དྲི་བ་དང་པོ།
དེ་རིང་སང་ཉིན་རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་པ་འདི་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་དོན་ལ་རྒྱབ་སྐྱོར་སྔར་བཞིན་ཤུགས་ཆེ་ཡོང་གི་རེད་དམ།
དྲི་བ་གཉིས་པ།
རྒྱ་ནག་མང་གཙོ་ཅན་དང་རང་དབང་ཅན་ཏུ་གྱུར་ན། བོད་དོན་ཐག་གཅོད་དེ་བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་གི་རེད་དམ།
དྲི་བ་གསུམ་པ།
རྒྱ་རིགས་ཤེས་ལྡན་པ་དང་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་ཆེས་ཆེར་འགྲོ་བཞིན་པ་འདིས། བོད་མིའི་མངོན་འདོད་དང་འཚམ་པའི་སྒོ་ནས་བོད་དོན་ཀྱི་གནད་དོན་ཐག་ཆོད་རྒྱུར་ཕན་གྲོགས་བསྐྲུན་ཐུབ་ཀྱི་རེད་དམ།
ཡག་ པོ་འདུག
བོད་དོན་བོད་མི་རང་གིས་མ་བྱས་ན།།
ནམ་ཡང་ཕྱི་ལ་རེ་བ་བྱེད་པ་འདིས།།
སྔར་ཡང་འཕོངས་ཡོད་ཕྱིས་ཀྱང་འཕོངས་པ་ལས།།
བོད་དོན་འགྲུབ་པའི་ཕྱོགས་ལ་རེ་བ་བྲལ།།
ཁྱེད་རང་གི་བོད་དོན་དང་འབྲེལ་བའི་དྲི་བ་དེ་གསུམ་ང་ལ་མཚོན་ན་བོད་དོན་དང་འབྲེལ་བའི་དྲི་བ་གསུམ་གྱི་ཁོངས་འགྲོ་གི་མི་འདུག ངའི་ནམ་ཡང་སེམས་ན་གོར་རོ་རོ་འཁོར་བཞིན་པའི་དྲི་བ་གསུམ་ནི།
༡ བོད་དོན་ག་བ་ཡོད་རེད། ཁྲིམས་ཐོག་ཅིག་ན་ཡོད་པ་རེད་དམ། ཡང་ན་སུ་ལ་དབང་ཤུགས་ཆེ་བ་དེའི་ལག་ན་ཡོད་པ་རེད།
༢ བོད་དོན་ཇི་ལྟར་སྦེལ་དགོས་པ་དང་འཕེལ་རྒྱུ་ཡིན་པ་རེད།
༣ ལམ་གང་དང་ཐབས་གང་ཞིག་ལག་ལེན་བསྟར་ན་མཐའ་མཇུག་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་རེད། ངའི་དྲི་བ་འདི་གསུམ་ཡིན། ཁྱེད་ཀྱི་དྲི་ལན་ཡང་འདི་གསུམ་ཡིན།
དྲི་བ་འདི་གསུམ་ཁྱེད་ལ་བོད་དོན་དང་འབྲེལ་བའི་དྲི་བ་ཆགས་མ་ཆགས་ངེད་ལ་ཁྱད་མི་འདུག
མདང་དགོང་དྲ་གྲོགས་འགའི་བསམ་ཚུལ་བྐླགས་པའི་བརྒྱུད་རིམ་ཁྲོད་དྲི་བ་འདི་གསུམ་ྐླད་པར་སླེབས་སོང་།
གཞན་དྲི་བ་འདི་གསུམ་ས་དོང་འདྲ་བོ་ཞིག་དྲུས་ནས་འཁྱེར་ཡོང་བ་དེ་འདྲ་མིན། ཆུ་ཚོད་ཀྱང་ངེད་ལ་མེད།
ཁྱེད་ཀྱི་དྲི་བ་གསུམ་དེ་ངེད་ལ་ཡང་དྲི་བ་ཆགས་ཀྱི་མི་འདུག་ ཆ་འཇོག་མེད་པའི་ཆང་འཐུང་གི་གཏམ་འདྲ་བོ་ཞིག་འདུག
ག་རེ་འདྲི་གི་ཡོད་དང་ག་རེ་བཤད་ཀྱི་ཡོད་མེད་གསལ་བོ་ཞིག་གོ་གི་མི་འདུག ཡིན་ན་ཡང་།
དྲ་གྲོགས་ཆང་འཐུང་ཚོའི་བར་གྱི་མཛའ་བརྩེ་མཚོན་ཆེད་དུ་འབྲོག་རྒན་ཁྱེད་ལ་ལན་ཐུང་ཐུང་ཞིག་རྒྱག་གི་ཡིན།
དྲི་ལན་དང་པོ། བོད་དོན་དེ་ཁྲིམས་ཐོག་ན་ཡོད་མ་རེད་ལ་དབང་ཤུགས་ཆེ་བ་ཚོའི་ལག་ན་ཡང་ཡོད་མ་རེད།
ག་བར་ཡོད་རེད་ལབ་ན། བོད་དོན་དེ་ཁྱོད་དང་ཁྱོའི་བུ་ཕྲུག་གི་ཐོག་ན་ཡོད་མེད།
དྲི་ལན་གཉིས་པ། བོད་དོན་ལ་སྤེལ་ནས་འཕེལ་རྒྱུ་ཅང་ཡོད་མ་རེད། ནང་ལ་བསྡད་དེ་ཆང་འཐུང་ནས་བསྡད་ན་བོད་དོན་འགྲུབ་འགྲོ་གི་རེད།
ཁྱོས་ཆང་འཐུང་ནས་མ་འགྲུབ་ན། ཁྱོའི་བུ་ཕྲུག་གི་སྐབས་སུ་་ཆང་འཐུང་ནས་འགྲུབ་འགྲོ་གི་རེད།
དྲི་ལན་གསུམ་པ། ལམ་དམིགས་བསལ་དང་ཐབས་དམིགས་བསལ་འདྲ་ཡོད་མ་རེད་ལ་མཐའ་མཇུག་གི་རྒྱལ་ཁ་ཡང་ཅང་ཡོད་མ་རེད།
ཁྱོད་ལ་ལམ་གང་བདེ་ན་དེའི་ཕྱོགས་སུ་རྟ་ཞོན་ནས་སོང་དང་མ་ཤི་སྔོན་ལ་སླེབས་འགྲོ་གི་རེད། ད་དེ་ཙམ་ཡིན། དོ་དགོང་ང་ཅུང་ཙམ་ར་བཟི་འདུག
ནོར་བཅོས། བོད་དོན་དེ་ཁྱོད་དང་ཁྱོའི་བུ་ཕྲུག་གི་ཐོག་ན་ཡོད་རེད།
