སྤོབས་པ་མཐའ་ཡས།
ཐལ་འགྱུར་བའི་སློབ་དཔོན་ཙནྟྲ་ཀིརྟིས། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་།།དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།།ཞེས་པའི་དོན་འདི་ཤ་ལ་དགའ་མཁན་གྱིས་ཤ་ཟ་ཆོག་པ་དང་། ཆང་ལ་དགའ་མཁན་གྱིས་ཆང་འཐུང་རུང་བའི་རྒྱུ་མཚན་བཙལ་བ་ལྟར་རང་རང་གི་འདོད་ཕྱོགས་དང་མཐུན་པའི་འགྲེལ་བཤད་སླ་བ་དཀའ་རུ་བཏང་བ་ཞིག་མིན་པར། ཚིག་རྐང་དེ་གཉིས་ཀྱི་དོན་ལ་འགྲེལ་བཤད་གོ་བདེ་བ་ཞིག་བྱས་ན་འདི་ལྟར། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་པས་ཀུན་ཏུ་རྫོབ་པ་ནི་ཡང་དག་པ་མ་ཡིན་པ་དང་། འཁྲུལ་པ་དང་། ལོག་པའི་སྣང་བའི་དོན་ཡིན་མོད་ཀུན་རྫོབ་དེའི་ཁྲོད་ན་དོན་དམ་བདེན་པ་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ་ཁ་ཤས་ཤིག་ཡོད་པ་ལ་བདེན་པ་ཞེས་པའི་མིང་བཏགས་པ་ཙམ་ཡིན། ཀུན་རྫོབ་བདེན་པ་ནི་ལྟོས་འཇོག་གི་བདེན་པ་དང་། གནས་སྐབས་ཀྱི་བདེན་པ། རྫུན་པའི་ནང་ནས་དྲག་ཤོས་དེ་ཚོ་ཡིན་པ་མ་གཏོགས་བདེན་པ་ངོ་མ་དེ་མ་རེད། དེ་ཡང་དཔེར་ན་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ། ལམ་འོག་མ་ལ་བརྟེན་ནས་ལམ་གོང་མའི་ཡོན་ཏན་སྐྱེ་བ། ཚིག་ལ་བརྟེན་ནས་དོན་ཤེས་པ། དཔེ་ལ་བརྟེན་ནས་དོན་གཞལ་བ། རྟགས་ལ་བརྟེན་ནས་སྒྲུབ་བྱ་རྟོགས་པ་སོགས་ནི་དོན་དམ་བདེན་པ་རྟོགས་བྱེད་ཀྱི་ཐབས་ཙམ་དུ་གྱུར་ཡོད་པ་མ་གཏོགས་ཐལ་འགྱུར་བའི་རིགས་པས་དཔྱད་ན་རྫུན་པ་དང་། འཁྲུལ་བ། ལོག་རྟོག་ཡིན་པས་ལམ་གོང་མ་གོང་མ་ཐོབ་རིམ་བཞིན་འོག་མ་འོག་མ་སྤང་བྱ་ཡིན་པས་དོན་དམ་བདེན་པ་རྟོགས་བྱེད་ཀྱི་ཐབས་ཙམ་ལས་རིན་ཐང་མེད་པར་བསྟན་པ་རེད།
སྐས་རིམ་གོང་མ་ལ་གོམ་པ་སྤོས་རིམ་བཞིན་སྐས་རིམ་འོག་མ་སྤོང་དགོས་མོད་སྐས་རིམ་འོག་མ་ལ་མ་བརྟེན་པར་གོང་མ་ལ་སླེབས་ཐབས་མེད་པ་བཞིན་དུ་ཀུན་རྫོབ་བདེན་པའི་རྣམ་བཞག་རྟོགས་དགོས་པ་གལ་ཆེ། ཡང་སྐས་རིམ་འོག་མ་དེ་ཉིད་ཁོ་ན་ལ་ཆགས་ན་སྐས་རིམ་གོང་མ་དོན་དམ་བདེན་པར་བགྲོད་པའི་གེགས་སུ་གྱུར་པ་རེད། སྐས་རིམ་འོག་མ་ལས་ཡར་གོམ་པ་མ་སྤོས་པར་བསྡད་བསྡད་ན་སྐས་རིམ་གོང་མ་ལ་སླེབས་ཐབས་མེད་པ་ཡིན་སྟབས་ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་ཙམ་ཡིན་པ་ཁ་གསལ་པོས་བསྟན་པ་རེད། དཔེར་ན། རྟོག་གེ་བ་རྣམས་རིགས་ལམ་སྐམ་པོ་ལ་ཆགས་ཆེ་བས་མི་ཚེ་དེ་ལ་འབད་པས་ཟད་པ་དང་། ལ་ལ་ཞིག་ལྷ་ཁང་རྟེན་བཞེངས་སོགས་ལ་ཞེན་ཆེ་བས་རྒྱུ་ཚེགས་ཡོངས་རྫོགས་དེ་ལ་བཀོལ་བ། ཉམས་ལེན་པར་ཁས་འཆེ་བ་འགའ་ཞིག་ལ་ལམ་རྟགས་ཀྱི་ཉམས་སྣང་ཕྲ་མོ་རེ་བྱུང་བས་ཡིད་ཚིམ་ནས་མངོན་ཤེས་འཆད་པ་དང་གྲུབ་རྟགས་འཇོག་མདོག་སོགས་བྱས་ནས་མཆོག་གི་དངོས་གྲུབ་ལ་འབད་མི་ནུས་པ། གསང་སྔགས་པ་ཁ་ཤས་ཤིག་ལྷ་སྒོམ་སྔགས་བཟླས་སོགས་ལ་ཞེན་ཆེ་བས་འཕྲེང་ཀོག་མཉེ་བ་དང་རྔ་ཀོག་རྡུང་ནས་མི་ཚེ་ཟད་འགྲོ་བ། བཙུན་པ་མང་པོ་ཞིག་ཀྱང་དགོན་པ་གྲྭ་ཚང་རྒྱ་སྐྱེད་ཀྱི་ལས་དོན་ལ་མགོ་འཁོར་ནས་མི་ཚེ་ཟད་པ་སོགས་ནི་ཀུན་རྫོབ་བདེན་པ་ཐབས་ཙམ་དུ་གྱུར་པ་མ་ཤེས་པར་ཀུན་རྫོབ་ཀྱི་དགེ་རྩ་ལ་ཞེན་ཆེས་པས་དོན་དམ་བདེན་པ་རྟོགས་པར་ཡུན་རིང་འགོར་བ་རེད། དེར་བརྟེན་དཔལ་ལྡན་ཟླ་བ་གྲགས་པས་ཚིག་རྐང་གཅིག་གི་ནང་ལ་དོན་རྒྱ་ཆེན་པོ་འདི་འདྲ་ཞིག་བསྡུས་ནས་གདམས་ངག་དེ་གནང་བ་རེད།
དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།།ཞེས་པས་དེ་ལས་ཀྱང་ཉམས་ལེན་ལ་གལ་གནད་ཆེ་བའི་གདམས་ངག་ཅིག་བསྟན་པ་རེད། དོན་དམ་བདེན་པ་རྟོགས་དགོས་ན་ངེས་པར་དུ་ཡང་ཀུན་རྫོབ་བདེན་པ་ལ་མཁས་དགོས་པ་དང་། དེའི་རྣམ་བཞག་ཤེས་དགོས་པ། ཚོགས་བསག་སྒྲིབ་སྦྱང་དང་། ས་ལམ་གྱི་རམ་པ་བགྲོད་པ། གང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས་ནི་རིག་པའི་གནས་ལྔ་ལ་མཁས་པར་བྱའོ་སོགས་གསུངས་པ་ལྟར་ཤེས་རབ་རྣམ་པ་གསུམ་ལ་སྦྱང་བ་སོགས་མེད་པར་ལྟོག་པས་ཤ་ཟ་ཟ་དང་། སྐོམ་པས་ཆང་འཐུང་འཐུང་བྱེད་ཆོག་ཆོག་ཅིག་མིན་པར་བསྟན་པ་རེད། རྒྱ་ནག་པོའི་ཧ་ཤང་མོ་ཧོ་ཡན་གྱིས་ཀྱང་དགེ་སྡིག་གི་ལས་དང་། དཀར་ནག་གི་རྟོག་པ་ཐམས་ཅད་ཀུན་རྫོབ་ཡིན་པས་སྤངས་དགོས་ཞེས་བརྗོད་ནས་ཐབས་ཀྱི་ཆ་གཏན་སྤངས་བྱས་པས་བོད་མི་རྣམས་ལོག་པར་འཁྲིད་པ་དེས་ཀྱང་དོན་དམ་བདེན་པ་ཐབས་ལས་བྱུང་བ་ཞིག་ཡིན་པར་མ་ཤེས་པའི་གནད་ཀྱིས་རེད། དེང་སང་གི་དུས་ན་ཡང་བླ་མ་ཁ་ཤས་ཀྱིས། ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ་སོགས་ཀྱི་ཁ་ཕོ་ཆེ་ཐག་ཆོད་ནས་རྟོགས་གྲོལ་དུས་མཉམ་སོགས་རྫིགས་པོ་ག་ཚོད་ཅིག་བཤད་ཀྱང་སློབ་མའི་རྒྱུད་ལ་བཟང་སྐྱེད་སྐར་མ་གང་མི་ཐོན་པ་མང་། དཔེར་ན། རྗེ་བཙུན་མི་ལ་ལ་རོང་སྟོན་ལྷ་དགས་རྫོགས་ཆེན་བཤད་ནས་ནུས་པ་མ་ཐོན་པ་ལྟ་བུ་དེ་ཚོས་ཀྱང་དོན་དམ་བདེན་པ་ཐབས་བྱུང་ཡིན་པར་མ་ཤེས་པར་ནམ་མཁའ་ལ་སྦར་འཛིན་བྱེད་པའི་ཧམ་ཤེད་ཆེ་སོང་བ་རེད།
སངས་རྒྱས་ཀྱིས་དོན་དམ་བདེན་པ་རྟོགས་པའི་དུས་སུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད།།སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།།མི་སྨྲ་ནགས་འདབས་འདི་རུ་གནས་པར་བྱ།།ཞེས་བདུན་ཕྲག་བདུན་ལ་བཞུགས་པའི་ཐ་མ་ལ་ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པའི་གནད་དེ་ལ་དགོངས་ནས་ཆོས་གསུང་པར་ཐག་བཅད་པ་རེད། ཀུན་རྫོབ་ཡག་པོ་ཞིག་མིན་ན་ཡང་དེའི་ནང་ལ་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པའི་ལྟོས་འཇོག་གི་བདེན་པ་ཁ་ཤས་ཡོད་པའི་གནད་དེ་ཧ་ཅང་གལ་ཆེན་པོ་རེད། གནད་དེ་མ་ཤེས་ན་སངས་རྒྱས་བཟང་ཐག་ཆོད། སེམས་ཅན་ངན་ཐག་ཆོད་ནས་དེ་གཉིས་བར་ལ་འབྲེལ་བ་བྱེད་སྤྱད་ཀྱི་ཟམ་པ་ལྟ་བུ་དེ་མེད་པ་རེད། དེ་ནས་སངས་རྒྱས་ཀྱིས་སུ་ལ་བསྟན་ཀྱང་གོ་བར་མི་ནུས་ཞེས་དོན་དམ་བདེན་པ་ཁོ་ནའི་སྐུ་མཚམས་སུ་མ་བཞུགས་པར་གང་འཇིག་རྟེན་ན་ཡོད་པར་སྨྲ་བ་དེ་ངས་ཀྱང་ཡོད་པར་སྨྲ། གང་འཇིག་རྟེན་ན་མེད་པར་སྨྲ་བ་དེ་ངས་ཀྱང་མེད་པར་སྨྲ་ཞེས་གསུངས་པ་དེ་སངས་རྒྱས་དང་སེམས་ཅན་གཉིས་ལ་ཁྱད་པར་མེད་པའི་དོན་མིན་པར་སངས་རྒྱས་ཀྱིས་ཀུན་རྫོབ་བདེན་པའི་ཐབས་ལ་བརྟེན་ན་མ་གཏོགས་ཐབས་མེད་པར་མཁྱེན་ནས་ཆོས་གསུངས་པ། དྲི་བ་དྲིས་ལན་མཛད་པ། བསོད་སྙོམ་སློང་དུ་ཕེབས་པ། དགེ་འདུན་པའི་སྡེ་འཛུགས་པ། སྒྲིག་ཁྲིམས་བཅའ་བ་སོགས་ཀུན་རྫོབ་ལ་གཞི་བཅོལ་བའི་ཕྱག་ལས་མང་པོ་མཛད་མགོ་ཚུགས་པ་ཡིན་ངེས་རེད་སྙམ། མ་གཞི་ང་ཚོའི་ཤེས་པའི་ངོར་གང་ཤར་བ་ཐམས་ཅད་ཀུན་རྫོབ་མ་གཏོགས་མེད་མོད་སྐལ་བ་བཟང་ན་ཀུན་རྫོབ་བདེན་པ་ལ་བློ་འཇུག་ཐུབ་ཅིང་། སངས་རྒྱས་ཀྱི་མཁྱེན་པར་གང་ཤར་བ་ཐམས་ཅད་དོན་དམ་བདེན་པ་ཁོ་ན་ལས་མེད་མོད་གདུལ་བྱའི་དོན་དུ་ཀུན་རྫོབ་བདེན་པའི་རྣམ་བཞག་མང་པོ་ཞིག་བསྟན་པ་རེད། དེ་ལྟ་བུའི་སེམས་ཅན་གྱི་བསོད་ནམས་དང་སངས་རྒྱས་ཀྱི་ཐབས་མཁས་གཉིས་ལྷན་དུ་ཚོགས་པས་སེམས་ཅན་སངས་རྒྱས་ཀྱི་ས་ལ་རིམ་པར་ཁྲིད་ནུས་པ་ནི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་མཁས་པའི་གནད་ཁོ་ན་ལ་རག་ལས་པ་ཡིན་པས་ཐབས་དང་ཐབས་བྱུང་གི་གནད་འགག་འདི་ཤེས་དགོས་པ་རེད།
