཅིག་གཏོང་དུས་གཞན་བཤད་རྒྱུའི་དབེན་སྐབས་་་་་་་་འོ་་་་ཞང་ཏུན་རིག་གཞུང་ལ་ཡིད་ཆེས་མ་བྱེད་མགོ་བོ་མ་འཁོར་ལབ་པ་ཙམ་མ་གཏོགས་གཞན་ཅི་བཤད། ཆོས་ལུགས་བར་དུ་བཀྲུག་གིན་བཀྲུག་གིན་ལ་ད་དུང་མཐུན་འབྲེལ་གྱི་སྐད་ཆ་བཤད་པ་དེ་སླར་ཡང་བགད་མོ་སློང་བྱེད་རེད་ཧཧཧཧཧཧཧཧཧཧ།
ད་ཡང་བགྲོ་གླེང་གནང་གི་འདུག ཡག་པོ་རེད། གྲུབ་རྒན་ཨོ་ཉིས་ནམ་ཡང་གནས་ལུགས་ཡོད་པའི་སྐད་ཆ་ཞིག་བཤད་མྱོང་ཡོད་མ་རེད། དེ་ཡང་ཁག་མེད་བོན་པོའི་གཞུང་ལུགས་པོད་གཅིག་ལ་ཡང་བལྟ་མྱོང་ཡོད་མ་རེད། ཐ་ན་རྣམ་གྲོལ་གླིང་ནས་ཀྱང་མཐར་སོན་ཡོད་མ་རེད། བོན་རྙིང་གང་གི་ལུགས་ལ་ཡང་ཁོ་ལ་ཁོངས་ཐུབ་ཅིག་ཡོད་མ་རེད།
བྱི་ལིའི་སྐྱག་པ་རྡོ་ཐོག་ཡིན་མིན་མི་ཤེས་ཏེ། ཏུན་ཧོང་ཡིག་རྙིང་ཁས་མི་ལེན་པ་ཡང་ཁག་མེད། དེའི་ནང་ན་གདན་ས་བསམ་ཡས་གླིང་གི་མཁན་པོའི་སྡོམ་པ་ཤོར་ཚུལ་དང་། སྡོམ་རྒྱུད་དེ་ནས་ཆད་ཚུལ་སོགས་ཡོད་པས་ལོས་ཡིན། སྙིང་རྗེ་་་་ཅིག་ཅེ་ན་ཁོས་དེ་ཡང་མཐོང་ཡོད་མེད་ཀྱང་གང་ཤེས་་་་་་་་་་་་་་་་་་་་་
མཆན་པོ་བན་དེ་བ་བས། “མི་དེ་རིགས་ལ་དྭོགས་པ་སྐྱེ་དགོས་པ་ཞིག་འདུག ཁོས་ཆོས་ལུགས་གཞན་ལ་དམའ་འབེབས་བྱས་པའི་རྩོམ་སྐྱག་དྲི་ངན་དེ་རིགས་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོར་བཀོད་བསྒྲིག་བྱས་པའི་མཚོ་སྔོན་པོའི་དྲ་རྒྱ་དེ་ཚོར་བསྒྲགས་ཡོད། དེ་ལ་དྭོགས་གཞི་ཆེན་པོ་ཡོད། རྒྱ་ནག་ལ་དགོས་པ་དེ་རིགས་ཡིན་པ་ང་ཚོས་ཤེས་གསལ་རེད།”ཅེས་བཀོད་འདུག
གོང་གི་ཚིག་དུམ་དེ་བན་དེ་བ་ཟེར་བས་གྲུབ་རྒན་ཨོ་ཉི་ལ་ཟེར་གི་ཡོད་རེད། སྐྱིད་གཞོང་གི་ས་དབང་ཚོས་ཀྱང་ལོས་མཁྱེན། མ་མཁྱེན་ན་མཁྱེན་དགོས་རེད། ཉེ་ཆར་རྒྱ་ནག་ནས་ཐོན་པའི་“བོད་ཀྱི་གསང་བ་”ཞེས་པའི་གློག་བརྙན་དེའི་ནང་གི་མི་སྣ་སྡོམ་ཤོར་བཀྲ་ཤིས་དོན་འགྲུབ་ཟེར་བ་དང་ཆ་ཆ་རྐྱང་རེད། ཨོ་ཉིའི་ལས་སྤྱོད་དེ་མི་སྣ་བཀྲ་ཤིས་དོན་འགྲུབ་དང་ཁྱད་པར་གང་མེད་པས་སོ།
གཞིས་བྱེས་སྤུན་རིགས་ཚང་མས་ཕོངས་དཀྲུགས་མཁན་མི་འདིའི་རིགས་ལ་དོགས་དགོས་པ་གལ་དུ་དམིགས་དགོས་རེད། རྒྱ་ནག་གི་དྲ་བ་ཁག་ལ་གཟིགས་དང་གསལ་གསལ་ཐང་ཐང་དུ་བསྒྲགས་འདུག
ཧཧཧཧཧཧ ཕོག་འདུག་་་་་་
སྤྱིའི་ཆ་ནས་བོད་བླ་མའི་དེང་རབས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་ཉན་མེད་པ་རེད། སྐྱུག་མེར་ལང་བའི་ལོ་རྒྱུས་མ་གཏོགས་གཟི་བརྗིད་ལྡན་པའི་ལོ་རྒྱུས་མེད་པ་རེད།་་་དང་པོར་་བོད་ཀྱི་རྒྱལ་པོའི་མགོ་ལ་གླང་རྭ་བཙུགས་ནས་རྒྱལ་རྒྱུད་བཅད།་་་བོད་རྒྱལ་ཁབ་སིལ་བུ་གཏོར། བོད་གཅིག་གྱུར་གྱི་སྲིད་གཞུང་བཙུགས་མ་ཐུབ་པར་མི་ལོ་༣༠༠་ཀྱི་རིང་དུ་ནང་འཛིང་ཤ་དག་བརྒྱབ་ནས་བསྡད། སྟོད་པས་སྨད་པ་ལ་དགྲ་བརྒྱབ། རོང་བས་འབྲོག་པ་ལ་ཇག་བརྒྱབ།་་དགོན་པ་དང་དགོན་པའི་བར་དམག་བརྒྱབ། རྒྱུ་འབྲས་མགོ་མཇུག་བསློགས། བོད་བཙན་པོའི་ཡུལ་འདི་མི་ངན་ཇག་པ་དང་རྐུ་མས་ཁེངས་བའི་ཡུལ་ཞིག་ཆགས་སོང་བ་རེད།
དེ་ནས་འཕགས་ཆོས་རྒྱལ་མཆོག་གིས་བོད་ཆོལ་གསུམ་གྱི་སྲིད་དབང་བཙུགས་པ་ནས་བཟུང་བཙན་བྱོལ་སྒྲུག་འཛུགས་ཀྱི་བར་དུའང་་་སྐྱུག་མེར་ལངས་ཡ་གི་ལོ་རྒྱུས་ཡོད། རྒྱ་བླ་དང་སོག་བླ་ཚོས་རྒྱ་དམག་དང་སོག་དམག་འཁྲིད་ཡོང་ནས་བོད་མི་དམར་གསོད་བཏང་བཅུག གཅིག་གི་རྩ་ནས་གཅིག་གིས་སྲིད་དབང་ཕྲོགས་རེའི་བྱས། དེའི་ཆེད་དུ་ཆོས་ལུགས་བེད་སྤྱོད་བྱས། ཤཀྱ་ཐུབ་པས་མིག་ཆུ་ཤོར་དགོས་པ་བཟོས། དམ་པ་དགེ་ཆོས་མཆོག་གི་བྲིས་པའི་རྒྱལ་རབས་དེབ་དཀར་གྱི་སྨད་ཆ་མེད་པ་འདིས་ཀྱང་བོད་བླ་མའི་དེང་རབས་ཀྱི་སྐྱུག་མེར་ལངས་ཡའི་ལོ་རྒྱུས་ཡོད་པར་གསལ་བསྟན་བྱས་འདུག་འདོད་དོ། མདོ་དོན་་་ཆོས་ལུགས་འདིས་བོད་མི་རིགས་ལ་སྐྱིད་ཀྱི་ཉི་མ་ཞིག་ཤར་བཅུག་གི་མེད།་་་འདིར་ཤེས་དགོས།་་་བོད་མི་རིགས་ལ་བློ་དཀར་བའི་མི་ཞིག་ཡིན་ན།
ཆོས་མེད་ན་བོད་རྣམས་ཀླ་ཀློ་དང་། ཀློ་པ་ནང་བཞིན་ལས་མེད་ངེས་སོ།
ཆོས་མེད་ན་བཀོར་སྤྲུལ་ཁྱོད་འདྲ་བའི་བོད་མི་རིགས་ཀྱི་ཤ་ཁྲག་འཇིབ་མཁན་མེད་ངེས་སོ།།
ལོ་རྒྱུས་ཀྱི་འཕེལ་རིམ་རེད། ཆོས་ཉིད་རེད། གནམ་འོག་གི་བྱ་དངོས་ཡོད་ཚད་འགྱུར་ལྡོག་ཡོད་པ་ཡིན། ཁྲོན་པའི་སྦལ་རྒན་གྱི་སྐད་ཆ་འདྲ་པོ་མ་བཤད་ན་ལེགས། བོད་གཅིག་པུ་མ་རེད།
གནམ་འོག་གི་བྱ་དངོས་ཡོད་ཚད་མི་རྟག་པ་ཡིན་པར་ནུབ་ཕྱོགས་པའི་ཕྲུ་གུ་ལོ་བརྒྱད་ཡན་ཆན་གྱིས་ཤེས། ལོ་རྒྱུས་ལ་འགྱུར་ལྡོག་ཡོད་པ་ནི་དེ་ལས་ཤེས་སླ་བ་ཞིག་རེད། བཟང་འགྱུར་ངན་འགྱུར་གཉིས་ཀྱི་ནང་ནས་ངན་འགྱུར་ཡིན་པར་འདིར་ཆོས་བཟི་མིག་སེར་ཅན་ཁྱོད་ཚོས་ཤེས་དགོས།
ཨོ་རེད་་་ད་དུང་གཅིག་ལྷག་ཤག་་་་ཆོས་བཟི་མིག་སེར་ཅན་ཁྱོད་ཚོས་འཇོན་དྲག་ནས་དེང་སང་དམྱལ་བ་ཟེར་བའི་སྐད་གྲགས་ཆེན་པོའི་ཡུལ་དེ་བོད་བཙན་པོའི་ཡུལ་དུ་ཡར་ཁུར་ནས་བསླེབས་འདུག་ཟེར་གྱི་འདུག་པས་བདེན་པ་རེད་དམ།་་་ཚ་དམྱལ་དང་གྲང་དམྱལ་གཉིས་ཀ་ཁུར་ནས་བསླེབས་འདུག་ཟེར་བ་་་ཧཧཧ
ཅོ་རིའི་བསམ་འཆར་ལ་རྒྱབ་སྐྱོར100%ཡོད། ཡང་ན་བོད་ཀྱི་ཆོས་ལུགས་འདི་གཅིག་ཡིན་ན་འགྲིག་འདུག ཡང་ན་བོད་འདིར་ཆོས་ལུགས་རྩ་བ་ཉིད་ནས་མེད་ན་འགྲིག་འདུག ཡོད་ལ་མེད་ལ། ཡིན་ལ་མིན་ལ། ཕྱི་ཁྲ་ཕུང་ཕུང། ནང་སྐྱག་དྲི་ཐུལ་ཐུལ ཕྱི་བྱང་སེམས་ཀྱི་ཁ་ཞགས་འཁྱིལ་འཁྱིལ། ནང་དུག་གསུམ་གྱི་ཁྲག་མཚོ་ལྷོག་ལྷོག བླ་མིང་སྔགས་མིང་སྤྲུལ་མིང་་་་མི་བྱེ་དགུ་་བྱེད། བོད་ཀྱི་ལོ་རྒྱུས་ནང་སྔར་་བྱུང་མ་མྱོངས་བ་ལྷ་ཁང་ནང་དུ་བག་གྲལ་བསྒྲིགས་ཏེ་ཟུར་མིག་འཕེན་རེས། གསེར་གྱི་མཛུབ་རྒྱུས་བསྐོན་རེས། མི་སྨྲ་དགུ་སྨྲ། སྐྱབས་གནས་དགེ་འདུན་སེམས་དཔའ་མཐོ་དམན་དྲག་གསུམ་ལ་ཕུང་གསུམ་པར་སྨྲ། བསྟན་པ་ལ་དག་ཐེར་དགོས་རབས། རང་ཉིད་ཀྱིས་ཇི་སྲིད་འཚོ་བའི་བར་དུ་ཁས་བླངས་དབྱར་དམ་དུ་བཅས་པའི་སོར་སྡོམ་མཆིལ་མའི་ཐལ་བ་བཞིན་དུ་དོར། མི་འབྲི་དགུ་འབྲི། མི་རིགས་དང་ཆོས་ལུགས་དབར་ལ་མཁོན་འཁྲུགས་ཀྱི་ཁྲག་ཡིག་དམར་ཁྱུག་ཁྱུག་ཕྱི་ནང་གི་དྲ་རྒྱ་ཀུན་ཏུ་ས་སྒྲོག་གནམ་སྒྲོག་བྱེད། མི་འགྱུར་དགུ་འགྱུར། དང་པོར་རབ་ཏུ་བྱུང་ནས་རྗེས་སུ་ཁྱིམ་ནང་སླར་ཕྱིར་ལོག སྟོན་པ་ཐུབ་པའི་དབང་པོས། དང་པོ་ཁྱིམ་བཟུང། དེ་ནས་རྒྱལ་སྲིད་ཁྱིམ་དང་བཅས་པ་རྩ་བཞིན་དོར་ནས་ངེས་འབྱུང་བློ་ཡིས་བསྐུལ་ཏེ་ཁྱིམ་སྤང་རབ་ཏུ་བྱུང། ཨོ་ཉི་ཁོས་དེ་ལས་ཕྱིན་ཅི་ལོག་གམ་མགོ་གཞུག་སློག་ནས་དང་པོར་འཁོར་བར་ངེས་འབྱུང་སྐྱེས་ཏེ་རབ་ཏུ་བྱུང། དེ་ནས་འཁོར་མེད་ཐར་པར་ངེས་འབྱུང་སྐྱེས་ཏེ་སླར་འཁོར་བར་ལོག། ད་དེ་འདྲ་རེད། མི་འདི་ཡི་ཡིན་ལུགས་ཆོ་རབས་བཤད་ན།
ལ་སྟོད་བུ་འམ་བན་དེ་བ་ཟེར་བ་ཆོས་འཆལ་དུ་སོང་བས་རང་སྣང་འདྲེ་རུ་ལོག རང་མི་དགའ་སའི་མིང་དག་གང་འདོད་བྱུང་དུ་བརྗོད་པ་ལུང་རིགས་སྨྲ་བའི་གྲལ་ན་འཚིང་ཁ་རྒྱབ་པ་ཁྱི་སྤྱང་གི་ངུ་ཟུག་དངོས་རེད། སྔོན་ཡང་བོན་སྒོར་བདུད་འཇོམས་རིན་པོ་ཆེ་སོགས་སྔ་འགྱུར་ཡོངས་ལ་ངན་སྨད་ཀྱི་སྒྲོ་བཀུར་འདེབས་པར་ང་ཚོས་ཤེས་ཡོད། མིང་དངོས་xxxxx
ཅོ་རི་ཉི་མ་འདི་ཡང་བོན་པོའི་དུག་ཆང་གིས་བཟི་སོང་བ་ཡིན་པ་ཁྱོད་རང་གིས་ལབ་པ་ཡིན་གདའ། དཀའ་ངལ་འཕྲད་ནས་སྨག་རུལ་གྱི་རྐུབ་བལྡག་གི་ཇག་ཚོགས་འདི་རིགས་སྙིང་རྗེས་གནས་རེད། ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རིན་པོ་ཆེས་བོན་ལུགས་སྡིག་དང་འདྲིས་པ་ཐབས་ཅད་བསྣུབས་ཟེར་བ་བདེན་པ་རེད། ནམ་རྒྱུན་ང་ཚོས་གདོན་གཟུགས་བོན་གྱིས་བསྟན་པ་བསྣུབས༔ ཞེས་་་་་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
རྣམ་པ་ཚོས་ལོ་རྒྱུས་ཀྱི་གནས་ལུགས་བཤད་ལ་ལེགས། དེས་ཆེ་གེ་མོར་གནོད་སོང་ན་གནོད་དུ་འཇུག་རྒྱུ་ལས་ཅི་ཡོད། དེ་མིན་ཡར་མར་གྱི་སྐད་ཆ་ཉུང་ཙམ་བྱས་ན་ཅི་འདྲ་འདུག
གསོལ་འདེབས་བར་ཆད་ལམ་སེལ༔
༄༅། །ༀ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པའི་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜིཏ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོད་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་ བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕང༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྵ་ནག་པོ་རྡུལ་དུ་བརླག༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་དམ་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་གི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ །
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་མ་ལས་བཤུས་་་་་་་་་་་་་་་་
