བོད་ཀྱི་ཆབ་སྲིད་སྐྱར་ཞིབ་རྩོམ་སྒྲིག་ཚོགས་ཆུང་གིས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།
ཕྱི་ལོ་༢༠༡༣ཟླ་༥ཚེས་༨ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་འབྲེལ་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གཏམ་བཤད་ཀྱི་ནང་ཧང་སངས་པའི་འགྲེལ་བརྗོད་གསུམ་གནང་ཡོད། དང་པོ་བོད་ལ་མང་གཙོའི་ལམ་ལུགས་མི་དགོས་པ་དང་དམར་པོའི་དབང་བསྒྱུར་གྱི་ཆོག་པ། གཉིས་པ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ནི་དུས་ཡུན་ཚད་ངེས་ཅན་ཞིག་ཡིན་པ། གསུམ་པ་བོད་ནང་དམག་དཔུང་འགྲེམས་འཇོག་ནི་རྒྱ་ནག་གི་རང་འདོད་ཡིན་པ་བཅས་རེད།
སྲིད་སྐྱོང་མཆོག་གིས་དམིགས་བཀར་གྱིས་བརྗོད་དོན། གལ་ཏེ་རྒྱ་གཞུང་གིས་རྩ་ཁྲིམས་ལག་ལེན་བསྟར་ཚེ་ང་ཚོས་དེ་ནི་མིང་དོན་མཚུངས་པའི་རང་སྐྱོང་ལ་ངོས་འཛིན་བྱེད་ཆོག ང་ཚོས་དམར་པོའི་གཞུང་ཕྱིར་འཐེན་བྱེད་དགོས་ཀྱི་དགོས་འདུན་དང་ཁ་གཏད་བྱེད་ཀྱི་མེད། དེར་བརྟེན་ད་ལྟའི་དབང་བསྒྱུར་ལ་དགོས་འདུན་དང་ཁ་གཏད་བྱེད་ཀྱི་མེད། ཅེས་དང། ང་ཚོས་བོད་ནང་མང་གཙོའི་ལམ་ལུགས་ལག་ལེན་དགོས་པའམ་ཐོག་བསྐྱོད་ཆོག་པའི་དགོས་འདུན་འདོན་གྱི་མེད། ང་ཚོས་རྩོད་པ་ནི་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་པའི་ཐོབ་ཐང་རེད། བྱས་ཙང་མང་གཙོའི་ལམ་ལུགས་ནི་ང་ཚོས་ལག་བསྟར་བཞིན་པ་དེ་རེད་ལ་དེ་ནི་ང་ཚོའི་མངོན་འདོད་རེད། འོན་ཀྱང། དེ་ནི་ང་ཚོས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་གྱི་ཆ་ཤས་ཤིག་མ་རེད། ཅེས་ཟེར།
སྲིད་སྐྱོང་མཆོག་གིས་གཏམ་བཤད་ཀྱི་སྐབས་དེར་གཙོ་སྐྱོང་པ་ཇེ་རོམེ་ཁུ་ཧན་མ་གཏོགས་གཞན་སུ་ཞིག་གིས་ཧང་སངས་པའི་འགྲེལ་བརྗོད་དེ་དག་གི་སྐོར་འདྲི་རྩད་བྱེད་མཁན་བྱུང་མེད།
གསོ་སྐྱོང་པས་སྲིད་སྐྱོང་མཆོག་ལ་དྲིས་དོན། གལ་ཏེ་དམར་ཤོག་སྲིད་གཞུང་གིས་དབང་བསྒྱུར་རྒྱུན་གནས་འོག་ཇི་ལྟར་བྱས་ནས་རང་སྐྱོང་བྱས་ནས་སྡོད་ཐུབ་ཀྱི་རེད་དམ། ཞེས་དྲིས་པར།
སྐུ་ཞབས་སེངྒེ་ལགས་ཀྱིས་ལན་ནི། ཇི་སྲིད་བོད་རིགས་མགོ་ཁྲིད་ཀྱི་འགན་དབང་ཡོད་པ། ཞེས་སོང།
སློབ་དཔོན་ཁུ་ཧན་གྱིས་དྲན་སྐུལ་གྱིས་བརྗོད་དོན། རེད། དེང་སྐབས་རང་སྐྱོང་ལྗོངས་ཀྱིས་དབང་འཛིན་པ་བོད་རིགས་རེད། ཅེས་བརྗོད་པར།
སྐུ་ཞབས་སེངྒེ་ལགས་ཀྱིས་དམར་ཤོག་དྲུང་ཆེ་ནི་མི་དབང་ཆ་ཆེ་ཤོས་དེ་རེད། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ནམ་ཡང་བོད་རིགས་མིན་པ་རེད། ཅེས་ལན་བསྐྱོན།
དེ་ནས་སློབ་དཔོན་ཁུ་ཧན་གྱིས་ཁྱེད་ཀྱིས་མིང་དོན་མཚུངས་པའི་བོད་རང་སྐྱོང་ནང་མང་གཙོའི་ལམ་ལུགས་ལག་ལེན་ཐུབ་ཀྱི་རེད་བསམ་གྱིས་འདུག་གམ། ཞེས་དང། དོན་དམ་གྱི་ཆབ་སྲིད་འོས་འཕེན་གྱི་རང་དབང་དང་སྨྲ་བརྗོད་རང་དབང་ཡོང་ཐུབ་བམ། ཞེས་དྲིས།
སེངྒེས་བརྗོད་དོན། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཐོབ་ཐང་རྩོད་པ་མ་གཏོགས་བོད་ནང་དུ་མང་གཙོའི་ལམ་ལུགས་རྩོད་ཀྱི་མེད། ང་ཚོེར་དགོས་པ་ནི་རྒྱ་ནག་གིས་ཤང་ཀང་དང་ཨའོ་མོན་ལ་སྤྲད་པ་དང་གཅིག་མཚུངས་ཞིག་རེད། ཅེས་བརྗོད་པར།
ཁུ་ཧན་གྱིས་གསལ་སྟོན་བྱས་དོན། ཤང་ཀང་ནང་སྨྲ་བརྗོད་རང་དབང་ཡོད་ཀྱང་མང་གཙོ་མེད་པ་དང་ཤང་ཀང་གི་རང་སྐྱོང་ནི་ཕྱི་ལོ་༡༩༩༧ནས་བཟུང་ལོ་ངོ་ལྔ་བཅུའི་དུས་ཡུན་ཡིན་པ་རེད། སེངྒེའི་སྐད་ཆའི་ཤུགས་སུ་ཁོང་རང་གིས་ཇི་སྲིད་རྒྱ་ནག་གིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནད་དོན་མོས་མཐུན་བྱས་ཚེ་བོད་ནང་དུས་ཡུན་ངེས་ཅན་གྱི་མིང་དོན་མཚུངས་པའི་རང་སྐྱོང་ཁས་ལེན་བྱས་པ་དེ་རེད། བོད་ལ་དུས་ཡུན་ངེས་ཅན་གྱི་རང་སྐྱོང་ཁས་ལེན་བྱེད་པའི་ཐོག་ལ།
སེངྒེས་དྲི་བ་དྲི་ལན་གྱི་མཇུག་བསྡུས་སྐབས་ཧང་སངས་དགོས་པའི་འགྲེལ་བརྗོད་གཞན་ཞིག་ཀྱང་གནང་དོན། དམག་དཔུང་འགྲེམས་འཇོག་གི་གནད་དོན་ནི་རྒྱ་ནག་གི་རང་འདོད་ལྟར་ཡིན་ངེས། འོན་ཀྱང། ང་ཚོས་མཐའ་མཚམས་ས་ཁུལ་དུ་ཉུང་ཙམ་ཡོང་བའི་རེ་བ་བྱེད། ཅེས་བརྗོད།
དེར་བརྟེན། སེངྒེས་བོད་ནང་དྲག་དམག་འགྲེམ་འཇོག་ནི་རྒྱ་ནག་གི་རང་འདོད་བྱེད་ཆོག་པ་ཁས་ལེན་བྱས་པ་རེད། སྲིད་སྐྱོང་སེངྒེ་མཆོག་གིས་འགྲེལ་བརྗོད་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིར་བཅོལ་པ་དང་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལྟ་ཚུལ་མཚོན་གྱི་ཡོད་པ་ངོས་འཛིན་བྱེད་ཆོག
ཕྱི་ལོ་༢༠༠༨ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་གཞུང་ལ་སྤྲད་པ་རེད། དེ་ནི་ཕྱི་ལོ་༡༩༨༨ལོའི་སི་ཊསི་སྦག་གྲོས་འཆར་ལ་སྐྱར་སྒྲིག་དང་སྐྱར་ཞིབ་བྱས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། བསམ་འཆར་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་པའི་མིང་དོན་མཚུངས་པའི་རང་སྐྱོང་ཞེས་པ་དེ་རེད། འོན་ཀྱང། བསམ་འཆར་ནང་བོད་ནང་ཆབ་སྲིད་ལམ་ལུགས་ཅི་འདྲ་ཞིག་དགོས་ཀྱི་ཐད་དམིགས་བཀར་གླེང་སློང་བྱས་མེད། བསམ་འཆར་ནང་བཀོད་དོན། མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་༼རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོ༽ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང། རང་སྐྱོང་གཞུང་གི་ལས་ཁུངས་ཁག་ལ་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན།