སྔོན་དུས་སུ་ཨ་རིག་དགེ་བཤེས་ཆེན་མོ་ཚང་ལ་མི་ཞིག་གིས་འཁོར་ལོ་བསྐོར་ན་སངས་རྒྱས་པའི་རྒྱུ་ག་འདྲ་བྱེད་ཅེས་པའི་དྲིས་ལན་དུ། ཀོ་བས་བཏུམ་པའི་འཁོར་ལོ་དེའི་ནང་ན་དཔེ་ཆ་ཞིག་ཡོད་པ་རེད། དཔེ་ཆ་དེའི་ནང་དོན་རྟོགས་དགོས་པ་རེད། དེ་མ་རྟོགས་མཁན་ཚོས་དེ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྦྱང་དགོས་པ་རེད། དེ་ཡང་མི་ནུས་མཁན་ཚོས་ཁ་འདོན་བྱེད་ཀྱི་ཡོད་པ་རེད། དེ་ཙམ་ཡང་མི་ཤེས་མཁན་ཚོར་གཡག་གི་ཀོ་བའི་ནང་དུ་དྲིལ་ནས་སྐོར་དུ་འཇུག་པ་ལས་འོས་མེད་པ་རེད། ཅེས་གསུངས་པ་དེ་ཡང་ཁོང་གི་གོ་སླ་བོ་དང་། ཚིག་ཉུང་དོན་འདུས་ཀྱི་སྟེང་ནས་ཐབས་དང་ཐབས་བྱུང་གི་རིམ་པ་དེ་འགྲེལ་བཤད་གནང་བ་རེད། མདོར་ན་ཁོང་གིས་ཀུན་རྫོབ་བདེན་པའི་ཐབས་ཀྱི་རིམ་པ་མང་པོ་ཞིག་ལ་བརྟེན་ནས་དོན་དམ་བདེན་པའི་ཕྱོགས་སུ་འཇུག་དགོས་པ་དང་། ཐབས་ལས་བྱུང་བའི་དོན་དམ་བདེན་པ་རྟོགས་པ་དེ་ལ་ད་དུང་ཧ་ཅང་ཐག་རིང་པོ་ཞིག་ཡོད་མོད་སྐལ་བ་དམན་པའི་སེམས་ཅན་ཚོར་ལམ་ཐག་དེ་ལས་ཉེ་ས་ཞིག་ནས་འགྲོ་ཐབས་མེད་པའི་བདེན་གཏམ་དམར་རྗེན་དེ་གསུངས་པ་རེད། བླ་མ་མང་པོ་ཞིག་གིས་མ་ཤེས་པ་དང་ཤེས་བཞིན་དུ་ཡང་འཁོར་ལོ་འདི་ལན་གཅིག་བསྐོར་བས་ཚེ་རབས་འབུམ་གྱི་སྒྲིབ་པ་བྱང་བར་འགྱུར་སོགས་ཀྱི་རྫུན་དཀར་པོ་ཤ་སྟག་གསུངས་བསྡད་ཡོད་པ་རེད། དེ་འདྲའི་དྲང་དོན་གྱི་རྫུན་དཀར་པོ་རེ་མ་བཤད་ན་མི་རྣམས་ས་དང་ལམ་གྱི་སྣེ་དེ་ལ་འཇུག་ཐུབ་ཐབས་མེད་པ་རེད་འདུག རྗེ་མི་ལས། ཕ་དྲིན་ཅན་བླ་མ་ཞལ་རྫུན་མཁན།།ཆོས་དྲང་དོན་གྱིས་མགོ་བོ་བསྐོར་བསྐོར་ནས།།ངེས་དོན་གྱི་ལམ་དེ་རྙེད་དུས་མེད།།གསུངས་པ་དེ་ཡང་དོན་དུ་འདི་འདྲ་ལ་དགོངས་པ་རེད།
རྟོག་གེ་བ་རྣམས་རིགས་ལམ་སྐམ་པོ་ལ་ཆགས་ཆེ་བས་མི་ཚེ་དེ་ལ་འབད་པས་ཟད་པ་དང་། ལ་ལ་ཞིག་ལྷ་ཁང་རྟེན་བཞེངས་སོགས་ལ་ཞེན་ཆེ་བས་རྒྱུ་ཚེགས་ཡོངས་རྫོགས་དེ་ལ་བཀོལ་བ། ཉམས་ལེན་པར་ཁས་འཆེ་བ་འགའ་ཞིག་ལ་ལམ་རྟགས་ཀྱི་ཉམས་སྣང་ཕྲ་མོ་རེ་བྱུང་བས་ཡིད་ཚིམ་ནས་མངོན་ཤེས་འཆད་པ་དང་གྲུབ་རྟགས་འཇོག་མདོག་སོགས་བྱས་ནས་མཆོག་གི་དངོས་གྲུབ་ལ་འབད་མི་ནུས་པ། གསང་སྔགས་པ་ཁ་ཤས་ཤིག་ལྷ་སྒོམ་སྔགས་བཟླས་སོགས་ལ་ཞེན་ཆེ་བས་འཕྲེང་ཀོག་མཉེ་བ་དང་རྔ་ཀོག་རྡུང་ནས་མི་ཚེ་ཟད་འགྲོ་བ། བཙུན་པ་མང་པོ་ཞིག་ཀྱང་དགོན་པ་གྲྭ་ཚང་རྒྱ་སྐྱེད་ཀྱི་ལས་དོན་ལ་མགོ་འཁོར་ནས་མི་ཚེ་ཟད་པ་སོགས་ནི་ཀུན་རྫོབ་བདེན་པ་ཐབས་ཙམ་དུ་གྱུར་པ་མ་ཤེས་པར་ཀུན་རྫོབ་ཀྱི་དགེ་རྩ་ལ་ཞེན་ཆེས་པས་དོན་དམ་བདེན་པ་རྟོགས་པར་ཡུན་རིང་འགོར་བ་རེད། ཟེར་་་་་དེང་སང་གི་གྲྭ་ས་ཆེན་མོ་ཡིན་ཟེར་བའི་ལྷ་རམས་པ་དང་དགེ་བཤེས་ཚོ་དང་པོ་དང་། དེ་ནས་རིམ་བཞིན་ཡོད་རེད་་་
སྤོབས་པ་ལགས། འདི་རུ་སྔོན་གྱི་མཁས་པ་ཚོས་བཤད་ན། ཀུན་རྫོབ་རྫུན་པར་རྟོགས་པ་ལ་དོན་དམ་རྟོགས་པ་སྔོན་དུ་འགྲོ་དགོས་ཤིང་། དོན་དམ་རྟོགས་པ་ལའང་གཞི་ཕྲ་བའི་མི་རྟག་པ་སོགས་ཀུན་རྫོབ་ཕྲ་མོའི་རིགས་རྟོགས་པ་སྔོན་དུ་འགྲོ་དགོས་པས་དེ་དག་དོན་དམ་རྟོགས་པའི་ཐབས་སུ་བསྙད་པ་ལས་འདི་འདྲའི་ཀུན་རྫོབ་རགས་པ་དགོན་པ་རྒྱག་སྟངས་དང་། རིགས་ལམ་ཕྲ་མོ་རེའི་ཚིག་ལ་འཁྲི་བ་སོགས་ཀྱི་ཀུན་རྫོབ་རྣམ་གཞག་ལ་ནི་འཇུག་ཚུལ་ཞིག་ཨེ་ཡོད། འདི་ལྟར་ལས་སླ་བོས་བཀྲལ་ན། ཕལ་ཆེར་དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་པ་དང་། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་པའི་ཁྱེད་ཀྱི་དྲངས་པའི་ཚིག་དེའི་མགོ་མཇུག་གཉིས་ཀྱི་བཀའ་གྱོན་དེའང་ཁྱེད་ལ་འབབ་ཚོད་རེད།