ཨོ་་་པདྨ་ལགས། བོན་པོ་རེད་ཟེར་ནས་སྡང་དགོས་དོན་མེད་ལ་་་རྙིང་མ་རེད་ཟེར་ནས་དགའ་དགོས་དོན་མེད། དགེ་ལུགས་རེད་ཟེར་བསྟོད་དགོས་དོན་མེད། ས་སྐྱ་རེད་ཟེར་ངོ་དགའ་དགོས་དོན་མེད་ལ་བཀའ་བརྒྱུད་རེད་ཟེར་བཀའ་ལ་ཉན་དགོས་དོན་མེད། ཡིན་ཀྱང་བོད་བཙན་པོའི་ཕ་མེས་ཚོའི་ཆོས་ལུགས་དེ་བོན་ཆོས་ཡིན་པས་བོན་པོ་དགའ་གུས་བྱེད་ཀྱི་ཡོད།
བོན་པོ་ཟེར་བ་འདི་ཚོ་བོད་མི་རིགས་ཕུང་ལ་སྦྱར་མཁན་རེད་མི་འདུག་་་བོད་རྒྱལ་ཁབ་ཀྱི་བླ་སྲོག་བཅག་མཁན་ཞིག་རེད་མི་འདུག་་དེང་སང་བོན་པོའི་ནང་དུ་སྐྱེས་ཕོ་རབ་ཀྱི་མཚན་ཉིད་ཚང་བའི་བུ་མང་པོ་མཐོང་གྱི་འདུག་ལ་རྒྱལ་བཙོང་བ་མཐོང་ཡ་མི་འདུག་པས་ང་ཅོ་རི་དགའ་པོ་ཡོད།
ཨོ་རེད་་་ཁྱོད་ཚོ་བཀོར་བླ་ཚོ་ལ་མཐུ་དང་སྔགས་བརྒྱབ་ཀྱི་ཡོད་ན་ཅོ་རིའི་མགོ་ལ་བརྒྱབ་རོགས་བྱོས།་་་དགོན་སྡེ་སྟོང་ཕྲག་མང་པོ་རྩ་ནས་གཏོར། བླ་སྤྲུལ་བརྒྱ་ཕྲག་མང་པོ་དམར་གསོད་བྱས། རང་ཡུལ་དགྲ་བོས་ཕྲོགས་དུས་ཁྱིའི་སྐྱུག་ཙམ་འཇོན་སྟངས་མེད་མཁན་བཀོར་གཟན་ཁྱོད་ཚོ་ལ་མཐུ་དང་གཏོར་དམར་གཏོང་ཡོད་ན་གཏོང་ཤོག་ཡ་་་་་ཧཧཧཧ
ཆོས་བརྒྱུད་ཕན་ཚུན་གུས་བརྩི་མ་ཐུབ་རུང་། གྲོང་ཚིག་དང་ཚིག་རྩུབ་ཧ་ཅང་མཐོ་བོ་དང་མང་ན་ཆོས་ཀྱི་བགྲོ་བ་ཕར་བཞག་འཇིག་རྟེན་ཡ་རབས་ཙམ་གྱི་བགྲོ་གླེང་མེད་པར་འགྱུར་སྲིད་པས། དེ་ལས་བགྲོ་གླེང་ཕྱིར་འཐེན་གནང་ན་དགའ་སྙམ་མོ།།
གལ་ཏེ་དེ་ནི་ང་ཚོའི་གཞི་རྩའི་ལྟ་གྲུབ་དང་ཡོངས་སུ་འགལ་ན་དོར་བར་བྱ་བ་ཁོ་ན་ཡིན་སྙམ། གཞན་ལ་ཕན་བཏགས་མ་ཐུབ་ཀྱང་གནོད་བསྐྱལ་མི་དགོས་པ་མ་མཐར་དགོས་པ་བཞིན། མཐུན་སྒྲིལ་མེད་རུང་དཀྲུག་དོན་ཅི་ཡང་མ་མཐོང་།
གངས་ཅན་ཡུལ་དུ་ལོ་ངོ་སྟོང་ཕྲག་གོང་དར་བའི་ཆོས་ཚུལ་དེ་དང་འབྲེལ་བའི་རིག་གཞུང་སྐད་ཡིག་དང་བཅས་དེ་ང་ཚོའི་བླ་སྲོག་དང་ཁྱད་ནོར་ཡིན་པ་དེ་གསལ་པོ་རེད། དེ་གཅེས་ནོར་མིན་པའི་སྒྲུབ་བྱེད་རིགས་པ་གང་ཡོད་དམ། མེས་པོ་དམ࿒པ་ཚོས་འདི་འདྲའི་སྐུ་ལས་བསྐྱོན་ནས་འཛུགས་སྐྲུན་གནང་བའི་སྙིང་ནོར་འདི་རྩར་མེད་བཟོ་འདོད་པ་ནི། གུང་བྲན་གྱི་ངན་ཇུས་གཡོ་བཤམས་འོག་ལམ་ལྷོངས་ཡོང་རེའི་སྟོང་བསམ་བཅངས་ཡོད། ཆོས་སྤུས་དག་དེ་འཕགས་པའི་ཡུལ་ལ་ཁུངས་གཏུགས་ན་ཟབ་ལྷིང་བརྟན་ཤོས་ཡིན། དེ་དང་དུས་མཚུངས་ཡིན་ཚད་ཡོད་ཚད་རྒྱ་གར་ལ་ཐུག་པ་གསུངས་མཁན་ཨེ་ཡོད། གལ་ཏེ་ཡོད་ན་ནོར་འཁྲུལ་རེད།
ཡང་གཞན་ལས་ལེགས་ཆ་བླངས་པ་ནི་ཡར་ཐོན་དང་སྤྱང་པོ་ཡིན། རྒྱ་གུན་བྲན་ཚོས་ནུབ་ཕྱོགས་རིག་པ་ནང་འདྲེན་དང་ཐོན་སྐྱེད་འཛུགས་སྐྲུན་ལ་ཧུར་བརྩོན་ཇི་འདྲ་བྱེད་ཀྱི་འདུག ང་ཚོས་མཚན་རིག་འཕྲུལ་ལས་དེ་ནས་དཔེ་བླངས་སློབ་སྦྱོང་ལེན་བསྡུར་ད་དུང་ཡང་རྗེས་ལུས་ཐེབས་ཡོད། ང་རང་ཚོས་མ་འཇོན་པ་མ་གཏོགས་རང་གི་གནའ་བོའི་ཆོས་རིག་དང་དེང་རབས་འཕྲུལ་ལས་གཤོག་ཟུང་བརྐྱངས་ནས་ནམ་འཕང་གཅོད་པསི་གོ་སྐབས་ཡོད་རུང་། ད་དུང་ཤེས་ཚད་དང་ཧུར་ཐག་གི་མ་ལྡང་བར་རྗེས་ལུས་ཐེབས་ཡོད་སྙམ།
བོད་ཤོར་བའི་ཉིན་དེ་ནས་བོན་ལའི་ནུས་པ་བཏོན་ཡག་མི་འདུག གཅིག་པ་རེད་འདུག
བོད་ཤོར་བའི་ཉིན་དེ་ནས་གྷུ་རུས་་ལྷ་འདྲེ་གཞི་བདག་རྣམས་སྔར་དམ་ལ་བཏགས་པ་རྣམས་བཙོན་ནས་རི་ལ་ཤོར་འདུག་ཟིག
ཏུན་ཧོང་ཡིག་ཆ་ནི་ལག་སོན་བྱུང་བའི་ཡིག་ཚ་རྙིང་ཤོས་ཤིག་ཡིན་པས་ལོ་རྒྱུས་ཀྱི་ཁུངས་རྩ་ཆེན་ཞིག་ཡིན། འོན་ཀྱང་དེ་ནི་རྒྱའི་ལོ་རྒྱུས་ཀྱི་ཡིག་ཆ་ཡིན་པས་གཙོ་བོ་སྐབས་དེའི་རྒྱའི་ཁེ་ཕན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་ཚུལ་ཡང་ཡོད་ངེས་པས་བརྒྱ་ཆ་བརྒྱ་བདེན་པར་ངོས་འཛིན་མི་རུང་། ཨོ་ཉིས་ཏུན་ཧོང་བོན་པོས་བཟོས་པར་བཤད་པ་ནི་ཁུངས་མེད་དེ་དེའི་ནང་བོན་པོ་ལ་ཕན་པ་དང་བན་དེ་བ་ལ་གནོད་པའི་ཆ་གང་ཡང་མེད་པའི་ཕྱིར།
བཙན་པོ་སྲོང་བཙན་རྒྱལ་པོའི་སྐབས་སུ་དཔལ་འབྱོར་དང་དམག་དོན། ཚན་རིག་གྱི་ལག་རྩལ་སོགས་ཧང་ཅང་ཡག་པོ་ཡོད། དེང་སང་ཨ་རི་འཛམ་གླིང་ཐོག་ཏུ་སྔོན་ཐོན་ཡིན་པ་ལྟར་དེང་རབས་བདུན་པའི་ནང་དུ་བོད་འདི་འཛམ་གླིང་ནང་གི་སྔོན་ཐོན་པ་ཞིག་རེད། དེ་ནས་རྒྱ་གར་བའི་ས་དིང་བྷ་བྷ་རྫུན་རྐྱལ་བ་ཚོས་བོད་མི་རིགས་མགོ་སྐོར་བཏངས། ཤིང་བཟོ་དང་མགལ་བ། ཤན་པ་སོགས་ཀྱི་ལག་ཤེས་ཅན་རྣམས་མྱི་གྲལ་ནས་ཁྱིའི་གྲལ་དུ་གཡུགས། མགལ་བ་ཡིན་ན་ཆང་ས་རྒྱག་མཁན་མེད་ལ་ཁ་ཕོར་ཡང་སྤྲོད་མཁན་མེད། ཚང་མས་མཁྱེན་གསལ་རེད།་་་འཛམ་གླིང་འདིར་ཡར་རྒྱས་གཏོང་མཁན་མགལ་བ་དང་ཤིང་བཟོ་རེད།་་་་ལས་རིགས་འདི་གཉིས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པས་སྐྱོན་གྱིས་བོད་རྒྱལ་ཁབ་ཡར་རྒྱས་མ་ཕྱིན་པ་རེད།་་་་རྒྱ་གུན་ཁྲན་གྱིས་གནམ་གྲུ་བཏང་ནས་དམག་བསླེབས་དུས་བཀོར་གཟན་ཚོས་རྩམ་པའི་པག་གྱིས་གཏོར་དམར་བཟོས་ནས་བརྒྱབ་མདོག་མདོག་བྱས་པ་རེད་་་་་་་་་་ཧཧཧཧ་་་དགོད་ཤོར་ལ་ངུ་ཤོར་དགོས་པའི་ལོ་རྒྱུས་རེད།།
བན་དེ་བ་ལགས། ངས་ནམ་རྒྱུན་ཁྱེད་རང་མི་ཤེས་ཡོན་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལུང་རིགས་ཀྱི་རྣམ་བཞག་དོར་ནས་ཆོས་ལུགས་གཞན་གྱི་ལྷ་དང་བླ་མར་དོན་མེད་ཟུར་ཟ་སོགས་ནི་གྲོང་པའི་བླུན་རྒན་གྱི་རྩོད་སྟངས་རང་རེད།
ཅོ་རི་ཉི་མ། ད་ལྟ་མགོ་༧སྐུ་མདུན་ནས་འཇུག་ང་དང་ཁྱེད་གཉིས་ཀྱིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་གལ་སྲིད་ངོམ་ཆོག་པ་ཞིག་དང་བསྟན་ལོ་བ་ཞིག་ཡོད་ན་དེ་ནི་ཁྱོད་ཀྱི་རྨ་འབེབས་བཞིན་པའི་རྒྱ་གར་ས་རྡུ་ཡིས་འཁུར་སླེབས་པའི་ནང་ཆོས་དེ་ཁོ་ན་རེད།
འཛམ་བུ་གླིང་གི་མི་རྣམས་ཀྱིས་འགྲམ་ཆུ་ཤོར་ནས་ཁ་སྡོང་ས་ངོ་མ་བོད་ཀྱི་གཏེར་ཁ་དང་སྨན་རྩྭ། རི་དྭགས་དང་བོད་ཁྱི་སོགས་རེད་མ་གཏོགས་ས་དིང་བྷ་བྷ་ཚོས་ཁུར་ནས་བསླེབས་པའི་ཆོས་ལུགས་འདི་ཅང་ཡིན་ཟོལ་མི་འདུག འདི་ཡིན་ནའང་freeསྤྲོད་ཆོག་གི་རེད། རྒྱ་གར་བ་ལ་ཡང་ཅང་མཁོ་ས་མ་རེད་གོ
བོད་ལ་གཏེར་ཁ། སྨན་རྩ། རྭི་དྭགས། ཁྱི་སོགས་ཨ་ཡོད་ཟེར་ན་ཡོད་རེད། ཡིན་ནའང་བོད་ཁྱི་དེ་ཕར་ཕུད་རྒྱལ་ཁབ་གཞན་ལས་ལྷག་པའི་གཏེར་ཁ། སྨན་རྩ། རི་དྭགས་སོགས་གང་ཡང་མེད། གཏེར་ཁ་ངོ་མ་ཡོད་ས་ཡིན་ན་འཛམ་གླིང་གི་ཧབ་ཐོབ་རྒྱག་གི་རེད་མ་གཏོགས་གྲོགས་མེད་ཁེར་རྐྱང་ལྷག་གི་མ་རེད། དེ་ཙམ་མ་ཤེས་པ་ཡིན་མདོག་མེད།
བོད་ལ་འགྲམ་ཆུ་ལྡང་རྒྱུའི་རྒྱ་མེད་ཙང་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་ཇུས་གཏོགས་བྱེད་མཁན་མ་བྱུང་བ་ཤེས་པར་གྱིས་ཤིག
ད་ཡིན་ན་ སྤྱོད་རིའི་རང་མདོག་སྟོན་བཞིན་འདུག་ག
སྐུ་ཚེ་རིང་རྒྱུ་ཁྱོད་ཀྱིས་ག་རེ་བཤད་ཀྱི་་་ཨ་་་བོད་ལ་ཞེན་ཁྱོད། ཧབ་ཐོབ་བརྒྱབ་དང་མ་བརྒྱབ། རྒྱ་ནག་པས་སྨད་ནས་ཧབ་ཐོབ་བརྒྱབ་ནས་ཟས། རྒྱ་གར་བས་སྟོད་ནས་ཧབ་ཐོབ་བརྒྱབ་ནས་ཟས། བལ་པོས་སྐེ་ནས་ཏོག་ཙམ་རེ་ཟས། མ་ཟད་ནུབ་ཕྱོགས་གཏེར་བཏོན་རུ་ཁག་ཚོས་སྤྱང་ཀི་ཤ་ལ་རྔམས་པ་ལྟར་རེད། ཁེ་རྐྱང་ལྷག་མེད་པ་མ་ཟད་ཚང་མར་ཟས་དང་ཟ་བཞིན་པ་རེད་དོ།
སྤྱོད་པ་ལེབ་ལེབ་ཁྱོད་ཡང་བསླེབས་ཡོད་པེ
ཧ ཧ བར་ཆད་ལམ་སེལ་དངོས་རེད། ཅོ་རི་གཅེར་བུ་ཕུད་སོང་། དེ་རེད། བདེན་པ་རེད། ཚེ་སྔ་ཕྱི་དང་ལས་མེད་པ་ཅོ་རི་ཁྱོད་ལྟ་བུ་ཚོས་ཁུངས་མེད་ལུང་མེད་ཀྱང་ནང་བསྟན་ལས་བརྐུས་ནས་བདག་པོ་ཁྱིས་ངེར་ཟེར་དེ་རེད། ༧གོང་ས་མཆོག་ལ་བོན་ཞྭ་གཡོགས། བོན་དབྱུག་ཕྱག་ཏུ་བཞག་པའི་བར་ཆད་ཀྱིས་བོད་ཀྱི་མིའུ་བརྒྱ་ཕྲག་གསོན་བསྲེགས་བཏངས་སོང་ང་། ཨ་ཁ་ཁྱོད་ལྟ་བུ་ཚོ་ཁ་ཐ་བས་གཅོདདདདདདདདདདདདདདདདདདདདདད
གང་ལྟར་ཡང་ཁྱེད་ཅག་བོན་པོ་ཚོས་མཁན་སློབ་ཆོས་གསུམ་དང་། བན་དེའི་བཀའ་བསྟན་ཡོངས་རྫོགས་ལ་བསྐུར་བ་བཏབ་པ་དང་། ལོ་རྒྱུས་རྫུན་བཟོ་བྱ་རྒྱུ་མཚམས་མ་བཞག་ན། ངས་འཛམ་བུ་གླིང་གང་ལ་བོན་པོའི་རྫུན་བཟོའི་རིགས་ཆ་ཚང་ཁྱབ་བསྒྲག་བྱ་རྒྱུ་ཡིན། ད་ལྟ་ནས་ཁྱེད་ཅག་ཁ་བཙུམས་ཐུབ་ན་ཡག་ཤོས་ཡིན།
ང་མི་སྒེར་ནས་བོན་པོ་མིན་ཀྱང་། བོན་གྱི་གསུང་རབ་ཁ་ཤས་ལྟ་ཀློག་བྱེད་པའི་གོ་སྐབས་བྱུང་བས་དད་གུས་ཆེན་པོ་སྐྱེས། བན་བོན་གཉིས་ཀ་ལམ་རྣམ་དག་ཡིན་པར་ཁྱད་མ་མཆིས། དེང་སང་བོན་གྱི་མཁས་པ་རྣམས་ཀྱིས་བོན་དང་གཡུང་དྲུང་བོན་གཉིས་ཀྱི་དབྱེ་བ་གནང་ནས། ཁོང་རྣམས་གཡུང་དྲུང་བོན་གྱི་རྗེས་འཇུག་དང་དེ་ལ་ལྟ་སྒོམ་སྤྱོད་གསུམ་ཚང་ལ་མ་ནོར་བ་ཡོད་པར་བཞེད།
མཆོག་གླིང་གིས། གདོན་གཟུགས་བོན་གྱི་བསྟན་པ་ནུབཿ བཤད་པ་དེ་བོན་ཆོས་ཡོངས་ལ་མི་གོ་བར། སྔོན་ཆད་བོན་པོ་འགས་དམར་མཆོད་བྱེད་པའི་ལུགས་མེད་པར་མཛད་པ་ལ་འགྲེལ་དགོས། བན་དེའི་ནང་ཁུལ་ལའང་བསང་གཏོང་བའི་སྐབས་སུ་ར་ལུག་གསོན་པོ་མེར་འབུལ་བའི་ལུགས་སྲོལ་ཨ་མདོའི་ཕྱོགས་སུ་བྱུང་། ཁམས་ཕྱོགས་སུ་གསོན་གཤིན་གང་རུང་གི་ཆེད་དུ་ཆོ་ག་གཏོང་སྐབས་སུ་གཡག་ལུག་བསད་པའི་ཤ་བན་དེ་ཚོར་འབུལ་སྲོལ་ཆེན་པོ་བྱུང་ཞིང་། རྗེས་སུ་རྫ་དཔལ་སྤྲུལ་དང་མུ་ར་བླ་མ་རྣམས་ཀྱིས་བཀག་འགོག་མཛད་པས་ཇེ་ཉུང་དུ་གྱུར།
