བོད་ཀྱི་དུས་བབ་ལས་དྲངས།
གཟའ་སྤེན་པའི་ཉིན་གྱི་ཞོགས་པར་བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀ་ལོན་སྤུག་ནས་བོར་བརླག་ཕྱིན་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་ཚན་ ༥ ཡི་འོག ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་ ༢ པ་མགོ་འཛུགས་གནང་སྟེ་རྒྱ་གར་མངའ་སྡེ་ ༦ ཙམ་བརྒྱུད་ཉིན་གྲངས་ ༨༩ ཙམ་རིང་ཕྱིན་ཏེ། ཞིབ་འཕྲོས་འདི་ནས་གཟིགས་ http://www.tibettimes.net/news.php?showfooter=1&id=7772
ཚེ་བརྟན་རྡོ་རྗེ་བརླགས་ན། བརླག་དགོས་ཆོད་པར་ཤོག དཀོན་མཆོག་གསུམ་པོས་མཁྱེན། ལྷ་ཆོས་སྐྱོང་སྲུང་མས་སྲུངས་ཅིག་ཀྱེེ། གྲོགས་མཛོད་ཅིག་ཀྱེེེ། །
ཕྱི་ལོག་གི་མི་འདི་ཚོ་ཡ་མཚན། རིགས་ཀྱི་སྤུན་ཟླ་ཞིག་རྒྱ་ནག་གི་མཆེ་སྡེར་འོག་ལྷུང་ལ་ཉེ་ནའང་དེ་ལ་འགོག་སྲུང་མི་བྱེད་པར་རྒྱང་ནས་ལྟད་མོ་ལྟོས་འདུག་པ་འདི་ཡ་མཚན། གླིང་ཚ་རྒྱའི་མུན་དོང་ལ་ལྷུང་རྗེས་ཕྱི་ལོག་གི་མི་འདི་ཚོས་གཞི་ནས་གླིང་ཚ་གློད་དགོས་ཟེར་བའི་སྐད་འབོད་གསར་བ་ཞིག་ཁ་སྣོན་རྒྱག་གི་རེད། དེ་དུས་ཡོད་ཚད་འཕྱིས་དྲགས་པ་མིན་ནམ།
གླིང་ཚ་གང་དུ་ཡོད་གོ་ན་མགྱོག་པོར་དྲ་ཐོག་ནས་གསུང་རོགས།
ངས་བདུན་ཕྲག་འདིའི་ནང་ནས་གླེང་ཚར་འབྲེལ་བ་ཞིག་བྱེད་ཐུབ་སོང་། སྐབས་དེ་དུས་ཁོང་ཀ་ལིང་སྦུགས་ནས་འབྱོར་འདུག་ངས་སྒོར་མོ་ཁ་ཤས་ཞིག་གི་རོགས་རམ་བྱེད་བསམ་ཀྱང་ཁོང་ནས་ངོས་ལེན་བྱས་མ་སོང་། ངས་བསམ་ཚུལ་ཐ་མ་འགའ་བཏོན་ཀྱང་ཁོ་རང་ནས་འདི་ལྟར་གསུངས་སོང་།
ད་ལྟའི་ལས་ཀ་འདི་བོད་བསྟན་སྲིད་ཆེད་དུ་ཁ་ནས་བཤད་བསྡད་པ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ང་རང་ཉིད་ཀྱིས་བདམས་པ་ཞིག་ཡིན་པས་ང་སང་ཉིན་ཤི་ཡང་བློ་འགྱོད་གང་ཡང་མེད། ཟེར། ངས། ཁྱེད་རང་གང་འདྲ་བྱེད་ནས་བོད་ལ་འགྲོ་རྩིས་ཡོད་ཅེས་དྲིས་དུས། གླིང་ཚས། དེ་ང་རང་ཐབས་ཤེས་གང་དྲག་བྱེད་ཀྱི་ཡིན་ད་ལྟ་བཤད་ཚོད་མི་ཐེག་གཅིག་བྱས་ན་ཉིན་ཁ་ཤས་རྗེས་ནས་གླིང་ཚ་རླག་འདུག་ཟེར་བའི་སྐད་ངན་ཞིག་གོ་སྲིད། གང་ལྟར་ཉིན་འགའ་རྗེས་སུ་ང་གླིང་ཚ་རྒྱ་ཁབ་ས་ནང་དུ་ཤོར་བ་ནང་བཞིན་གར་སོང་འདིར་སོང་མེད་པར་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཡོང་སྲིད། གང་ལྟར་གཅིག་བྱས་ན་ངོས་ཀྱི་མི་ཚེ་ནང་ཁྱེད་ལ་ཐེངས་རྗེས་མའི་སྐད་ཆ་ཡིན་སྲིད་ཅེས་སྙིང་དུམ་བུར་འགྲོ་བའི་སྐད་ཆ་ཁ་ཤས་བཤད་བྱུང་། ངས་ཀྱང་ཁོང་ལ་བསམ་པ་ལྷུན་འགྲུབ་ནང་།
ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
བསད་ཆེར་ཇག་པ་ཆོམ་པོས་ཉེན་པ་ན༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔
ཙོོ་ར་མི་རྒོད་རྔམ་སེམས་རླག་པར་བྱེད༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཚར་གསུམ་བཏོན་ནས་སྐད་ཆ་འགའ་ཡི་རྗེས་སུ་ཁོ་རང་གི་ཁ་པར་རྡར་རྟ་དེ་ཆད་སོང་།
དེ་དང་འབྲེལ་བའི་གནས་ཚུལ་མང་ཙམ་མཁོ་སྤྲད་བྱུང་ན་ཡག་པོ་འདུག་