སྤོབས་པ་མཐའ་ཡས་ཞེས་པའི་ཤོག་བུ་རླུང་འཚམས་ཅན། མི་ཤེས་ན་མ་འབྲི་ཀུན་རྫོབ་ལ་༸ཀུན་རྫོབ་དེའི་ཁྲོད་ན་དོན་དམ་བདེན་པ་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ་ཁ་ཤས་ཤིག་ཡོད་པ་ལ་བདེན་པ་ཞེས་པའི་མིང་བཏགས་པ་ཙམ་ཡིན།༸ཞེས་བཀོད་འདུག་ན། ཀུན་རྫོབ་དེའི་ཁྲོད་ན་དོན་དམ་བདེན་པ་རྟོགས་པར་བྱེད་པའི་ཐབས་སུ་གྱུར་མེད་པ་ཁ་ཤས་ཤིག་ཡོད་པ་ལ་བདེན་པ་མ་ཡིན་པ་ཞེས་པའི་མིང་འདོགས་རྒྱུ་ཡིན་ནམ། ཀུན་རྫོབ་ལ་དབྱེ་བ་གཉིས་ཡོད་པའི་ཁུང་ལུངས་གང་ལ་གཏུགས་པ་ཡིན། ཁ་ཤས་ཀུན་རྫོབ་བདེན་པ་ཡིན་པའི་ཀུན་རྫོབ་ཁ་ཤས་དེ་དག་འགོད་རོགས། དེ་བཞིན་ཁ་ཤས་ཀུན་རྫོབ་བདེན་པ་མིན་པའི་ཀུན་རྫོབ་དེ་དག་ཀྱང་བཀོད་རོགས། ཆོས་ཅན་གཉིས་པོ་དེ་ཞོག་དང་དེ་ནས་སྤོ་པ་མཐའ་ཡས་ཅན་སྐྱག་གཟན་ཁྱོ་ལ་མི་དམངས་ཀྱིས་མིང་བརྗེས་ནས་ཀུན་རྫོབ་མཁན་པོའི་མིང་བཏགས་འདོགས་པར་འགྱུར་རོ། སྤོབས་པ་མཐའ་ཡས་ཞེས་པའི་ཤོག་བུ་རླུང་འཚམས་ཅན། ་
གཅིག་འབྲི་སྙིང་འདོད་འདུག་སྟེ། ཅི་གྲོས་མོལ་གྲོས་རེད་འདུག རྫུན་པའི་ནང་ནས་ཡག་ཤོས་ཡིན་ཙང་བདེན་པ་ཟེར། ད་གང་ཅི་གྲོས་མོལ་གྲོས་རང་རེད། ཧེ་ཧེ།
དངོས་གནས་ཤེས་ཡོན་འདུག གཞུང་ལུགས་ལ་བྱང་ཆུབ་པ་འདུག
བདེན་པ་གཉིས་ལས་གང་ཞིག་གཙོ།།
སྤོབས་མཐའ་ལགས་དང་བོན་རྒྱའི་དཔྱད་འབྲས་ལ།།
གཟུ་བོའི་བློ་ཡིས་བརྟགས་ན་གནད་ཆེ་བས།།
ཞིབ་ཏུ་གཟིགས་ནས་གོ་དོན་་འཚོལ་བ་ལས།།
ཚིག་དོན་བོར་ནས་གང་ཟག་འགོག་དོན་མེད།།
དམ་པ་སྟེ་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ནམ་དོན་དམ་བདེན་པ་རྟོགས་པ་ལ། ཐབས་སྟོང་གཞི་ཀུན་རྫོབ་བདེན་པའི་སྟེང་དུ་དོན་དམ་དཔྱོད་བྱེད་གྱི་རིགས་པ་ལ་བསྟེན་ནས་དགག་བྱ་ངོས་ཟིན་དགོས་ཞིང། དེ་སྔོན་དུ་སོང་བ་ལ་བསྟེན་ནས་དགག་བྱ་དེས་སྟོང་བའི་མེད་དགག་ཙམ་དོན་དམ་བདེན་པ་ཡིན་པར་ཤེས་དགོས་པའི་དོན་ཡིན་
མཁྱེན་ཡངས་མེ་དཀར་ལགས།།
ཁྱེད་ལ་དྲིས་ལན་མ་བཏབ་པའི་སྔོན་དེར་དེ་མཚུངས་ཀྱི་དྲི་བ་འགའ་ཞིག་འབུལ་བར་འདོད་པས་དྲི་བ་འདི་དག་གི་ལན་གྱིས་ཁྱེད་ཀྱི་དྲི་བ་དེའི་ལན་ཡང་ཐེབ་པར་འགྱུར་རོ་སྙམ།
༡༽ཁྱེད་ཀྱི་ཡབ་ཡུམ་གཉིས་ལས་གང་གཙོ་ཆེ་ལགས་སམ།།
༢༽ཐབས་དང་ཤེས་རབ་གཉིས་ལས་གང་གཙོ་ཆེ་ལགས་སམ།
༣༽མིག་དབང་སོགས་གཡས་གཡོན་གཉིས་ལས་གང་གཙོ་ཆེ་ལགས་སམ།།
༤༽ཕན་ཚུན་གཉིས་ལས་གང་གཙོ་ཆེ་ལགས་སམ།
ྂ༥༽སྐྱེས་པ་དང་བུད་མེད་གཉིས་ལས་གང་གཙོ་ཆེ་ལགས་སམ།།
ཞེས་སོགས་ལྟོས་ས་ལྟོས་འཇོག་ལ་མ་བརྟེན་པར་ལན་འདེབས་དཀའ་བ་མང་ངོ།།
བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅེས་གསུངས་པའི་དོན་དེས་གོ་བ་ཕྲན་བུ་སྐྱེ་བར་ངེས་པས་གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་ཞེས་པའི་གནད་ཀྱང་དེ་ག་རང་མིན་ནམ་སྙམ་སྟེ་དཔྱད་དགོས་སོ།།བདེན་གཉིས་ངོ་གཅིག་མིན་ན་སྐྱོན་
བཞི་ཡོད་ཅིང་ལྡོག་པ་ཐ་དད་མིན་ནའང་སྐྱོན་བཞི་བཟློག་ཏུ་མེད་པར་འགྱུར་རོ།
བདེན་གཉིས་ལག་པའི་ཕྱི་ནང་ཡིན། །
བདེན་གཉིས་མཇེ་སྟུ་ཁ་སྤྲོད་ཡིན། །
བདེན་གཉིས་ལས་དོན་དམ་གཙོ།
ཕ་མ་གཉིས་ལས་ཕ་གཙོ།
དེ་མིན་ན་དོན་དམ་ལ་ཟབ་མོ་དང་སྙིང་པོ་ཅན་བཤད་མི་དགོས་པར་ཀུན་རྫོབ་ཟབ་མོ་སྙིང་པོ་ཅན་བཤད་ན་འགྲིག་གམ།
བུ་ཕྲུག་ཕ་ཡི་རུས་བརྒྱུད་འདེད་པ་ལས་མ་ཡི་ཤ་བརྒྱུད་འདེད་ལུགས་མེད། དེས་ཅི་བསྟན་རེད་ཟེར་ན་ཕ་གཙོ་ཆེ་བ་བསྟན་པ་རེད།