གཡུང་དྲུང་བོན་གྱི་བསྟན་པ་འདི་རང་ངོས་ནས་ཐར་ལམ་རྣམ་དག་ཡིན་པའི་གཏན་ཚིགས་གང་ཡིན་སྙམ་ན། དེས་ལྟ་བ་དོན་དམ་སྟོང་བ་ཉིད་དང་སྤྱོད་པ་འཚེ་བ་མེད་པ་བཞེད་ཅིང་ཉམས་སུ་ལེན་པས་ཕྱིར་རོ། །དེ་ལ་ཁྱབ་པ་ཡོད་དེ། མདོ་ལྟར་ན། འཕགས་པ་ལྷས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ། །ཞེས་དང་། རྒྱུད་ལྟར་ན། རྡོ་རྗེ་སྙིང་འགྲེལ་ལས། རྣལ་འབྱོར་རིག་བྱེད་གྲུབ་མཐའ་དག །དབང་ཕྱུག་སོགས་ཀྱིས་བྱས་པ་དང་། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་བ་ཉིད་ཀྱི་ཁྱད་པར་ཡོད། །ཅེས་གསུངས་པས་ཕྱིར། ལུང་དེ་དག་ཏུ། ཕྱི་རོལ་བ་དང་ནང་པ་གཉིས་ལ་མི་འདྲ་བ་ཆེན་པོ་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་ནང་ལྟ་བའི་ཆ་ནས་ཡོད་པར་བསྟན། བན་བོན་གཉིས་ཀྱི་ལོ རྒྱུས་ཐད་ལ་རྩོད་པ་མང་བོ་བྱུང་ནས། བན་དེས་བོན་པོ་དང་། བོན་པོས་བན་དེར་རྐུན་མའི་མིང་ངན་འདོགས་རེད་བྱེད་པ་ལས། ཕན་ཚུན་བརྩི་བཀུར་དང་དག་སྣང་སྦྱངས་ནས། བན་བོན་གཉིས་ཀྱི་ཆོས་ལ་ཕར་འདྲེས་ཚུར་འདྲེས་མང་བོ་འབྱུང་ཡོད་པས་ཆོས་ཀྱི་མཆེད་གྲོགས་ཀྱི་འདུ་ཤེས་བཟུང་ན་མི་ལེགས་སམ། གུས་པ་བདག་གིས་བཀའ་རྙིང་ས་དགེ་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་མང་བོའི་མདུན་ནས་ཆོས་ཞུ་བའི་བསྐལ་བ་བཟང་བོ་བྱུང་ཡོད་པ་དང་། མ་འོངས་རྟེན་འབྲེལ་གྱི་ཆེད་དུ་བོན་གྱི་བླ་མ་ཞིག་གི་མདུན་ནས་ལུང་ལྟ་བུ་རེ་ཞུ་རྒྱུའི་རེ་བ་ཡོད།
ཨོ་ཧཧཧཧཧ་་་དམོད་མོ་རྒྱབ་ཡ་འདྲ་མ་གཏོགས་ཅང་མེད་པེ།་་་མཐུ་དང་སྔགས་བརྒྱབ་ཀྱི་མེད་པེ་་་་་མེད་ན་ཁ་བཙུམ།་་་་དམོད་མོ་སྐྱེ་བོ་ཐ་མ་པ་ཚང་མས་བརྒྱབ་ཤེས་ཀྱི་རེད།་་་་རིག་པའི་སྒྲུབ་བྱེད་བཀོད་ཤེས་མཁན་དཀོན་པོ་རེད་བ་་་་ང་ཚོས་ནང་བསྟན་ཟེར་བ་འདིར་རྐུ་དགོས་དོན་མི་འདུག་་་བཀོར་བླ་ཚོས་འཛམ་གླིང་གང་སར་freeསྤྲོད་ཀྱི་འདུག་་་་free ཡིན་པའི་རིག་གནས་ཤིག་རྐུ་བརྒྱབ་སུ་ཡོད་མི་སྲིད་པ་རེད།་་་སྙིང་རྗེ་དེ་ཙམ་ཤེས་ཀྱི་མེད་པེ་་་ཨ་་་ཧཧ
ཆོས་ཀྱིས་བཟི་ན་ཡག་ཤོས་རེད། ཆོས་པའི་མིང་ལ་ཆབ་སྲིད་ཀྱིས་བཟི་སོང་ན། ཆོས་ཀྱི་མཚན་འོག་ནས་རང་གཞན་ཕུང་ལ་སྦྱོར་བའི་བྱ་བ་འདྲ་མིན་རྩོམ་མཁན་མང་པོ་རེད།
བོད་ལ་ཞེན་ལགས་་་་་་་
་ངས་རྩོད་པའི་མགོ་བསླང་མེད། ཨོ་ཉི་དང་པདྨ་བདག་པོ་ལས་སོགས་ཀྱིས་བོན་ལ་ངན་སྨྲས་བཤད་པ་དེར་ཁྱབ་མཚུངས་ཀྱི་ལན་བཏབ་པ་མ་གཏོགས་དེ་མིན་ང་ལ་དེ་ལྟར་སྨྲ་འདོད་ཀྱི་བསམ་པ་མེད་ལ་་དེ་ལྟར་སྨྲས་པའང་མེད། ཁྱེད་ཀྱིས་གཟིགས་དང་་་མཆན་༤༢ ནང་དུ་བདག་པོས་ཅི་ཞིག་བཤད་འདུག ཾཁྱེད་ངོ་མ་གཟུར་གནས་པ་ཞིག་ཡིན་ན་ཕྱོགས་གཉིས་ཀ་ལ་བརྗོད་དགོས་པར་མ་ཟད། རྩོད་པའི་གཞི་མ་བཏིང་མཁན་དེ་སུ་རེད་འདུག དེ་ལ་གཅིག་དཔྱད་ནས་གསུང་ན་ཡག་པོ་འདུག
མ་གཞི་ནས་བོད་ལ་ཞེན་དང་་་་ཨོ་ཉི་་་་པདྨ་་་་ཁྱེད་རྙིང་མ་བ་རྣམས་ཀྱིས་བོན་ལ་འདི་ལྟར་སྡང་དགོས་པའི་རྒྱུ་མཚན་ཞིག་གསུང་དང། ཨོ་ཉིས་བོན་པོས་མཁན་སློབ་ཆོས་གསུམ་ལ་སྡང་སོང་ཟེར་ནས་་་་་སྐྱར་ནས་སྐྱར་དུ་བཤད་ཀྱི། གལ་ཏེ་བོན་པོས་དེ་ལྟར་སྐུར་འདེབས་བྱས་ཡོད་ན་དེ་ལྟར་བཤད་པའི་རྒྱུ་རྐྱེན་དུག་རྩ་དེ་ཨོ་ཉི་དང་དཔལ་དགྱེས་ཟེར་བ་སོགས་རྙིང་མའི་བླ་སྤྲུལ་མིང་འཛིན་པ་དེ་དག་གིས་བསླང་བ་ལས་དེ་མིན་བོན་པོས་ཇི་ལྟར་བྱེད་དེ་སྐུར་བ་འདེབས་སྲིད་དམ། གལ་ཏེ་བོན་པོས་དེ་ལྟར་སྨྲས་པ་ཡོད་རུང་་་་དེ་ལའང་ཁོང་ཚོར་རྒྱུ་མཚན་ཞིག་ཡོད་ནས་བཤད་པ་ཡིན་གྱི་རེད་མ་གཏོགས། དོན་མེད་ཁུངས་མེད་ཡིན་མི་སྲིད། བན་དེ་བས་རྒྱལ་པོ་ལྷ་སྲས་དར་མ་ལ་ཅི་ཡིས་ཕྱིར་་་་གླང་དར་མ་་་་་་ཞེས་འཇིག་རྟེན་ན་མི་སྲིད་པའི་སྒྲོ་སྐུར་བྱས་པ་རེད་དམ། དེ་ལའང་རྒྱུ་མཚན་ཞིག་ལོས་ཡོད། ལྷ་སྲས་དར་མ་ལ་་་ལྷ་སྲས་དར་མ་་་ཞེས་བྲིས་ནས་འགྲིག་མི་འདུག་ཟེར་ནས་་་རྡ་སའི་དཔེ་མཛོད་ཁང་ནས་ལྷ་སྲས་དར་མའི་ལོ་རྒྱུས་ཞིག་དཔར་དུ་རྒྱབ་རོགས་མ་བྱས་པ་རེད། དེ་ལའང་རྒྱུ་མཚན་ཞིག་ལོས་ཡོད། དེས་ན་རྒྱུ་མཚན་ཐམས་ཅད་རང་རང་ལ་ལྟོས་ཏེ་བཞག་པ་ལས་ཐུན་མོང་དུ་སྣང་བའི་རྒྱུ་མཚན་ཞིག་གང་ནས་རྙེད་ཐུབ་བམ། བོད་རྒྱུད་ནང་བསྟན་བཤིག་མཁན་གྱི་བོད་ཀྱི་བཙན་པོ་ལྷ་སྲས་ཞིག་ལ་་་་་་གླང་གོག་་་་་ཅེས་ཤོད་ཆོག་ན་་་བོན་པོས་བོན་གྱི་བསྟན་པ་བཤིག་མཁན་གྱི་རྒྱལ་པོ་ལས་སོགས་མི་སྣར་སྐུར་འདེབས་བྱེད་མི་ཆོག་པ་སྲིད་པའི་ཁྲིམས་ཀྱིས་བཅས་ཡོད་ན་མ་གཏོགས་་་་་དེ་མིན་རྒྱུ་མཚན་དྲངས་དུས་གཅིག་མཚུངས་རེད་མི་འདུག་གམ་་་ངས་དངོས་གནས་བཤད་ཀྱི་ཡོད། བྱས་ཙང་ངས་ང་ཚོས་འདས་པའི་ལོ་རྒྱུས་དེ་ཚོ་མ་བསྔོགས་ན་ཡག་པོ་རེད། ཆོས་ལུགས་ནང་ཕན་ཚུན་མཐུན་བསྒྲིལ་དང་འཆམ་མཐུན་དགོས་ཀྱི་རེད་ཟེར་ནས་བཤད་དུས། ཨོ་ཉིས་་་ཅི་ཞིག་བྲིས་མ་སོང་ངམ། པདྨས་ཨ་རིར་ཆོས་ལུགས་རིས་མེད་ཚོགས་པར་ཅི་ཞིག་བཤད་མ་སོང་ངམ། ང་ཚོས་དྲང་པོ་བྱས་ཏེ་སྐད་ཆ་བཤད་དགོས། ད་ལྟའི་དུས་ཚོད་འདི་ནི་སྔར་དང་མི་འདྲ་བར་མི་བུས་འཇོན་ན་སྐྱིད་སྡུག་བཤད་ས་ཡོད། སྐད་ཅིག་གཅིག་ལ་འཛམ་གླིང་མི་མང་གི་མིག་མདུན་དུ་བདེན་རྫུན་གྱི་རྔོན་ལོ་འཕྱར་དུ་འཇུག་འདོད་ཀྱང་འཇུག་ས་ཡོད། བྱས་ཙང་ད་པདྨས་་་་་གདོན་གཟུགས་བོན་གྱི་བསྟན་པ་བསྣུབ་་་་་་ཟེར་ནས་ས་སྒྲོག་གནམ་སྒྲོག་བྱས་མ་སོང་ངམ། དེ་ལ་ཁྱེད་ཀྱི་ཅི་ཞིག་དགོངས་ཀྱི་ཡོད་དམ། ངས་ནམ་རྒྱུན་ཁྱེད་རང་་་བོད་ལ་ཞེན་་་་ཟེར་དུས་ངོ་མ་རང་མི་རིགས་བོད་དང་བོད་ཀྱི་རིག་གཞུང་དང་ཆོས་ལུགས་མི་རིགས་དང་བཅས་པར་་་་་ལ་རྒྱའི་ལྷག་བསམ་གྱིས་ཕྱུག་པ་ཞིག་ཏུ་སེམས་བཞིན་ཡོད། འོན་ཀྱང་ང་ཡིས་གོ་བ་བླངས་པ་དེ་ནོར་འདུག་བསམ་པའང་བྱུང། གང་ཡིན་ཟེར་ན་ཉེ་ཆར་ཁྱེད་ཀྱིས་བོན་ལ་ངན་སྨྲས་གསུང་སྟངས་དེ་ཡིས་རྐྱེན་གྱིས་ཡིན། ང་ཚོས་མཐུན་ཕྱོགས་ནས་བཤད་ན་མཐུན་པའི་ཆ་དེ་ཚོར་འགོད་དགོས། མཐུན་མི་དགོས་ན་དེ་ལུགས་མཛད་རོགས། དེ་ལ་དཔགས་པའི་འཆམ་འཁྲབ་སྲིད།
ཅོག་རི་ལགས། བསྡུས་གྲྭ་ལོ་ཤས་བལྟས་པ་ཙམ་རྒྱུ་མཚན་དུ་བཟུང་སྟེ། རིགས་པ་དང་རིགས་པ་ཟེར་གྱི་མ་འདུག ང་ཚོས་བསྡུས་གྲྭ་ཨ་མའི་གམ་ནས་ཤེས་ཚར་བ་ཡིན། ཁྱེད་རང་གྲྭ་སའི་གྲྭ་བ་དཀྱུས་མ་ཚོའི་གམ་ནས་འཁོར་གསུམ་རག་བསྡད་མཁན་ཞིག་གིས། འདིར་སྐྱག་བཤད་རིགས་པ་ཞེས་ཟེར་ཁི་མ་འདུག་ལོ། ཧཧཧཧཧཧ
ཨོ་་ཙི་་་་ཨོ་ཉི་ལགས། ཏུན་ཧོང་ཡིག་རྙིང་བོན་པོས་རྫུན་བཟོས་བྱས་པ་རེད་ལབས་སོང་། ཁྱོད་ཀྱིས་འཛམ་གླིང་ལ་ཏུན་ཧོར་ཡིག་རྙིང་བོན་པོའི་རྫུན་བཟོས་བྱས་རེད་ཅེས་བསྒྲགས་ན་དབྱིན་ཇུས་དང་ཧྥི་རན་སི་གཉིས་ཀྱིས་ཁྱོད་རང་སྨྱོན་པའི་སྨན་ཁང་ནང་དུ་འཁྲིད་ཡོང་། རྒྱལ་ཁབ་དེ་གཉིས་ཀྱིས་མི་ལོ་མང་པོ་རིང་དུ་དཔྱོད་པ་བྱས་པ་རེད། བོད་མི་ལས་ལྷག་པ་དབྱིན་ཧྥི་གཉིས་ཀྱི་ཤེས་ཀྱི་ཡོད་རེད་དོ།་་་་དེང་སང་ཚན་རིག་པའི་འཕྲུལ་ཆ་ལ་བརྟེན་ནས་བདེན་རྫུན་མཐའ་གསལ་བའི་དེང་རབས་རེད་དོ།།།
འོད་གསལ་ལགས་་་ཁམས་བཟང་། ལས་ཀ་འདྲ་ཅང་མེད་ནས་ངས་ནི་ཨོ་ཉི་ཁ་རྩེད་བསྡད་ཡོད་་ཧཧ
ད་ཡང་པདྨས་་་་ཅི་ཞིག་བྲིས་འདུག་་་་་རྙིང་མའི་ཨ་ལེ་་་་ཇ་ལེ་དམར་ཙུག་དེ་་་་༧གོང་ས་མཆོག་གི་དབུ་ལ་གཡོགས་ཆོག་ལ་་་་བོན་པོའི་དྲི་མེད་པདྨའི་ཞྭ་མོ་༧གོང་ས་མཆོག་ལ་ཕུལ་མི་ཆོག་པའི་རྒྱུ་མཚན་གང་ཡོད་དམ། བོད་ཀྱི་བོན་པོ་རྣམས་༧གོང་ས་མཆོག་གི་ཞབས་འབངས་པ་མ་རེད་ཟེར་རྒྱུ་ཡིན་ནམ། ཨོ་ཉི་འདི་ལ་ལྟོས་དང་་་་ཁོ་ཨོ་ཉི་འཛམ་གླིང་ཁ་ལོ་བསྒྱུར་མཁན་ཡིན་པའི་བཟོ་འདྲ་བོ་ཞིག་བཤད་ཀྱི་འདུག ཁྱོད་རང་དང་པོ་མི་ལ་ལྟོ་གོས་འདུག་སར་རེ་ནས་སྒོ་སྒུགས་བྱེད་པ་དེ་ལས་རང་ཁ་རང་གསོ་བྱེད་ཐུབས་ཐབས་གྱིས། དེ་ནས་བོན་པོ་མེད་པར་བཟོ་བའི་ལས་ལ་འབོད། ཨོ་ཉིའི་ཨོང་དོ་ནས་ཉི་མ་དགུ་ཤར་བའི་ཚེ་དེ་དུས་ཁྱོད་ཀྱི་བོན་པོ་མེད་པར་བྱེད་ཐུབ་སྲིད། ཁྱོད་ཀྱིས་ཁ་སྔོན་་་་ཧི་མ་ལ་ཡར་བོན་པོ་མེད་པ་བྱེད་ཀྱི་ཡིན་ཟེར་ནས་བཤད་སོང། ཧཧཧཧཧཧཧི་མ་ལའི་ནང་རི་བརྒྱུད་དུ་བོན་དགོན་བརྒྱ་ལ་མ་ཟིན་ཙམ་ཡོད། དེར་ཕྱོགས་ནས་དགེ་བཤེས་དང་མཁས་པ་སློབ་སྟོན་པ་བརྒྱ་ཕྲག་ལས་བརྒལ་བ་ཡོད་པས་ཁྱོས་་་་་་ཨེ་་་་རྐུབ་་་་ནས་ཉི་མ་ཤར་ཡོང། ཁྱོད་རང་གི་ཟ་ཉོག་དེ་ཚོ་བདག་པོ་རྒྱབ་ཐུབ་ན་ཡག་ཤོས་རེད། ངས་མི་བྱེད་པ་རེད་མ་གཏོགས་་་་ཁྱེད་རང་དབྱིན་ཡུལ་ནས་མཐར་བསྐྲོད་གཏོང་ཐུབ་ངེས་ཡིན་་་་གཟབ་ན་མ་གཏོགས། ་་only one email. No need more then one letter ok you should think about your self.