ཁྱོད་ཀྱིས་མར་དྲ་གྲོགས་རྣམས་དྲི་བ་དྲིས་ན། དྲ་གྲོགས་ཚོས་སུ་ལ་འདྲི་དགོས་སམ། དེ་ལས་རང་གི་སྔ་ཕྱི་ཡི་བྱ་རིམ་ལ་བསམ་བློ་ཐོངས་དང་། དེ་ལས་རང་ཉིད་ལ་ལན་ཞིག་རེག་ངེས། ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་དྲིས་ཏེ་ལས་མི་བརྩམ་པར་ཕར་ཕྱོགས་ཤིག་ལ་དྲི་བ་དྲིས་ཏེ་རང་ཉིད་དེ་ལས་ཐར་གང་ཐུབ་བྱས་པའི་རྐྱེན་ལས་མིན་ནམ།
ཁྱོད་དང་ཁྱོད་ཀྱི་བུ་ཕྲུག་ཅེས་ལབ་དགོས་ཀྱི་རེད། ཁྱོའི་ཟེར་ན་ཁྱོ་ཤུག་གི་ཁྱོ་ལ་གོ་ཡི་རེད། དེ་གོ་བ་ཡིན་ན་ཁྱོད་ཅེས་པའི་དོན་སྟོན་ཐུབ་ཀྱི་མ་རེད།
དོན་གྲུབ་བཀྲིས་ལགས། ཐུགས་རྗེ་ཆེ། ངའི་སྙིང་གི་ན་ཚ་འདི་ཡང་འདྲི་བ་འདི་དང་འབྲེལ་བ་འདུག འདྲི་བ་འདི་འདྲ་ཞིག་ལ་བསམ་བློ་བཏང་ནས་ལོ་གསུམ་ཙམ་ཕྱིན་སོང་། རྒྱུ་མཚན་ནི་ཁྱེད་ཀྱི་འདྲི་བ་འདི་ད་ལྟའི་དངོས་ཡོད་དང་། མ་འོངས་པའི་གནས་ཚུལ་རེད། འདྲི་བ་དེ་ལྟ་བུ་སེམས་སྐབས། སེམས་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་འདུག་ལ། སྙིང་སྟོབས་ཀྱང་ཆེ་རུ་འགྲོ་གི་འདུག
འདྲི་བ་དང་པོ་དེར་བསམ་བློ་གཏོང་སྐབས། དངུལ་དང་རྒྱུ་ལ་མི་དགའ་མཁན་གྱི་མི་ཉུང་ཉུང་། ཚང་མ་རང་གི་ཁེ་ཕན་གྱི་རྩ་དེ་ལ་ཕན་གནོད་ཀྱི་གནས་ཚུལ་ལ་བརྟེན་ནས་དགྲ་དང་གྲོགས་པོ་འགྲིག་གི་ཡོད་སྟབས། རྒྱ་ནག་ལ་དངུལ་དང་དཔལ་འབྱོར་མང་དུ་འགྲོ་སྐབས། ཕྱོགས་གཅིག་ནས་བོད་པ་ལ་གྲོགས་པོ་རྙིང་པ་ཇེ་ཉུང་ཇེ་ཉུང་འགྲོ་རྒྱུ་གཏན་འཁེལ་རེད། དེ་ལ་བརྟེན་བོད་དོན་ལ་ཡང་དོ་སྣང་ཆུང་དུ་འགྲོ་རྒྱུ་ཉག་གཅིག་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱ་ནག་འབྱོར་བ་རྒྱས་སྐབས། བོད་པ་གཅིག་པུ་མིན་པར། རྒྱལ་ཁབ་རྒྱ་ཕྲག་ཁོ་ལ་ཕྲ་དོག་དང་སྡང་སེམས་ཡོང་རྒྱུ་ཆོས་ཉིད་སོང་སྟབས། ཡང་གྲོགས་པོ་གསར་པ་མང་པོ་ཡོང་བའི་གནས་ཚུལ་ཡང་ཡོང་སྲིད།
འདྲི་བ་གཉིས་པ་དེ་ལ་བསམས་སྐབས། རྒྱ་ནག་ནང་དམངས་གཙོའི་རང་དབང་སླེབས་ཚེ། བོད་དོན་དང་བོད་མིའི་ཁེ་ཕན་ལ་ཕན་གྱི་རེད་སྙམ། དེ་ནི། ཚོན་ཆ་དང་འཇིགས་སྐུལ་གྱི་ལམ་ནས་མཐར་བ་དང་རྒྱུ་མཚན་དང་བདེན་པ་ཤོད་རྒྱུའི་གོ་སྐབས་རེད། རྒྱུ་མཚན་དང་བདེན་པ་ཤོད་མཁན་ཇེ་མང་ཇེ་མང་ལ་འགྲོ་སྟབས། གཏན་གཏན་བོད་ཀྱི་ཁེ་ཕན་སྒྲུབ་པ་ལ་ཕན་པ་ཆེ།
འདྲི་བ་གསུམ་པ་དེ་རྒྱ་རིགས་ཤེས་ལྡན་བོད་ཀྱི་གནད་དོན་ཐོག་དོ་སྣང་མང་དུ་འགྲོ་བ་འདིས་ཐད་ཀར་རྒྱ་ནག་གཞུང་གི་བརྫུན་གཏམ་དང་ལོག་གཏམ་གྱི་དྲིལ་བསྒྲགས་ལ་ཁ་གཏད་ཅོག་པར་ཤིན་དུ་ཕན་པ་ཆེ། ཝང་ལི་ཞུང་དང་ཚའོ་ཀྲང་ཆིང་སོགས་ཀྱི་རྩོམ་ཡིག་རྣམས་ཀྱིས་རྒྱ་རིགས་མང་པོ་ཞིག་ལ་བློ་ཁ་གསར་པ་སྤྲོད་པ་དེ་རེད།
ངའི་སེམས་ལ་རྒྱ་ནག་འཛམ་གླིང་ནང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཤིག་ཆགས་སྲིད་ཀྱི་རེད། དེར་བརྟེན། ང་ཚོའི་བོད་དོན་དེ་གནས་ཚུལ་དང་འཁོར་ཡུག་གསར་པ་དེ་འདྲ་ཞིག་གི་ནང་ལ་སླེབས་དགོས་སྟབས། བོད་པ་རྣམས་ཀྱིས་ངེས་པར་དུ་བསམ་བློ་དང་ལག་ལེན་གང་ཕྱོགས་ནས་གཏོང་དགོས་ཀྱི་འདུག ང་ཚོས་བོད་པ་གཅིག་པུ་མིན་པར། མི་རིགས་དང་རྒྱལ་ཁབ་གཞན་གྱི་ཁེ་ཕན་དང་བོད་པའི་ཁེ་ཕན་མཉམ་དུ་འདུ་བའི་ཐོག་ནས་རྒྱ་ལ་ཁ་གཏད་བཅགས་ན་ནུས་པ་ཆེ་བ་ཡོང་གི་རེད། དཔེར་ན། རྒྱ་ནག་ནང་ཡུ་གུར་དང་། སོག་པོ། བོད་པ་སོགས་ཀྱི་མི་རིགས་ཀྱི་ཐོབ་ཐང་མཉམ་དུ་བརྩོད་པའི་ལས་འགུལ་སྤེལ་རྒྱུ་གལ་ཆེ། དེ་བཞིན། ཕྱི་རྒྱལ་གྱི་ནང་ལ་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་དང་ལྷ་ཁང་དེ་ཚོ་དང་མཉམ་དུ་ཆོས་དད་རང་དབང་གི་ལས་འགུལ་སྤེལ་ན། ང་ཚོ་ལ་རོགས་པ་ཐོབ་སྟབས། འཐབ་བརྩོད་ཀྱི་ནུས་པ་ཆེ་རུ་འགྲོ་སྲིད།