ཨ་ལགས་ཀུ་རྩེད་ཞུས་ཡིན། མེ་དཀར་ཁྱེད་གཉིས་བགྲོ་གླེང་གནང་སར་ངས་འཚང་འགག་རྒྱབ་པ་དགོངས་དག་ཞུ།
བདེན་གཉིས་ཉི་ཟླ་ཁ་སྦྱོར་ཡིན།
བདེན་གཉིས་གནམ་ས་ཁ་སྦྱོར་ཡིན།
སྤོབས་མཐས་རྗེ་མི་ལའི་ལུང་དེ་ཡང་མ་དག་པ་ཞིག་ཏུ་བསྒྱུར་འདུག ༄།བདེ་ལྡན་ལགས། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། །སོགས་ཀྱིས་ཀུན་རྫོབ་རྣམ་པ་གཉིས་བསྟན་པ་མ་ཡིན་ནམ།
རི་བོང་ར་ཀུན་རྫོབ་བརྫུན་པ་རེད། བུམ་པ་ཀུན་རྫོབ་བདེན་པ་རེད། ཕ་ཀུན་རྫོབ་གཙོ་བོ་རེད། མ་ཀུན་རྫོབ་ཕལ་བ་རེད། ཨེ་རེད།
ཉིན་དང་རྨི་ལམ་གཉིས་ཀྱི་ཁྱད་པར་འཇོག་མ་ཤེས་པ་དེ་སྲིད་བདེན་གཉིས་ཀྱི་ཁྱད་པར་ཡང་འཇོག་མི་ཤེས།
བདེནགཉིས་གང་གཙོ་ཟེར་བ་ནི། ཟ་མ་ཟ་བ་གཙོ་ཆེའམ་ཕོ་བ་བརྒྱགས་པ་གཙོ་ཆེ་ཟེར་བ་ལྟ་བུ་རེད།
བདེན་པ་གཉིས་ནི། ཕོ་དང་ཕོ་ལྟར་ལྡོག་པ་ངོ་བོ་གཉིས་ཀ་ཐ་དད་མིན། བདེན་གཉིས་ངོ་བོ་གཅིག་ལ། ལྡོག་པ་ཐ་དད། ངོ་གདོང་བདེན་རྫུན་གཉིས། ཀུན་རྫོབ་རྫུན་པས་དོན་དམ་བདེན་པ་རྟོགས་པ་ཕན་བཏགས་པས། ཐབས་དང་ཐབས་བྱུང་དུ་གསུངས་པ་རེད་དོ།།
ཡང་ཤིང་རྟ་ཆེན་པོ་ཞིག་བྱས་ན་འདོད་གི་ཡོད་ས་རེད།
བདེན་པ་གཉིས་ནི་སྒོང་རིལ་སྤུ་ཟིང་ཟིང་གཡས་གཡོན་གཉིས་པོ་ལྟ་བུའོ། མདོག་ནི་ངན་ལ་འོན་ཏེ་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པས་སོ། རང་གི་རིག་པ་སོ་མ་ནི་བུ་རྒོད་པོའི་རླིག་རྒོད་ཕྲག་པ་འདི་ལྟ་བུའོ། ད་ལྟར་འཕྲོས་ན་ད་ལྟར་བསྡུས་ད་ལྟར་ཤི་ན་ད་ལྟར་ལངས། བདེན་མེད་སྟོང་པ་ཉིད་ནི་འདོད་ལྡན་བུ་མོའི་སྟུ་ཆུང་ལྟ་བུའོ། དེ་ག་ཚོད་རྟོགས་ཀྱང་འདི་ཞེས་སུ་སྟོན་དུ་མེད་ལ་དེར་ག་ཚོད་བླུགས་ཀྱང་ནམ་ཡང་གང་དུ་མེད། སངས་རྒྱས་ཀྱི་ཞིང་ཁམས་ནི་དེའི་ནང་དུ་ཡང་ཡང་ཡར་འཛུལ་ནས་ཡང་ཡང་མར་ཐོན་པ་ལྟ་བུའོ། སྨྲ་རྒྱུ་ཡང་མེད་བསམ་རྒྱུ་ཡང་མེད་བརྗོད་དུ་ཡང་མེད་པའི་བདེ་བ་ཆེན་པོའི་ཞིང་ཁམས་དེར་རྣམ་པར་ཤེས་པ་ཐེངས་གཅིག་མྱ་ངན་ལས་ཡོངས་སུ་འདས་པས་སོ། ། ཀླུ་སྨྱོན་མཆོག་ལ་ཕུལ། །
སྔོན་གྱི་མཁས་པ་དེ་ཚོ་ཡིས། །
ཆོས་རྣམས་བདེན་པ་གཉིས་སུ་བསྡུས། །
བདེན་གཉིས་ཨེ་དང་ཝཾ་ལ་བསྡུས། །
ཨེ་ཝཾ་མཇེ་དང་སྟུ་ལ་བསྡུས། །
མཇེ་སྟུའི་ལས་ལ་སུས་བརྩོན་ན།
དོན་དམ་བདེན་པ་དེ་ཡིས་ཤེས།
མཇེ་སྟུའི་ལས་ནི་སུས་སྤངས་ན།
ཀུན་རྫོབ་ལོངས་སུ་དེ་ཡིས་སྤྱོད།
སྔོན་གྱི་མཁས་པ་དེ་ཚོ་ཡིས། །
ཆོས་རྣམས་བདེན་པ་གཉིས་སུ་བསྡུས། །
བདེན་གཉིས་ཨེ་དང་ཝཾ་ལ་བསྡུས། །
ཨེ་ཝཾ་མཇེ་དང་སྟུ་ལ་བསྡུས། །
ཞེས་པ་ལ།
བདེན་པ་གཉིས་ནི་ཐ་དད་རེད། །
ཨེ་དང་ཝཾ་ཡང་ཐབས་ཤེས་གཉིས། །
མཇེ་སྟུའི་གཟུགས་སུའང་གསུངས་པ་དང་། །
རྡོ་རྗེ་པདྨར་བསྙད་པའང་ཡོད། །
གཞི་ཡི་ཀུན་རྫོབ་དོན་དམ་གཉིས། །
ལམ་གྱི་ཨེ་ཝཾ་ཐབས་ཤེས་གཉིས། །
འབྲས་བུའི་ཆོས་དང་གཟུགས་ཀྱི་སྐུར། །
གཞི་ལམ་འབྲས་བུའི་ལྟོས་འཇོག་སོམས། །
དེས་ན།
ཉ་ཉུང་ཐམས་ཅད་མ་བསྲེས་ཅིག །
ཆོས་ཀྱི་མཆེད་པོ་ཀླུ་སྨྱོན་མཆོག་གིས།།
བདེན་གཉིས་མཇེ་སྟུ་གཉིས་སུ་བསྡུས་པ།།
ཀུན་རྫོབ་མཇེ་དམར་ཀེག་གིས་ལངས་ནས།།
དོན་དམ་སྟོང་པ་སྟུ་སྒོར་ཞུགས་འདྲ།།
སྟོང་པ་ནམ་མཁའ་འཛིན་དུ་མེད་པར།།
རིག་པའི་མདུང་སྐོར་བྱས་ནས་རྙེད་འདུག།
དབུ་ཚད་ཟུང་གི་རིགས་པའི་ལམ་ནས།།
ཚིག་དང་དོན་ལ་སྒྲོ་འདོགས་བཅད་པ།།
སྒོམ་པའི་ཉམས་རྟོགས་ཟ་ཟིའི་ཀློང་ནས།།
བདེན་གཉིས་ཟུང་འཇུག་བདེ་ལམ་སྙེགས་པ།།
བདེ་དྲོད་འབར་བ་སྟུ་སྒོ་དམ་པོར།།
རྡོ་རྗེའི་ཤུགས་ཆེན་མཇེ་ཡིས་བསྣུན་འདྲ།།
ད་ནི་སྙིང་གའི་རྩ་མདུད་གྲོལ་ཏེ།།