ཨོ་རེད་་་སྔགས་པ་ཨོ་ཉི་ཁྱོད་ལ་མཐུ་དང་སྔགས་བརྒྱབ་ཀྱི་་ཡོད་དང་མེད། ཁྱོད་ཀྱི་ཨམ་ཕྲུག་པདྨ་ཟེར་བ་ཞིག་གིས་ཅིག་ཅིག་དམ་ལ་བཏགས་རབས་དང་ཉོག་ཉོག་དམ་ལ་བཏགས་རབས་མང་པོ་ཞིག་ཁུར་ནས་བསླེབས་སོང་། དེ་ཚོ་རྫུན་རེད་དམ་དངོས་གནས་རེད། སུ་དམ་ལ་བཏགས་ཐུབ་ཀྱི་ཡོད་དམ། ཁྱོད་ཚོས་ང་ཅོ་རི་དམ་ལ་བཏགས་ཐུབ་ཀྱི་ཡོད་དམ། ཡོད་ན་བཏགས་རོགས་བྱོས།་མེད་ན་རྫུན་བཤད་མ་ཡོང་་་་ཨ་་ཧཧཧཧ
ང་ནི་དམིགས་བསལ་བོན་ལ་སྡང་བ་གང་ཡང་མེད། འོན་ཀྱང་གུས་པ་ནི་རྙིང་མའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་པས་དེ་ལ་དགག་པ་བྱེད་མི་བྱུང་ན་རང་ནུས་གང་ཡོད་ཀྱིས་དགག་བཞག་བྱེད་ཀྱི་ཡོད།
བོན་པོ་དང་རྙིང་མ་གཉིས་རྫུན་རྐུབ་བརྡོལ་རེས་བྱེད་ཀྱི་ཡོད་ས་རེད། ཁོང་ཚོས་ཐེགཔ་རིམ་དགུ་དེ་ཕར་ཚུར་བརྐུས་རེ་བྱེད་པ་འདྲ། ས་བཀའ་དགེ་ཇོ་རྣམས་ཀྱི་ཐེག་པ་རིམ་པ་གསུམ་ལས་གསུངས་མི་འདུག
ཅོ་རི་ཁྱོད་ལྟོས་ཨ། མཐུ་སྔགས་དགོས་ན་ངེད་རྙིང་མ་དང་བོན་པོ་གཉིས་ལས་ལྷག་གཅིག་མེད། དམ་ལ་བཏགས་རོགས་ཟེར་མི་ཁྱོད་རང་རེད། སང་ཉིན་ཁ་བརྡ་ནང་བཤགས་པ་ཕུལ་དགོས་ལེ་ཞིག་བཟོ་ཐག་ཆོད་ཡིན། དོ་ནུབ་སྒུག་ཨ།
ཨོ་རེད་་་ཏག་ཏག་རེད། ཨོ་ཉི་ལགས་་་བོད་ཀྱི་རིག་གཞུང་གི་མཚན་ཉིད་འཁུར་ཤོག་་་་ངས་ནི་བསྡུས་གྲྭ་ལོ་ཁ་ཤས་བལྟས་པ་མ་གཏོགས་ཁྱོད་འདྲ་བའི་རིག་པ་སྨྲ་བ་ཆེན་མོ་ཞིག་མིན། མིན་ཀྱང་་་བོད་ཀྱི་རིག་གཞུང་གི་མཚན་ཉིད་འཇོག་མ་ཐུབ་ན་ངས་ཁྱོད་ལ་ཁྱི་རྔ་ཡི་འཁོར་གསུམ་སྐོར་གྱི་ཡིན་ནོ།་་་་་ཐེངས་གཉིས་པ་ཡིན། བོད་རིག་གཞུང་གི་མཚན་ཉིད་བཞག་གྱི་མེད་ན་ཁྱོད་དེ་རིང་ཁ་བཙུམ་དགོས་ཡོད་་་་ཁོ་རེ
གངས་ཕྲུག ཨ་ཉོག་ཆུང་ཆུང་། ཐེག་པ་སྐོར་མི་ཤེས་ན་ཁ་མ་མང་། རང་མདོག་ཕྱི་ལ་བསྟན་རོགས་རེད།
ནུབ་ཕྱོགས་གངས་ཕྲུག་ཁྱོད་ཐུགས་དག
ཅིས་ཕྱིར་རྙིང་མ་བ་ཚོར་ས་དགེ་བཀའ་ཇོ་དང་མི་འདྲ་བར་་་་ཐེག་པ་རིམ་དགུ་བྱུང་བ་རེད། དེ་ལ་རྒྱུ་མཚན་ཞིག་དང་ཡོད་རྒྱུ་རེད།
ང་མཐར་སྐྲོད་གཏོང་ཐུབ་མཁན་ཡོད་ན་ཤོག་ཨ། ལྟ་ཆོག ངས་ཁྱོད་མཐར་སྐྲོད་གཏོང་ངམ། ཁྱེད་ཀྱིས་ང་མཐར་སྤྲོད་གཏོང་། ཧཧཧཧཧཧཧཧཧཧ
བོད་མིའི་གནས་ལུས་སེམས་འབྱོར་ལ་སྨན་པའི་ཐབས་དེ་བོད་པའི་རིག་གཞུང་གི་མཚན་ཉིད། དེ་ལ་དབྱེ་ན་གནས་དང་། ལུས། སེམས། འབྱོར་ལ་སྨན་པ་སྟེ་བཞི། འཁོར་གསུམ་ཡིན་ད། ཕེབས་ཤོག་ཨ།
ཨོ་ཉི་འདི་་་འདྲ་ས་མི་འདུག་ག་་་་་གནས་དང་ལུས། སེམས་དང་འབྱོར་བཞི་པོའི་མཚན་གཞི་རེ་ཡིན་འཇོག་རོགས་་་ཡིན་ད་་ཧཧཧ
མགྱོགས་པོ་ཡིན་ད་་་་ཡོ་་་ཆི་རེད་ཆི་རེད་་་
དབྱེ་ངོ་དེ་ཡིན་ན་དབྱེ་གཞི་དེ་ཡིན་པས་ཁྱབ་བམ་མ་ཁྱབ།
ཁྱབ་ཟེར་ན། གནས་ཡིན་ན་བོད་པའི་རིག་གཞུང་ཡིན་པས་ཁྱབ། ་ཧཧཧཧ
ལུས་ཡིན་ན་བོད་པའི་རིག་གཞུང་ཡིན་པས་ཁྱབ། ཧཧཧཧཧཧ
སེམས་ཡིན་ན་བོད་པའི་རིག་གཞུང་ཡིན་པས་ཁྱབ། ཧཧཧཧཧ
འབྱོར་ལ་སྨན་པ་ཡིན་ན་གོ་རྒྱུ་མི་འདུག་་་་་སྦྱོར་ལ་མཁས་པ་ཡིན་ན་བོད་རིག་གཞུང་ཡིན་པས་ཁྱབ་་་ཟེར
ཡིན་ས་རེད། ་་་ཧཧཧཧ
རྒྱ་ནག་གིས་བཟོས་པའི་རྒྱ་སྨན་ཆོས་ཅན་་་་དེར་ཐལ་་་དེའི་ཕྱིར་་་རྒྱ་ནག་གིས་བཟོས་པའི་རྒྱ་ཟས་ཆོས་ཅན་་་་་དེར་ཐལ་་་་དེའི་ཕྱིར་་་་
ད་ཁྱི་རྔས་འཁོར་གསུམ་བསྐོར་རྒྱུ་རང་སྡུག་རང་གིས་ཉོས་སོང། ར་སྤུ་ལས་བཟོས་པའི་་་་འུར་རྡོ་་དེ་ཡིས་ར་མགོར་རྒྱབ་ཚར་སོང་་་་ཧཧཧཧ ཅོ་རི་མཁས་པའི་འུར་རྡོས་་་ཨོ་ཉིའི་ཨོང་རྡོ་ལ་གཞུས་ཚར་སོང། ་ད་ལྟད་མོ་བལྟས་ནས་བསྡོད་ཀྱི་ཡིན་ད་་་་་
སྐུ་ཞབས་ཅོ་རི་ཉི་མ་ལགས།
སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་ཉི་མར་ཞལ་རྩེད་གནང་རོགས། ཁོང་ཞལ་བཙན་པོ་ཡོད་ཀྱང་དོན་དུ་ལྷག་བསམ་དཀར་པོ་ཡོད་ངེས།
འོད་གསལ་ལགས་་་ཨོ་ཉི་འདི་རྨོངས་རྒན་ཞིག་རེད་མ་གཏོགས་གཞན་དག་དོགས་མེད། ལྟད་མོ་ལྟོས་ཨ་་་ཨོ་ཉི་ཡིས་བོད་ཀྱི་རིག་གཞུང་ཟེར་ན་ཅི་ཡིན་ཤེས་ཀྱི་མེད་ངེས་རེད་འདུག་་་་ཧཧཧཧལྟད་མོ་ཡོད།
ཧཧཧཧཧ ད་ཚང་མ། རེ་རེ་ནས་ཁྱེད་ཅག་བསླབ་དགོས་ན་སློབ་ཡོན་ཁུར་ཤོག ཡང་ན་ང་གདན་འདྲེན་ཞུས་སར་ཤོག དེ་མིན་་་་་་་་་་་་་་་་་་་་་་་་་་་་་་་དེང་སང་གཏམ་ཚིག་གཅིག་རེ་བསྐུལ་ལ་བརྟེན་ནས་བཤད་དགོས་ན། འགྲོ་སོང་མེད་ན་ཁག་པོ་རེད། ཧཧཧཧཧཧཧཧཧ
གཡག་ཤ་ཆོས་ཅན། བོད་ཀྱི་རིག་གཞུང་ཡིན་པར་ཐལ།་་་་ཐལ་པ་དང་པོ་ཡིན།
མོ་ཊ་ཆོས་ཅན། བོད་ཀྱི་རིག་གཞུང་ཡིན་པར་ཐལ། ཐལ་བ་གཉིས་པ་ཡིན།
ཆར་པ་ཆོས་ཅན། བོད་ཀྱི་རིག་གཞུང་ཡིན་པར་ཐལ། གསུམ་པ་ཡིན།་་་་་་་་་་ཨོ་ཉི་་་་འཁོར་་་འཁོར་་
ལན་འཁུར་ཤོག་ཨ་་་་་ཨོ་ཉི་ལགས་་་མཚོན་གཞི་འཇོག་ཤེས་ཀྱི་མེད་པེ་་་་་ཨོ་་་ཧཧཧ
སྔོན་མ་ང་གྲྭ་ས་ཡོད་དུས་སྤྲུལ་རྐུ་ཁྱོད་འདྲ་བ་ཚོ་་་་ངའི་ཁ་གཏད་དུ་ལངས་ཕོད་མཁན་ཡོད་མ་རེད་་་་ཁྱོད་ཚོའི་གྲལ་ལ་ཡོན་ཏན་སྣ་གཅིག་ཡོད་མ་རེད་་་་་ཆོས་ཤེས་ཀྱི་མ་རེད། འཇིག་རྟེན་ཤེས་ཀྱི་མ་རེད་་་་་ད་ཅང་ལབ་ཀྱི་ཡོད་པེ་
ཞ་མགོ། བོད་མིར་སྨན་ན་བོད་མིའི་རིག་གཞུང་ཡིན་པས་ག་ལ་ཁྱབ། ཞབས་འདྲེན། ཅོག་རི་ཨབ་བསད་སྣབས་ལུག ཧཧཧཧཧཧཧཧཧཧཧ
ངས་ཁྱོད་ལ་བཤད་ཡོད་ད་་་་ཁྱིའི་རྔ་ཡི་འཁོར་གསུམ་སྐོར་གྱི་ཡིན་ད་་་་་མཚན་ཉིད་པའི་ཞབས་འདྲེན་ཁྱོད་་་བཀོར་ཟ་ཡ་མ་གཏོགས་མི་ཤེས་མཁན་ཁྱོད། ད་ནས་བཟུང་ཁྱིའི་རྔ་མགོ་ཐོག་བཞག་ནས་སྡོད་ཨ།།། གོ་སོང་ངམ།
མ་ཁྱབ་ཨེ།་་་བྱས་ན་་་ཁྱི་རྔའི་འཁོར་གསུམ། ་ཁྱབ་པར་ཐལ། བོད་མིའི་གནས་ལུས་སེམས་འབྱོར་ལ་སྨན་པའི་ཐབས་ཕྱིར།
གཡག་ཤ་ཆོས་ཅན།་་་་བོད་ཀྱི་རིག་གཞུང་ཡིན་པར་ཐལ།་་་བོད་མིའི་གནས་ལུས་སེམས་འབྱོར་ལ་སྨན་པའི་ཐབས་ཡིན་པའི་ཕྱིར།་་་་་་ཧཧཧ་་་ཚར་བརྒྱབ་ཀྱི་ཡིན་ད།
མཚན་ཉིད་ཀྱི་ཟུར་དང་། བཅད་བྱ། མཐུན་ཕྱོགས་དང་། མི་མཐུན་ཕྱོགས། མཚན་མཚོན་གྱི་ཁྱབ་པ་མ་ངེས་པར་མི་འཁོར་གསུམ་བསྐོར་ཟེར་བ་བཞད་གད་རེད་ལོ། དེ་བས་ཁྱོད་རང་གི་རང་ལྟོ་དགང་ལ། རང་གི་ཆུང་མ་བདག་པོ་རྒྱོབས་ལ་སྡོད། ཧཧཧཧཧཧཧཧཧ
གཡག་ཤ་བོད་མིའི་རིག་གཞུང་གཞུང་ཡིན་པ་རྟགས་མ་གྲུབ། བོད་མིའི་གནས་ལུས་སེམས་འབྱོར་ལ་སྨན་ན་ཡང་། ཐབས་མ་རེད། ཐབས་ཞེས་པ་ནི་རིག་པའི་རྣམ་དཔྱོད་གཡོ་བ་སྔོན་དུ་བཏང་སྟེ། མི་རིགས་དེའི་དགོས་པ་སྒྲུབ་ནུས་ཀྱི་ལྟ་གྲུབ་ཞིག་ལ་འཇོག་པ་ལས། བོད་ལ་ཕན་ཐོགས་ཚད་རིག་གཞུང་ཞེས་བཞག་དགོས་ན་ཧ་ཅང་ཐལ་ལོ། །
བོད་ཀྱི་རིག་གཞུང་ལ་བོད་ཀྱི་རང་སའི་རིག་གཞུང་དང་། བོད་མིས་ནང་འདྲེན་བྱས་པའི་རིག་གཞུང་གཉིས་ཡོད། དང་པོ་ནི་གདོད་མའི་བོད་ཀྱི་རིག་གཞུང་དང་། གཉིས་པ་ནི་རྒྱ་དཀར་གནག་གི་རིག་གཞུང་གི་ལེགས་ཆ་བཏུས་ཏེ། བོད་པ་དག་རྨོངས་གཉིད་ལས་སད་བྱེད་ཀྱི་རིག་པའི་གནས་བཅུ་པོ་དག་རེད། བོད་ཀྱི་རིག་པའི་གནས་བཅུ་པོ་ལས་གཞན་པའི་རིག་གཞུང་བོད་ལ་དགོས་མཁོ་ཡོད་མེད། དཔྱད་གཞི་རེད།
ད་ནས་བཟུང་ཁྱོད་ལ་བོད་ཀྱི་རིག་གཞུང་སྐོར་སྐད་ཆ་བཤད་པའི་ཐོབ་ཐང་མེད། ཁྱོད་ཀྱིས་བོད་ཀྱི་རིག་གཞུང་ཟེར་ན་ཅི་ཡིན་ཤེས་ཀྱི་མི་འདུག ཁ་བརྡའི་ཐོག་གི་དྲ་གྲོགས་ཚང་མས་གནད་དོན་འདིར་ཤེས་དགོས། གོ་བྱུང་ངམ་་་བཀོར་གཟན་ཁྱོད།་་་་ང་ཅོ་རི་ལྟོགས་ཤི་ཐད་ནའང་གྲྭ་པ་ལོག་རྗེས་ཆོས་ཚོང་བརྒྱབ་ནས་ལྟོ་མི་ཟ་་་་་་གྲྭ་ལོག་སྤྱི་ཡི་མཚན་སྙན་རྫད་མཁན་ཁྱོད།
དེང་སང་བཙན་བྱོལ་ནང་ལ་བོད་ཀྱི་རིག་གཞུང་ཟེར་བ་བོད་ཀྱི་སྐྱག་པ་དང་། གཅིན། ཁྲག་ཡོད་ཚད། ཟ་མ་ཡོད་ཚད་ལ་ངོས་འཛིན་མཁན་འདུག་སྟེ། དེ་འདྲ་ཞིག་གཏན་ནས་མ་རེད། རིག་པའི་གཞུང་ལུགས་ལབ་དུས། རིག་པ་ཞེས་པ་ལ་བསམ་བློ་གཏོང་དགོས་རེད། རིག་པའི་རྣམ་དཔྱོད་ཀྱིས་འཕངས་པ། རིགས་པ་དང་ལྡན་པ། མི་རིགས་དེའི་ཁྱད་ཆོས་མཚོན་ནུས་པའི་ཐབས་ལམ་ཞིག་ལ་རིག་གཞུང་ཞེས་ངོས་འཛིན་ལོས་དགོས། དེ་མིན་ན་་་་་་་་་་་་་་་་་་་་་་་ཧཧཧཧཧཧ
བུ་ཅོ་རི་རིག་པའི་སོ་ཁ་ལ།
ཤིག་ཨོ་ཉི་འདྲ་བ་ཐར་ས་མེད།
ངའི་རྣམ་དཔྱོད་ཅང་རྟ་ཕོ་ལ།
བོང་ཨོ་ཉིས་འགྲན་སེམས་ཡིད་རེ་སྐྱོ།་་་ཧཧཧཧ
ཧཧཧཧཧཧ གྲྭ་ས་སོང་ནས་གྲྭ་སའི་ལུང་རིགས་མ་རྙེད་པ་ཕར་བལྟས་ཚུར་གཟིགས་རེད། གྲྭ་སའི་ཁ་བརྒྱག་བཤད་སྟངས་ཀྱང་ཤེས་མི་འདུག ཨ་ཁ་ཁྱོད་འདྲ་བོ་ཞིག་གིས་ཆོས་དང་། འཇིག་རྟེན་གཉིས་ཀ་བཙོང་དགོས་ན་འཚོང་ས་མ་རེད། ཧཧཧཧཧཧཧཧ