ཚངས་དབྱངས་དྲིན་ཆེན་པོ། དེ་རིང་སང་ཉིན། ཁྱོད་སྔོན་གྱི་ཚངས་དབྱངས་དེ་རེད་མི་འདུག ཨ་ལ་ཀུ་རེ་ཡིན།
ཁྱེད་ཀྱི་བསམ་ཚུལ་འདི་དག་ལ་གོ་རྒྱུ་འདུག གནད་འགག་འདུག
ངས་སང་ཉིན་གྱི་ནང་ལས་དེ་བྲིས་ཚར་སོང་ན། དྲ་ཐོག་ལ་ཡོང་ན་ཁྱེད་དང་བགྲོ་གླེང་བྱེད་ཀྱི་ཡིན།
དྲི་བ་དང་པོ་དེའི་ཐོག་ལ་འུ་གཉིས་ཀྱི་བསམ་ཚུལ་གཅིག་རེད་འདུག
དྲི་བ་གཉིས་བ་དང་གསུམ་པའི་ཐོག་ལ་ཅུང་ཙམ་འདྲ་གི་མི་འདུག ངེད་ཀྱི་བསམ་ཚུལ་རྣམས་ཁྱེད་ཀྱི་མདུན་ལ་འཇོག་གི་ཡིན།
མུ་མཐུད་དུ་ཡིན་ད། འབྲོག་རྒན་མགོན་ཕྱག་གི་དྲི་བ་དེ་ཚོར་ཡང་ཁྱེད་ལ་ལན་འདྲ་ཡོད་ན་ཅིག་རྒྱོབས་ད།
བསམ་ཚུལ་ཤོད། བསམ་ཚུལ་ཤོད། ཉན་ནས་བསྡད་ཡོད།
བསམ་ཚུལ་སང་ཉིན་བཤད་ཆོག སྟོན་ལས་ལྟ་བུའི་ནང་ལས་དེ་ཚོས་ངའི་ྐླད་ཤུགས་ཉམས་བཅུག་སོང་། ད་གཉིད་ཀྱི་ཡིན།
ང་ཚོས་སོ་སོར་དྲི་བ་གཅིག་གཏོང་རྒྱུ་དེ་རེད། དེའི་རྗེས་ཀྱི་དྲི་བ་རྣམས་ལ་ལན་འདེབས་ལས་སླ་བོ་རེད། རྡོག་དོན་བོད་མི་ཞིག་ཡིན་པས་པའི་ཆ་ནས་ང་ཚོར་ག་རེ་དགོས་ཀྱི་ཡོད་པ་རེད། དེང་སྐབས་བོད་ཀྱི་ཆབ་སྲིད་ཁོར་ཡུག་ཁྲོད་ང་ཚོའི་དགོས་དོན་མི་གསལ་བའི་ཁར་རང་ཉིད་ཀྱི་དགྲ་ལ་ངོ་དགའ་ཡང་ཡང་འཁྲབ་ཀྱི་ཡོད་པའི་གནས་སྟངས་འདིར་བལྟས་ནས་ང་ཚོས་དྲི་བ་གཅིག་ལ་ཡང་ལན་འདེབས་ཁག་པོ་རེད།
རྒྱ་མིས་བོད་མིར་མགོ་སྐོར་གཏོང་བའི་གནས་ཚུལ།
དེ་སྔོན་ལན་མང་རྒྱང་སྲིང་བྱས་ཡོད་པ་བཞིན། རྒྱ་མིའི་བཟོ་ཚོང་ལས་ཁང་ཞིག་ནས་བོད་མི་མང་པོ་ཞིག་མགོ་སྐོར་བཏང་ནས་རྒྱ་ནག་ཏུ་ཁྲིད་ཡོད་པ་དང༌། མགོ་སྐོར་གཏོང་མཁན་གྱི་ཚོགས་པ་དེའི་མིང་ལ་ཐན་ཧྲི་གནམ་སྡེ[གནམ་འདེགས་ཡིན་སྲིད]ཚོགས་པ་དང༌། ཚོགས་པ་དེའི་མགོ་ཁྲིད་ཀྱི་མིང་ལ་ལིན་ཅན་ཡིང་ཟེར་གྱི་ཡོད་པ་རེད། ཚོགས་པ་དེ་རྒྱ་ནག་ཐན་ཅེན་ལ་ཡོད་འདུག་པ་དང༌། བོད་པ་དེ་དག་ཁྲིད་འགྲོ་ས་དེ་ནི་རྒྱ་ནག་ཧྲང་ཞིན་ཞན་ཡང་ཟེར་ས་དེ་ཡིན་འདུག །ཚོགས་པ་དེས། བོད་མི་དེ་དག་ལ། མི་རེས་རྒྱ་སྒོར་ཉིས་སྟོང་ལྔ་བརྒྱ་རེ་སྤྲད་ནས་ཚོགས་པ་དེའི་ནང་འཛུལ་ཞུགས་བྱས་པ་ཡིན་ན། ལོ་གཅིག་ནས་གཉིས་བར་ཤེས་ཡོན་གྱི་སློབ་སྦྱོང་སྤྲད་རྒྱུ་དང༌། སློབ་སྦྱོང་ཐོན་མཚམས་མི་རེ་ལ་རྒྱ་སྐོར་ཁྲི་ཉིས་བརྒྱ་བཞི་བཅུ་ཡས་མན་རེ་ཕྱིར་སྤྲོད་རྒྱུ་ཡིན་པ་མ་ཟད། ཚོགས་པ་དེའི་སློབ་ཐོན་ལག་ཁྱེར་སྤྲད་ནས་འཛམ་གླིང་ག་བར་དགའ་ན་ཡང་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་ལུགས་བཤད་འདུག །
བོད་མི་དེ་དག་ཡིད་ཆེས་ཐབས་སུ། ལིན་ཅན་ཡིང་ཁོ་པས་དེ་སྔ་བོད་ནག་ཆུ་རུ་སློབ་གྲྭ་བཙུགས་པ་སོགས་གཞན་ཕན་གྱི་བྱ་བ་མང་པོ་སྒྲུབ་ལུགས་དང༌། མི་གྲངས་དུང་ཕྱུང་༡༢་ལྷག་ལ་རོགས་རམ་བྱས་པའི་ཡིག་ཆ་ཁག་དང༌། ༢༠༠༩་ལོའི་རྒྱ་ནག་གི་མི་རིགས་འཆམ་མཐུན་གྱི་གཟེངས་རྟགས་ཨང་དང་པོ་ཐོབ་པའི་མཛད་སྒོའི་སྐབས་ཀྱི་པར་དང་ཡིག་ཆ་ཁག་བཅས་བསྟན་གྱི་ཡོད་འདུག །