རིག་པའི་ཐིག་ལེ་དཀར་པོ་འོད་ལྡན།།
ཨ་ཝ་དྡཱི་ཏིའི་རྒྱུ་བའི་ལམ་ནས།།
ཡས་བབས་མས་བརྟེན་དགའ་བ་འདི་འདྲ།།
ཡབ་ཡུམ་ཟུང་གི་མཇེ་སྟུའི་ལམ་ནས།།
བརྒྱད་གཉིས་བཅུ་དྲུག་ལང་ཚོ་རྫོགས་འདྲ།།
ཐ་སྙེད་མཇེ་རྒོད་ཡར་ལ་མ་ལངས་ན།།
དོན་དམ་སྟུ་སྒོ་སྐམ་ནས་སྡོད་རྒྱུ་རེད།།
དོན་དམ་སྟུ་སྒོ་ཡངས་པོར་ཕྱེས་དགོས་ན།།
ཐ་སྙེད་མཇེ་རྒོད་ལངས་པ་སྔོན་འགྲོ་ཡིན།།
ཐ་སྙེད་བདེན་པ་ཐབས་སུ་གྱུར་བ་དང་།།
དོན་དམ་བདེན་པ་ཐབས་བྱུང་གྱུར་བ་སྟེ།།
དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་བས།།
དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས།།
དཔལ་ལྡན་ཟླ་བས་ལེགས་བཤད་ཀྱི།།
འོད་དཀར་ཕྲེང་བས་གསལ་བྱས་པ།།
བླ་མའི་དྲིན་གྱིས་མཐོང་བའི་ཚེ།།
བདག་གི་ཡིད་ཀྱིས་ངལ་གསོ་ཐོབ།།
སྤོབས་པ་མཐའ་ཡས་ཀྱི་སྐད་ཆ་དེ་དག་གི་ནང་ནས་སྣང་བ་འགྲོ་ཤོས་འདི་རེད།
“སྐས་རིམ་གོང་མ་ལ་གོམ་པ་སྤོས་རིམ་བཞིན་སྐས་རིམ་འོག་མ་སྤོང་དགོས་མོད་སྐས་རིམ་འོག་མ་ལ་མ་བརྟེན་པར་གོང་མ་ལ་སླེབས་ཐབས་མེད་པ་བཞིན་དུ་ཀུན་རྫོབ་བདེན་པའི་རྣམ་བཞག་རྟོགས་དགོས་པ་གལ་ཆེ།” འདི་རྒྱུ་མཚན་འདུག
ལ་ལས་ཀུན་རྫོབ་རྫུན་པ་དང་བསླུ་བའི་ཆོས་ཅན་གྱི་ཕྱིར་དང་དོན་དམ་འཐོབ་བྱར་གྱུར་པས་དོན་དམ་གཙོ་ཆེ་འོ་སྙམ་པ་ཡོད་དོ། ། མིག་གཡས་གཡོན་གཉིས་དང་རླིག་རིལ་གཡས་གཡོན་གྱི་དཔེས་དོན་གྱི་ས་ཟིན་ཅང་མ་མཐོང་། ལྟོ་ཟ་བ་དང་ཕོ་བ་འབྲང་བ་གཉིས་ལ་བསམ་རྒྱུ་ཏོག་གམ་སྣང་། མཇེ་དང་སྟུ་གལ་ཆེ་ཆུང་ཡང་གྲུབ་སྟེ་ང་ལ་སྟུ་གལ་ཆེ་ལ་དཔལ་མཛེས་དབང་མོ་ལ་ངའི་མཇེ་གལ་ཆེ་བ་བཞིན་ནོ།།
བསྐལ་བ་བཟང་པོའི་དུས་སུ་ཀུན་རྫོབ་དོན་དམ།
བསྐལ་ངན་ཤར་བའི་དུས་སུ་འཇེ་དང་རླིག་པ།
ད་ནི་དུས་ཚོད་འདི་ལ་བསམ་ཞིང་བསམ་ཞིང།
ལུང་གི་བསྟན་པ་ཟེར་བ་གང་ནས་སླེབ་ཚོད་མི་ཤེས།
ཀུན་རྫོབ་སྣང་བ་བརྫུན་པོའི་ཁང་ཆེན་ན། །ངོ་བོ་རྡུལ་ཙམ་མེད་པ་རང་བཞིན་སྟེ། །རིག་དེས་ཐ་སྙད་ནའང་མེད་ཕྱིར་ན། །མཇེ་སྟུ་བདེན་གཉིས་མཐུན་དཔེར་འཇོག་པ་ཐང་རེ་ཆད། །མཇེ་སྟུ་དགའ་བཞིའི་་འབྱུང་ལྡོག་མཚན་བཅས་ལ། །རིག་ངོ་དོན་དམ་འཇོག་པ་སྙིག་མའི་དུས། །ཀ་དག་རྫོགས་པའི་དབྱིངས་ལ་དེ་དག་ནི། ། བྱིས་པའི་བྱེ་མས་ཁང་བུ་ལྟ་བའོ།།
ཀླུ་སྨྱོན་གྱིས་བདེན་གཉིས་ལ་གོ་བ་འདྲོངས་དགོས་ན་སད་པའི་སྣང་བ་དང་རྨི་ལམ་གྱི་ཁྱད་པར་ཤེས་དགོས་ཟེར་བ་དེ་བདེན་གཉིས་ཀྱི་ངོ་བོའི་དཔེ་འདྲ་ལ་འོས་ན་མ་གཏོགས་བདེན་གཉིས་ཀྱི་འབྲེལ་བའི་དཔེར་འོས་པ་མ་མཐོང་། བདེན་པ་གཉིས་པོ་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བ་ཡིན་པ་སྐབས་འདིའི་བརྗོད་བྱ་ངོ་མ་དེ་རེད། རྨི་ལམ་དང་སད་སྣང་གཉིས་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བ་ག་འདྲ་ཡོད་པ་ཡིན་ནམ། དེ་ལས་ཀྱང་ཀུན་རྫོབ་བདེན་པའི་དཔེར་རྨི་ལམ་འཇོག་པ་ཡིན་ན་རྨི་ལམ་དེ་ཐབས་དང་སད་སྣང་དེ་ཐབས་བྱུང་ཡིན་ཟེར་རྒྱུ་ཡིན་ནམ།
ཕོ་མཚན་དང་མོ་མཚན་གཉིས་ལས་ནི་མོ་མཚན་འདི་བཟང་བ་འདྲ། སྲོག་ཆགས་རིགས་མང་པོ་ཞིག་ནི་མོ་ཁོ་ན་མ་གཏོགས་ཕོ་གཏན་ནས་མེད་མོད་ཕྲུ་གུ་སྐྱེད་པ་སོགས་ནུས་པ་རེད། ཕོ་མཚན་དང་མོ་མཚན་ལ་ནུབ་ལུགས་གསོ་རིགས་ཀྱི་ལུས་ཕུང་གི་ཆ་ཤས་མ་ལག་གི་དབྱེ་བ་བཅུ་གཅིག་ཏུ་དགར་སྐབས་Reproductive System ཟེར་བ་འདིའི་ཆ་ཤས་རེད། Reproductive System གྱི་བྱེད་ལས་གཙོ་བོ་ནི་འཁྲིག་པ་སྤྱོད་པ་དང་རིགས་རྒྱུད་སྐྱེད་འཕེལ་སོགས་རེད། འཁྲིག་པ་སྤྱོད་པ་ལ་ཕོ་མཚན་མི་དགོས་པ་ནི་ Lesbian བཟའ་ཚང་ཚོས་བདེན་དཔང་བྱས་འདུག ཕྲུ་གུ་སྐྱེད་པ་ལ་ཕོ་མཚན་མི་དགོས་པ་ནི་སྲོག་ཆགས་རིགས་མང་པོ་ལ་མོ་རིགས་ཁོ་ན་མ་གཏོགས་ཕོ་རིགས་ཟེར་བ་ཞིག་མེད་ན་ཡང་རིགས་རྒྱུད་སྐྱེད་འཕེལ་ནུས་པ་དེས་བདེན་དཔང་བྱས་འདུག སྲོག་ཆགས་ཕོའི་ནང་ན་ཕྲུ་གུ་སྐྱེད་ཐུབ་མཁན་དེ་འདྲ་ཨེ་ཡོད་ན།