བུ་ཅོ་རིའི་རིག་པའི་སོ་ཁ་ལ།
ཤིག་ཨོ་ཉི་འདྲ་བ་ཐར་ས་མེད།
ངའི་རྣམ་དཔྱོད་ཅང་ཤེས་རྟ་ཕོ་ལ།
བོང་ཨོ་ཉིས་འགྲན་སེམས་ཡིད་རེ་སྐྱོ།་་་
སྔགས་པ་ཡིན་ཟེར་མཐུ་སྔགས་ཁྱོད་ལ་མེད།
གྲྭ་ལོག་ཡིན་ཟེར་རིག་ལམ་ཁྱོད་ལ་མེད།
ཆོས་པ་ཡིན་ཟེར་ཆོག་ཤེས་ཁྱོད་ལ་མེད།
གཏམ་པ་ཡིན་ཟེར་ཁ་ལྕེ་ཁྱོད་ལ་མེད།
ཁྱོད་ལ་ཡོད་པ་རྨོངས་དད་ཀླད་པ་ཞིག
ཁྱོད་ལ་ཡོད་པ་ཕྱོགས་ཞེན་འཁོན་འགྲན་ཞིག
ཁྱོད་ལ་ཡོད་པ་ལྐུག་པའི་ཨུ་ཚུགས་ཤིག
ཁྱོད་ལ་ཡོད་པ་བཀོར་ཕོར་ཆེན་པོ་ཞིག་་་་་་བོང་རྒན་ཨོ་ཉི་ཁྱོད་་ཨ
མི་ངན་རང་བསྟོད་ཅན་གྱིས་རང་ཕུང་ཟེར་བ་རེད། ཅོ་རི་ལགས། རང་ཉིད་ལ་བསྟོད་པ་རྒྱག་གི་མ་འདུག མ་གཞི་ནས་ཁག་ཡོད་རྒྱུ་མ་རེད། གཞན་པ་ཚོས་བསྟོད་རོགས་མ་བྱེད་དུས། རང་གིས་མ་བསྟོད་རེད།
ང་འདྲ་བོ་མིས་མ་བསྟོད་ན་ཡང་རང་གིས་གང་འདོད་ཡིག་ཐོག་ཏུ་འགོད་པ་དང་། བཤད་ཐུབ་པ། བཀྲམ་པ་ཐུབ་པ། དེ་ལས་ཕན་རེ་བ་མེད་པ་ཞིག་བྱུང་ན་གྲུབ་འབྲས་མེད་ཀྱང་འགྲིགས་པ་རེད། ངས་བཤད་པ་འདིས་མི་ལ་ཕན་ཐོགས་ན་བསམ་པ་ཙམ་ཡོད་ཀྱང་། མིས་ང་བསྟོད་པ་ཞིག་བྱ་ཡོང་བསམ་པ་མེད་ལ། ང་རང་ཉིིད་ཀྱིས་ཀྱང་ཞེ་བོ་ཞིག་ཡིན་དྲན་མ་མྱོང་། རེད་དེ་ངའི་སེམས་ལ་དྲན་པ་ཁར་མ་ཐོན་པ་སེམས་པ་བདེ་བོ་མི་འདུག་ལ། བག་ཕེབས་པོ་ཞིག་ཀྱང་མི་འདུག དེ་ཕྱིར་སེམས་ལ་གང་དྲན་བཤད་ཟིན་པ་ཡིན། ད་ཕལ་ཆེར་ལུས་མེད། ཧཧཧཧཧཧཧཧཧཧཧ
མདོ་དོན་་་བོད་ཀྱི་རིག་གཞུང་སྐོར་ལ་ཁྱོད་ཀྱིས་སྐད་ཆ་བཤད་ཆོག་མི་ཡོང་་་་ངས་ལབ་ཡོད་ད་་་་་མ་ཤེས་ ཤེས་མདོག་བྱེད་མ་འོང་ཨ།་་་་ད་ཡིན་ན་་་བློ་བདེ་སོང་། ཉལ་ས་བདེ།
བོད་ཀྱི་རིག་གཞུང་སྐོར་ལ་བཤད་ན་མཚན་ཉིད་མཚོན་བྱ་ལ་ཁྱབ་པ། མཚན་བྱ་མཚོན་ནུས་པ། མཚན་གཞི་གཅིག་ཀྱང་མ་འཆོར་བ། རྣམ་གཅོད་དགག་པའི་མཚན་ཉིད། ཡོངས་གཅོད་སྒྲུབ་པའི་མཚན་ཉིད། ངོ་བོ་དང་། ཚིག་མཐའ་ཆ་ཚང་གཅོད་ནུས་པའི་མཚན་ཉིད་ལས། ཁྱབ་པ་སྒོ་བརྒྱད་ངེས་མི་ནུས་པའི་མཚན་ཉིད་དེ་འདྲ་བཞག་མ་མྱོང་ལ། འཇོག་འདོད་ཀྱང་མེད། གཟིམ་ས་བདེ།
ད་ཨོ་ཉིད་དང་ཅོ་རི་མཐུན་གྲབས་འདུག་དགའ་བ་ལགས།
བོད་པ་ཚོ་ཆབ། དཔལ། ཚན་གསུམ་ལ་མཁས་པ་དང་། དེ་གསུམ་གྱི་སྲོག་དེ་དམ་པའི་ཆོས་ཀྱིས་འཛིན་ཐུབ་སོང་ན། འཇིག་རྟེན་འདིའི་གོང་གི་ཆེས་རྨད་དུ་བྱུང་བའི་མི་རིགས་ཤིག་འགྱུར་ངེས་སོ།། དེ་མིན་ཡིད་སྨོན་ཙམ་ལས་དེ་གསུམ་གྱི་ལྟ་གྲུབ་དམིགས་བསལ་བ་གང་ཡང་མེད་པར། ཆོས་ཀྱི་མྱོང་བ་ཞན་པའི་གང་ཟག་རྣམས་ཀྱིས་སྔོན་དང་། ད་ལྟའི་ཆག་སྒོ་ཡོད་ཚད་ཆོས་ལ་འགེལ་བ་ནི། ང་རྨོངས་པ་ཨང་དང་པོ་དེ་ཡིན་ཟེར་བ་དང་གཉིས་སུ་མ་མཆིས།
བསམ་ཡས་མ་བཞེངས་དམ་ལྷུན་གྱིས་གྲུབ༔ ཅེས་པའི་དོན་གང་ཡིན་ནམ། ཨོ་རྒྱན་ཉི་མ་ལགས་དེ་ལ་འགྲེལ་བཤད་ཅིག་གསུང་རོགས་གནང་།
ཨ་ཁ་ང་རྗེས་ལུས་ཐེབས་ཤག ཅོ་རིས་ཨོ་ཉིར་ཁྱི་རྔའི་འཁོར་གསུམ་བསྐོར་ཚར་བར་མ་ཟད་ཁྱི་རྔ་ཨོ་ཉིའི་མགོ་ལ་བསྐོན་ཚར་འདུག ཨ་ཁ་ངས་ལྟད་མོ་གཅིག་བལྟ་དགོས་བསམ་བྱུང། ཡིན་ནའང་ཨོ་ཉི་ཁོས་་ཁྱི་རྔ་མགོ་ལ་གོན་ནས་སླར་ཡང་ཏན་ཏན་ཡོང་གི་རེད། ཁོ་ལ། མི་ངོ་ལ་ངོ་ཚ་ནི་མེད། ལྷ་ངོ་ལ་ཁྲེལ་ནི་མེད། ངོ་ཚ་ཾཁྲེལ་མེད་ཀྱི་མི་དེ་རིགས་རྔོན་ལོ་འཕྱར་བར་ཡོང་གི་རེད། སླེབ་ན་ངས་ཀྱང་ཁོ་ལ་བོང་འཇེའི་འཁོར་གསུམ་གཅིག་བསྐོར་དགོས་བསམ་པ་འདུག
དྲ་གྲོགས་གངས་སེང་ལགས་་་་ཨོ་ཉི་ལ་ལོ་རྒྱུས་དེ་རིགས་ཀྱི་དྲི་བ་འདྲི་རྒྱུའི་གཞི་མ་ཾཁོ་རང་ཡོད་པ་མ་རེད། དེ་ལས་ཁོ་ལ་དགོས་པ་་་དྲ་གྲོགས་རིགས་པ་སྨྲ་བ་ཅོ་རིའི་ཁྱི་རྔས་འཁོར་གསུམ་བསྐོར་སར་ལྟད་མོ་ལ་ཕེབས་དང་་་་དེ་ལས་ལྟད་མོ་ཆེ་བ་མི་འདུག ངོ་མ་ལེགས་བཤད་དེ་རིགས་ལོས་བདེན་་་་བླུན་པོ་རྣམས་ལ་དབྱུག་པ་ཚད་མར་འགྲོ་བ་ལས་རིགས་པ་ཚད་མ་གཏོང་ས་མེད།
དེ་ལས་གང་སེང་ལགས་ང་ཚོ་ཚང་མས་ཨོ་ཉི་འདི་ལ་ཁྱི་ཡི་རྔ་མ་དང་བོང་བུའི་འཇེ་་་མ་ཧེའི་སྟུ་་་ལས་སོགས་གྲ་སྒྲིག་བྱས་ཏེ་་་་ཾཁོ་ཡི་མགོ་ལ་བསྐོན་ནས་ཉི་མ་ལྷོ་ནུབ་མཚམས་སུ་བཏང་ན་ལེགས་ཤོས་རེད།
གྲུབ་རྒན་འདི་སྙིང་རྗེ། རྣམ་གྲོལ་གླིང་གི་བླ་གྲྭ་ཚོ་ངོ་ཚ་ཀི་འདུག མ་གཞི་ཁྱོད་ལ་ངོ་ཚ་རྒྱུ་ཡོད་བ་མ་རེད། རྒྱུ་མཚན་ཡོན་ཏན་སྣ་གཅིག་ཀྱང་གཏུགས་རྒྱུ་མེད་པས་ཁག་མེད། ཨ་མའི་བུ་ཡིན་ན་ལུང་རིགས་ཚ་ཐག་ཆོད་པས་བོན་པོ་ཚང་ལ་དགག་པ་རྒྱོབས་ཤོག་དང་། འཛམ་གླིང་གི་མཁས་དབང་ཤེས་ལྡན་མི་སྣ་མང་པོས་ཐག་ཆོད་ཡོད་ནི་རེད།
ཏུན་ཧོང་ཡིག་རྙིང་བོན་པོས་བཟོས་རེད་ཟེར། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་ལ་དེ་ལྟར་དུ་ཞུས་དང་། དེ་མིན་ཧྥ་རན་སའི་རྒྱལ་གཉེར་དཔེ་མཛོད་ཁང་ལ་ལབ་དང་། མ་དཔེ་གྲགས་ཆེན་ཁག་དེ་ན་ཡོད་པས་ཁྱོད་ལ་ཐག་ཆོད་གནང་གི་རེད། དེ་མིན་འབྲི་གུང་ཆེ་ཚང་རིན་པོ་ཆེ་ལགས་ལ་ཁྱེད་ཀྱི་“བོད་བཙན་པོའི་རྒྱལ་རབས་”ཀྱི་མ་དཔེ་ཚང་མ་བོན་པོས་རྫུན་བཟོས་ཡིག་ཆ་རེད་ཞུས་དང་། ཁྱོད་ལ་རྩ་ཚང་མིན་དང་། ཁྱོད་ཐང་ཐང་ཡིན་མིན་གསལ་བཤད་ཞུ་རྒྱུ་རེད།
ད་འདི་ན་ཅོ་རི་དང་བན་དེ་བ་སོགས་ཀྱིས་མཇེ་རླིག་ཁྱི་རྔ་སོགས་ཀྱིས་འཁོར་གསུམ་བསྐོར་ན་སྙིང་རྗེ་ད་རུང་རང་ལ་བདེན་ཁ་ཅིག་ཡོད་མདོག་གིས་ཅིག་ཅིག་མུག་མུག་ཅེས་བཤད་ཀྱི་ངོ་མི་གནོང་ངམ། ཁོང་རྣམས་ལ་ལུང་རིགས་གཉིས་ཀྱིས་རིགས་པས་རྩལ་འགྲན་དང་སུ་ཕམ་དང་སུ་བདེན་ཐག་ཆོད་ཡོང་།
གྲུབ་རྒན་འདིས་་་་་་་་་་་་ད་རུང་ཅོ་རི་ཚང་ལ་་་་“རང་གི་ཆུང་མ་བདག་པོ་རྒྱོབས་ལ་སྡོད་”ཟེར། དངོས་གནས་ངོ་ཚ་མེད་པ་རང་རེད། རང་སྐྱོན་རི་བོ་མི་མཐོང་། མི་སྐྱོན་ཤིག་ལ་དགའ་ཟེར་བ་ཅིས་མ་བདེན། འོ་ན་ཁྱོད་ཀྱི་ཆུང་མ་སུས་ཁྲིད་སོང་། བདག་བརྒྱག་མ་ཐུབ་པ་རེད་དམ། མ་བརྒྱབ་པ་ཡིན། ཧ་ཧ་་་་་ཚུར་གཡུག་ཡིན་རྒྱུ་མ་རེད། ཕར་གཡུག་ཡིན་རྒྱུ་རེད། ཕར་གཡུག་ནས་“ཆོག་ཤེས་”བརྩམས་ཡིན་རྒྱུ་རེད། ཧ་ཧ་་་་་་་་་་་་་་་
རྣམ་གྲོལ་གླིང་ནས་ཁ་སང་“ཆོག་ཤེས་”སྒམ་གཉིས་མེ་ལ་བསྲེགས་ཟིན་པ་ཨེ་གོ། མ་གོ་ན་མི་འགྱངས་པར་དུས་བབ་སོགས་ཀྱི་དྲ་ངོས་ལ་ཐོན་རྒྱུ་རེད། གྲུབ་རྒན་གྲུབ་རྒན་རང་རེད། དམ་ཉམས་ཤིག་ལ་དམ་ཚིག་ཚིག་ཅིག་གང་ནས་ཡོད། རྣམ་གྲོལ་གླིང་ནས་བསལ་སྟོན་ཞུ་རྒྱུ་རེད། བསྟན་མོ་ཡོད་་་་སྒུག་བཞུགས་འ་་་་་་་་
ཨོ་ཉི་ལགས་ཀྱི་བོན་ལ་བསྟོད་ར་བྱེད་ཀྱི་ཡོད་དམ་སྨད་ར་བྱེད་ཀྱི་ཡོད་བོན་པོ་རྐུ་མ་ཟེར་དུས་སྨད་པ་འདྲ་བོ་ཏུན་ཧོང་གི་ཡིག་གེ་གཙོས་རིགས་གཞུང་སྙིང་པ་ཚང་མ་བོན་གྱི་བཟོས་རེད་ཟེར་དུས་བསྟོད་པ་འདྲ་བོ་དས་གང་གསུང་གི་ཡོད་ཧཧཧཧ་ཁྱོད་སྨྱོས་སྨྱོས་སྨྱོས་
ཕོ་འཇོན་པོ་ཡོད་ན་ལྟ་གྲུབ་ཐོག་རྩོད་ཤོག ངེད་ལན་མེད་ན་ངེད་ཚོ་ཤོར་བ་དང་། བོན་པོ་ཚང་ལ་ལན་མེད་ན་སླར་ཡང་བོན་པོ་ཕམ་པ་རེད། དེ་མིན་ཁྱེད་ཀྱི་ཁ་དང་ངའི་སྣ་རྩོད་དགོས་པ་མི་འདུག
ད་བོད་ལ་ཞེན་འདི་རྙིང་མའི་ཁ་འཛིན་དུ་ལངས་སོང། དེ་རིང་ནས་བོད་ལ་ཞེན་མི་ཟེར་་་རྙིང་མ་ལ་ཞེན་ཟེར་་་་
ལྟ་གྲུབ་སྐོར་ན་རྩོད་པར་བྱེད་པ་ལ་ཨོ་ཉིའི་རྩོམ་དེ་ལ་གཟིགས་དང་་་་རྩོད་གཞི་དང་རྩོད་རན་དེ་འདྲ་འདུག་གམ ངེད་ཚོས་བོན་རྙིང་གཉིས་ཀྱིས་བཞེད་པའི་ཐེག་པ་རིམ་པ་དགུ་ཡི་སྐོར་ལ་རྩོད་པ་གཅིག་བྱེད་འདོད་ཡོད་དམ། ཡང་ན་རྫོགས་ཆེན་གྱི་སྐོར་ལ་རྩོད་པ་བྱེད་དམ། ཡང་ན་མ་ནི་བཀའ་འབུམ་གྱི་སྐོར་ལ་རྩོད་པ་བྱེད། ཡིན་དང་ཡིན་་་ལུང་དང་རིགས་པ་འགྲོ་ས་ཞིག་ཡིན་ན་ལེགས་སོ་ཞུ་རྒྱུ་ཡིན། གང་གི་སྟེང་ནས་རྩོད་པ་བྱེད་འདོད་ཡོད་ཀྱང་ཡོང་ཀྱང་ཡིན་ད་་་་ཁྱེད་ཚོར་རྩོད་པ་དང་རིགས་པ་འགྲོ་ས་མེད་དུས་་་་ཁྱོས་ཁ་དང་ང་ཡི་སྣ་ཟེར་ནས་མ་རྩོད་རང་རྩོད་རེད།
ཨོ་རྒྱན་ཉི་མ་དང་བོན་པོ་ཚོས་འདི་གསན་ནས་ ལན་ཞིག་གྲ་སྒྲིག་བྱེད་རོགས། བལྟས་མོ་འདི་ལ་ད་བར་ལྟ་མཁན་མི་ཁྲི་བརྒྱད་ལྷག་བྱུང་འདུག འདིའི་ཁ་བྱང་ལ། ནང་ཆོས་ལ་ནོར་འཛོལ་ཇི་འདྲ་བྱུང་བ་ཟེར། མི་འདིས་བཤད་རྒྱུར། གསང་སྔགས་ཆོས་གཙོ་བོ་བོད་ལ་དར་བ་དེར་རྒྱ་གར་གྱི་ཧིན་རྡུའི་ཤན་ཤུགས་ཆེ་ཞུགས་པ་དང་། དེ་བོད་ལ་དར་དུས། དེའི་སྟེང་ལ་བོན་པོའི་ཤུགས་རྐྱེན་ཆེ་ཐག་ཆོད་ཐེབས་འདུག་ཟེར། ཁོང་ལོ་རྒྱུས་ཉམས་ཞིབ་པ་ཞིག་རེད་འདུག