རྒྱུ་མཚན་དེ་དག་ལ་བརྟེན་ཕྱི་ལོ་༢༠༠༧ ལོའི་ཟླ་༥ ཙམ་ནས་བོད་པ་རྣམས་ཚོགས་པ་དེར་འཛུལ་ཞུགས་བྱེད་འགོ་བཙུགས་ཡོད་འདུག་པ་དང༌། དེ་ནས་རིམ་པས་ཇེ་མང་དུ་ཕྱིན་ནས། ཁྱོན་ཚོགས་པ་དེར་ཞུགས་མཁན་བོད་རིགས་མི་གྲངས་༢༠༠༠ ལྷག་བྱུང་ཡོད་པ་དང༌། ཞན་ཡང་རང་ལ་སླེབས་པ་དེ་བོད་པ་མི་གྲངས་༡༥༠༠ ཙམ་བྱུང་ཡོད་པའི་ནང༌སྐྱེས་པ་དང་བུད་མེད། གྲྭ་བཙུན་དང་བླ་སྤྲུལ་དེ་འདྲ་ཡང་ཡོད་འདུག །
བོད་པ་རྣམས་ཞན་ཡང་ལ་སླེབས་སྐབས་ཐོག་མར་མི་ཁ་ཤས་ལ་ཟླ་རེར་སྒོར་སུམ་བརྒྱ་ཡས་མས་རེ་སྤྲད་ཡོད་འདུག་པ་དང༌། དེ་ནས་རྒྱུ་མཚན་འདྲ་མིན་བཤད་ནས་སྒོར་གཅིག་ཀྱང་རག་ཡོད་མི་འདུག །དེ་ནས་རིམ་པས་ཚོགས་པ་དེའི་འགོ་ཁྲིད་ཁ་ཤས་ས་གནས་ཉེན་རྟོགས་པས་འཇུ་བཟུང་བྱས་པ་སོགས། བོད་པ་ཚོས་ཚོགས་པ་དེ་རྫུན་པ་དང༌། མི་མགོ་སྐོར་གཏོང་མཁན་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག །
བདུན་ཕྲག་ཁ་ཤས་ཀྱི་སྔོན་དུ། ཞན་ཡང་ནས་བོད་རིགས་ཚོའི་འཐུས་མི་ཁག་གཅིག་པེ་ཅན་དུ་ཞུ་གཏུག་བྱེད་པར་ཕྱིན་ནས། ཐན་ཧྲེ་གནམ་སྡེ་ཚོགས་པའི་ས་ནས་ད་བར་གྱི་འགྲོ་སོང་དང་གྱོང་གུད་ཕོག་པའི་གུན་གསབ་རག་ཐབས་བྱས་ཡོད་ཀྱང༌། པེ་ཅན་ནས་ལིན་ཅན་ཡིང་གི་ཚོགས་པ་ཨ་མ་ཡོད་ས་ཐན་ཅེན་ལ་འགྲོ་དགོས་ལུགས་བཤད་ནས་གཏུག་བཤེར་བདག་སྤྲོད་བྱས་མེད་པ་རེད། བོད་རིགས་འཐུས་མི་དེ་དག་ཐན་ཅེན་ལ་སླེབས་ཀྱང་ཁོ་ཚོས་ཡོལ་ཐབས་དང་ཁ་མཁས་རྐྱང་རྐྱང་བཤད་ནས་གྲུབ་འབྲས་གང་ཡང་ཐོན་མེད་པ་དང༌། དེ་རྗེས་སླར་ཡང་ཞན་ཡང་ནས་བོད་རིགས་མང་པོ་ཡོང་ནས་ད་ཆ་ཐན་ཅེན་ལ་བོད་པ་བརྒྱ་ཡས་མས་ཞིག་དང༌། པེ་ཅེན་ལ་བོད་པ་བཅུ་གྲངས་ཞིག་གིས་མུ་མཐུད་ཞུ་གཏུག་བྱེད་བཞིན་ཡོད་པ་རེད།
དེ་རིང་ཚེས་༢༦ ཉིན་མོར། པེ་ཅེན་ནང་ཡོད་པའི་བོད་པ་ཚོས་པེ་ཅེན་དུ་ཡོད་པའི་མི་རིགས་དོན་གཅོད་ཞུ་ཡོན་ལྷན་ཁང་དུ་ཞུ་གཏུག་བྱེད་སར་ཕྱིན་ཡོད་ཀྱང༌། ད་ལྟ་གནས་ཚུལ་གང་བྱུང་མིན་ཤེས་མེད་པ་དང༌། ཐན་ཅེན་ནང་ཡོད་པའི་བོད་པ་ཞིག་དྲན་པ་འཐོར་ནས་སྨན་ཁང་དུ་ཁུར་དགོས་ཆགས་ཡོད་འདུག་ཅིང༌། ཁོང་ཚོ་མོ་ཊའི་གཞུང་ལམ་ཐོག་ཉལ་སྡོད་པའི་པར་རྒྱག་སྐབས་ཉེན་རྟོག་པ་ཡོང་ནས་བརྒྱབ་བཅུག་ཡོད་མི་འདུག །ཁོང་ཚོས་ཟེར་ན། དེ་རིང་ནས་བཟུང་ཁོང་ཚོའི་དངུལ་དང་ཁ་ལག་ཡོངས་རྫོགས་རྫོགས་ཟིན་ཡོད་པས། མུ་མཐུད་གནས་ཐབས་གྲལ་ཡང་ཤི་ན་ཡང་ཐན་ཧྲི་གནམ་སྡེ་ཚོགས་པའི་སྒོ་འགྲམ་རང་ལ་ཤི་རྒྱུ་ཡིན་སྐོར་བཤད་འདུག །
ཡང་དེ་རིང༌། བོད་རིགས་ཁྲིམས་རྩོད་པ་དབྱངས་ཅན་ཟེར་བ་ཞིག་ནས་ཁོ་ཚོ་ལ་རོགས་པ་བྱེད་རྒྱུ་ཁས་བླངས་ཡོད་ཀྱང༌། རྒྱ་ནག་གཞུང་དང་ཁ་གཏད་ལྟ་བུ་ཆགས་ཡོད་སྟབས་ཁོ་མོས་ནུས་ཤུགས་ཇི་ཙམ་སྟོན་རྒྱུ་ཡིན་མིན་ཏེ་ཚོམ་ཡིན་ལུགས་བོད་རིགས་དེ་དག་གིས་བཤད་འདུག །བོད་རིགས་དབྱངས་ཅན་ཁྲིམས་རྩོད་པ་ནི་སྲོག་ཐོག་ལ་ཐུག་པའི་ཉེན་མེད་ཉེས་འགེལ་གྱི་གྱོད་གཞི་མང་པོ་དག་སེལ་བྱས་ནས། མི་མང་པོའི་སྲོག་སྐྱོབ་ཡོད་ལུགས་དེ་སྔོན་རྒྱ་ནག་གི་དུས་དེབ་མང་པོས་བསྔགས་བརྗོད་བྱས་ཡོད་པ་རེད།
སྤྱིར་དེ་སྔོན་ཁོང་ཚོས་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག་ཀྱང༌། ཕ་ཡུལ་གོ་འཇོ་ནས་ཡིན་པས་རྒན་པོ་ཞིག་ན་ནས་ཤི་གྲབས་པ་དང༌། རྒན་པོ་དེས་ཁྱོད་ཚོས་མ་ཟོས་ན་ཟ་གི་མིན་ཞེས་ཨུ་ཚུགས་བྱས་སྟབས། ཟས་བཅད་བྱས་ནས་ཉིན་གྲངས་ལྔ་ཡི་རྗེས་སུ་ཁ་ལག་ཟོས་ཡོད་འདུག །