༼སྲོག་ཆགས་ཕོའི་ནང་ན་ཕྲུ་གུ་སྐྱེད་ཐུབ་མཁན་དེ་འདྲ་ཨེ་ཡོད་ན།༽ Seahorse ཡོད་རེད། ད་དུང་མང་པོ་ཡོད་འགྲོ།
རྩོམ་ཡིག་འདིས་སྤོབས་མཐའ་གྲྭ་སར་ཡུན་རིང་འགྲིམས་པའི་རྟགས་སུ་མཚོན། འོན་ཀྱང་ཁ་སྐད་ཤོར་བ་ལ་བློ་གཏད་མེད་པས། “འཁྲུལ་པ་དང་། འཁྲུལ་བ།” ཞེས་རང་ཚིག་ལ་གོང་འོག་ཏུ། དག་ཆ་མི་མཐུན་པ་དང་། “དོན་དམ་བདེན་པ་རྟོགས་བྱེད་ཀྱི་ཐབས་ཙམ་ལས་རིན་ཐང་མེད་པར་བསྟན་པ་རེད།” ཀུན་རྫོབ་བདེན་པ་ལ། རིན་ཐང་མེད། ཟེར་བ་ནི་གདན་ས་འགྲིམས་མྱོང་ཡང་། བློ་གྲོས་ཀྱི་འཇུག་པ་དམན་པའི་རྟགས་བསྟན་པ་མ་ཡིན་ནམ། ཁོ་བོ་ཅག་གིས་ནི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ལ་རིན་ཐང་ཆ་མཉམ་པར་མཐོང་སྟེ། ཇི་སྐད་དུ། དཔལ་ལྡན་ཟླ་བ་གྲགས་པས། དབུ་མ་འཇུག་པའི་ལེའུ་དྲུག་པའི་མཇུག་བསྡུ་བ་ན།
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།
ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།
མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།
རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།།
ཞེས་པ་ལྟ་བུ།
བྱེད་སྤྱད། ཅེས་པའི་མིང་ཚིག་དེ། གཞན་དག་གིས། བེད་སྤྱད། ཅེས་པ་དེ་ལ་བཀོལ་སྤྱད་བྱས་པ་ཡིན་ན། སྤོབས་པ་མཐའ་ཡས་ཞེས་མིང་བཏགས་ཆོག་གོ།
འཁོར་འདས་ཀྱིས་བསྡུས་པའིཆོས་ཐམས་ཅད་བདེན་པ་གཉིས་སུ་
བསྡུས། དེས་ན་བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག་
ཞེས་གསུངས་པ་ལྟར་མཉམ་ཉིད་ཆེན་པའི་རང་བཞིན་ནོ། འོན་
ཀྱང་ལམ་གྱི་གནས་སྐབས་སུ་དོན་དམ་བདེན་པ་གལ་ཆེ་བའམ་གཙོ་ཆེ་བར་འདོད།
ཁ་ན་མཇེ་སྟུ་མ་གཏོགས་མེད་པས།།
སེམས་ན་བདེ་འདོད་ཟ་འདོད་ཁོ་ནས།།
ཀུན་རྫོབ་སྣང་བ་འཁྲུལ་བའི་མི་ལ།།
དོན་དམ་སྤྱོད་པ་སྐལ་བས་དབེན་ནོ།།
བདེན་པ་གཉིས་ཀྱི་གོ་གནས་འདྲ་མཉམ་ལས་ཆེ་ཆུང་གསུངས་མི་འདུག
འཇུག་པ་ལས། བདེན་པ་གཉིས་བྱའི་ཤོག་པ་གཡས་གཡོན་ལ་དཔེ་སྦྱར་བ་དང།
མདོ་ལས། དངོས་དེ་སྤངས་ནས་སྟོང་ཉིད་མི་བཙལ་གྱིས། ཞེས་དང།
རྩ་ཤེས་ལས། གལ་ཏེ་དེ་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། ཞེས་དང།
འཇུག་པ་ལས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་རླག་ཅིག ཞེས་སོགས་དང།
མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ།
ཞེས་འཕུང་གསུམ་སེལ་བའི་གྲངས་ངེས་སུ་གསུངས་པ་དང་།
བདེན་གཉིས་ལས། ཉམས་སུ་མྱོང་བ་གང་ཡིན་པ། །དགག་པར་རིགས་པ་མ་ཡིན་ནོ། ཞེས་དང་།
ཚིག་གསལ་ན། ཀུན་རྫོབ་ལ་དེ་ཁོ་ན་ཉིད་ལ་སྒྲིབ་པ་དང། ཕན་ཚུན་བརྟེན་པ་དང་། འཇིག་རྟེན་
གྱི་ཐ་སྙད་གསུམ་ལ་གསུངས་པས། དེ་ཚང་མ་བདེན་པ་ཕྱེ་ཙམ་ལས་མེད་པར་གསུངས་པ་ཡིན་ནམ།
དེས་ན། ཁྱེད་རང་ནད་དྲག་པ་དེ་བདེན་པ་ཕྱེད་ཙམ་ཡིན། གྲོད་པ་རྒྱགས་པ་བདེན་པ་ཕྱེད་ཙམ་ཡིན།
ཆུང་མ་དང་ལྷན་དུ་འདོད་ཆགས་སྤྱད་པ་བདེན་པ་ཕྱེད་ཙམ་ཡིན་སོགས་མང་ངོ་།
སྤོབས་མཐའ་འདི་རྣམ་དཔྱོད་ཅན་ཞིག་རེད། རྩོམ་བཟང་གི །ཀློག་འདོད་ཆེ།
མ་རིག་པའི་དབང་གིས་ཀུན་རྫོབ་བདེན་པ་རྣམ་པར་བཞག་གོ་ཞེས་པའི་དོན་ཇི་ལྟར་འགྲེལ།