མང་གཙོ་ཞེས་པའི་ཚིག་འདི་བསམ་འཆར་ནང་བཀོལ་མེད། རྒྱ་ནག་གིས་ཕྱི་ལོ་༢༠༠༨ལོའི་བསམ་འཆར་ལ་ཕྱོགས་ཡོངས་ནས་ངོས་ལེན་བྱས་མེད། ཕྱི་ལོ་༢༠༡༠ལོ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་ཞིག་སྤྲད་པའི་ནང། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལའང་ཁ་གཏད་གནང་གི་མེད། བསམ་འཆར་གྱི་ཚིག་ཟུར་གང་དུའང་ལམ་ལུགས་དེར་བསྒྱུར་བཅོས་དགོས་པའམ་བོད་ཀྱི་ས་ཁུལ་རྣམས་སུ་ལག་བསྟར་མི་དགོས་པ་གསལ་མེད། མི་མང་ཉམ་དམས་ཚོའི་ཡར་རྒྱས་དང། ཁེ་ཕན། འདྲ་མཉམ་བཅས་བསྐྲུན་རྒྱུའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་༧གོང་ས་མཆོག་གིས་ཐུགས་མོས་ཆེན་མོ་གནང་གི་ཡོད་པ་ཡོངས་གྲགས་རེད། དེའི་ནང་དུའང་མང་གཙོ་ཞེས་པའི་ཚིག་འདི་གསལ་མེད། སྤྱི་ཚོགས་རིང་ལུགས་ནང་མང་གཙོའི་འོས་འཕེན་དང་འོས་སྡུའི་ཐོབ་ཐང་ཡོད་ཆོག་༼དཔེར་ན། སེཁནཌིནཝེཡན་རྒྱལ་ཁབ་ཁག་ནང་སྤྱི་ཚོགས་རིང་ལུགས་ཀྱི་དཔའ་འབྱོར་དང་མང་གཙོའི་འོས་འདེམས་ཀྱི་སྲིད་གཞུང་ཡོད།༽ཀྱང་བསམ་འཆར་གྱི་འགྲེལ་བརྗོད་དེའི་ནང་བོད་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱང་ཁ་གཏད་བྱས་མེད། སྤྱི་ཚོགས་རིང་ལུགས་ཀྱི་མང་གཙོ་ཡོད་ཆོག་པ་དང་བསམ་འཆར་གྱི་འགྲེལ་བརྗོད་དེས་མངོན་གསལ་གྱིས་བོད་ནང་མང་གཙོའི་སྲིད་གཞུང་ངོས་ལེན་མེད་པ་བརྗོད་མེད།
མིང་དོན་མཚུངས་པའི་རང་སྐྱོང་གི་ཆེད་བོད་དུ་མང་གཙོའི་ལམ་ལུགས་སྤོང་པ་ནི་དབུ་མའི་ལམ་གྱི་གཞི་རྩ་ལྟ་བུའི་ཕྱི་ལོ་༡༩༨༨ལོའི་སི་ཊསི་སྦག་གྲོས་འཆར་ལ་བསྒྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད། དེའི་ནང་༧གོང་ས་མཆོག་གིས་གསུངས་དོན། བོད་ཀྱི་གཞུང་གི་ལམ་ལུགས་ནི་མི་དམངས་ཀྱི་འོས་འདེམས་བྱས་པའི་འཛིན་སྐྱོང་དང། གྲོས་ཚོགས་གཉིས་ཅན་དང། རང་དབང་ཅན་གྱི་ཁྲིམས་ལུགས་ཅན་ཞིག་ཡིན་དགོས། ཅེས་གསུངས། མང་གཙོའི་ལམ་ལུགས་སྤོང་པ་ནི་ལོ་མང་སྔོན་ནས་༧གོང་ས་མཆོག་གིས་ཆེས་ཆེར་བསྔགས་པའི་མང་གཙོའི་ལམ་ལུགས་སྐོར་གྱི་གསུང་དོན་དག་ལས་ཀྱང་འགལ་བཞིན་ཡོད། ༧གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ལ་ངོས་རང་སྒེར་གྱིས་ཡིད་རངས་ཡོད། འབྱུང་འགྱུར་བོད་གཞུང་གི་མགོ་ཁྲིད་ནི་མི་དམངས་ཀྱི་འོས་འདེམས་བྱས་པའི་མགོ་ཁྲིད་ཅིག་ཡིན་དགོས། དེང་རབས་མང་གཙོའི་ལམ་ལུགས་ནི་འགྲོ་བ་མི་ཚང་མ་འདྲ་མཉམ་ཡིན་པའི་ལྟ་ཚུལ་གཞི་བཅོལ་ཐོག་མི་རེ་ངོ་རེ་ལ་འདྲ་མཉམ་གྱི་འཚོ་སྡོད་དང་རང་དབང། བདེ་སྐྱིད་ཀྱི་ཐོབ་ཐང་ཡོད་པ་རེད། ཅེས་གསུངས།
ཆབ་སྲིད་ཀྱི་རང་དབང་དང། སྤྱི་ཚོགས་ཀྱི་རང་དབང་དང། རིག་གཞུང་གི་རང་དབང་ནི་མང་གཙོའི་ལམ་ལུགས་ཀྱི་གློ་སྙིང་ལྟ་བུ་སྟེ། ཧ་ཅང་རྩ་ཆེན་དང་གལ་གནད་ཅན་རེད། ཡང་དག་པའི་སྲིད་གཞུང་ལམ་ལུགས་ཤིག་མེད་ཀྱང་མང་གཙོའི་ལམ་ལུགས་ནི་འགྲོ་བ་མིའི་རང་གཤིས་དང་བློ་ཐག་ཉེ་ཤོས་ཤིག་རེད། དེ་ནི་དྲང་བདེན་དང་རང་དབང་གི་འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་སྒྲོམ་གཞི་ཞིག་བཞེད་བསྐྲུན་ཐུབ་པའི་རྨངས་གཞི་གཏན་ཤོས་ཤིག་ཀྱང་རེད། དེར་བརྟེན། དེ་ནི་ཐུན་མོང་གི་མངོན་འདོད་ཤིག་ཡིན་སྟབས་མང་གཙོའི་ལམ་ལུགས་ལོངས་སྤྱོད་བཞིན་པ་ཚོས་དེ་ཉིད་ཀུན་ལ་ལོངས་སྤྱོད་ཀྱི་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་བྱེད་དགོས། ༧གོང་ས་མཆོག་གིས་དམར་ཤོག་གཅིག་བསྡུས་དབང་བསྒྱུར་ལ་སྐྱོན་ཟློག་གནང་ཡོད། དམར་པོའི་རིང་ལུགས་ལ་ཕུལ་བྱུང་གི་ཁྱད་ཆོས་མང་པོ་ལྡན་ཞིང་གཞན་ཕན་གྱི་ལྟ་ཚུལ་ཡང་ཚུད་ཡོད་ཀྱང་མཐོ་རིམ་དབང་སྒྱུར་པ་ཚོས་སྲིད་དབང་སྒེར་སྤྱོད་ཀྱི་ལྟ་ཚུལ་ནི་གོད་ཆག་ཅན་ཞིག་ཡིན་པ་སྟོན་གྱི་ཡོད། སྲིད་གཞུང་གིས་སྤྱི་ཚོགས་ཐོག་ཧ་ཅང་སྟངས་འཛིན་བྱེད་པ་དང་མི་དམངས་རྣམས་ཐུན་མོང་གི་ཁེ་ཕན་ཆེད་བྱ་བ་སྒྲུབ་དགོས་ཀྱི་སྐུལ་མ་བྱེད། གཉའ་གནོན་ཅན་གྱི་དབང་སྒྱུར་འོག་ནས་གྲོལ་པར་ཐོག་མར་མཁྲེགས་འཛིན་ཅན་གྱི་སྒྲིག་འཛུགས་ཤིག་དགོས་ངེས་ཡིན་མོད་ཀྱང་དགོས་དོན་གྲུབ་རྗེས་སུ་དེ་ལྟ་བུའི་མཁྲེགས་འཛིན་གྱིས་དོན་དམ་གྱི་སྤྱི་ཚོགས་འཆམ་མཐུན་ཅན་ཞིག་བསྐྲུན་རྒྱུ་དཀའ། དམར་པོའི་རིང་ལུགས་ལ་གྲུབ་འབྲས་གསོན་མེད་པ་ནི་དྲག་ཤུགས་ལ་བརྟེན་ནས་རང་གི་ལྟ་ཚུལ་དར་འཕེལ་གཏོང་ཐབས་བྱེད་པས་རེད། དེས་བསྐྲུན་པའི་དཀའ་སྡུག་འོག་འགྲོ་བ་མི་རྒྱུ་གནས་བྱེད་ཐུབ་ཐབས་མེད། ཅེས་གསུངས།
སྤྱིར་བཏང་ནས་ཕྱི་ལོ་༢༠༠༨ལོའི་བསམ་འཆར་ཡིག་ཆ་དང་ཕྱི་ལོ་༢༠༡༠ལོའི་བསམ་འཆར་གྱི་འགྲེལ་བརྗོད་གཉིས་གསར་པ་གང་ཡང་མིན་མོད། སྲིད་སྐྱོང་གིས་ཉེ་སྔོན་འགྲེལ་བརྗོད་ནི་ང་ཚོས་ཤེས་ཚོད་བྱས་ན་ཐེངས་དང་པོ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཛིན་པ་ཞིག་གིས་དབུ་མའི་ལམ་གྱི་དམིགས་ཚད་ནི་དུས་ཡུན་ངེས་ཅན་༼རང་སྐྱོང་༽ཞིག་དང། དྲག་དམག་འགྲེམ་འཇོག་རྒྱ་ནག་གི་རང་འདོད་ཡིན་པ་དང་། ལྷག་པར་དུ་གལ་ཆེ་ཞིག་ནི་མང་གཙོའི་ལམ་ལུགས་མིན་པ་བཅས་ཐག་གཅོད་བྱས་པ་དེ་རེད།
སྲིད་སྐྱོང་གི་འགྲེལ་བརྗོད་ལ་ཡ་ལན།
སྲིད་སྐྱོང་གིས་འགྲེལ་བརྗོད་ལ་སྐྱོན་བརྗོད་དྲག་པོའི་ཡ་ལན་འཐོན་ཡོད། འོད་ཟེར་ལགས་ཀྱིས་ངོ་དེབ་ཐོག གལ་ཏེ་ཁོང་གིས་གསུང་པ་དེ་དངོས་བདེན་ཡིན་ཚེ། ངས་ངོ་སྤྲོད་རྒྱབ་གཉེར་ཤུགས་ཆེན་བྱེད་ཀྱི་ཡིན། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དམར་ཤོག་ཚོགས་པར་བཞུགས་རྒྱུའི་སྙན་ཞུ་འབུལ་རོགས་གནང། གལ་ཏེ་སྐུ་ཉིད་རྒྱ་ནག་གི་ཨོ་བྷ་མ་གནང་འདོད་ཡོད་ཚེ་སྐུ་ཉིད་དམར་ཤོག་ཚོགས་པར་བཞུགས་མི་ཐུབ་པ་ཅི་ཡིན་ནམ། རང་ལུས་མེར་སྲེག་པ་༡༢༡གིས་རིན་བབ་འཇལ་ཡོད། ང་ལ་ཁུ་ཚུར་གྱིས་རྡེག་པ་ལྟ་བུའི་ཚོར་སྣང་བྱུང། དེ་ནི་ཧ་ཅང་གི་ན་ཟུག་ཆེ།
