རེབ་ཐོག་མདའ།
༼སྙན་ངག་པ་གཡུ་སྲས་ཡིས་བྲིས་པ་ཙོང་ཁའི་བུ་མོ་ཞེས་པའི་སྙན་ངག་ཅིག་ལ་ལད་ཟློས་བྱས་ཏེ་བྲིས། ཚིག་ཁ་ཁེར་ཞིག་ལས་གཞན་ང་རང་གི་སེམས་ཚོར་ཡིན།༽
རེབ་གོང་བུ་མོ།
ལོ་ཟླའི་ཧྲག་བར་ནས་རེབ་གོང་དྲན་པ་ནི་རེབ་གོང་བུ་མོ་དང་འབྲེལ་བ་ཡོད་དེ
རེབ་གོང་བུ་མོའི་གཤིས་ཀ་དང་ངང་རྒྱུད་རིང་བ་མེད་ཚེ
རེབ་གོང་བུ་མོ་ཚོའི་སྒེག་ཉམས་དང་མཛེས་སྡུག་གི་ལང་ཚོ་དེ
ངས་འདི་ལྟར་དྲན་མི་སྲིད
སྟག་ལུང་རི་བོས་ལྗང་མདོག་གི་ལྭ་བ་གྱོན་ཤིང
བྱ་ཁྱུང་རྫ་རིར་སྨུག་སྤྲིན་གྱི་ཡོལ་བ་འཐེན་དུས
དབྱར་དྲུག་པའི་ནང་གི་གླུ་རོལ་ལ་འཛོམས་པའི་གཞོན་ནུ་དག་གིས
སྤང་ཐང་དང་ལྗོན་པའི་གསེབ་ན་སྙིང་གཏམ་གླེང་བའི་ངང་ཚུལ་དེ
ལོ་ངོ་བཅུའི་སྔོན་དུ རང་ཉིད་ཀྱི་མཛའ་ན་མོ་ཞིག་ཞེ་རུ་སྒོམ་པ་དང་འདྲ་ལ
རེབ་གོང་བུ་མོ་དག་གི་ཁུ་བྱུག་འདྲ་བའི་སྐད་ངག་དང་མེ་ཏོག་འདྲ་བའི་མཛེས་སྡུག་སོགས
ཕ་ཡུལ་དང་རྒྱང་ཐག་གིས་ཆོད་པའི་རི་གྲོང་འདི་ནས་དབང་མེད་དུ་དྲན་ཡོང་
དབྱར་ཀ་ནི་རང་བྱུང་ཁམས་སུ་ལྷན་སྐྱེས་སུ་འཁྲུངས་པའི་མཛེས་སྡུག་ཅིག་ཡིན་ན
རེབ་གོང་བུ་མོ་ནི་ངའི་སེམས་པ་དབང་མེད་དུ་འཕྲོག་པའི་རྩྭ་ཐང་གི་སྤང་རྒྱན་མེ་ཏོག་དེ་ཡིན་སྙམ
ནམ་རྒྱུན་རེབ་གོང་གླེང་ཐེངས་རེར རེབ་གོང་བུ་མོ་ཞིག་བདག་གི་སེམས་ངོགས་སུ་མེ་ལོང་བཞིན་འཆར་སྲིད་ལ
ཁོ་མོའི་དྲོད་འཇམ་གྱི་སྙིང་གཏམ་རེ་རེ་ནི
ངའི་ལུས་ངག་ཡིད་གསུམ་གྱི་སྐོམ་གདུང་སོད་པའི་ཆུ་མིག་ཞིག
ད་དུང
སྨིན་ཆོག་ཆོག་གི་ངོ་ཚའི་གདོང་བ་དང་ལྷད་མ་འདྲེས་པའི་གཤིས་ཀ་འཇམ་པོ་དེ
དུས་བཞིའི་སྲུབས་ཀ་ནས་ག་ལེར་བདག་གི་བྲང་གཞུང་ལ་འཐིམ་འགྲོ
རེབ་གོང་བུ་མོ་ནི
ངས་ཡུན་རིང་མ་འཐུང་བའི་བདུད་རྩི་ཤེལ་དམ་གང་དང་འདྲ་ལ
ངས་བྲིས་ཀྱང་ཚར་ཐབས་མེད་པའི་སྙན་ངག་གི་བརྗོད་བྱ་ཟབ་མོ་དང་འདྲ
དོ་ནུབ་ང་ཕ་ཡུལ་དང་ཁ་ཐག་གི་གྱེས་པས
མི་རྐྱང་གི་ཁང་མིག་ཕལ་བ་ཞིག་ནས
རེབ་གོང་བུ་མོར་སེམས་ཀྱིས་ཉན་དུས
གཟུགས་མེད་ཀྱི་ཚོར་འདུ་ཟབ་མོ་ཞིག་བདག་གི་བྲང་གཞུང་ལ་སིམ་པས
རེབ་གོང་དང་འབྲེལ་བ་ཡོད་མེད་ཀྱི་སྣང་བ་རབ་རིབ་འདི
བདག་རེབ་གོང་ལ་དུངས་པའི་འཁྲེང་ཞེན་ཅིག་གམ
རེབ་གོང་བུ་མོས་བདག་ལ་བཞག་པའི་ན་ཟུག་ཅིག་དང་ཅི་འདྲའི་མཚུངས་ཨང་
རེབ་གོང་ན་རང་དབང་གི་ཁོར་ཡུག་ཡངས་མོ་ཞིག་མེད་ཀྱང
བརྕེ་བ་རྡོ་བརྐོས་བཞིན་ཟབ་པའི་སེམས་པ་གྲངས་མེད་ཅིག་གི་རྩེད་ར་སྒོར་མོ་དང
དུངས་པ་རི་མོ་བཞིན་བྲིས་པའི་ན་ཆུང་སྟོང་གི་གཏམ་རྒྱུད་དག
དགུ་ཀླུང་རིང་མོིའི་བཞུར་སྒྲ་དང་འགྲོགས་ནས་སེམས་པ་མང་པོ་ཞིག་གི་ཟབ་སར་འཁྱིལ་ནས་ཡོད་ལ
དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་ཁྲ་ལྷམ་མེར་བཞད་དེ་ཡོད
དེ་སོང་བོད་ནང་ལ་རེབ་གོང་བུ་མོས་གྲི་དང་མེ་འདའ་རྒྱོབ་ལ་འཁུར་ནས་རྩ་་རྩོད་ཆུ་རྩོད་ཀྱིས་ཕུ་ནུ་ནང་དམེ་དང་འཁྲུགས་གཞི་གཟོས་ནས་ཁེ་གྲགས་གཞག་ཡོད།
འོ་ ངོ་མ་སྙན་གི
རྔ་བའི་བུ་མོ་ལ་རྔ་ཟ་མ་ཟེར་བ་ཞིག་གོ་མྱོང་།
རེབ་གོང་བུ་མོ་ལ་དེ་ལྟར་མིང་དམིགས་བསལ་ཅང་ཨེ་ཡོད་ལ།
ཁྱོད་ཀྱིས་བཤད་པའི་རེབ་གོང་བུ་མོ་དེ་སུ་ཡིན་ནམ།
ངས་གསལ་བོར་ཤེས་མ་སོང་།
རེབ་གོང་གི་བུ་མོ་ཚང་མ་ཡིན་རྒྱུ་མ་རེད།
ཁྱོས་དེ་ལྟར་བཤད་ན་ངས་ཀྱང་རེབ་གོང་གི་བུ་མོ་ཚོར་ལྟ་འདོད་བྱུང་སོང་ཡ།
ངོ་མ་བཤད་ནི་ཡིན།
ཧ་ཧ་ཧ་
དགེ་རྒྱ་མཚོ་ལགས། བུ་མོས་པར་འཇོག་དགོས་བསམ་ཡོད་འོན་ཀྱང་དྲན་པ་བརྗེད་སོང་ཟིག། རྗེས་མ་པར་དེ་འཇོག་གི་ཡིན། མཛེས་མ་གཅིག་མེད་ཀྱང་ཡིད་སེམས་ཤོར་འགྲོ་སའི་བུ་མོ་ཅིག་ཡོད།