སྦྲ་ནག་བུ།
འཇིག་རྟེན་ཕོ་མོའི་བརྩེ་དུང་མ་མྱོང་བས་ཡར་སྔོན་གྱི་ང་རང་། བརྩེ་དུང་གིས་མནར་བའི་དྲན་འཛིན་པ་ཞེས་པར་མཐོང་ཆུང་བྱེད་པར་བསམ་ཞིང་། དེ་ནི་སྐྱེས་བུ་རང་ཉིད་ལ་སྒལ་ཚུགས་མེད་པར་འདོད་བྱུང་། ད་དུང་། ཕོ་མོའི་བརྩེ་དུང་སྟེ་ཆགས་སྲེད་ཀྱི་བྱེད་སྒོ་ཙམ་ལས་གཞན་ཅི། ཕ་ཡུལ་དང་གྱེས་ཏེ་ཕྱིར་རྡ་སར་འབྱོར་ནས། སྔར་བཞིན་ཀྱག་ཀྱོག་གི་མདུན་ལམ་ཕྲ་མོའི་སྟེང་མདུན་སྐྱོད་བྱེད་བཞིན་ཡོད་ན་ཡང་། ཅི་ཞིག་བོར་བ་ལྟར་སྔོན་གྱི་ངའི་སྤྲོ་སྣང་དེ་ཡལ་ཟིན་འདུག ཁེར་རྐྱང་གི་མུན་ནག་ཁྲོད་ངས་འདི་ལྟར་གླེང་བཞིན་ཡོད།
གངས་ལྷ། ལུས་ཁམས་བདེ་མོ་ཡིན་ནམ། ཧ་ཅང་འཕར་ལྡང་བྱེད་བཞིན་པའི་ངའི་སྙིང་ཆུང་འདིས། ཁྱེད་ལ་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་མེད་ཀྱི་བརྩེ་འདང་བཟུང་ཡོད། ནམ་ཞིག་ངེད་གཉིས་ཁ་བྲལ་ཚེ། མང་ན་ལོ་གཉིས་དང་ཉུང་ན་ལོ་གཅིག་གི་རྗེས་སུ་ཕན་ཚུན་གྱི་དྲན་གདུང་དྭངས་མོ་དེ་ཡལ་འགྲོ་ངེས་ཟེར། དེ་འདྲ་ཞིག་ཡིན་ག་ལ་སྲིད་ཨང་། གངས་ལྷ། གནམ་སྔོན་པོའི་འོག་ནས་ང་རང་དྲན་གྱི་འདུག་གམ། ངས་རྟོགས་ཚོད་བྱས་ན། ཁྱེེད་ཀྱིས་ངའི་དྲ་ངོས་སུ་ཐེངས་འགའ་ཞིག་བལྟས་ཡོད་པ་འདྲ། ངོ་མ། ཆེས་ཐོག་མའི་རང་ཉིད་དགའ་ས་དེ་བརྗེད་པར་དཀའ་ཟེར་བ་ཅི་མི་བདེན། གངས་ལྷ། ཁ་སང་ལྟར། དེ་རིང་བཞིན། སང་ཉིན་ཡང་། དྲན་འཛིན་གྱི་སྣེ་མོ་ནས་ང་རང་འདི་ལྟར་ལྷག་འགྲོ་སྲིད།
༢༠༡༣/༦/༤
ཁྱོད་ངོ་མ་བདེན།
ཡག་པོ་བྲིས་འདུག མུ་མཐུད་ནས་ཡིན་དཱ།