བུ་ཆུང་ཌི་བསོད་ནམས་ལགས་དང། ཨེལོཊེ་སེཔར་ལིང་དང། མའུ་ར་མོཡནེ་ཧན་བཅས་ཀྱིས་ཀྱང་སྲིད་སྐྱོང་གི་འགྲེལ་བརྗོད་ལ་སྐྱོན་བརྗོད་གནང་ཡོད། ད་དུང་ངེས་དགོས་པ་ཞིག་ནི་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་འབོད་པ་ནི་རང་དབང་དང་རང་བཙན་ཡིན་པ་ལས་རང་སྐྱོང་ཡང་མིན་མོད་དམར་ཤོག་དབང་བསྒྱུར་རང་དགར་འཇོག་པ་དེ་རེད། སྐྱོན་བརྗོད་དེ་དག་གིས་སྲིད་སྐྱོང་གིས་ཕྱི་འབྲེལ་ལྷན་ཚོགས་སུ་གསུངས་པའི་འགྲེལ་བརྗོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བཤད་དགོས་པའི་དྲན་སྐུལ་བཏང་པ་ཞིག་ཡིན་སྟབས། གསལ་བཤད་ནང། ཁོང་གི་ཕྱི་འབྲེལ་ལྷན་ཚོགས་ཀྱི་གསུང་བཤད་ནང་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཀྱི་གནས་བབ་ཐོག་གི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་གོ་ཡི་ཡོད། དབུ་མའི་ལམ་གྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ནི་ད་ཡོད་གནས་བབ་བརྗེ་བསྒྱུར་ཐོག་བོད་ཁམས་ཡོངས་རྫོགས་འཛིགས་སྐྱོང་དང་ཁྲིམས་ལུགས་གཅིག་གི་འོག་བཙུད་དགོས་པ་རེད། ཅེས་བཀོད།
འོན་ཀྱང། དེ་ནི་སྲིད་སྐྱོང་གི་འགྲེལ་བརྗོད་ལ་གཡས་སྐོར་གཡོན་སྐོར་བྱས་པ་ཙམ་ལས་མ་འདས། གསལ་བཤད་དགོས་དོན་གང་ཡང་མ་མཐོང། རྒྱུ་མཚན་ནི། ཁོང་གི་འགྲེལ་བརྗོད་ལ་འཁྲུལ་གཞི་གང་ཡང་ཡོང་རྐྱེན་མེད། ཕྱི་འབྲེལ་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་གཏམ་བཤད་ཆ་ཚང་ཡིག་ཐོག་ཏུ་ཕབ་ལེན་བྱས་ཡོད་པ་དང། སྐུ་ཞབས་སེངྒེ་ལགས་ཀྱིས་རྒྱལ་ཁབ་ཀྱི་གནས་བབ་ཐོག་གི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་སྐོར་གསུངས་མེད་པ་ཁ་གསལ་གཏིང་གསལ་རེད། སྐུ་ཞབས་སེངྒེ་མཆོག་གིས་ཁོ་རང་གིས་བོད་ནང་དམར་ཤོག་དབང་བསྒྱུར་ལ་ཁ་གཏད་བྱེད་ཀྱི་མེད་པ་དང་བོད་ནང་བོད་མི་ཚོར་མང་གཙོའི་ལམ་ལུགས་དགོས་འདུན་བྱེད་ཀྱི་མེད་པ་གསུངས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་ནང། ༧གོང་ས་མཆོག་གིས་གལ་ཏེ་རྒྱ་ནག་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་སྤྲད་ཚེ་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ངོས་ལེན་བྱེད་ཆོག་ཅེས་གསུངས་ཡོད། ཅེས་ཟེར། སྤྱི་ཚོགས་རིང་ལུགས་ངོས་ལེན་གནང་པས་རང་སྐྱོང་ཅན་གྱི་བོད་དུ་དམར་ཤོག་དབང་བསྒྱུར་ངོས་ལེན་བྱེད་དགོས་པ་ཁྱབ་ཀྱི་མེད། རང་སྐྱོང་གི་གནད་དོན་ཡོངས་རྫོགས་རང་སྐྱོང་ས་ཁུལ་དང་ཐ་དད་རེད། དེར་བརྟེན། ༧གོང་ས་མཆོག་གི་འབོད་སྐུལ་གྱི་གསལ་བཤད་ཀྱིས་སྲིད་སྐྱོང་གི་ལངས་ཕྱོགས་ལ་ངོ་བསྟོད་ཆགས་ཐུབ་ཀྱི་མེད།
སྲིད་སྐྱོང་མཆོག་ནི་ཤེས་ཡོན་ཅན་དང་དབྱིན་སྐད་བྱང་ཆུབ་པ་ཞིག་ངོས་ནས་མི་དམངས་ལ་གཏམ་བཤད་དང་བཅར་འདྲི་མང་པོ་གནང་ཡོད། དེར་བརྟེན། ཁོང་གིས་རྗོད་བྱེད་ཚིག་ལ་ཡིད་ཟབ་དང་ནན་ཏན་གྱིས་བཀོལ་ངེས། ང་ཚོས་དཔག་ཐུབ་པ་ནི་སྐུ་ཞབས་སེངྒེ་ལགས་ཀྱིས་ཁ་བཤད་དོན་ལ་གནས་པ་དེ་རེད། འོན་ཀྱང། གསལ་བཤད་ནི་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་ལས་བྱེད་ཀྱིས་བྱས་པ་ལས་སེངྒེ་ཁོ་རང་ངོ་མས་གནང་མེད། བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་དང་སེངྒེའི་འགྲེལ་བརྗོད་ངོ་མར་གསར་འགོད་ལྷན་ཚོགས་ཀྱིས་དྲི་རྩད་བྱེད་མི་ཆོག
དཔྱད་ཞིབ།
སེངྒེའི་ཉེ་སྔོན་གྱི་འགྲེལ་བརྗོད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༠༨ལོའི་བསམ་འཆར་ཡིག་ཆ་དང་ཕྱི་ལོ་༢༠༡༠ལོའི་བསམ་འཆར་གྱི་འགྲེལ་བརྗོད་གཉིས་དང་ཕྱོགས་ཡོངས་ནས་འགྱུར་ལྡོག་ཅན་ཞིག་མིན་མོད། འོན་ཀྱང། ཁོང་གིས་དབུ་མའི་ལམ་གྱི་འགྲེལ་ཚུལ་དེ་བཞིན་ཡིག་ཆ་གཉིས་ནང་གི་དགོས་འདུན་ལས་ཀྱང་ཆག་ཡང་མང་དུ་བཏང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འོས་འདེམས་བྱུང་བའི་མགོ་ཁྲིད་ཅིག་གིས་ཡོངས་གྲགས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་བོད་མི་ཚོར་མང་གཙོའི་ལམ་ལུགས་རྩོད་ཀྱི་མེད་པ་དང་བོད་ནང་དམར་པོའི་དབང་བསྒྱུར་ལ་ངོས་ལེན་བྱས་པ་ཆེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་ཁས་ལེན་བྱེད་དགོས་ལ་སེངྒེས་ཀྱང་ཕྱིར་འཐེན་བྱེད་རྒྱུ་ལྷག་མེད། ད་ཆ་མངོན་གསལ་དུ་འགྱུར་པ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ཐོག་མའི་རྩ་དོན་ཞིག་ཟུར་སྐྱུར་བྱས་པ་རེད། ཡ་མཚན་པ་ཞིག་ནི་བཙན་བྱོལ་བོད་མི་༡༣༠༠༠༠ཙམ་ནང་འོས་འདེམས་བྱུང་པའི་མང་གཙོའི་སྒྲིག་འཛུགས་ཀྱིས་བོད་ནང་བོད་མི་ས་ཡ་༦གི་ཆེད་མང་གཙོའི་ལམ་ལུགས་ཟུར་སྐྱུར་བྱས་པ་དེ་རེད། ཡ་མཚན་ཞེས་པའི་ཚིག་ལས་ཀྱང་ཚིག་རྣོ་པ་ཞིག་བཀོལ་ཆོག
སྐུ་ཞབས་སེངྒེིའི་འགྲེལ་བརྗོད་ནང་བོད་མི་དམར་ཤོག་མགོ་ཁྲིད་ཀྱི་ཐད་རྒྱ་ནག་གི་ཨོ་བྷ་མ་ཞེས་པའི་རྩོད་རྙོག་དེ་འོད་ཟེར་ལགས་ཀྱིས་སྐྱར་ཟློས་བྱས་ཡོད། ཕྱི་ལོ་༢༠༡༠ལོར་TPRརྩོམ་སྒྲིག་པས་སེངྒེ་ལགས་ཀྱི་ཕྱི་ལོ་༢༠༠༨ལོར་ཝེལསོན་ལྟེ་གནས་སུ་གཏམ་བཤད་ཟིན་ཐོར་བཀོད་དོན། བོད་ཀྱི་འཐབ་རྩོད་ནི་རང་དབང་དང་རང་ཐག་རང་གཅོད་ནས་སྤྱི་དམངས་ཐོབ་ཐང་དང་སྲིད་གཞུང་ནང་འཐུས་མི་ཡོད་པ་ཞིག་ཏུ་འགྱུར་ལྡོག ཅེས་བརྗོད། དེ་ལྟར་ངེས་ན་དེ་ནི་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་དོན་སྟེ། ལོགས་སུ་བོད་རིགས་རང་སྐྱོང་དང་ཐ་དད་ཆགས་ཀྱི་ཡོད།
དབུ་མའི་ལམ་ནི་བོད་མི་ཚོར་བོད་ནང་རང་བཙན་དང་བོད་ནང་བཟོད་དཀའ་བའི་གནས་བབ་གཉིས་ཀྱི་བར་རྒྱུ་མཚན་ལྡན་པའི་ནང་འགྲིགས་ཤིག་རེད། དེས་རྒྱ་ནག་གིས་བོད་དུ་མངའ་དབང་ཡོད་ཐོག་བོད་མི་ཚོེར་སྤྱི་ཚོགས་དང། རིག་གཞུང་དང། ཆོས་ཀྱི་ཐོབ་ཐང་འགན་སྲུང་ཡོད་པ་དང་རང་སྐྱོང་གི་གནས་བབ་སྤྲོད་པའི་ཐབས་ལམ་ཞིག་ཡིན། མང་གཙོའི་ལམ་ལུགས་ཀྱི་འོས་འདེམས་བྱས་པའི་གྲོས་ཚོགས་དང་སྲིད་སྐྱོང་ཡོད་པ་ཞིག་ནི་དབུ་མའི་ལམ་གྱི་མ་ཡིག་གི་ཆ་ཤས་རེད།