ད་ཆ་གནམ་གཤིས་གྲང་ཞིང་ཁ་ལག་མེད་པ་དང༌། ཁང་པ་མེད་པར་གཞུང་ལམ་ཐོག་ཉལ་ནས་ཡོད་སྟབས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། དེ་སྔོན་ཕ་ཡུལ་ནང་ཆེན་ནས་ཡིན་པས་མི་གཅིག་འདས་གྲོངས་སུ་སོང་བ་དང༌། མི་མང་པོ་ཞིག་ན་ནས་ཕྱིར་ལྷ་ས་སོགས་སུ་ལོགས་པ་བྱུང་ཡོད་འདུག །
སྐུ་ཉིད་ཀྱི་དྲི་བ་དག་ལ་དྲི་ལན་ཕུལ་རྒྱུ་ཅུང་ཙམ་འགོར་སོང་བར་དགོངས་འགལ་མེད་པ་ཞུ།
རྒྱུ་མཚན། ངེད་རང་དུས་རྟག་ཏུ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ྐློང་ལ་ཟགས་ནས་ཡོད་མཁན་ཞིག་ཡིན། རྩོམ་རེ་འབྲི་བཞིན་པ་འདི་ཡང་ངེད་ཀྱི་ཆེད་ལས་མིན་ཙང་སློབ་སྦྱོང་གི་ཆུ་ཚོད་མང་ཆེ་བ་གཏོང་ས་ཡང་འདི་མ་རེད། ད་ངེད་ཀྱི་བསམ་ཚུལ་རྣམས་སྐུ་ཉིད་ཀྱི་མདུན་ལ་འཇོག་གི་ཡིན།
ཉིད་ཀྱི་བསམ་ཚུལ་གཉིས་པ་དེའི་སྐོར་ལ།
ངེད་ཀྱིས་རྒྱ་ནག་མང་གཙོ་ཆགས་ན་བོད་དོན་ལ་ཕན་འདོགས་ཀྱི་་མ་རེད་ལབ་ཀྱི་མེད། ཕན་ཕོགས་ཏན་ཏན་ཡོང་གི་རེད། འོན་ཀྱང་བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་མིན་བཤད་དཀའ་གི་ཟེར་གྱི་ཡོད། བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་དཀའ་གི་རེད་ཟེར་བ་འདི་ལ་རྒྱུ་མཚན་འགའ་ཡོད།
དང་པོ། རྒྱ་ནག་མང་གཙོ་ཆགས་ཟེར་དུས་་བོད་དོན་འདི་ལོགས་སུ་བཞག་པའམ་ཡང་ན་བོད་འདི་ལོགས་སུ་བཞག་ནས་མང་གཙོ་ཆགས་འགྲོ་གི་མ་རེད། བོད་དོན་དང་བོད་གཉིས་ཀ་ཡང་མཉམ་དུ་སྒྲིལ་འགྲོ་གི་རེད། གཉིས་པ། མང་གཙོ་ཟེར་དུས་ལས་དོན་མང་ཆེ་བ་འོས་བསྡུའི་ལམ་ནས་ཐག་ཆོད་འགྲོ་བ་མ་ཟད་འོས་བསྡུའི་ཆ་ཤས་ལེན་མཁན་དེ་ཡང་མི་མང་ཆགས་འགྲོ་གི་རེད་། འོས་བསྡུའི་ཆ་ཤས་ལེན་མཁན་དེ་མི་མང་ཆགས་པ་ཡིན་ན། ད་ལྟའི་སྐབས་སུ་རོབ་བརྩིས་ལྟར་ན་བོད་ནང་ལ་རྒྱ་མི་ས་ཡ་དགུ་ཙམ་སླེབས་ཚར་ཡོད་ལབ་ཀྱི་ཡོད་རེད། བོད་ནང་དུ་བོད་མི་ས་ཡ་ལྔ་ཙམ་ཡོད་མེད་ཀྱང་བརྗོད་དཀའ་བ་ཞིག་རེད། དེར་བརྟེན། བོད་དོན་འདི་མང་མོས་ཐག་གཅོད་ཀྱི་ལམ་ལ་ཕྱིན་པ་ཡིན་ན། བོད་མི་ཚོ་ཤོར་མཁན་དང་རྒྱ་མི་ཚོ་ཐོབ་མཁན་ཆགས་འགྲོ་བའི་ཉེན་ཁ་ཞིག་འདུག གསུམ། རྒྱ་ནག་མང་གཙོ་ཆགས་ཟེར་དུས། རྒྱ་ནག་སྲིད་གཞུང་གི་རྒྱ་རིགས་ཆེན་པོ་ལབ་ནའང་འདྲ། གང་ལྟར་རྒྱ་ནག་གཞུང་གི་ཁེ་ཕན་གཙོར་འཇོག་གི་སྒོ་ནས་སྒྲོམ་གཞི་ཞིག་བཟོ་གི་རེད་མ་གཏོགས། བོད་གཙོས་བའི་གྲངས་ཉུང་མི་རིགས་ཁག་གི་གནད་དོན་སྔོན་ལ་ཐག་གཅོད་བྱས་། དེ་ནས་མང་གཙོའི་སྒྲོམ་གཞི་བཟོ་སྲིད་ཀྱི་མ་རེད། དེར་བརྟེན། རྒྱ་ནག་མང་གཙོ་ཆགས་ན་ཟེར་བ་འདི་ལ་རེ་བ་ཞེ་དྲག་རྒྱག་རྒྱུ་ཡོད་མ་རེད་འདོད་གི་
ཉིད་ཀྱི་བསམ་ཚུལ་གསུམ་པ་དེའི་སྐོར་ལ།
དེ་རིང་སང་ཉིན། ཕྱི་ནང་གི་རྒྱ་རིགས་ཤེས་ལྡན་པ་ཚོ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་ཞིག་སླེབས་བཞིན་པ་འདི་ལ། བོད་ཕྱི་ནང་གི་བོད་རིགས་ཤེས་ལྡན་པ་གཙོས་བའི་གཞུང་འཛིན་མི་སྣ་དང་མི་མང་དཀྱུས་མིའི་ཁྲོད་དུ། འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་འདོད་མཁན་མང་བ་མ་ཟད་འདིས་བོད་ཀྱི་གནད་དོན་ཐག་གཅོད་པ་ལ་ཕན་གྲོགས་བསྐྲུན་གྱི་རེད་བསམ་མཁན་ཡང་ཧ་ཅང་མང་པོ་འདུག འོན་ཀྱང་། ངེད་ཀྱི་བསམ་ཚུལ་དེ་དང་ཅུང་མཐུན་གྱི་མི་འདུག ངེད་ཀྱིས་འདི་འདྲ་ཞིག་བསམ་བཞིན་ཡོད།
རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་སླེབས་བཞིན་པ་འདི་ལ་ཕྱོགས་ཁ་ཤས་ནས་བལྟ་དགོས་ཀྱི་འདུག་བསམ།
དང་པོ། རྒྱ་རིགས་ཤེས་ལྡན་པ་ཚོ་བོད་དོན་ལ་དོ་སྣང་ཞིག་སླེབས་བཞིན་པ་འདི་ནི་ བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་དཀའ་ངལ་ཞིག་ཆགས་བཞིན་པ་ངོ་འཕྲོད་པའི་སྒོ་ནས་དོ་སྣང་སླེབས་མཁན་གཙོ་ཆེ་བ་རེད་མ་གཏོགས་བོད་མི་གཅིག་པོའི་ཁེ་ཕན་ལ་བསམ་བློ་བཏང་ནས་དོ་སྣང་སླེབས་པ་ཞིག་རེད་མི་འདུག ད་ཕན་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཤེས་ལྡན་པ་ཕལ་ཆེ་བའི་བསམ་ཚུལ་ལ། བོད་དང་བོད་མི་མང་གི་གནད་དོན་དང་པོ་དང་རྒྱ་མི་རིགས་ཀྱི་གནད་དོན་གཉིས་པར་བཟུང་ནས་གནད་དོན་ཐག་གཅོད་དགོས་བསམ་པ་དེ་ཡོད་མ་རེད།
འདིའི་དཔེ་མཚོན་ཡག་ཤོས་ཤིག་ནི། ལྦང་ལི་ཞུང་གིས་བོད་དོན་ཐོག་བྲིས་བའི་དཔྱད་རྩོམ་དག་རེད། ལྦང་ལི་ཞུང་གིས་ཀྱང་་རྒྱ་ནག་གི་གནད་དོན་ཕལ་བ་དང་བོད་དོན་གཙོ་བོར་འཇོག་གི་མི་འདུག དེ་ལྟར་འཇོག་སྲིད་པ་ཞིག་ཀྱང་མ་རེད། དེས་ན། བོད་མིའི་མངོན་འདོད་ནི་བོད་ཀྱི་ཁེ་ཕན་དང་ཐོབ་ཐང་དང་པོ་རེད་མ་གཏོགས་རྒྱ་ནག་གི་ཁེ་ཕན་དང་པོར་བཞག་ནས་བོད་ཀྱི་གནད་དོན་ཐག་ཆོད་ན་བསམ་པ་དེ་བོད་མིའི་མངོན་འདོད་མ་རེད། འདི་ལ་དཔྱད་ཞིབ་ཞིག་བྱེད་དགོས་ཀྱི་འདུག
གཉིས་། རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མ་མང་པོ་བོད་དོན་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན་ནས། བོད་དོན་འདི་བོད་མི་ཚོས་གླེང་རྒྱུའི་ཚབ་ལ་རྒྱ་མི་ཚོས་གླེང་རྒྱུ་ཞིག་ཆགས་མི་སྲིད་པ་མ་རེད་ལ་་བོད་དོན་འདི་བོད་མིའི་ལག་ནས་རྒྱ་མིའི་ལག་ལ་ཤོར་འགྲོ་བའི་དུས་ཚོད་ཞིག་ཀྱང་འཆར་སྲིད་པ་ཞིག་རེད། དེ་དུས་དེ་རིང་སང་ཉིན་རྒྱ་ནག་སྲིད་གཞུང་གི་ངོས་ནས་བོད་དོན་འདི་༧གོང་ས་མཆོག་གཙོས་བའི་ཕྱི་སྡོད་བོད་མི་རྣམས་ལ་གླེང་རྒྱུའི་ཐོབ་ཐང་མེད་ཟེར་བའི་གནས་སྟངས་དེའི་སྒང་ལ་ལྷུང་གི་རེད་།
འདི་ལ་ཡང་དཔྱད་ཞིབ་ཞིག་བྱེད་རྒྱུ་འདུག
གསུམ། རྒྱ་རིགས་མི་མང་ཚོ་བོད་དོན་ལ་དོ་སྣང་ཆེས་ཆེར་ཕྱིན་ན། རྒྱ་རིགས་ཚོའི་སེམས་ལ་བོད་དོན་འདི་རྒྱ་རིགས་མི་མང་ཚོའི་འཚོ་སྡོད་ཀྱི་ཁེ་ཕན་དང་འབྲེལ་བ་མེད་པའི་གནད་དོན་ཞིག་རེད་བསམ་པའི་ཀུན་སློང་དེ་སླེབས་ཀྱི་རེད་དམ། ཡང་ན། བོད་དོན་འདི་རྒྱ་རིགས་ཚོའི་འཚོ་སྡོད་ཀྱི་ཁེ་ཕན་དང་འབྲེལ་བ་འདུག་བསམ་པའི་ཀུན་སློང་འདི་སེམས་ལ་སླེབས་ཀྱི་རེད། ངེད་ཀྱི་བསམ་ཚུལ་བྱས་ན། ཕྱི་མ་དེ་ཤུགས་ཆེ་བ་སླེབས་ཀྱི་རེད། ཕྱི་མ་དེ་ཇི་ཙམ་གྱིས་ཤུགས་ཆེ་རུ་ཕྱི་ན། དེས་ཚོད་ཀྱིས་རྒྱ་རིགས་མི་མང་དཀྱུས་མིའི་ཁྲོད་དུ་ཡང་བོད་དོན་ཐག་གཅོད་བྱེད་སྟངས་ཀྱི་ཐད་ལ་རང་གི་གཞུང་ལ་བསམ་ཚུལ་ཕུལ་མཁན་མང་དུ་འགྲོ་གི་རེད་སྙམ། རྒྱ་རིགས་མི་མང་ཚོའི་ཁྲོད་དུ་བོད་དོན་ཐག་གཅོད་ཀྱི་གནད་དོན་ཐོག་ལ་བསམ་ཚུལ་ཡོང་བ་འདི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་དབང་དུ་བཏང་རུང་། ཁོང་ཚོའི་བསམ་ཚུལ་དེ་རྒྱ་རིགས་ཆེན་པོའི་ཁེ་ཕན་གཙོར་བཟུང་གི་བསམ་ཚུལ་ཆགས་ཀྱི་རེད་མ་གཏོགས་བོད་མིའི་ཁེ་ཕན་གཙོར་བཟུང་གི་བསམ་ཚུལ་ཆགས་ཐུབ་རྒྱུའི་རེ་བ་དེ་ཧ་ཅང་ཆུང་ཆུང་རེད་སྙམ། འདི་ལྟར། ཕྱོགས་ངོས་མང་པོ་ཞིག་ནས་བལྟས་ན། རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་སླེབས་བཞིནན་པ་འདིས་བོད་དོན་ཐག་ཆོད་རྒྱུར་སྐུལ་འདེད་སླེབས་སྲིད་མོད། བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་རྒྱུ་ཁག་པོ་རེད་འདོད་གི།