http://www.youtube.com/watch?v=GDI6VYAMzIA
ཕོ་ཁྱོ་ཀ་ཡིན་ན། གྲི་ཁ་ཕྱི་ལ་གཏད་དགོས། མི་འདི་འདྲ་ཉིན་རེ་བཞིན་མང་དུ་འགྲོ་བ་དང་། ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་བྱས་ནས་ཐེག་ཆེན་གྱི་ཆོས་དེ་རྫུན་མ་དང་ནང་ཆོས་མིན་པར་ཁུངས་སྐྱེལ་ཐབས་བྱེད།
ཨ་རྩི་ དེ་འདྲའེ་བསུན་པ་ལ་ཨང་ དགོང་གི་མཆན་ ༥༦ འོད་གསལ་ལགས་གུས་པ་ཡང་ཁྱེད་རང་བཞིན་དུ་ ནང་ཆོས་ཚང་མར་དད་གུས་དང་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ མ་ཟད་ལོ་གཉིས་གསུམ་སྔོན་ནས་བོན་གཞུང་ཡང་མཇལ་རྒྱུའི་སྐལ་བཟང་བྱུང་ གལ་ཏེ་དུས་ཚོད་བྱུང་ན་མ་འོང་པར་བོན་གྱི་དགེ་བའི་བཤེས་གཉིན་བསྟེན་ཙིས་ཡོད་ བོན་ཆོས་སློབ་སྦྱོང་བྱེད་དོན་ནི་ རང་རྒྱུད་ངན་པ་རྣམས་བཟང་པོར་བཅོད་མཆེད་ཁོ་ན་ཡིན། དགོང་གིས་རྩོད་པ་འགའ་ཞིག་ནི་ཉི་མའི་འོད་ལ་བརྩོད་ལྟ་བུར་འདོད།
བསམ་ཤེས་ཀྱིས་གསུངས་པ་བདེན། དེང་སང་ལུང་པ་མང་པོར་བོད་ནང་པ་ནང་པ་མཚན་ཉིད་པ་མ་རེད་ཟེར་ནས་སྐྱོན་བརྗོད་མཁན་མང་པོ་ཡོད། དེ་ཚོ་ལ་བསམ་བློ་གཏོང་དགོས་པའི་ལས་འགན་ང་ཚོ་ལ་ཡོད།
རྣམ་པ་ཚོར་ཞུ་རྒྱུར། བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་གངས་ཅན་ཟེར་བའི་རྒྱལ་ཁབ་ཞིག་དང་བོད་བཙན་པོ་ཟེར་ནས་རྒྱལ་པོ་ཞིག་བསྐོས་པ་རེད། བསམ་ཡས་ཀྱི་མཁན་པོ་ལྷ་ལུང་དཔལ་རྡོར་ཟེོར་བའི་དགེ་སློང་གི་ཆས་སུ་ཞུགས་པ་ཞིག་གིས་བོད་གངས་ཅན་གྱི་རྒྱལ་ཁབ་རླུང་ལ་བསྐུར་ཞིང་བོད་བཙན་པོའི་གོ་ས་རྨང་ནས་བརླག་ཏེ་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། བོན་གྱིས་བོད་ལ་ཕན་པ་བྱས་སམ་རྒྱ་གར་ཆོས་ཀྱིས་བོད་ལ་ཕན་པ་བྱས། ཡང་ཅིག་བཤད་ན། རང་རེའི་རྒྱལ་ཁམས་འདིར་བཅོམ་ལྡན་འདས་ཀྱི་རིང་ལུགས་རྨ་མེད་དུ་སྤྱོད་མཁན་ཞིག་བྱུང་མྱོང་ཟེར་རྒྱུ་ཡང་དཀའ་མོ་རེད། རབ་བྱུང་བ་ཞིག་ནི་དེ་བས་ཀྱང་དཀའ་མོ་རེད། མི་བདེན་ན་བོད་ཀྱི་རབ་བྱུང་བའི་ཐོག་མར་འདོད་པའི་སད་མི་བདུན་རབ་ཏུ་བྱུང་ཚུལ་ལ་ལྟོས་དང་། བཅོན་ལྡན་འདས་ཀྱི་རིང་ལུགས་དང་མཐུན་གྱི་འདུག་གམ་མི་འདུག དེ་སོགས་བཤད་རྒྱུ་དང་བསྡུར་རྒྱུ་མང་པོ་ཞིག་གི་སྒོ་ནས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣལ་མ་ཞིག་བོད་ལ་བྱུང་མྱོང་ཡོད་མེད་ལ་བལྟ་རྒྱུ་མང་དག་ཅིག་ཡོད་ཏེ། སྐད་ཆ་འདི་འདྲ་ཐོས་ན་མིང་གྲགས་ཅན་གྱི་བླ་མ་འགའ་རེའི་མིང་ཁྱེར་ཡོང་ནས་འཇིགས་སྣང་འདྲ་བསྐུལ་རྒྱུ་ལས། དེའི་སྒོ་གསུམ་གྱི་སྤྱོད་པ་བཅོམ་ལྡན་འདས་ཀྱི་རིག་པའི་གཞུང་ལུགས་ལ་སྦྱར་ནས་དེ་ཉིད་ཡང་དག་ཡིན་པའི་རྒྱུ་མཚན་འཆད་རྒྱུ་མེད། དེས་ན་མཐོ་དམན་གཉིས་ཀར་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པ་ཡིན་ཟེར་ནས་ངར་ངར་ཤོར་ཤོར་བྱེད་རྒྱུའི་ཐོབ་ཐང་དེ་མེད་ཅིང་། གནའ་ནས་ད་བར་དུ་ཁྱེད་ཅག་གི་བྱ་སྤྱོད་ལ་བཅོམ་ལྡན་འདས་ཀྱི་དྲི་མ་ཙམ་ཡང་བྲོ་མྱོང་བ་ལྟ་ཅི། ཡོད་ཚད་དེའི་ལྡོག་ཕྱོགས་འབའ་ཞིག་དང་ལང་ནས་བསྡད་ཡོད་པའང་ལག་མཐིལ་གྱི་རི་མོ་ལྟར་ཤེས་སོ།
བོད་ཀྱི་རྒྱལ་ཁབ་དེ་ལྟར་བརླགས་པ་རེད། ད་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུ་ཡིན་ཟེར་གྱི་འདུག་ཨང་།
མཚན་ཉིད། མཚོན་བྱ། མཚན་གཞི་དང། ཀ་བ་ཡིན་ན་
བུམ་པ་མ་ཡིན་པའི་ཁྱབ་པ་དང། བུམ་པ་ཡིན་ན་ཀ་བ་མ་
ཡིན་པའི་ཁྱབ་པ་སོགས་རྣམ་བཞག་མང་པོ་ངས་མི་ཤེས་ཏེ་
ཁ་བརྡའི་དྲ་བ་འདི་ནང་ཡོད་པའི་བོན་པོ་ཡོད་ཚད་ལྟ་ལོག་
ཡིན་པའི་ཁྱབ་པ་དེ་ངས་ཀྱང་ཁས་བླང་ཐུབ་ཏེ། ནང་ཆོས་
ཀྱི་ཚིག་དོན་ཡོངས་རྫོགས་བོད་སྤྱོད་བྱེད་དགོས་པ་གང་ཞིག་
ལ། ནང་ཆོས་ཀྱི་ལྷ་དང་བླ་མར་ལྟ་བ་ལོག་པའི་ཕྱིར། བློ་
གཟུ་བོར་གནས་པའི་ཆོས་གྲོགས་རྣམས་ལ་ཞུ་རྒྱུར། ལྟ་ལོག་
ཟེར་དུས་མ་གུས་པའི་ཚིག་ཡིན་ནའང། ཁོང་ཚོས་ལྷག་པར་
དུ་བན་དེ་མིང་ཅན་དང་ཅོ་རི་ཉི་མའི་མིང་ཅན་དེ་གཉིས་མིང་
རྫུན་འོག་ནས་ལྟ་བ་ལོག་པའི་ཚིག་དམར་རྗེན་མང་པོ་བརྗོད་
པ་ལ་ངས་ལྟ་ལོག་ཞེས་འབོད་ཆོག་སྙམ། ངོ་མ་མཁས་པ་ཞིག་
ཡིན་ན་སྤྲུལ་སྐུ་ཨོ་རྒྱན་ཉི་མ་བཞིན་མིང་དངོས་འོག་ནས་དོན་
ཤོག། དེ་མིན་མིང་རྫུན་འོག་ནས་མཁས་མདོག་མདོག་བྱེད་
མཁན་བོན་པོ་རྣམས་ལ་ནི་སུས་དག་པ་སྟེར། དེ་ཙམ་ཡིན།
ག་ལེར་བཤད་རེས་བྱེད་ཆོག་ཨ།།།
་་་་་ དེས་ན་མཐོ་དམན་གཉིས་ཀར་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པ་ཡིན་ཟེར་ནས་ངར་ངར་ཤོར་ཤོར་བྱེད་རྒྱུའི་ཐོབ་ཐང་དེ་མེད་ཅིང་། གནའ་ནས་ད་བར་དུ་ཁྱེད་ཅག་གི་བྱ་སྤྱོད་ལ་བཅོམ་ལྡན་འདས་ཀྱི་དྲི་མ་ཙམ་ཡང་བྲོ་མྱོང་བ་ལྟ་ཅི། ཡོད་ཚད་དེའི་ལྡོག་ཕྱོགས་འབའ་ཞིག་དང་ལང་ནས་བསྡད་ཡོད་པའང་ལག་མཐིལ་གྱི་རི་མོ་ལྟར་ཤེས་སོ། ་་་་་་ཟེར།
བོན་པོ་ཚོས་ལྷ་ལུང་དཔལ་རྡོར་གྱིས་གླང་དར་བཀྲོངས་པ་མ་གཏོགས་བོན་བློན་གྱིས་བཙན་པོ་ཁྲི་རལ་དཀྲོངས་པ་མ་ཤེས་པ་ཅི་ཡིན་ནམ།
བསམ་ཤེས་ལགས་ནས་དངོས་གནས་དྲ་རྒྱའི་ཁ་བྱང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
ངས་དེར་ལྟས་ཡིན་་ཁུངས་ཐུབ་རྒྱུ་མཚན་དང་བཅས་ཏེ་གསུངས་འདུག་་་་ད་འདྲེ་ཤར་སྒོར་བཞག་སྟེ་་་གླུད་ནུབ་སྒོར་གཏོང་རྒྱུ་ཡིན་ན་མ་གཏོགས་་བ་དེ་མིན་དེ་ཚོར་དགག་ཡིག་འདྲ་མི་འདུག་གམ བན་དེ་བ་ཚོར། ་་མ་གཞི་ནས་ལོ་ཤས་སྔོན་ནས་བོད་རྒྱུད་བན་དེ་བ་ཚོས་་་་་ཆོས་ཁྲིད་སར་་་བློ་མི་བདེ་སར་གླེང་བླངས་མང་ཟེར་བ་ལྟར་་་་བོད་རྒྱུད་ནང་བསྟན་དེ་་་་་དཔལ་ན་ལནཌ་ནས་མཆེད་ཚུལ་ཡིན་རབས་ཡང་ཡང་བཤད་ཀྱི་་་་ད་བྱེད་དུས་་དེ་འདྲ་ཡིན་ས་རེད། ཨོ་ཉི་ཁོ་བོན་ལ་དགག་པ་ལས་དེ་ཚོར་ཅིག་ལྟས་ན་མི་འགྲིག་གམ བོད་རྒྱུད་ནང་བསྟན་དེ་ནང་པའི་བསྟན་གྲལ་ནས་ཕུད་པའི་སེམས་ཁྲལ་ཞིག་ཏན་ཏན་འདུག་་་་ལྷོ་རྒྱུད་བོད་རྒྱུད་ནང་བསྟན་མཐུན་འབྲེལ་ཟེར་ནས་མང་མང་ཞིག་བྱེད་ཀྱི་འདུག་ཡིན་ནའང་ཾཁག་སེ་ཡིན་རྒྱུ་རེད། བཀྲ་ཤིས་ཟེར་བ་དེ་ཡི་ཁ་ནས་ཨག་སྐད་མ་གཏོགས་མེད་ཡང་ད་ནང་སྔ་མོར་ཨག་སྐད་དེ་སྒྲོག་གི་ཤ་ཚ་་་་་་ལྟས་ངན་བརྒྱད་ཅུ་རྩ་གཅིག་དེ་ཁོ་ཡི་ཁ་ལ་བྱང་ཆུབ་འདུག
ཁྱོད་ལའང་ཁྱབ་མཚུངས་ཞིག་གཏོང་གི་ཡིན་ད་་་་་ཉོན་ཨང་་་་བོད་རྒྱུད་ནང་བསྟན་པ་དག་ཀྱང་ལྟ་ལོག་པ་རྐྱང་་རྐྱང་ཡིན་པར་ཐལ།
བོན་པོའི་གཡང་འགུགས་ཕྱྭ་འགུག་རླུང་རྟའི་སྲོལ་བསང་གཏོང་ཇོ་དར་དང་ཞག་ཞེ་དགུའི་དགེ་སྒྲུབ་ཐམས་ཅད་ཁྱེད་ཚོས་བེད་སྤྱོད་བྱེད་བཞིན་དུ་བོན་པོར་ལྟ་བ་ལོག་པའི་ཕྱིར་་་ཁྱབ་པ་ཀུན་ནས་མཚུངས་པའི་ཕྱིར།
གཞན་ཡང་བོད་རྒྱུད་ནང་བསྟན་པའི་རྗེས་འཛིན་བོད་མི་རྣམས་བོན་ཅན།
ལྟ་ལོག་པ་རྐྱང་རྐྱང་ཡིན་པར་ཐལ།
རང་གི་ཕ་མྱེས་ཀྱི་ཆོས་རིག་བོན་པོ་ལ་ལོག་པར་ལྟས་ཏེ་བོན་སྤང་བོན་ལྷ་སྤང་བའི་ཕྱིར།
ངས་དེ་ལྟར་བཤད་པ་ནི་་་་བཀྲ་ཤིས་མིང་ཅན་རྙིང་རྒན་དེ་ལ་ལན་བྲིས་པ་ལས་་་བན་དེ་བ་ཡོངས་ལ་ཞུ་གི་མེད། དགོངས་པ་ལ་འགལ་བ་བྱུང་ན་ཐུགས་དག་ཞུ།
ཁོ་རེ་བཀྲ་ཤིས་ངས་བཀོད་པའི་ཐལ་འགྱུར་དེ་ལ་་་་འདོད་དང་་་རྟགས་མ་གྲུབ་་་ན་ཁྱབ་པ་མ་བྱུང་་གི་་ཐལ་འགྱུར་ལན་དོན་མཐུན་གས་འདེབས་རྒྱུ་ཡོད་དམ་་་་་ང་ཡིས་འཕངས་པའི་ཐལ་འགྱུར་དེར་་་་རྟགས་ཕ་རོལ་པོས་ཁས་བླངས་གིས་གྲུབ། ་་ཁྱབ་པ་ཚད་མས་གྲུབ་་་་་དམ་བཅའ་ལ་ཚད་མས་བསལ་བ་བབས་འདུག་གམ་མི་འདུག་གཟིགས་རོགས་་་དེ་ལྟར་ཚང་ན་ཁྱོད་ལ་དེ་ཐལ་འགྱུར་ཡང་དག་ཏུ་སོང་བའི་རྟགས་རེད། གཞི་ནས་ངས་ཚུལ་གསུམ་རིགས་པའི་སྒོ་ནས་་་་རྟགས་ཡང་དག་དྲ་མ་ཞིག་འགོད་ཀྱི་ཡིན་་་་དེ་དུས་ཡང་ཁྱོད་ཀྱི་ཁ་ནས་ལྟས་ངན་༨༡དེ་ཚོ་བཤད་ནས་འདུག་ན་མ་གཏོགས་གཞན་བཤད་ས་མེད་དོ། ཧཧཧཧཧཧབ