ཕྱི་ལོ་༡༩༩༧ལོར་བཙན་བྱོལ་ནང་བསམ་ཤོག་བསྡུ་ལེན་གྱི་ནང་བརྒྱ་༦༤ཡིས་༧གོང་ས་མཆོག་གི་དགོངས་གཞི་ཡག་ཤོས་ཡིན་པར་རྒྱབ་སྐྱོར་བྱས་ཡོད། དེའི་གཞི་རྩའི་ཆ་ཤས་སུ་དབུ་མའི་ལམ་གྱིས་བོད་ནང་མང་གཙོའི་ལམ་ལུགས་ཀྱི་འོས་འདེམས་ཀྱི་སྲིད་གཞུང་དགོས་འདུན་བཏོན་ཡོད། ཕྱི་ལོ་༢༠༠༨ལོར་དམིགས་བསལ་ཚོགས་ཆེན་རྗེས་སུ་གྲོས་ཚོགས་སུ་སྤྱི་མོས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་བཞག སླར་ཡང་གྲོས་ཚོགས་དང། དམིགས་བསལ་ཚོགས་ཆེན་འཛུལ་ཞུགས་པ་དང། མི་དམངས་ཀྱིས་ལྟ་སྣང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ནང་བོད་ནང་མང་གཙོའི་ལམ་ལུགས་དགོས་འདུན་ཚུད་ཡོད་ཤག་བྱས་ཡོད།
འོན་ཀྱང། ད་ལྟའི་ཆ་ལ་སྲིད་སྐྱོང་མཆོག་གིས་བོད་རིགས་རང་སྐྱོང་ནི་ཤང་ཀང་ལྟ་བུའི་དུས་ཡུན་ངེས་ཅན་༼ལོ་༥༠༽ཞིག་ལ་འགྲེལ་བརྗོད་གནང་ཡོད། ང་ཚོས་ཤེས་ཚོད་བྱས་ན། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་པ་ཞིག་གིས་བོད་ལ་རང་སྐྱོང་ནི་དུས་ཡུན་ངེས་ཅན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད། ཕྱི་༢༠༠༨ལོའི་བསམ་འཆར་དང་ཕྱི་ལོ་༢༠༡༠ལོའི་བསམ་འཆར་གྱི་འགྲེལ་བརྗོད་ནང་དུས་ཡུན་ངེས་ཅན་ཡིན་པ་བཀོད་མེད། ད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྩོད་རྒྱུ་བོད་རིགས་རང་སྐྱོང་ཡིན་ནའང་དེ་ནི་དུས་ཡུན་ངེས་ཅན་ཞིག་ལ་ངོས་ལེན་བྱེད་ངེས།
སྐུ་ཞབས་སེངྒེ་མཆོག་གིས་བོད་ནང་དམག་དཔུང་འགྲེམ་འཇོག་ནི་རྒྱ་ནག་གི་རང་འདོད་ལྟར་བྱེད་ཆོག་པར་ཁས་ལེན་བྱས། དེའི་དོན་ནི་བོད་མཐོ་སྒང་དུ་དྲག་དམག་ཇི་ཙམ་དང་ཅི་འདྲ་ཞིག་འཇོག་གི་ཐག་གཅོད་ནི་བོད་གཞུང་ལ་མེད་པར་བཅིངས་གྲོལ་དམག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐག་གཅོད་བྱེད་ཅེས་པའོ།། སེངྒེའི་འགྲེལ་བརྗོད་ཀྱིས་ཕྱི་༢༠༡༠ལོའི་བསམ་འཆར་གྱི་འགྲེལ་བརྗོད་ནང་བོད་ནས་བཅིངས་གྲོལ་དམག་ཕྱེར་འཐེན་བྱེད་དགོས་པའི་གྲོས་དོན་བཏོན་མེད་པ་ཙམ་ལས་ཀྱང་ལྷག་ཚོད་ཀྱི་ཆག་ཡང་བཏང་ཡོད།
སྲིད་སྐྱོང་མཆོག་གིས་ཉེ་སྔོན་གཏམ་བཤད་ཀྱིས་ལན་ལས་དྲི་བ་མང་བ་ཐོན་ཡོད། གལ་ཏེ་བོད་དབང་ཆ་གཅིག་བསྔུ་དམར་ཤོག་གིས་འཛིན་སྐྱོང་བྱས་ཚེ་ཇི་ལྟར་བྱས་ནས་བོད་མི་ཚོས་སོ་སོའི་རང་སྐྱོང་འགན་སྲུང་བྱེད་སྲིད་དམ། བོད་ནང་དུ་ཚོགས་པའི་མགོ་གཙོ་ཚང་མ་བོད་རིགས་ཡིན་པའི་དབང་དུ་བཏང་ཡང་ཅིའི་ཕྱིར་ཁོ་ཚོས་དབུས་གཞུང་གི་མགོ་གཙོའི་ལམ་སྟོན་གྱི་རྗེས་སུ་མི་འཇུག་པ་དེ་འདྲ་ཡོང་མི་སྲིད་པ་རེད། རྒྱུ་མཚན་ནི་སྲིད་གཞུང་དང་ཚོགས་པའི་ལས་ཀྱི་སྣེ་མོ་བ་ཚང་མ་པེ་ཅིན་ནས་བསྐོ་བཞག་བྱེད་ངེས་རེད། བོད་རིགས་དམར་ཤོག་འགོ་ཁྲིད་ནི་རང་ཁ་རང་གསོ་བྱེད་མཁན་མཉམ་ལས་པ་ལེགས་མཆོག་དང་སྲིད་ཐར་ལྟ་བུ་ཡིན་ངེས་སམ། ཚོགས་པའི་ནང་གོ་གནས་སྤར་རྒྱུ་དང་ལས་འཁུར་རྣམས་དབུས་ལྷན་ཁང་གིས་ཆོག་མཆན་གཞིར་བཞག་ཡིན། གལ་ཏེ་བོད་རིགས་ཚོགས་མི་གནས་སྤོ་དང་གོ་གནས་ཐོབ་པར་དབུས་ཀྱི་སྲིད་བྱུས་དང་སྒྲིག་གཞི་གཞི་ལ་བརྩི་སྲུང་བྱེད་དགོས།
དམར་ཤོག་ཚོགས་པས་འདོད་པའི་ཆོས་མེད་རིང་ལུགས་ཐད་ཅི་བྱེད་དམ། བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་ཚོགས་མི་ཚོས་ཚོགས་པར་འཛུལ་པར་ཆོས་རྒྱབ་སྐྱུར་བྱེད་དགོས་སམ། ཇི་ལྟར་བྱས་ནས་མི་ཞིག་དམར་ཤོག་པ་དང་ནང་པ་གཉིས་ཀ་བྱེད་ཐུབ་བམ་རྒྱུ་མཚན་ནི་དབུས་ཀྱི་ལྟ་ཚུལ་ནི་ཆོས་མེད་རེད། བོད་རིགས་དམར་ཤོག་ཚོགས་པས་དགོན་སྡེ་ཁག་ལ་དོ་དམ་དང་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལག་བསྟར་གྱིས་ཁོ་ཚོས་རྒྱལ་ཁབ་དང་ཚོགས་པར་དགའ་མོས་ཡོད་པ་ངེས་བརྟན་བྱེད་དམ། བོད་རིགས་དམར་ཤོག་ཚོགས་པས་དགོན་སྡེ་ཁག་ནང་དམངས་གཙོའི་བཅོས་བསྒྱུར་ཚོགས་ཆུང་བཙན་འཛུགས་དང་གཞན་སྤྱི་ཚོགས་ཚོགས་སྡེ་ཚང་མའི་ནང་དེས་ཐེ་གཏོགས་ཡོད་པ་བྱེད་དམ།
དེའི་དོན་ནི་བོད་རིགས་ཚོས་ཚོགས་པ་གཞན་བཙུགས་མི་ཆོག་པ་དང་གལ་ཏེ་བཙུགས་ན་འཛིན་བཟུང་བཀག་ཉར་བྱེད་ཅེས་པ་ཡིན་ནམ། ཕྱོགས་འགལ་ཚོགས་པ་ནི་དེང་སྐབས་རྒྱ་ནག་ནང་ཁྲིམས་འགལ་ཡིན་པ་དང་དམར་ཤོག་མཇུག་བསྡུས་དགོས་པའི་འབོད་སྒྲ་སྒྲོག་མཁན་དག་བཙོན་འཇུག་བྱེད་ཀྱི་ཡོད། དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པ་དང་བོད་རང་བཙན་དང་མང་གཙོ་དོན་གཉེར་བྱེད་པའི་སྐོར་ལ་ཅི་བྱེད་དམ། སློབ་དཔོན་ཁུ་ཧན་གྱིས་ཁོང་གི་དྲི་བའི་ནང་སྨྲ་བརྗོད་རང་དབང་ཉུང་མཐར་ཐེངས་གསུམ་ཙམ་གླེང་སློང་གནང་སོང་མོད་ཀྱང་སྐུ་ཞབས་སེངྒེས་མུ་མཐུད་ནས་གནད་དོན་དེ་གཡོལ་བྱོལ་བྱས་སོང། བོད་རིགས་དམར་ཤོག་ཚོགས་པའི་མགོ་གཙོ་ཚོས་བོད་མི་ཚོས་ཚོགས་པའམ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་བཅུག་སྲིད་དམ།
གལ་ཏེ་རྒྱ་ནག་གིས་བོད་རང་བཙན་ངོ་རྒོལ་གྱིས་རྒྱ་ནག་གི་མངའ་དབང་ལ་དོ་ཕོག་བཟོས་ཀྱི་འདུག་ཅེས་བོད་སྲིད་གཞུང་གིས་ངོ་རྒོལ་པ་རྣམས་བཀག་ཉར་བྱེད་དགོས་པ་དང་གལ་སྲིད་བོད་སྲིད་གཞུང་གིས་ཁས་ལེན་མ་བྱས་ཚེ་བཅིངས་གྲོལ་དམག་གིས་དྲག་གནོན་བྱེད་རྒྱུའི་སྡིགས་ར་བྱས་ཚེ་ཅི་ཞིག་བྱེད་དམ། བོད་རིགས་དམར་ཤོག་གིས་འཛིན་སྐྱོང་བྱེད་པའི་བོད་སྲིད་གཞུང་གིས་ཚོགས་པར་འགན་འཁྲི་དང་ལེན་བྱེད་ཅིང་སོ་སོའི་མི་སེར་གྱི་ཐོག་གཉའ་གནོན་བྱེད་དམ། དེ་ནི་ཅི་བྱ་གཏོལ་མེད་ཀྱི་གཞན་སྐུལ་སྲིད་དབང་ཡིན་པ་དང་གྲུབ་འབྲས་ནི་སྤྱིར་བཏང་ནས་ཡིད་དུ་མི་འོང་པ་ཞིག་རེད།
ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དབུས་གཞུང་དང། ཞིང་ཆེན་ཡོངས་དང། རང་སྐྱོང་ཁུལ་དང། ས་གནས་སྲིད་གཞུང་དང། དམག་དོན་དང། ཁྲིམས་ལུགས་དང། ཉེན་རྟོག་པ་དང། ཤེས་ཡོན་ལྟེ་གནས་ཆེ་ཁག་དང། རྒྱལ་ཁབ་ཀྱི་གསར་བསྒྱུར་དང་སྙན་འཕྲིན། གཞུང་གི་སྟངས་འཛིན་འོག་གི་ཚོང་ལས་སྒྲིག་འཛུགས་ཆེ་ཁག་བཅས་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད། ཚོགས་པས་གསར་བསྒྱུར་དང་དྲ་རྒྱ། གློག་སྙན་དང་སྙན་འཕྲིན་བཅས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། རྒྱ་རིགས་མཁས་པ་དང་ཕྱོགས་འགལ་པ་མང་པོས་ཆབ་སྲིད་དབང་ཆ་གཅིག་བསྡུ་ཚོགས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། ནོ་བྷེ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལེའུ་ཞོ་པའོ་ཡིས་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གྱི་དགོས་འདུན་བཏོན་པར་ལོ་ངོ་བཅུ་གཅིག་གི་བཙུན་འཇུག་ཁྲིམས་ཆད་ཕོག དབང་ཆ་གཅིག་བསྡུ་ཚོགས་པའི་དཀའ་ངལ་ནི་དོན་གཉེར་པ་དཀྱིལ་མ་ཞིག་ལའང་མངོན་གསལ་ཆགས་ཡོད། དཔེན་མཚོན་ཆོག་པའི་དབང་ཆ་གཅིག་བསྡུས་སྲིད་གཞུང་འོག་གི་རང་སྐྱོང་ཡིན་བཞིན་པ་དེ་འདྲ་ང་ཚོར་རྒྱུས་མངའ་གང་ཡང་མེད། འོན་ཀྱང། སྲིད་སྐྱོང་མཆོག་གིས་དབང་ཆ་གཅིག་བསྡུ་སྲིད་གཞུང་གི་འོག་བོད་རིགས་མིང་དོན་མཚུངས་པའི་རང་སྐྱོང་ལ་ཡིད་ཆེས་བྱེད།
འགལ་ཟླའི་རང་བཞིན་ནི། སྲིད་སྐྱོང་གི་ཟླ་༥ཚེས་༨ཉིན་གྱི་འགྲེལ་བརྗོད་ཀྱི་རྗེས་སུའང་བོད་མིའི་སྒྲིག་འཛུགས་ཀྱིས་ད་དུང་ཡང་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་སྐོར་བརྗོད་ཀྱི་འདུག ཕྱི་ལོ་༢༠༡༣ཟླ༥ཚེས་༣༡ཉིན་བྷར་ལེན་དུ་ཡོ་རོབ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་ནང་བརྗོད་དོན། དེང་སྐབས་གཉའ་གནོན་དང་སྡུག་སྦྱོང་མྱོང་མཁན་གྱི་མི་རིགས་ཀུན་གྱི་ཐུན་མོང་གི་མངོན་འདོད་ནི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་རེད། ཅེས་བརྗོད། བོད་མིའི་སྒྲིག་འཛུགས་ཀྱི་མགོ་གཙོ་ཚོས་མང་གཙོ་ནི་མི་ཚང་མའི་མངོན་འདོད་རེད། འོན་ཀྱང། བོད་མིའི་མངོན་འདོད་མ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད་དམ། ཅིའི་ཕྱིར་བོད་ཁོ་ན་མང་གཙོའི་ལམ་ལུགས་ཀྱི་གཞི་རྩ་ལས་ཟུར་སྐྱུར་བྱེད་དགོས་པ་རེད་དམ། གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་གཙོ་ཚོས་བོད་ནང་དམར་ཤོག་དབང་བསྒྱུར་ངོས་ལེན་བྱེད་འོས་པ་ཞིག་ཡིན་པ་བརྗོད་ཀྱི་ཡོད་ན། ཅིའི་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱིས་དམར་པོའི་རིང་ལུགས་དང་རྒྱ་ནག་དམར་ཤོག་ཚོགས་པའི་རིན་ཐང་ལ་བསྟོད་བསྔགས་མི་བྱེད་པ་རེད་དམ། དེས་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོས་དབུ་མའི་ལམ་གྱི་དམིགས་ཚད་ཇི་ལྟར་འཛིན་གྱི་ཐད་ཐེ་ཚོམ་དང་ནང་འགལ་ཡོད་པ་མཚོན་གྱི་ཡོད།
མཇུག་བསྡུས།
དབུ་མའི་ལམ་གྲོས་འཆར་གྱི་བོད་ལ་མང་གཙོའི་ལམ་ལུགས་ཀྱི་མིང་དོན་མཚུངས་པའི་རང་སྐྱོང་དང་དྲག་དམག་མེད་པ་ནས་མང་གཙོའི་ལམ་ལུགས་མེད་ཅིང་དམར་ཤོག་དབང་བསྒྱུར་དང། དུས་ཡུན་ངེས་ཅན་གྱི་རང་སྐྱོང་དང། བོད་མཐོ་སྒང་དུ་དྲག་དམག་འགྲེམ་འཇོག་ནི་རྒྱ་ནག་གི་རང་འདོད་ཡིན་པ་བཅས་སུ་གྱུར་ཟིན། ཕྱི་ལོ་༡༩༨༨ནས་དབུ་མའི་ལམ་ལ་དོན་གནད་ཆེན་པོས་སྒྱུར་བཅོས་བཏང་ཡོད་ཀྱང་ཉེ་སྔོན་གྱི་མང་གཙོ་ཟུར་སྐྱུར་བྱས་པ་ནི་གླེང་སློང་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ད་ལྟའི་དབུ་མའི་ལམ་གྱི་གནས་བབ་ལ་ངོས་འཛིན་བྱེད་དང་མི་བྱེད་ལྟ་རྒྱུ་ལྷག་ཡོད་རེད།
མ་རྩོམ་གྱི་དྲ་ཐགhttp://www.phayul.com/news/article.aspx?id=33551&t=1
མ་རྩོམ་གྱི་དྲ་ཐག་ཏག་ཏག་སྡད་མི་འདུག བསྐྱར་འགོད་གནང་རོགས། བོད་འགྱུར་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། ད་དུང་ཡང་བསྐྱར་ཀློག་གི་ཡོད། མ་རྩོམ་དྲ་ཐག་ཡང་འགོད་གནང་རོགས་ཞུ།
མ་རྩོམ་དྲ་ཐག་རེག་སོང་།
http://www.phayul.com/news/article.aspx?id=33551&t=1
དབུ་མ་དང་རང་བཙན་གཉིས་གང་རུང་ཞིག་ལ་མྱུར་དུ་གྲུབ་འབྲས་ཡོང་བའི་སྨོན་ལམ་ཞུ།
དབུ་མ་དང་རང་བཙན་གཉིས་གང་རུང་ལ་གྲུབ་འབྲས་ཐོབ་ནས་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ཅིང་༧སྐྱབས་མགོན་མཆོག་གི་ཐུགས་རྗེའི་ཐབས་མཁས་ཀྱིས་ཆོས་ལུགས་དང་མི་རིགས་དབར་གྱི་ཆགས་སྡང་རྨོངས་གསུམ་གྱི་གཏམ་ངན་༨༡ཐམས་ཅད་མིང་མེད་དུ་ཞི་ནས་མི་རིགས་འདྲ་མཉམ་དང་ཆོས་ལུགས་འདྲ་མཉམ་ཕྱུག་དབུལ་འདྲ་མཉམ་གྱི་ཞི་བདེའི་ཉི་མ་ཤར་བའི་སྨོན་ལམ་ཡོད། ཞི་བདེའི་ཉི་མ་མྱུར་དུ་འཆར་བའི་རེ་སྒུགས་བྱེད་བཞིན་བསྡད་ཡོད།
ཆོས་ལུགས་དང་ཆོལ་ཁ་གང་དང་གང་གི་རིས་སུ་མ་ཆད་པའི་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བོད་པ་འདི་དག་རང་བཙན་དང་དབུ་མའི་ལམ་གང་རུང་མྱུར་དུ་འཐོབ་པར་ཤོག དེ་མིན་བོད་པ་ནང་ཕན་ཚུན་ཆོས་ལུགས་དང་ཆོལ་ཁ་རྐྱང་རྐྱང་རྩོད་བསྡད་ན། བོད་སྤྱི་ཡི་ཆེད་དུ་རང་བཙན་དང་རང་དབང་རྩོད་རྒྱུ་ཕར་ཞོག་ནང་ཚན་ནས་རང་བཙན་དང་རང་དབང་མི་རྩོད་པའི་ངེས་པ་མེད་པས་དེ་ལུགས་སུ་ཆོས་ལུགས་དང་ཆོལ་ཁ་མི་གླིང་བར་བོད་ཀྱི་ཆེད་དུ་རང་བཙན་རྩོད་རོགས་སྐུ་ཚེ་རིང
ད་ཡང་བློ་སེང་གིས་གསར་བཏོད་ཅིག་གི་འགོ་རྩོམ་གྱིན་འདུག
མང་དག་ཚང་མ་ཀློག་ལོང་མ་བྱུང་ཡང་། དོན་ངོ་མ་རོབ་ཙམ་ཤེས་སོང་སྙམ། ཚང་མས་ཟབས་ནན་གནང་དགོས་པ་ནི་སྔ་ཕྱིར་བསམ་བློ་དང་ཕན་གནོད་གཉིས་ལ་དགོང་པ་རྒྱ་ཆེར་བཞེས་ནས། ཡིག་མཁན་པ་མཁས་པ་ཚོས་དོན་རྟོགས་པར་བྱས་ནས་གསལ་སྒྲགས་གནང་བལ་གཏམ་ཆལ་མང་པོ་འདི་སྒང་གླེང་ན། ་མང་ཚོགས་མགོ་ཐོམ་རྒྱུ་ལས་ཕན་ཐོག་གང་འདྲ་ཡོད་འགྲ་སྙམ།་་་བདག་གི་ལྷག་བསམ་ཀུན་ནས་སླང་ཏེ་རེ་བ་ཞུས་པ་ཙམ་ཡིན།།
སྲིད་སྐྱོང་གིས་ནང་འགལ་གྱི་སྐད་ཆ་མང་པོ་བཤད་ཀྱི་འདུག་ལ། སྐད་ཆ་ཚོ་དང་མཉམ་དུ་༧གོང་ས་མཆོག་གི་མཚན་ཐེངས་མང་པོར་དྲུད་ནས་ཡོང་གི་འདུག ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་མཚམས་བཞག་ཚར་དུས། ཆབ་སྲིད་ཀྱི་ལས་དོན་སྐབས་སུ་༧གོང་ས་མཆོག་གི་སྐུ་རྗེས་འདེད་རྒྱུ་དང་། ༧གོང་ས་མཆོག་གི་མཚན་བེད་སྤྱོད་གང་མང་བྱེད་པ་དེ་དག་མཚམས་བཞག་ན་ཡག་པོ་རེད།
