ལོག་སྨྲ་ཚར་གཅོད།
གངས་ཅན་མི་རིགས་རང་དབང་རྩོད་ལེན་ཆེད།།
མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་།།
ཞུམ་མེད་སྙིང་སྟོབས་དཔའ་ངར་ཆེར་བསྐྱེད་པ།།
བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གཅིག་དགུར་འདུད།།
རྒྱ་མི་རིགས་བོད་ནང་ཇེ་མང་རེད།།
བོད་མི་རིགས་བོད་ནང་ཇེ་ཉུང་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
རྒྱ་གུང་ཁྲན་ཧམ་པ་ཇེ་ཆེ་རེད།།
བོད་བཙན་བྱོལ་སྤོབས་པ་ཇེ་ཆུང་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
རྒྱ་དམར་གཞུང་ཆ་རྐྱེན་ཇེ་མང་རེད།།
བོད་སྲིད་གཞུང་ཁས་ལེན་ཇེ་ཤོར་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
རྒྱ་དམར་གཞུང་རྒྱབ་སྐྱོར་ཇེ་མང་རེད།།
བོད་སྲིད་གཞུང་རྒྱབ་སྐྱོར་ཇེ་ཉུང་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
རྒྱ་ནག་པོས་མདུན་བསྐྱོད་ཇེ་ཆེ་རེད།།
བོད་དབུ་ནག་ཕྱིར་འཐེན་ཇེ་ཐུ་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
བོད་ནང་ལ་རྒྱ་སྐད་ཇེ་དར་རེད།།
བོད་ཕྱི་ལ་དབྱིན་སྐད་ཇེ་གྲགས་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
བོད་མི་རིགས་ནུབ་ཕྱོགས་ཇེ་འགྲོ་རེད།།
འགྲོ་ཚར་དུས་མི་སེར་ཇེ་བཟོ་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
རང་སྐད་ཡིག་ལ་སྣང་མེད་ཇེ་ཆེ་རེད།།
གཞན་སྐད་ཡིག་ལ་ཨ་གསར་ཇེ་ཆེ་རེད།།
གནས་འདི་ནི་བོད་དོན་ཛ་དྲག་རེད།།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།།
མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་།།
དགེ་ལྡན་སྙན་བརྒྱུད་དུ་གྲགས་པའི་ཚིག་རྐང་གཅིག་འདིར་སླེབས་བྱ།།
རྒྱ་གུང་ཁྲན་དྲག་གནོན་ཇེ་ཆེ་རེད།
བོད་མི་རིགས་མེར་སྲེག་ཇེ་མང་རེད།
གནས་འདི་ནི་ཛ་དྲག་ཇེ་ཆེ་རེད།
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ།
བཤད་ཡ་ཡོད་ཚོད་མར་བཤད་ནས་་་བཤད་མ་ཤེས་ཐལ་ཟེར་ནས་ག་རེ་ལབ་ཀྱི་ཡོད་རེད་་་་་་་་ཧཧ
རྩོམ་ཡིག་གི་ངོ་གདོང་ནས་མི་ལྷག་ཅན་ཞིག་ཡིན་པ་ཐག་ཆོད། ཐུགས་རྗེ་ཆེ།
གནས་ལུགས་དང་མཐུན་པའི་སྙན་རྩོམ་ཞིག་བྲིས་འདུག