དེས་ན། ད་ལྟའི་དུས་ཚོད་ནི་བོད་རིགས་ཚོས་བློ་རིག་བསྒྲིམས་དགོས་བའི་དུས་ཚོད་ཞིག་རེད་འདུག་མ་གཏོགས་རེ་བ་འདྲ་བོ་བཅོལ་ནས་འདུག་པའི་དུས་ཚོད་ཞིག་གཏན་ནས་མ་རེད་བསམ་། བོད་རིགས་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་བྱེད་སྟངས་དང་ཁ་གཏད་གཅོག་སྟངས་། ལས་འགུལ་གྱི་ནུས་བ་ཕྱོགས་གཅིག་ལ་སྤུངས་ཐབས་བཅས་ཀྱི་ཕྱོགས་སུ་བསམ་བློ་གཟབ་ནན་སྒོས་གཏོང་དགོས་བའི་དུས་ལ་བབ་འདུག་སྙམ།
སྐུ་ཉིད་ལ་བསམ་ཚུལ་ཡོད་ན་གསུངས་དང་། ཉན་ནས་བསྡད་ཡོད།
བཀུར་འོས་བློ་བཟང་ལུང་རྟོགས་དང་གངས་ཅན་པ། ཁ་རུ་ཁ་ཐུག་སོགས་ཀྱི་བཀའ་སློབ་སེམས་ལ་ཉར་ནས་ཡོད།
རིག་འབྱུང་དོན་གྲུབ་བཀྲིས་ལགས།
ཁྱེད་ཀྱི་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ། གུས་པས་དེ་ཞིབ་ཀློག་བྱས་རྗེས། རང་ཉིད་ཀྱི་བསམ་ཚུལ་རྣམས་ཀྱང་ཞིབ་ཕྲ་འབུལ་གྱི་ཡིན། ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་ནས་ཕྱིར་འདོན་ནས་བོད་མི་རིགས་ཀྱི་ཁེ་ཕན་སྐོར་ལ་བསམ་ཚུལ་ཤོད་སྐབས་སེམས་སྐྱིད་པ་དང་། ངོ་ནོངས་མེད་པ་སོགས་ཀྱི་ཁྱད་ཆོས་འདུག་ན། རྩོམ་འདི་དག་དོན་ལྡན་རེད་སེམས། ཐུགས་རྗེ་ཆེ།
དྲི་བ་དང་པོ།
དེ་རིང་སང་ཉིན་རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་པ་འདི་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་དོན་ལ་རྒྱབ་སྐྱོར་སྔར་བཞིན་ཤུགས་ཆེ་ཡོང་གི་རེད་དམ། ལན་དུ་རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་ག་ཚད་རྒྱ་ཆེ་རུ་ཕྱིན་དེ་ཚད་ཀྱིས་བོད་ཀྱི་གནད་དོན་ཉེན་ཁ་ཆེ་རུ་འགྲོ་ངེས་རེད། བོད་གཅིག་པོ་ནས་བཤད་ནརྒྱ་ནག་གི་སེམས་འཁྲལ་ཆེ་ཁོས་དེ་བོད་ནང་གི་བོད་མི་མ་རེད་ཁོ་ཚོ་ད་སྐབས་སྐྲག་དགོས་ས་གཙོ་བོ་ནི་ཕྱི་ཕྱོགས་ན་ཡོད་པའི་བོད་པ་དག་རེད། རྒྱ་ནག་གིས་དུས་ཀུན་དུ་༸གོང་ས་མཆོག་ལ་ངན་སྨས་བྱས་དང་བྱ་བཞིན་པ་ལ་གཞིག་ན་གསལ་བོ་རེད། ༸གོང་ས་མཆོག་རྒྱལ་ཁབ་གང་དུ་ཕེབས་པས་ན་དེ་ལ་གནོད་ཤུགས་འདྲ་མིན་སྤེལ་བཞིན་ཡོད། དེ་མཚུངས་རྒྱ་ནག་གི་དཔོན་རིགས་སུ་ཞིག་རྒྱལ་ཁབ་གང་དུ་ཕྱིན་ན་བོད་པས་ངོས་ནས་་ངོ་རྒོལ་བྱས་དང་བྱ་བཞིན་པ་སྨོས་མེད་རེད། བོད་ཀྱིགནས་དོན་གོ་ལ་ཡོངས་ལ་ཁྱབ་བསྒྲག་བྱ་མཁན་ངོ་མ་བཙན་བྱོལ་སྤྱི་ཚོགས་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་གང་འཚམས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་དང་སྤྲོད་བཞིན་པས། རྒྱ་ནག་གིས་དེ་དག་ལ་ཁ་གཏོད་རྒྱག་པའི་ཐབས་ལམ་ཡག་ཤོས་དེ་དཔལ་འབྱོར་ཁྲོམ་ར་རྒྱ་བསྐྱེད་བྱེད་དགོས་པ་གཙོ་བོར་ཐུག་ཡོད་། དེ་ནི་རྒྱ་ནག་གིས་ད་ལྟའི་འཛམ་གླིང་གི་གནས་སྟངས་ངོ་མ་མཐོང་ཡོད་པའི་རྟག་མཚན་རེད། དཔལ་འབྱོར་གྱི་འགྲན་རྩོད་དེའི་འཇིག་རྟེན་ལ་འགྱུར་བ་གཏོང་ཐུབ་པའི་གནས་ལུགས་རྟོགས་མཁན་རྒྱ་ནག་་མ་འོངས་བར་རྒྱལ་སྤྱིའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་སུ་འགྱུར་བའི་ཉེན་ཁ་ཡང་ཡོད་པ་རེད། ཉེན་ཁ་དེས་ང་ཚོའི་སྟོབས་ཤུགས་ཉམས་གཞུག་པའི་ཉེན་ཁ་ཡང་ཡོད། དེ་ལ་ཁ་གཏོད་རྒྱག་་པར་དྲ་གྲོགས་རིག་འབྱུང་གི་སྐད་ཆའི་དུས་བབ་ནང་གསུངས་ཡོད་པ་བཞིན། ཕྱི་ཕྱོགས་ཀྱི་བོད་མི་ཡོད་དོ་ཅོག་གིས་འབོད་སྒྲ་གཅིག་དང་་ལངས་ཕྱོགས་གཅིག་གིས་༸གོང་ས་མཆོག་གི་རྗེས་སུ་འབྲང་ཐུབ་ན་མ་འོངས་བའི་ང་ཚོར་རྒྱལ་ཁ་མེད་པ་མེད་པར་འདོད། རྒྱུ་མཚན་ནི་ས་ཆེན་འདིའི་སྟེང་ཞི་བདེ་ལ་དགའ་བའི་རླབས་ཆེན་གྱི་མི་སྣ་མང་པོས་༸གོང་ས་མཆོག་ལ་གདེང་འཇོག་བྱས་དང་བྱ་བཞིན་རེད་ལ། རྒྱ་ནག་དམར་ཤོག་གི་གཡོ་ཇུས་ལ་ཡིད་ཆེས་མེད་མཁན་ཡང་གྲངས་ལས་འདས་པ་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་འཛམ་གླིང་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་སྣང་ལས་༸གོང་ས་མཆོག་གི་རླབས་ཆེ་བའི་དགོངས་པར་དོ་་སྣང་བྱས་མཁན་མང་ནི་རེད་ལ། ང་ཚོའི་མ་འོངས་ལམ་སྟོན་སྒྲོན་མེ་ངོ་མ་དེ་ཡང་༸གོང་ས་མཆོག་རེད།
འདྲི་གཉིས་པ།
རྒྱ་ནག་མང་གཙོ་ཅན་དང་རང་དབང་ཅན་ཏུ་གྱུར་ན། བོད་དོན་ཐག་གཅོད་དེ་བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་གི་རེད་དམ།
རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ཙམ་གྱིས་བོད་ཀྱི་གནད་དོན་ཐག་ཆོད་ཡག་པོ་ཡོང་བར་ཁག་པོ་རེད། གཅིག་ནས་རྒྱ་མི་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་པོ་ཡོད་པས་གཅིག་སྒྲིལ་གྱི་ནུས་པ་ཚད་མཐོ་བོ་ཡོད་རེད། གཉིས་ནས་རྒྱ་ནག་ལ་མི་འབོར་མང་ལ་ས་ཆའི་རྒྱ་ཁྱོན་ཆུང་བས་ཁོ་ཚོ་ལ་དགོས་པའི་ས་་ཆ་་བོད་ན་ཡོད་རེད་ལ། ཁོ་ཚོ་ལ་མཁོ་གལ་ཆེ་བའི་གཏེར་ཁའི་རིགས་ཀྱང་བོད་ན་ཡོད་རེད། རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་་དགུ་བཅུ་ཡན་བརྒལ་བའི་རྒྱ་མི་རིགས་ལ་མཚོན་མི་རིགས་རང་གཙོ་བོའི་དཀའ་ངལ་མཐའ་དག་སེལ་བའི་རྗེས་སུ་གཞི་ནས་གྲངས་ཉུང་མི་རིགས་ལ་བསམ་བློ་རེ་གཏོང་སྲིད་ཀྱང། ཡིན་ན་ང་ཚོ་ལ་འདོད་པ་ཁེངས་ཤིག་ཁག་པོ་ཡིན་པར་འདོད་ཀྱིན་ཡོད།
དྲི་བ་གསུམ་པ།
རྒྱ་རིགས་ཤེས་ལྡན་པ་དང་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་ཆེས་ཆེར་འགྲོ་བཞིན་པ་འདིས། བོད་མིའི་མངོན་འདོད་དང་འཚམ་པའི་སྒོ་ནས་བོད་དོན་ཀྱི་གནད་དོན་ཐག་ཆོད་རྒྱུར་ཕན་གྲོགས་བསྐྲུན་ཐུབ་ཀྱི་རེད་དམ། ལན་དུ། རྒྱ་རིགས་ཤེས་ལྡན་མི་སྣ་འགས་བོད་དོན་ལ་གནས་ལུགས་འགའ་རེ་བརྗོད་བཞིན་ཡོད་པ་དངོས་ཡོད་ཡིན་ཡང་རྩ་བའི་ཆ་ནས་མི་རིགས་ཀྱི་ལྟ་བ་ཤུགས་དྲག་པ་དང་རང་མི་རིགས་ལ་བརྩེ་བ་ཟབ་པས་། གནད་འགག་སྐབས་བློ་བཅོལ་་མི་རུང་བར་སྣང་། ཁོ་ཚོ་གུང་ཁྲན་ཚོགསཔའི་་ཁྲིམས་ལུགས་ལག་ལེན་་ལ་དགའ་བོ་མེད་པ་ཙམ་ལས་བོད་ལ་དགའ་བ་ངོ་མ་མིན་མོད། ཕན་ཐོགས་རྩ་བ་ནས་མེད་པ་ཞིག་འདོད་མ་བྱུང་། དཔེར་ན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་ལ་ཕན་ཐོགས་སྲིད་ཀྱི་རེད། ཡིན་ན་བོད་ཀྱི་བདག་དབང་ཡོད་ཚད་བོད་རང་ལ་དབང་བར་ཕན་ཐོགས་མེད་པར་འདོད།
ག་ཚད་ཤུགས་ཆེ་རུ་ཕྱིན་ན་
ངན་སྨྲས