མ་གཞི་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་ཧ་ཅང་གི་མགོ་རྙོག་དང་ཁྱད་མཚར་ཞིག་རེད། མི་རེའི་ཁ་ན་དབུ་ལམ་ལ་འགྲེལ་བཤད་རེ་རེ་འདུག དབུ་ལམ་གྱི་སྲིད་ཇུས་བཟུང་ནས་ལོ་ངོ་ཧྲིལ་པོ་བཞི་བཅུ་ཟིན་ཉེ་ཡོད་རུང་། ད་དུང་རང་གི་མི་དམངས་ཀྱིས་རང་གཞུང་གི་སྲིད་ཇུས་ཀྱི་དོན་དག་དེ་གསལ་བོ་ཧ་མ་གོ་བཪ་བསྡད་ཡོད།
འཕེན་པོ་བསྟན་དར་གྱིས་དགོང་འཆར་ལ་རྒྱབ་སྐྱོར་ཡོད།
རྒྱུ་མཚན་ནི། གང་བསམ་གང་དྲན་དྲ་ཐོག་འདིར་གསུང་ན་ཕན་པ་ལས་གནོད་པ་མང་བ་མཐོང་བས་ཚང་མས་ཡིད་ཟབས་གནང་དགོས་པ་ནི་ང་ཚོའི་འགན་ཡིན་པས་ཟབ་ཟབ་གནང་གལ་ཆེ།།
གང་ལྟར་ད་ནི་བཟུང་དབུ་མ་དང་རང་བཙན་འཁོད་པའི་གསར་འགྱུར་དང་རྩོམ་རིགས་གཏམ་བཤད་སོགས་གཅིག་ཀྱང་དགོས་པ་མིན་འདུག མི་མང་ནང་ཕན་ཚུན་དམ་ཚིག་མཐུན་འབྲེལ་སྟོར་བའི་གཞི་མ་རེད་འདུག དགོས་པ་དེ་མཐོ་དམན་ཚང་མའི་བོད་མི་རིགས་ཤི་གསོན་རྣམས་ཀྱི་ཆེད་དུ་མི་རིགས་པ་ཕན་པའི་ལས་འགུལ་སྣ་རེ་མ་གཏོགས་སྤེལ་མ་ཐུབ་ཀྱང་དེ་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་གནང་རྒྱུ་ལས། དེ་མིན་ཆོས་མ་ཡིན་པ་ཆབ་སྲིད་མ་ཡིན་པ་མིང་ལ་ཉན་ན་ཆོས་འདྲ་བོ། བྱེད་སྟངས་དང་བཤད་སྟངས་ལ་བལྟས་ན་ཆབ་སྲིད་འདྲ་བོ། མི་མང་མགོ་བོ་རྨོངས་བྱེད་ལས་ཕན་འབྲས་རུས་སྦལ་གྱི་སྤུ་དང་འདྲའོ།།
བོད་ཀྱི་ཆབ་སྲིད་སྐྱར་ཞིབ་ཚོགས་ཆུང་གིས་རྒྱ་བོད་དབར་གྱི་ཆབ་སྲིད་དང་ལྷག་པར་དུ་ད་ལྟའི་འགྲོ་བཞིན་པའི་དབུས་མའི་ལམ་གྱི་གནས་སྟངས་ངོ་མ་དང་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་སུ་གསལ་བའི་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་བཅས་ལ་ཤེས་རྟོགས་མེད་པའི་རྣམ་པ།
༼བོད་ཀྱི་ཆབ་སྲིད་སྐྱར་ཞིབ་རྩོམ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༣ཟླ་༥ཚེས་༨ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་འབྲེལ་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གཏམ་བཤད་ཀྱི་ནང་ཧང་སངས་པའི་འགྲེལ་བརྗོད་གསུམ་གནང་ཡོད། དང་པོ་བོད་ལ་མང་གཙོའི་ལམ་ལུགས་མི་དགོས་པ་དང་དམར་པོའི་དབང་བསྒྱུར་གྱི་ཆོག་པ། གཉིས་པ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ནི་དུས་ཡུན་ཚད་ངེས་ཅན་ཞིག་ཡིན་པ། གསུམ་པ་བོད་ནང་དམག་དཔུང་འགྲེམས་འཇོག་ནི་རྒྱ་ནག་གི་རང་འདོད་ཡིན་པ་བཅས་རེད།༽
དང་པོ།༼བོད་ལ་མང་གཙོའི་ལམ་ལུགས་མི་དགོས་པ་དང་དམར་པོའི་དབང་བསྒྱུར་གྱི་ཆོག་པ༽ ཞེས་པར། ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འོག་ཏུ་ཡོད་པའི་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་དེ་མིང་དོན་མཚུངས་བ་ཞིག་བོད་རིགས་ཡོངས་ལ་ཐོབ་རྒྱུར་འབད་རྩོལ་གནང་གི་ཡོད་པའི་བསམ་འཆར་ཡིག་ཆ་ཞིག་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱིས་༢༠༠༨་ལོར་རྒྱ་ནག་དབུས་གཞུང་ལ་སྤྲད་ཟིན་པ་རེད། དེ་ནི་བཙན་བྱོལ་བོད་མིའི་དབུས་མའི་ལམ་གྱི་དམིགས་ཡུལ་དང་རེ་བ་གཉིས་ཆ་རེད།
ད་ཡོད་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཀྱི་སྲིད་ཇུས་ཤིག་གི་ནང་དུ་མང་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་ཞིག་བཤད་ས་མེད་པ་ནི་དམར་ཕྱོགས་ལམ་ལུགས་དང་མང་གཙོ་ལམ་ལུགས་རྒྱལ་པོའི་ལམ་ལུགས་སོགས་ཀྱིས་ལྟ་གྲུབ་ཀྱིས་ཐད་ནས་གསལ་སོང་བ་རེད།
སྲིད་སྐྱོང་གིས་རྒྱ་ནག་དང་བོད་ལ་མང་གཙོར་སྒྱུར་རྒྱུ་སྐོར་བཤད་ཀྱི་མེད། ཞེས་པ་དེ་ཡང་མང་གཙོའི་ལམ་ལུགས་ཀྱི་ལྟ་གྲུབ་ཏུ་ཡོད་པའི་མང་གཙོ་དེ་ཡིན་པ་ལས། མིང་ཙམ་གྱི་མང་གཙོ་དང་རང་དབང་ནི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་དུ་ཡང་གསལ་ནི་ཡོད། ཁ་ཞེན་གཉིས་མེད་ཀྱིས་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འོག་ཏུ་ཡོད་པའི་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་འོག་ལ་སྡོད་འདོད་ཡོད་ཚེ་མང་གཙོ་ལམ་ལུགས་བཤད་ས་མེད།
གཉིས་པ། ༼བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ནི་དུས་ཡུན་ཚད་ངེས་ཅན་ཞིག་ཡིན་པ།༽ ཞེས་པར། བོད་ཀྱི་ཆབ་སྲིད་སྐྱར་ཞིབ་པས་རྟོག་བཏགས་ཤིག་གིས་བཟོས་པ་རེད་མ་གཏོགས་སྲིད་སྐྱོང་གི་གསུངས་བཤད་ཀྱི་དངོས་ཤུག་རྒྱུད་གསུམ་ནས་དེ་འདྲ་ཞིག་ཐོན་མེད། སྲིད་སྐྱོང་གིས་རྒྱ་ནག་གི་མིང་དོན་མཚུངས་བའི་རང་སྐྱོང་ནི་ཧུང་ཀོང་དང་མེ་ཀོར་དཔེར་མཚོན་དུ་བཤད་པ་ཙམ་ལས་ཡུལ་དུས་གནས་སྐབས་ཐམས་ཅད་དེ་དང་འདྲ་བ་ཞིག་དགོས་པ་བཤད་མི་འདུག།
གསུམ་པ། ༼བོད་ནང་དམག་དཔུང་འགྲེམས་འཇོག་ནི་རྒྱ་ནག་གི་རང་འདོད་ཡིན་པ་བཅས་རེད།༽ཞེས་པར། སྤྱིར་སྐད་ཆ་དེ་འདྲ་ཞིག་སྲིད་སྐྱོང་གིས་བཤད་མེད་པས་དེ་ཡང་རྟོག་བཟོ་རེད། འོན་ཀྱང་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་སུ་རྒྱལ་སྲུང་དམག་དོན་དང་རྒྱལ་ཁབ་ཀྱི་དམག་སྤུང་སྡེ་ཚན་ཁག་ནི་རྒྱལ་ཁབ་ཀྱིས་བཀོད་འདོམས་འོག་ཏུ་སྤྱོད་རྒྱུ་ལས་མངའ་སྡེ་དང་ས་གནས་རང་སྐྱོང་སོ་སོའི་འཛིན་སྐྱོང་གི་ཆ་ཤས་ཤིག་མིན་པར་གསལ་པོ་ཡིན་པས་དབུ་གཞུང་གིས་འདོད་པ་ལྟར་དམར་དམག་བཀོལ་སྤྱོད་ལས་མེད། དེ་ཡང་འཛམ་གླིངསྤྱི་ཡོངས་ཀྱི་དམག་མིར་བཀོལ་སྤྱོད་ནི་དབུས་གཞུང་གིས་དབང་ཚོད་ཡིན་པ་ཡོངས་གྲགས་ཡིན་པ་དེར་ཡང་བོད་ཀྱི་ཆབ་སྲིད་སྐྱར་ཞིབ་པས་ཤེས་རྟོག་མེད་པ་འདྲ།
གང་ལྟར་ད་ལྟའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་འདོད་པའི་དབུས་མའི་ལམ་ལ་མོས་མཐུན་ཡོད་མཁན་ཞིག་དང་དེའི་སྐོར་ཤེས་རྟོགས་ཟབ་མོ་ཡོད་མཁན་ཞིག་གིས་ངོ་ནས་གོང་གསལ་སྐྱོན་བརྗོད་ཀྱི་སྐད་ཆ་དེ་ཚོར་གཞི་རྩ་མེད་པ་ཞིག་རེད།