ཁྱེད་ཚོ་མང་པོ་ཞིག་གིས་འདི་ན་བན་བོན་གྱི་བསྟན་པའི་ཚབ་བྱས་ནས་རྩོད་་པ་གནང་བཞིན་འདུག །རྩོད་པ་བྱེད་ཚེ་རང་གཞན་གྱི་ལུགས་ལེགས་པོ་མཁྱེན་དགོས་ཀྱི། གཞན་སྨྲས་པའི་གཏམ་མཐའ་དག་ཆུ་ཡི་ཝུ་བ་ལྟར་འགྱུར། དེས་ན་ང་ལ་དྲི་བ་ཁ་ཤས་ཡོད། སེམས་ཙམ་པས་བཏང་བའི་རིགས་པ་སྐྱེས་ལ་འདྲ་བ་འགོག་པའི་གཏན་ཚིགས་དེ་གང་ལྟར་འགོད་དགོས། ནང་བ་སངས་རྒྱས་པའི་ལུགས་ལ་སྣང་བ་སེམས་སུ་འདོད་མཁན་ཡོད་དམ་མེད། ཡོད་ན་ཡོད་ཚུལ་དང་མེད་ན་མེད་ཚུལ་སྨྲོས་ཤིག །གཞན་ཡང་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་པའི་ཚིག་དོན་གང་ལྟར་འགྲེལ་དགོས། གོང་གི་དྲི་བ་གསུམ་པོར་ལན་མ་རྙེད་བར་དུ་བན་བོན་གྱི་གྲུབ་མཐའ་མི རྩོད་རོགས། འདི་གསུམ་པོར་ལན་ལེགས་པོ་འདེབས་ཤེས་ཚེ་གཞུང་ལུགས་ལ་གསན་བསམ་མངའ་བའི་རྟགས་ཡིན་པས། ད་གཟོད་རང་དང་གཞན་གྱི་ལུགས་རྩོད་ན་ངོ་གནོང་མི་དགོས་སོ། །
བོན་པོའི་གཡང་འགུགས་ཕྱྭ་འགུག་རླུང་རྟའི་སྲོལ་བསང་གཏོང་ཇོ་དར་དང་ཞག་ཞེ་དགུའི་དགེ་སྒྲུབ་ཐམས་ཅད་ཁྱེད་ཚོས་བེད་སྤྱོད་བྱེད་བཞིན་དུ་བོན་པོར་ལྟ་བ་ལོག་པའི་ཕྱིར་་་ཁྱབ་པ་ཀུན་ནས་མཚུངས་པའི་ཕྱིར། ་་་་་ཟེར་བ་འདིས་བོན་པོས་འཆི་ནས་ཞག་ཞེ་དགུའི་དགེ་སྒྲུབ་ཡོད་པར་བསྟན་འདུག
ཁོ་རེ་བན་དེ་མིང་རྫུན་ཁྱོད་ཉོན་ཨ། ཤ་ཡང་ཕར་ཚ་ཚུར་ཚ་ཡིན་ད།
དམ་ཉམས་ཁྱོད་ལ་ལྟས་ངན་དང་ཨག་སྐད་སོགས་མ་གཏོགས་ཁ་
ནས་ལབ་རྒྱུ་མེད་པ་ངས་ཤེས། དང་པོ་ལན་ཡང་དག་ཅིག་རྒྱབ་ཤོག་
ཨ། དེ་ནས་ཡིན་ད།་བུ།།
ཅི་རི་ཉི་མ་འདི་བོན་པོ་ཡིན་པ་དེ་རིང་གཞི་ནས་ཤེས་སོང་།
བཀྲ་ཤིས་ཁོ་རེ་སྒུགས་ཡོད་ད་་་་ཡིན་ད་་་་ག་རེའི་སྐོར་ནས་རྟགས་བསལ་གཏོང་ནའང་འགྲིག ཕར་རྒན་གྱི་རིགས་པ་དེ་ཚོར་ང་ནམ་ཡང་མི་ཞུམ་་་་ཁྱོད་ཀྱི་དམ་ཉམས་ཟེར་ས་ནོར་བ་རེད་་་་ཨོ་ཉི་ལ་བཤད་ན་གང་འདྲ་འདུག ཁྱོད་རང་ལ་བཤད་ན་གང་འདྲ་འདུག ཁྱོད་ཀྱི་ཕ་མེས་ཀྱིས་བོན་ལྷ་གསོལ་བོན་སྤྱོད་བྱས་་་་་བུ་ངན་ཚ་ངན་ཁྱོད་ཀྱིས་དེ་དག་ལ་་་་་ལེའུ་ལྷ་ལོག་་་མ་བྱས་སམ་་་་སྔར་བསྟན་ཕྱིས་སུ་དམ་བཅས་པ་དེ་ལས་འདས་པ་དེ་ལ་དམ་ཉམས་ཟེར་བ་རེད་ད་་་་
ཇི་འདྲའི་ནང་འཁྲུག་སྐྱིད་པོ། ཇི་འདྲའི་ནང་འཁྲུག་བསོ་མོ། ཧཧཧཧ མུ་མཐུད་དེ་ཡིན་ད། བན་བོན་གྲུབ་མཐའ་ཕན་ཚུན་ལ་དམའ་འབེབས་གྱིས། བླ་མ་ཕན་ཚུན་ལ་མཚན་སྨོད་ཞུས། ནང་གི་ལྐུགས་རྟགས་ཕྱི་རུ་སྟོན། ཕྱིའི་རྫོབ་རྟགས་གཞན་ལ་གཡོག ཆགས་པས་སྡོམ་མགོ་མ་ཐོན་སྐྱ་སར་བབས། གཏི་མུག་མུན་པས་བཏུམ་ཏེ་ཨག་སྐད་འདོན། སྡང་སེམས་ཁོག་ནས་མི་ཞུ་ཐན་སྐད་བཙུར། གདོན་འདྲེ་ཁོག་ལ་ཞུགས་ཏེ་ནང་ཁུལ་དཀྲུགས། བསྟན་པའི་དགྲ་བོ། མི་རིགས་ཀྱི་ཞབས་འདྲེན། རྒྱལ་ཁབ་ཀྱི་བླ་བཙོང་ཚོ། ད་ནས་བཟུང་སྟེ་མཚམས་འཇོག་རོགས། བོན་དོན་ཆབ་སྲིད་གླེང་དུས་འཇམ་ཐེང་ངེ་། བན་བོན་གྲུབ་མཐའ་གླེང་དུས་འུར་ཐུ་རེ། ང་ཚོར་དགོས་པ་གྲུབ་མཐའི་དམག་འཁྲུག་མིན། ང་ཚོར་དགོས་པ་བན་བོན་གཡུལ་ས་མིན། ནུས་པ་ཡོད་ན་བོད་དོན་རྩོད། ཤེས་བྱ་ཡོད་ན་བོད་དོན་གླེང་། རིག་པ་ཡོད་ན་བོད་དོན་སྒྲུབས། བསམ་པ་ཡོད་ན་བོད་དོན་སྒྲོགས། ལ་རྒྱ་ཡོད་ན་བོད་དོན་བརྩོན། །ད་ནས་བཟུང་སྟེ་ནང་འཁྲུག་མཚམས་འཇོག་རོགས། །
་་་་་་ བོན་དོན་ཆབ་སྲིད་གླེང་དུས་འཇམ་ཐེང་ངེ་། བན་བོན་གྲུབ་མཐའ་གླེང་དུས་འུར་ཐུ་རེ། ང་ཚོར་དགོས་པ་གྲུབ་མཐའི་དམག་འཁྲུག་མིན། ང་ཚོར་དགོས་པ་བན་བོན་གཡུལ་ས་མིན། ནུས་པ་ཡོད་ན་བོད་དོན་རྩོད། ཤེས་བྱ་ཡོད་ན་བོད་དོན་གླེང་། རིག་པ་ཡོད་ན་བོད་དོན་སྒྲུབས། བསམ་པ་ཡོད་ན་བོད་དོན་སྒྲོགས། ལ་རྒྱ་ཡོད་ན་བོད་དོན་བརྩོན། །ད་ནས་བཟུང་སྟེ་ནང་འཁྲུག་མཚམས་འཇོག་རོགས། ། ་་་་་ཟེར།
བསམ་ཤེས་ལགས་ཀྱིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དམུ་ཐག་གི་བུ་རྒྱུད་ལགས་སད་མི་བདུན་རབ་ཏུ་བྱུང་ཚུལ་ཞིབ་ཕྲ་གསུངས་རོགས་གནང་། ཤེས་འདོད་དང་བཅས་ཏེ་སྒུག་ཡོད་དོ།།
ངའི་བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་ནི་བོད་དོན་རྩ་བ་ཞིག་ཡིན།
རྣམ་གྲོལ་གླིང་པས་ངའི་ཆོག་ཤེས་ཀྱི་དེབ་མེ་སྲེག་བཏང་ཡོད་ན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ད་དུང་བསགས་འདོད་མཁན་ཡོད་ན་སོགས།
ངས་འདི་ནས་བཤད་པ་དེ་བོན་པོ་ལ་སྡང་ནས་མིན་ལ། བན་ དེ ་ཆགས ་ནས་ དེ་ བས ་མིན། རེད་དེ། རིག་གཞུང་ལ་ལྷད་བཅུགས་པར་མ་ཟད། ལོ་རྒྱུས་དཀྱོག་ཅིང་། མི་རིགས་ནང་ཁུལ་ལ་བཅོས་སུ་མེད་པའི་ནད་ཅིག་འཇོག་ངེས་པ་ལ་དུས་གཏན་དུ་འཇིགས། ལོ་རྒྱུས་རྫུན་མའི་རྒྱབ་ལྗོངས་དང་། དེའི་མཇུག་འབྲས་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ཞིག
ཨོ་ཉི་ཁྱོད་ཀྱིས་བོན་པོས་ལོ་རྒྱུས་རྫུན་མ་བཟོས་རབས་དང་བོན་པོས་བོད་ཀྱི་རིག་གཞུང་ལ་ལྷད་བཅུག་རབས་རེ་རེ་ནས་ཞོག་དང་བལྟ་རྒྱུ་ཡོད་རེད། དེ་མུན་ནག་ལ་མདའ་འཕེན་གྱི་རྩོམ་སྐྱག་དེ་ཚོ་ཁྱི་རྔ་དང་བོང་འཇེ་ལ་བཏགས་ནས་ཉི་མ་ལྷོ་ནུབ་མཚམས་སུ་གཏོང་གི་ཡིན། བོན་པོས་བོད་ཀྱི་ལོ་རྒྱུས་དེ་མི་ལོ་སྟོང་ཕྲག་མང་པོའི་གོང་དུ་བྱུང་རབས་བཤད་པ་དེ་རྫུན་མ་རེད་ཟེར་གྱི་ཡོད་པེ། བོན་པོའི་ལོ་རྒྱུས་ནས་བོད་ཀྱི་སྣོད་བཅུད་འཛམ་གླིང་གཞན་པའི་སྣོད་བཅུད་དང་ལྷན་དུ་ཆགས་རབས་བཤད་པ་དེ་རྫུན་མ་དང་ལྷད་བཅུག་འདུག་ཟེར་གི་ཡོད་པེ། ཡང་ན་བོན་པོས་རླུང་རྟ་དང་སྨན་དང་རྩིས་མོ་གཏོ་ལས་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ལྷད་བཅུག་འདུག་ཟེར་གི་ཡོད་པེ། ཡ་མཚན་རེད་་་་་་ངོ་ཚ་དང་ཁྲེལ་མེད་པ་་་་་གཏམ་ཨ་ཕས་ཤོད་རྒྱུ། ཨ་མས་བཤད་་་་་ཟེར་བ་དེ་རེད་མི་འདུག་གམ འོ་ན་བོད་ཀྱི་སྣོད་བཅུད་ཐམས་ཅད་རྒྱ་གར་ནས་བྱུང་རབས་ཤོད་དགོས་པ་རེད་དམ། བོད་རྒྱལ་ཐོག་མ་དེ་རྒྱ་གར་ནས་བྱུང་རྒྱ་གར་ཡུལ་གྱར་བ་ཡིན་་་་་བོད་བཙན་པོ་འཇོན་ཤོས་མཁས་ཤོས་སྲོང་བཙན་དེ་ཡིས་འཇོན་རབས་བཤད་དུས་་་་ཡོད་ཚད་རྒྱ་གར་ནས་བླངས་རབས་བཤད་་་་་བོད་བླ་མ་མཐུ་ནུས་ཆེན་པོ་རྩལ་ཆེན་པོ་ཡོད་རབས་བཤད་དུས་དེ་རྒྱ་གར་གྱི་་གྷུ་རུ་འཇི་ཞིག་ཡིན་རབས་བཤད། ད་བོད་ཀྱི་བསྟན་པ་ལེགས་ཤོས་བཟང་ཤོས་བཤད་དུས་་་་་དེ་ཡང་རྒྱ་གར་གྱི་སྟོན་པས་མཛད་པ་དེ་བཤད། ད་བོད་ལ་ཡོད་པའི་སྐད་ཡིག་ཅིག་ཡོད་དེ་ཡང་རྒྱ་གར་ནས་བྱུང་རབས་དང་དཔེ་བཤུས་བྱས་རབས་བཤད། ད་བོད་ལ་ཡོད་པའི་སྐུ་འདྲ་ལས་སོགས་བཟོ་རིག་པ་ཡོད་རབས་བཤད་དུས་དེ་ཡང་རྒྱ་གར་ནས་བྱུང་རབས་བཤད། ཐ་ན་མགུལ་གྱི་དར་ཾ་དཀར་པོ་གསོལ་བའི་རྟེན་འབྲེལ་ཙམ་དེ་ཡང་རྒྱ་གར་གྱི་བུད་མེད་ཀྱི་མགོ་རས་ལས་བྱུང་རབས་བཤད། ད་སོམ་དང་བོད་ལ་ཡོད་པ་བོད་པའི་སྐྱག་པ་དེ་དང་གཡག་གི་ལྕི་བ་དེ་རེད་འདུག ཟེར་རྒྱུས་ཕོངས་བ་ལ་་་གཡག་དེ་ཡང་རྒྱ་གར་གྱི་མ་ཧེ་ལས་བྱུང་བ་རེད་ཟེར། མ་ཧེའི་སྤུན་ཞིག་བོད་ལ་ཕྱིན་ནས་ཚུར་མ་སླེབས་ནས་་་ནམ་སླེབ་ཡོང་ཟེར་ནས་སྒུགས་ཤིང་ལྟས་པས་་་་ད་ལྟ་མ་ཧེའི་ཁ་བར་སྣང་ལ་བསྐྱག་པ་དེ་རྒྱུ་མཚན་དེ་ལས་བྱུང་ཟེར། དེ་ཚོ་ཐམས་ཅད་བདེན་པར་བལྟ། ལྷད་མེད་བལྟ། ད་བོད་རང་ས་ནས་བྱུང་ཟེར་བ
ཐམས་ཅད་རྫུན་མ་དང་མི་བཟང་བ་ལྷད་ཅན་དུ་ལྟོས། ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་རུལ་པ་ཟེར་བ་་་་ཁྱོད་ལྟ་བུ་ལ་ཟེར་བ་རེད་ད་་་ངོ་སྤྲོད་པ་གནང་རོགས།
ཨོ་རྒྱན་ཉི་མ་ལགས། རྙིང་མའི་འདོན་ཆོག་མང་བོ་འགོ་རུ་བྷྱོ་ཡིག་ཡོད་སྐད་ཐོས་། བྷྱོ་ཡིག་དེ་ནི་རྒྱ་གར་གྱི་སྐད་མ་ཡིན་པར་ཞང་ཞུང་གི་སྐད་རེད་ཅེས་བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་ནས་ཐོས་སོ། རྙིང་མའི་འདོན་ཆོག་མང་བོའི་འགོ་རུ་བྷྱོ་ཡིག་ཡོད་དམ་མེད། ལན་གསལ་བོ་ཞིག་གནང་རོགས་ཞུ།།
ཨ་ཙི་་་་དེ་རིང་ངའི་གཟུགས་པོ་འདི་དམིགས་བསལ་གྱིས་བདེ་པོ་དང་སྣང་བ་སྐྱིད་པོ་ཞིག་འདུག་་་་མདང་དགོང་སྔགས་རྒན་སྟུ་ལྡག་བ་ཚོས་མཐུ་དང་སྔགས་ཡིན་ན་ཅིག་བརྒྱབ་ཀྱི་ཡིན་ཟེར། སང་ཉིན་ཅོ་རི་ཁྱོད་ཚར་བ་རེད་ཟེར། ང་ཅོ་རིའི་སྤུ་རྐང་གཅིག་སྒུལ་ཐུབ་ཀྱི་མི་འདུག སྔགས་རྒན་སྟུ་ལྡག་བ་ཚོས་ཉོན་ཨ། ད་ནས་བཟུང་མཐུ་དང་སྔགས་བརྒྱབ་ནས་འདྲེ་འདུལ་དང་དགྲ་བཟློག་ཐུབ་མདོག་བྱས་ནས་བོད་མི་རིགས་མགོ་སྐོར་གཏོང་ཡ་མཚམས་བཞག་དགོས་ཡོད་ད། བཀོར་གཟན་ཚོས་ཉོན་ཨ།
མི་ལོ་སྟོང་གི་རིང་དུ་བོད་མི་རིགས་སྐོར་བཏང་ནས་ཅིག་འཇོན་གྱི་ཡོད་མདོག་མདོག་དང་། རྫུ་འཕྲུལ་ཡོད་མདོག མཐུ་དང་ནུས་པ་ཆེ་མདོག་བྱས་བསྡད་མཁན་བཀོར་བླ་རྫུན་རྐྱལ་བ་ཚོས་བོད་མི་རིགས་མགོ་སྐོར་གཏོང་ཆོག་མི་ཡོང་ད།