སྲིད་སྐྱོང་གིས་རྒྱལ་བ་རིན་པོ་མཚན་མང་པོ་མ་བཏོན་དགེ། དབུ་མའི་ལམ་ལ་ད་དུང་ཟམ་གདོང་དྲུང་ནས་བགྲོ་གླེང་དང་ཞུས་དག་གནང་ནའང་དགེ སྐད་མཐོ་ཙམ་དམའ་ཙམ་མ་བཤད་ན་དགེ
དབུ་མའི་ལམ་ལ་གོ་བ་ཆག་དགོས། གལ་ཏེ་དབུ་མའི་ལམ་དེ་རྒྱ་ནག་འོག་ནས་ཐོབ་ན་སྲིད་སྐྱོང་གི་གསུང་པ་དེ་ལས་མི་འདའ་འོ། གོང་ས་མཆོག་ནས་གསུང་ན་འདྲ་བོད་པའི་མཐོ་རིམ་མི་སྣ་སུས་གསུང་ན་འགྲོ་ས་དེ་ལས་མེད་། དབུ་མའི་ལམ་གྱི་ཡིག་ཡག་པོ་བལྟ་ཀློག་བྱེད་རོག། དགག པ་མིན་རེ་བ་ཡིན་
གོང་གསལ་ཡིག་ཆ་ཞེས་བཅོས་རོག
ཤར་ཕྱོགས་ཁུག་རྟས་སྐར་ལྔའི་དར་དམར་ཕྱར་དུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་སྤྱི་འཐུས་གྲོས་ཚོགས་གཉིས་ཀྱིས་མི་འགྲིག་མདོག་མདོག་བཤད་པ་རེད། དབུ་མའི་ལམ་ལ་ཤར་སྐྱོད་བྱེད་མཁན་ཞིག་ཡིན་ན་ཁུག་རྟའི་དར་དམར་ཕྱར་བར་འགྲིག་པར་ངོས་ལེན་བྱས་དགོས་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་པ་དང་དམར་པོའི་རྩ་ཁྲིམས་ཁས་ལེན་གྱི་ཡིན་ན་སྐར་ལྔའི་དར་དམར་མ་ཕྱར་ན་ག་རེ་འཕྱར་དགོས་སམ།་་་ཧཧཧ་་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་བཅའ་ཁྲིམས་ཙམ་ཡང་མི་ཤེས་མཁན་གྱི་ཆབ་སྲིད་པ་ཧམ་པ་ཆེན་པོ་འདི་དག་ནི་ཧམ་པ་རང་རེད།། ཁུག་རྟ་ཤ་ཚ་་་ཉམ་ཆུང་རེད་བ།
སྲིད་སྐྱོང་སེང་གེས་གཞི་ལུས་བོད་མིའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་གསུངས་པ་དང་། དམར་ཕྱོགས་པ་མགོ་གཏིང་སློག་ཆེད་དུ་འཐབ་རྩོད་བྱེད་ཀྱི་མེད་ཟེར་བ་ནི་དབུ་མའི་ལམ་གྱི་དགོངས་དོན་དང་ཡོངས་སུ་མཐུན་པ་རེད། ༧གོང་ས་མཆོག་གི་དགོངས་དོན་ཡང་གཅིག་པ་གཅིག་རྐྱང་རེད་འདོད།།
ད་དུང་་་་་་ཁ་གསལ་ཙམ་ཞུས་ན་་་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་པའི་ཉིན་ནས་བོད་མི་རིགས་ཡོངས་རྫོགས་དམར་ཕྱོགས་པ་རེད། བདེ་སྲུང་ལས་ཁུངས་རྒྱ་ནག་དམར་གཞུང་གི་རེད། བདེ་སྲུང་མི་སྣའི་ནང་དུ་རྒྱ་བོད་གཉིས་ཀ་ཡོང་གི་རེད། རྐུབ་ལ་ལྕགས་དབྱུག་གིས་རྡུང་ཆོག་ཆོག་རེད།ཧཧཧ་་་ལྷོ་ཕྱོགས་གཞི་ཆགས་ཁག་གི་གཞོན་ནུ་ཚོས་ཤེས་དགོས་རེད།། ཁྱོད་ཚོའི་རྐུབ་སྲ་མོ་ཡོད་པེ།
རྒྱལ་སྲུང་མི་དམངས་བཅངས་གྲོལ་དམག་མི་ནི་རྒྱལ་ཁབ་ཀྱི་དམག་མི་རེད། འདོད་དང་མི་འདོད། ག་རེ་བྱ་དང་བྱེད་རྒྱ་ནག་དབུས་གཞུང་གིས་དབང་ཆ་རེད།
ངོ་མ་་་བོད་མི་འདི་དག་ལ་དབུ་མའི་ལམ་གྱི་སློབ་གསོ་ཡག་པོ་ཞིག་སྤྲོད་ན་དགའ་ས་རེད། མ་གཏོགས་རྗེས་མ་དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་དུས་ངུ་ཤར་བརྒྱབ་ནས་མགོ་སྐོར་བཏང་བྱུང་ལབ་ས་རེད་ད་་ཧཧཧ་་་ མི་དམངས་མགོ་བོ་རྨོངས་བཅུག་ནས་འཁྲིད་འགྲོ་བ་ནི་དབང་སྒྱུར་པའི་སྒྱུ་རྩལ་ཡོད་ན་མེད་ན་དེར་རེད། བོད་མི་འདི་དག་སྙིང་རྗེ་་་་མི་ལོ་སུམ་ཅུའི་རིང་དུ་མགོ་འཁོར་ནས་བསྡད་བཞག་པ་རེད།་་་ཨོ་ཡ་་་ཁྱོད་ཚོ་ལ་ཉན་འདོད་ཡོད་ཀྱི་མ་རེད་ལ་ང་ལའང་དེ་ལས་བཤད་འདོད་མི་འདུག
སྲིད་སྐྱོང་གི་དོན་ཚན་ཁག་ལ་གསལ་བཤད་ཚིག་རྙོག་མེད་པའི་གསལ་བཤད་དབུས་སྒྲིག་འཛུགས་མགྱོགས་པོར་གནང་གལ་ཆེ། གཞན་ནང་དོན་ཇི་བཞིན་མ་ངེས་པར་དོན་ཚན་དུམ་བཅད་ཀྱིས་ལྷུ་ཚིགས་ཡར་སྒྲིག་མར་སྒྲིག་བྱས་ན་དོན་མེད་རྙོག་གཞི་རེད་སྙམ།
དཔེར་ན་བོད་ནང་དམག་དཔུང་འགྲེམས་འཇོག་ནི་རྒྱ་མི་འདོད་པ་རེད་ཟེར་བ་ཨེ་ཡིན་སྙམ།
དམར་པོའི་དབང་བསྒྱུར་ཆོག་པ་ཞེས་སོགས་གནས་དོན་ངོ་མ་ག་པར་ཕྱིན་མིན་འཇོག་དཀའ་མོ་རེད་སྙམ།
་་་་་་་ སྲིད་སྐྱོང་སེང་གེས་གཞི་ལུས་བོད་མིའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་གསུངས་པ་དང་། དམར་ཕྱོགས་པ་མགོ་གཏིང་སློག་ཆེད་དུ་འཐབ་རྩོད་བྱེད་ཀྱི་མེད་ཟེར་བ་ནི་དབུ་མའི་ལམ་གྱི་དགོངས་དོན་དང་ཡོངས་སུ་མཐུན་པ་རེད། ༧གོང་ས་མཆོག་གི་དགོངས་དོན་ཡང་གཅིག་པ་གཅིག་རྐྱང་རེད་འདོད།། ་་་་་་ཟེར།
་་་་་་་ ཕྱི་ལོ་༢༠༡༣ཟླ་༥ཚེས་༨ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་འབྲེལ་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གཏམ་བཤད་ཀྱི་ནང་ཧང་སངས་པའི་འགྲེལ་བརྗོད་གསུམ་གནང་ཡོད། དང་པོ་བོད་ལ་མང་གཙོའི་ལམ་ལུགས་མི་དགོས་པ་དང་དམར་པོའི་དབང་བསྒྱུར་གྱི་ཆོག་པ། གཉིས་པ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ནི་དུས་ཡུན་ཚད་ངེས་ཅན་ཞིག་ཡིན་པ། གསུམ་པ་བོད་ནང་དམག་དཔུང་འགྲེམས་འཇོག་ནི་རྒྱ་ནག་གི་རང་འདོད་ཡིན་པ་བཅས་རེད། ་་་་་ཟེར།
་་་་་ སྤྱིར་བཏང་ནས་ཕྱི་ལོ་༢༠༠༨ལོའི་བསམ་འཆར་ཡིག་ཆ་དང་ཕྱི་ལོ་༢༠༡༠ལོའི་བསམ་འཆར་གྱི་འགྲེལ་བརྗོད་གཉིས་གསར་པ་གང་ཡང་མིན་མོད། སྲིད་སྐྱོང་གིས་ཉེ་སྔོན་འགྲེལ་བརྗོད་ནི་ང་ཚོས་ཤེས་ཚོད་བྱས་ན་ཐེངས་དང་པོ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཛིན་པ་ཞིག་གིས་དབུ་མའི་ལམ་གྱི་དམིགས་ཚད་ནི་དུས་ཡུན་ངེས་ཅན་༼རང་སྐྱོང་༽ཞིག་དང། དྲག་དམག་འགྲེམ་འཇོག་རྒྱ་ནག་གི་རང་འདོད་ཡིན་པ་དང་། ལྷག་པར་དུ་གལ་ཆེ་ཞིག་ནི་མང་གཙོའི་ལམ་ལུགས་མིན་པ་བཅས་ཐག་གཅོད་བྱས་པ་དེ་རེད། ་་་་་ཟེར།
་་་་་ སྲིད་སྐྱོང་གིས་འགྲེལ་བརྗོད་ལ་སྐྱོན་བརྗོད་དྲག་པོའི་ཡ་ལན་འཐོན་ཡོད། འོད་ཟེར་ལགས་ཀྱིས་ངོ་དེབ་ཐོག གལ་ཏེ་ཁོང་གིས་གསུང་པ་དེ་དངོས་བདེན་ཡིན་ཚེ། ངས་ངོ་སྤྲོད་རྒྱབ་གཉེར་ཤུགས་ཆེན་བྱེད་ཀྱི་ཡིན། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དམར་ཤོག་ཚོགས་པར་བཞུགས་རྒྱུའི་སྙན་ཞུ་འབུལ་རོགས་གནང། ་་་་
་་་ཞེས་དང་།
་་་་་་་ དམར་ཤོག་ཚོགས་པས་འདོད་པའི་ཆོས་མེད་རིང་ལུགས་ཐད་ཅི་བྱེད་དམ། བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་ཚོགས་མི་ཚོས་ཚོགས་པར་འཛུལ་པར་ཆོས་རྒྱབ་སྐྱུར་བྱེད་དགོས་སམ། ་་་་་
་་་ཞེས་དང་།
་་་་་ དཔེན་མཚོན་ཆོག་པའི་དབང་ཆ་གཅིག་བསྡུས་སྲིད་གཞུང་འོག་གི་རང་སྐྱོང་ཡིན་བཞིན་པ་དེ་འདྲ་ང་ཚོར་རྒྱུས་མངའ་གང་ཡང་མེད། འོན་ཀྱང། སྲིད་སྐྱོང་མཆོག་གིས་དབང་ཆ་གཅིག་བསྡུ་སྲིད་གཞུང་གི་འོག་བོད་རིགས་མིང་དོན་མཚུངས་པའི་རང་སྐྱོང་ལ་ཡིད་ཆེས་བྱེད། ་་་་་་་
་་་ཞེས་དང་།
་་་་་་ ཅིའི་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱིས་དམར་པོའི་རིང་ལུགས་དང་རྒྱ་ནག་དམར་ཤོག་ཚོགས་པའི་རིན་ཐང་ལ་བསྟོད་བསྔགས་མི་བྱེད་པ་རེད་དམ། དེས་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོས་དབུ་མའི་ལམ་གྱི་དམིགས་ཚད་ཇི་ལྟར་འཛིན་གྱི་ཐད་ཐེ་ཚོམ་དང་ནང་འགལ་ཡོད་པ་མཚོན་གྱི་ཡོད། ་་་་་་་
་་་་ཞེས་དང་།
་་་་་་་ ཕྱི་ལོ་༡༩༨༨ནས་དབུ་མའི་ལམ་ལ་དོན་གནད་ཆེན་པོས་སྒྱུར་བཅོས་བཏང་ཡོད་ཀྱང་ཉེ་སྔོན་གྱི་མང་གཙོ་ཟུར་སྐྱུར་བྱས་པ་ནི་གླེང་སློང་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ད་ལྟའི་དབུ་མའི་ལམ་གྱི་གནས་བབ་ལ་ངོས་འཛིན་བྱེད་དང་མི་བྱེད་ལྟ་རྒྱུ་ལྷག་ཡོད་རེད། ་་་་་་་་་་་་ཟེར།
གླེང་བརྗོད་འདིར་ཚ་ཕྲུག་རྒྱལ་ལགས་ཀྱིས་ཟུར་མཆེན་ལས་ལྷག་པ་ཞིག་མི་འདུག། ཐུགས་རྗེ་ཆེ་ཚ་ཕྲུག་ལགས། ཁྱེད་ནི་དྲ་ཐོག་ཏུ་ག་དུས་ཡོང་བ་ཡིན་ན་ཟབ་ས་དང་དྲང་བདེན་གྱི་གླེང་མཁན་གྱི་དཔྱད་ལྡན་པ་ཞིག་ཡིན།
ཚ་ཕྲུག་རྒྱལ་གྱིས་གཟུ་བོར་གནས་པའི་སྐད་ཆ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད། ཆབ་སྲིད་སྐྱར་ཞིབ་ཚོགས་ཆུང་ཞེས་པ་འདི་ནི་བཀའ་ཁྲིའི་འོས་སྡུས་སྐབས་སུ་བཀྲེས་མཐོང་ལ་རྒྱབ་སྐྱོར་ཆེད་དུ་བཙུགས་པ་ཞིག་རེད་ལ། དེའི་དུས་སུ་སྲིད་སྐྱོང་ལ་སྐྱོན་འཛུག་འདྲ་མིན་མང་པོ་ཞིག་བྱས་སོང་། འོན་ཀྱང་དེ་ནི་གོ་བ་ལེན་ཐུབ་པ་ཞིག་རེད། འོན་ཀྱང་ད་ལྟའི་དུས་སུ་བློ་བཟང་སེང་གེ་བོད་ཀྱི་སྲིད་སྐྱོང་ཆགས་ནས་ལོ་གཉིས་ཙམ་འགྲོ་ཟིན་ན་ཡང་ད་དུང་སྔར་མཁོན་ཞེ་འཛིན་གྱིས་ཁོང་གིས་མ་གསུངས་པ་ཞིག་གསུངས་སོང་ཞེས་གཞི་མེད་སྐྱོན་འཛུག་བྱེད་པ་ནི་ཧང་སང་དགོས་པ་ཞིག་རེད།
བོད་མི་ཚོ་སྙིང་མ་རྗེ། ད་ཡིན་ན་ཚར་ཤག
ད་ཡིན་ན་རྒྱ་དར་བྱེས་འབྱོར་བོད་མའི་གསར་འགྱུར་གྱི་ནང་ན་ཅེས་མང་ནས་མང་རེད་།
སྲིད་སྐྱོང་བློ་སེང་མཆོག་གིས། རང་ཉིད་སྲིད་ཁྲིར་སྡོད་རིང་ལ། བོད་རྒྱ་གཉིས་གྲོས་མོལ་བྱ་བ་ལ། ཁོང་གིས་ང་ཡང་བློ་མཐུན་ཡིན་ལ། སྲིད་སྐྱོང་ཡང་ཡིན། དེས་ན་བོད་ནང་དམར་པོའི་དབང་བསྒྱུར་ལ་ངོས་ལེན་བྱས་ན། གྲོས་མོལ་མྱུར་བ་ཡོད་པ་ཡོང་བར་ཡིད་ཆེས་བྱས་པ་ཙམ་ལས་བྱུང་བའི་སྲིད་དོན་པའི་ཁྲབ་ཚིག་ཅིག་ཡིན་པ་ལ་སུས་ཀྱང་ཡ་མཚན་དུ་རྩི་དགོས་དོན་མེད།
སེང་གེ་དེ་ཡིན་རྒྱུ་བོད་པའི་སེང་གེ་རེད། སེང་གེ་དཀར་མོ་ཡིན་དང་ནག་པོ་ཡིན་མི་མང་མང་ཆེ་བས་གསལ་པོ་ཤེས་ཀྱི་ཡོད། མ་ཟད་ངས་བལྟས་ན་སེང་གེ་དེས་ཁོ་རང་གི་གཡུ་རལ་ངོམས་པ་ལས་གངས་རི་གཅིག་ལ་འཁྱུད་པའི་སེམས་ཅན་གཞན་པ་ཚོར་བསམ་བློ་དེ་ཙམ་གཏོང་མི་ཐུབ་པའི་གླེན་རྟགས་ཚ་བའི་སེང་གེ་ཕྱི་རྫིག་ནང་སྟོང་དེ་མན་འགྲོ་བསམ་གྱི་འདུག
རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་གསུངས་སོང་།
Sikyong Sangay’s comments brought some scathing responses. Woeser wrote on her Facebook page:
If this is what he really said, then I have a strong recommendation: Sikyong Lobsang Sangay, please submit an application to join the Communist Party! If you want to be the Obama of China, how can you not join the Chinese Communist Party? 121 self-immolators have paid the price! I feel like I’ve been punched in the gut! This is too painful!
སྲིད་སྐྱོང་གི་འགྲེལ་བརྗོད་ལ་ཡ་ལན།
སྲིད་སྐྱོང་གིས་འགྲེལ་བརྗོད་ལ་སྐྱོན་བརྗོད་དྲག་པོའི་ཡ་ལན་འཐོན་ཡོད། འོད་ཟེར་ལགས་ཀྱིས་ངོ་དེབ་ཐོག གལ་ཏེ་ཁོང་གིས་གསུང་པ་དེ་དངོས་བདེན་ཡིན་ཚེ། ངས་ངོ་སྤྲོད་རྒྱབ་གཉེར་ཤུགས་ཆེན་བྱེད་ཀྱི་ཡིན། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དམར་ཤོག་ཚོགས་པར་བཞུགས་རྒྱུའི་སྙན་ཞུ་འབུལ་རོགས་གནང། གལ་ཏེ་སྐུ་ཉིད་རྒྱ་ནག་གི་ཨོ་བྷ་མ་གནང་འདོད་ཡོད་ཚེ་སྐུ་ཉིད་དམར་ཤོག་ཚོགས་པར་བཞུགས་མི་ཐུབ་པ་ཅི་ཡིན་ནམ། རང་ལུས་མེར་སྲེག་པ་༡༢༡གིས་རིན་བབ་འཇལ་ཡོད། ང་ལ་ཁུ་ཚུར་གྱིས་རྡེག་པ་ལྟ་བུའི་ཚོར་སྣང་བྱུང། དེ་ནི་ཧ་ཅང་གི་ན་ཟུག་ཆེ།
བུ་ཆུང་ཌི་བསོད་ནམས་ལགས་དང། ཨེལོཊེ་སེཔར་ལིང་དང། མའུ་ར་མོཡནེ་ཧན་བཅས་ཀྱིས་ཀྱང་སྲིད་སྐྱོང་གི་འགྲེལ་བརྗོད་ལ་སྐྱོན་བརྗོད་གནང་ཡོད། ད་དུང་ངེས་དགོས་པ་ཞིག་ནི་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་འབོད་པ་ནི་རང་དབང་དང་རང་བཙན་ཡིན་པ་ལས་རང་སྐྱོང་ཡང་མིན་མོད་དམར་ཤོག་དབང་བསྒྱུར་རང་དགར་འཇོག་པ་དེ་རེད། སྐྱོན་བརྗོད་དེ་དག་གིས་སྲིད་སྐྱོང་གིས་ཕྱི་འབྲེལ་ལྷན་ཚོགས་སུ་གསུངས་པའི་འགྲེལ་བརྗོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བཤད་དགོས་པའི་དྲན་སྐུལ་བཏང་པ་ཞིག་ཡིན་སྟབས། གསལ་བཤད་ནང། ཁོང་གི་ཕྱི་འབྲེལ་ལྷན་ཚོགས་ཀྱི་གསུང་བཤད་ནང་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཀྱི་གནས་བབ་ཐོག་གི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་གོ་ཡི་ཡོད། དབུ་མའི་ལམ་གྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ནི་ད་ཡོད་གནས་བབ་བརྗེ་བསྒྱུར་ཐོག་བོད་ཁམས་ཡོངས་རྫོགས་འཛིགས་སྐྱོང་དང་ཁྲིམས་ལུགས་གཅིག་གི་འོག་བཙུད་དགོས་པ་རེད། ཅེས་བཀོད།
མཆན་འདེབས་པ་བོ་ཚ་ཕྲུག་རྒྱལ་ལགས་ཀྱི་གསུང་ལ་རྒྱུ་མཚན་འདུག ། དཔྱད་བརྗོད་འདི་འདྲ་སྤེལ་ན་ཡག་པོ་འདུག། ཐུགས་རྗེ་ཆེ་ཞུས་པ་ཡིན་།