དགེ་སྐོས་ལུང་རྟོགས་ལགས། ང་ཅོ་རི་ད་ལྟ་བོན་པོ་མིན། མ་འོངས་པ་བོན་པོའི་ཆོས་ལུགས་པ་ཞིག་ཆགས་རོགས་བྱེད་ན་བསམས་བསྡད་ཡོད། བོན་པོ་ཚང་ཡིན་ན་རྒྱལ་ཞེན་ཆེན་པོ་ཡོད་མཁན། རང་ཚུགས་ཐུབ་མཁན། ལ་རྒྱ་ཡོད་མཁན། བོད་རྒྱལ་ཁབ་དགྲ་ལག་ཏུ་བཞག་ཨེ་ཐུབ་མི་བལྟ་མཁན། ཕྱིའི་དགྲ་ནང་འདྲེན་བྱས་ནས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་དམར་གསོད་བཏང་བའི་ལོ་རྒྱུས་ངན་པ་མེད་མཁན། ་་བྱས་ཙང་བོན་པོ་ཟེར་བ་དེ་འདྲ་ཞིག་རེད་འདུག སྐྱེ་བ་ཕྱི་མར་བོན་ལུས་ལེན་ཤོག་ཅེས་མདང་དགོང་སྨོན་ལམ་བརྒྱབ་ནས་ཉལ་བ་ཡིན། མ་གཏོགས་སྔགས་རྒན་སྟུ་ལྡག་བ་ཚོས་མཐུ་བརྒྱབ་ནས་ང་ཤི་སོང་ན་བོན་ལ་སྐྱེས་འདོད་བྱུང་།
ཨོ་ཧཧཧཧཧ་་་བཀྲ་ཤིས་ཟེར་བ་ཞིག་གིས་ང་ཅོ་རི་ཉི་མའི་མིང་འདི་མིང་རྫུན་རེད་ཟེར་གྱི་འདུག་ག་་་་ག་འདྲ་སེ་མིང་རྫུན་རེད་དམ། ང་ཅོ་རི་མིང་རྫུན་ཞིག་གི་འོག་ནས་སྡུག་སྐད་རྒྱག་མཁན་དང་ཆོས་གོས་ཤིག་གི་འོག་ནས་དུག་མདའ་འཕེན་མཁན་གྱི་མི་ངན་ཐ་ཤལ་བ་ཞིག་མིན།་་་དེར་ཤེས་པ་བྱོས། ལྟ་ལོག་ཡིན་ན་ཅིག་རེད་ཟེར་བ།་་་་ག་རེའི་ལྟ་བ་ལ་བློ་ལོག་སོང་བ་རེད་དམ། བཀོར་བླ་བཀོར་སྤྲུལ་རྫུན་རྐྱལ་བ་ཚོའི་འདོད་པ་དང་མ་མཐུན་ན་ལྟ་ལོག་ཟེར་གྱི་ཡོད་དམ།་་་ཧཧཧ་་་་སྙིང་རྗེ་་་ཞེས་པའི་ཚིག་འདི་ཁྱོད་ལ་ཡིན།
ཁྱོད་ཚོས་ཉོན་ཨ་་་་ང་ངོ་མ་བོན་པོ་ཚང་ལ་ཡིད་སྨོན་ཤོར་འགྲོ་གི་འདུག དཔེར་ན་་་སྤྱི་འཐུས་གྲོས་ཚོགས་ནང་དུ་སྤྱི་འཐུས་བཞི་ཅུ་ཞེ་གྲངས་ཤིག་འདུག དེ་དག་གི་ནང་ནས་བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནི་ངོ་མ་ཡིད་སྨོན་ཤོར་ས་ཤིག་ཡིན། ཕྱི་ནས་བལྟས་ན་མྱི་རྫིག་པོ་བོད་བཙན་པོའི་རིགས་རྒྱུད་ཤིག་ལུས་ཡིན་བསམ་བསམ། གཏམ་བཤད་ན་ཁ་ཚིག་ཡོད་མཁན། དྲང་བདེན་ཡོད་མཁན། བོད་མི་རིགས་ཀྱི་རྒྱན་ཆ་ཞིག་རེད་བསམས་ཀྱི་ཡོད།་་་དེ་མིན་ལྟོས་དང་། ལྐོག་ཟ་རུལ་སུངས་ཚོའི་ངོ་གདོང། ཕྱི་ནས་བལྟས་ན་མདོག་ངན། རྒྱ་མི་འདྲ་པོ། གཟུགས་པོ་ཆུང་ཆུང། སྣ་ལེབ་ལེབ། སྐྱུག་མེར་ལང་ཡ་འདྲ་རེད་དོ།།
ཅོ་རི་ཉི་མ། ཁྱོད་ངེད་རྙིང་མ་ཚང་ལ་སྡང་དང་མི་སྡང་མེད། ཐུབ་ལེ་མ་རེད། དེང་སང་གཞིས་བྱེས་གཉིས་ནང་ས་རྙིང་མ་གནམ་རྙིང་མ་རེད།
ཁྱོད་སྐྱེ་བར་ཕྱི་མར་བོན་པོའི་བོན་ཁྱི་ལ་སྐྱེ་ན་མ་གཏོགས་བོན་པོའིི་མི་ལ་མི་སྐྱེ་ཐག་ཆོད་རེད། ལྷ་བླ་མ། ཆོས་གདམས་ངག་ལ་ཁ་ཟེར་ལུགས་ལ་ལྟོས་དང།
ངོ་མ་རེད། བོད་རྒྱལ་དམར་གསོད་གཏོང་མཁན་གྱི་མཁན་པོའི་སྐྱེ་བ་ལེན་པ་ལས་་་བོན་པོའི་ཁྱི་ལུས་ལེན་ན་དགའ་ངོ་མ་དཀོན་མཆོག་གསུམ་དཔང་དུ་བཙུགས། དེང་སང་བོན་པོའི་ཁྱི་ཡི་རིན་གོང་ལ་ལྟོས། མྱི་ཁྱོད་ཚོ་འདྲ་བ་བཅུ་ལས་བོན་ཁྱི་གཅིག་གི་གོང་ཚོད་མཐོ་བ་ཡོད་རེད་དོ། དེ་ཡང་འཛམ་བུ་གླིང་གིས་ཚུར་གོང་ཚོད་བརྒྱབ་པ་རེད་མ་གཏོགས་བོན་ཁྱིས་ཕར་ལབ་པ་མ་རེད་ད།་་་ཧཧཧ
༤༡༽ རིགས་ལྡན་རྒྱལ་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ གི་ཆུ་ཚོད་ ༡༡ སྐར་མ་ ༡༡
ཆོས་བརྒྱུད་ཕན་ཚུན་གུས་བརྩི་མ་ཐུབ་རུང་། གྲོང་ཚིག་དང་ཚིག་རྩུབ་ཧ་ཅང་མཐོ་བོ་དང་མང་ན་ཆོས་ཀྱི་བགྲོ་བ་ཕར་བཞག་འཇིག་རྟེན་ཡ་རབས་ཙམ་གྱི་བགྲོ་གླེང་མེད་པར་འགྱུར་སྲིད་པས། དེ་ལས་བགྲོ་གླེང་ཕྱིར་འཐེན་གནང་ན་དགའ་སྙམ་མོ།།
གལ་ཏེ་དེ་ནི་ང་ཚོའི་གཞི་རྩའི་ལྟ་གྲུབ་དང་ཡོངས་སུ་འགལ་ན་དོར་བར་བྱ་བ་ཁོ་ན་ཡིན་སྙམ། གཞན་ལ་ཕན་བཏགས་མ་ཐུབ་ཀྱང་གནོད་བསྐྱལ་མི་དགོས་པ་མ་མཐར་དགོས་པ་བཞིན། མཐུན་སྒྲིལ་མེད་རུང་དཀྲུག་དོན་ཅི་ཡང་མ་མཐོང་།
གངས་ཅན་ཡུལ་དུ་ལོ་ངོ་སྟོང་ཕྲག་གོང་དར་བའི་ཆོས་ཚུལ་དེ་དང་འབྲེལ་བའི་རིག་གཞུང་སྐད་ཡིག་དང་བཅས་དེ་ང་ཚོའི་བླ་སྲོག་དང་ཁྱད་ནོར་ཡིན་པ་དེ་གསལ་པོ་རེད། དེ་གཅེས་ནོར་མིན་པའི་སྒྲུབ་བྱེད་རིགས་པ་གང་ཡོད་དམ། མེས་པོ་དམ࿒པ་ཚོས་འདི་འདྲའི་སྐུ་ལས་བསྐྱོན་ནས་འཛུགས་སྐྲུན་གནང་བའི་སྙིང་ནོར་འདི་རྩར་མེད་བཟོ་འདོད་པ་ནི། གུང་བྲན་གྱི་ངན་ཇུས་གཡོ་བཤམས་འོག་ལམ་ལྷོངས་ཡོང་རེའི་སྟོང་བསམ་བཅངས་ཡོད། ཆོས་སྤུས་དག་དེ་འཕགས་པའི་ཡུལ་ལ་ཁུངས་གཏུགས་ན་ཟབ་ལྷིང་བརྟན་ཤོས་ཡིན། དེ་དང་དུས་མཚུངས་ཡིན་ཚད་ཡོད་ཚད་རྒྱ་གར་ལ་ཐུག་པ་གསུངས་མཁན་ཨེ་ཡོད། གལ་ཏེ་ཡོད་ན་ནོར་འཁྲུལ་རེད།
ཡང་གཞན་ལས་ལེགས་ཆ་བླངས་པ་ནི་ཡར་ཐོན་དང་སྤྱང་པོ་ཡིན། རྒྱ་གུན་བྲན་ཚོས་ནུབ་ཕྱོགས་རིག་པ་ནང་འདྲེན་དང་ཐོན་སྐྱེད་འཛུགས་སྐྲུན་ལ་ཧུར་བརྩོན་ཇི་འདྲ་བྱེད་ཀྱི་འདུག ང་ཚོས་མཚན་རིག་འཕྲུལ་ལས་དེ་ནས་དཔེ་བླངས་སློབ་སྦྱོང་ལེན་བསྡུར་ད་དུང་ཡང་རྗེས་ལུས་ཐེབས་ཡོད། ང་རང་ཚོས་མ་འཇོན་པ་མ་གཏོགས་རང་གི་གནའ་བོའི་ཆོས་རིག་དང་དེང་རབས་འཕྲུལ་ལས་གཤོག་ཟུང་བརྐྱངས་ནས་ནམ་འཕང་གཅོད་པསི་གོ་སྐབས་ཡོད་རུང་། ད་དུང་ཤེས་ཚད་དང་ཧུར་ཐག་གི་མ་ལྡང་བར་རྗེས་ལུས་ཐེབས་ཡོད་སྙམ།
ལོ་ངོ་སྟོང་ཕྲག་གཅིག་དང་བཞི་བརྒྱའི་གོངགོང་ལ་རིན་ཐང་ཡོད་པའི་རིག་གཞུང་ཞིག་མེད་པ་ཡོངས་གྲགས་རེད། ཧཧཧཧཧ
ཨ་ཁ་ཁ་ཅོ་རི་ཉི་མ་ཁྱོད།།
ཁྱོད་བླ་རྒན་ཞིག་ཡིན་ན་ཤ་རེ་ཚ།།
ཁྱོད་ནང་པ་ཞིག་ཡིན་ན་སྙིང་རེ་རྗེ།།
ཁྱོད་བོན་པོ་ཚང་གི་རྐུབ་གཡོག་རེད།།
ཁྱོད་བན་དེ་ཚང་གི་ཞབས་འདྲེན་རེད།།
ཁྱོད་གངས་ཅན་བོད་པའི་བསྟན་བཤིག་རེད།།
ཁྱོད་ཕྱི་ནང་མི་ཤེས་བོང་བུ་འདྲ།།
ཁྱོད་གནས་ལུགས་མི་ཤེས་ཕག་དང་འདྲ།།
ཁྱོད་ཨུ་ཚུག་ཆེ་བ་གླང་དང་འདྲ།།
མཆན་ཞིག་ལ་ལན་དུ་བྱས་པ། ཁྲི་རལ་དཀྲོངས་མཁན་བོན་པོ་ཡིན་ཟེར་ནས་བོན་ལ་མི་དགའ་བ་འགའ་རེས་བྲིས་ཡོད་པ་བདེན་པ་རེད། ཡིན་ནའང་འབྲི་མཁན་དེ་དག་གིས་རང་ཉིད་རང་གི་སྔ་རྒོལ་ལ་བུད་ཡོད་པ་མ་ཤེས་པ་རེད། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནས་བོན་པོའི་མཐོ་རིམ་མི་སྣ་ཕར་ཟད་ང་བོན་པོ་ཡིན་ཟེར་མཁན་གྱི་མི་དཀྱུས་མ་ཞིག་ཡིན་ནའང་སྐེ་གཅོད་པ་དང་ཆུ་ལ་བསྐྱུར་བ་སོགས་བྱས་ཏེ་དབུས་ཁུལ་དུ་རྩ་མེད་བཟོས་པ་རེད། ཁྲི་རལ་གྱི་སྐབས་སུ་བློ་བུར་དུ་བོན་པོ་ཡིན་པའི་མ་ཚད་བློན་པོའི་གོ་ས་གལ་ཆེན་པོ་དེ་འདྲ་འཛིན་མཁན་ཞིག་ཡོང་ཐུབ་ཐབས་ག་ལ་ཡོད། འདི་ཡོད་ཚད་ཆབ་སྲིད་དང་ཆོས་ལུགས་བར་གྱི་འགལ་བ་ཞིག་ཡིན་པ་ལས་ཆོས་ལུགས་དང་ཆོས་ལུགས་བར་གྱི་འགལ་བ་ཞིག་མ་རེད། མྱང་ཏིང་ངེ་འཛིན་ལས་འཕྲོས་ཏེ་བཤད་ན་བཤད་རྒྱུ་མཐའ་མེད་ཅིག་ཡོད་ཀྱང་འདིར་མང་པོ་བཤད་པས་དགོས་པ་ཆུང་། ཤེས་འདོད་ཡོད་ན་དུས་རབས་གསར་རྙིང་དང་ཆོས་ལུགས་རིས་མེད་ཀྱི་ཕྱག་དཔེ་ཁག་ལ་གཟིགས་ན་མཁྱེན་ངེས་སོ།
ཨོ་ཉི་ལགས། ཏུན་ཧོང་ཡིག་རྙིང་ཡོད་ཚད་ཁས་མི་ལེན་ན་དེ་ལས་ལྷག་པའི་རྒྱུ་མཚན་ཞིག་འདྲེན་རྒྱུ་མེད། དེ་མིན་དུས་རབས་བདུན་པའི་སྔོན་དུ་བོན་ལ་ཁྱད་ཏུ་འཕགས་པའི་གཞུང་ལུགས་ཡོད་པའི་སྐད་ཆ་ཏུན་ཧོང་ཡིག་རྙིང་དུའང་གསལ་བ་མ་ཟད་ཕྱིས་བྱུང་གི་བན་བོན་རིས་མེད་ཀྱི་ཡིག་ཚང་མང་པོར་མཆིས་སོ།
བཙན་པོ་ཁྲི་རལ་ནི་ཕྱི་ལ་ཇི་ལྟར་ཡིན་ཀྱང་རུང་ནང་བོན་པོ་ཡིན་པའི་བློན་པོ་གཉིས་ཀྱིས་དཀྲོངས་པ་ནི་བཙན་པོ་ཆོས་དད་ཤིན་ཏུ་ཆེ་བས་རེད། དེ་མིན་ཨ་ཁུ་སྟོན་པའི་རྟ་སྒྲོ་ནང་བཞིན་ཅི་ཞིག་བཤད་རྒྱུ་ཡོད་ཁུལ་བྱས་པས་ཕན་ཐོག་གང་ཡང་མེད།
ཨོ་ཨོ་་་ལོང་རྟོགས་ལགས།
ཁྱོད་བན་དེ་ཡིན་པས་བཀོར་བདག་ཚོའི་གཅན་དེར་བཏུང་།
ཁྱོད་ནང་པ་ཡིན་པས་བཀོར་སྤྲུལ་ཚོའི་སྐྱུག་ཁུ་དེར་བཏུང་།
ཁྱོད་ནང་པ་ཡིན་པས་ནང་མི་དམར་གསོད་ཐོངས།
ཁྱོད་ནང་པ་ཡིན་པས་རྫུན་གྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཡིན་ཆེས་བྱོས།
ཁྱོད་ནང་པ་ཡིན་པས་རྒྱུ་བདག་ཆེན་མོའི་རྐུབ་ལ་ལྕེ་ལྡག་བྱོས།
ཁྱོད་ནང་པ་ཡིན་པས་དྲིན་ཕ་མའི་ཆེད་དུ་ལྟོ་ཞིམ་པོ་ཕོར་པ་གང་ཡང་སྤྲོད་མི་དགོས།
ཁྱོད་ནང་ཡིན་པས་མི་ཚེ་གཅིག་ལ་ཕ་མའི་ལྟོ་གོས་འཕྲོག་རོགས་བྱོས།་་་་བསམ་བཞིན་བསམ་བཞིན་ཁྱོད་ཚོའི་བྱ་སྤྱོད་ལ་ཞེན་པ་གཏིང་ནས་ལོག་གི་ཡོད།་་་་ཤཀྱའི་རྒྱལ་པོའི་བཀའ་ལ་མི་ཉན་་་་ཆོས་མིན་སྲིད་མིན་གྱིས་བོད་མི་རིགས་ཕུང་སྦྱོར་མཁན་ཁྱོད་ཚོ་ཡིད་ཐང་རིམ་བཞིན་ཆད་ཀྱི་ཡོད་་་ད