ཀུན་རྫོབ་འཇོག་བྱེད་ལ་བློ་བདེན་འཛིན་མ་རིག་པའི་ངོ་ལ་འཇོག་ཚུལ་གཅིག་དང། ཐ་སྙད་དཔྱོད་བྱེད་རིག་ཤེས་ཀྱི་ངོ་ལ་འཇོག་ཚུལ་གཉིས་ཡོད་པ་རེད། ཀུན་རྫོབ་བདེན་པ་ཞེས་པ་དེ་བློ་བདེན་འཛིན་མ་རིག་པའི་ངོ་ལ་བདེན་ཙམ་ལས་སྤྱིར་བདེན་པ་མིན།
དེས་ན་ཁྱེད་རང་གིས་དྲི་པ་དེ་ནི་བློ་བདེན་འཛིན་མ་རིག་པའི་ངོ་ལ་འཇོག་སྟངས་དེ་རེད།
དབུ་མ་འཇུག་པ་འདི་རྩ་བ་ཤེས་རབ་ཀྱི་དགོངས་པ་འགྲེལ་བྱེད་མན་ངག་ཅིག་རེད། རྩ་བ་ཤེས་རབ་དེ་མཚན་ཉིད་རིག་པ་གཙོ་བོར་བཏོན་ནས་བསྟན་པ་མ་གཏོགས་ཉམས་ལེན་ཀྱི་ཐད་ནས་ཁ་གསལ་པོ་མེད་པ་རེད། ཞེ་ས་མ་ཞུས་ན་རྩ་བ་ཤེས་རབ་འདི་ཁ་བདེ་བོ་དང་མགོ་བདེ་བོ་འདྲ་བོ་སྟེ་མདོར་ན་མཁས་པའི་ཉམས་རྩལ་ཞེད་པོ་ཞིག་ངོམ་ནས་སོང་བ་རེད། མི་སུ་གཅིག་གིས་གླགས་ཁེལ་གི་མ་རེད་དེ་རང་གི་ངོས་ནས་ཀྱང་ཤེས་རབ་ཟབ་མོ་ཡོད་མཁན་ཞིག་མིན་ན་ཀླད་པ་སྟོང་སང་སང་འདྲ་ཞིག་མ་གཏོགས་གོ་བ་སྣུམ་ཞགས་ཅན་རག་ཁག་པོ་ཡིན་པ་རེད། དབུ་མ་འཇུག་པ་འདི་ཉམས་སུ་ལེན་སྟངས་ཀྱི་རིམ་པ་མར་ཁུ་འདྲ་ཞིག་གསལ་པོར་གཏན་ལ་ཕབ་པ་ཞིག་རེད།
རྩ་བ་ཤེས་རབ་ཁ་བདེ་པོ་ཡིན་ཟེར་ན། ཁྱེད་ཀྱི་དོན་དེམ་བདེན་པའི་ཤེས་ཚད་གོ་ཐུབ་ཀྱི་འདུག
རིགས་པ་རྒྱ་དག་གིས་ནི་འརྫུད་པར་མཛད། ཞེས་མདོ་ལས་གསུངས་པ་དེ་གང་འདྲ་ཞིག་ལ་
གོ་དགོས། རྩ་བ་ཤེས་རབ་མགོ་བདེ་པོ་འདྲ་ཡིན་ན། རྒྱུས་མངའ་གཏན་ནས་མེད་པའི་མི་ལ་
དོན་དམ་བདེན་པའི་དོན་སྤྱི་ཇི་ལྟར་འཆར་བཅུག་གམ། རི་མོ་དང་བཀོད་པ་ལེགས་པའི་
རིགས་པའི་ས་ཁྲ་དེ་དག་ཁ་བདེ་དང་མགོ་བདེར་སོང་བའི་ཕྱིར། ངའི་གོང་དུང་དྲང་པའི་ལུང་
ལས་ཤོག་པ་ལ་མ་གཏོགས་འགྲེལ་བཤད་མེད་པ་ཡིན་ནམ། ལར་ནས་ཀུན་རྫོབ་སྤངས་བྱ་ཡིན་ཞེས་
པའི་མཚན་གཞི་འགའ་ཞིག་བཞག་རོགས། གང་ལྟར་བརྗོད་དོན་སྙིང་པོ་གཏོར་ནས་འདུག
སྐས་རིམ་འོག་མ་རྣམས་གོང་མར་སླེབ་པའི་ཐབས་ཙམ་ཡིན་ན། གོང་མར་
སླེབ་ཟིན་པའི་མི་དེ་ཆོ་ཅན། མར་འབབ་མི་དགོས་མཁན་དེ་ཡིན་པར་ཐལ།
འོག་མ་སྤངས་ནས་མེད་པ་ཆགས་ཟིན་པའི་ཕྱིར། ཁྱོད་ཀྱི་ངོར་སྐས་འཛེག་ཡིན་ན་
ཡར་མར་འགྲོ་འོང་མི་རུང་བའི་ཁྱབ་པར་ཐལ། མར་འོང་ས་མེད་པའི་ཕྱིར་ཏེ།
སྤངས་ཟིན་པའི་ཕྱིར།
དོན་ལ་ལྟོས་ནས་ཀྱང་། སངས་རྒྱས་ཟིན་པའི་སྐྱེ་བུ་ཡིན་ན། ཁྱེད་ལ་ཀུན་རྫོབ་ཀྱི་ཆོས་རྣམས་
ཉེར་འཁོ་མེད་པར་ཐལ། སྤངས་ཟིན་པའི་ཕྱིར།
འཁོར་བ་ལས་གྲོལ་ཟིན་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། སླར་འཁོར་བར་འཕེབ་
མི་དགོས་ཐལ། འཁོར་བ་སྤངས་ཟིན་པའི་ཕྱིར།
དེ་ཡང་མི་ཕམ་མགོན་པོས། མངོན་པར་རྟོགས་པའི་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ཞེས་སོགས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་བསད། བསྐལ་བ་དུ་མར་རབ་དགོངས་མཛད་པའི་ལག་རྗེས་གྲུབ་དོན་ལ་རིན་ཐང་བྲལ་བའི་དངོས་པོ་ཞིག་རྙེད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རང་ཡིན་ཐུགས་ཐག་བཅད་པར་མཛད་དོ། དེ་ལྟ་བུའི་བྱང་ཆུབ་གོ་འཕང་བདེ་ཆེན་ཁང་བཟང་དེ་མཆོག་གསུམ་ཏོག་གིས་མཛེས་པར་བྱེད། བདེན་བཞིའི་ཀ་སྒྲོམ་བསླངས། བདེན་གཉིས་ཀྱི་གཞི་བཏིང་བ་ནི་ནང་ཆོས་ཀྱི་བླ་མེད་རྨད་བྱུང་ཁྱད་ཐོན་ཞིག་ཡིན་པ་གོང་དུ་མངོན་རྒྱན་དུ་གསུངས་པ་ལས་དཔོག་ཐུབ།
དེས་ན་བདེན་པ་གཅིག་ནི་ཉུང་སྐྱོན་དང་གསུམ་པ་ནི་དགོས་པ་མེད་པར་མཐོང་བས་བདེན་པ་གཉིས་སུ་ཟད། བདེན་གཉིས་ལས་གང་ཞིག་གལ་ཆེ་འམ་ཞེ་ན། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པ་ཟུང་འཇུག་དོ་མཉམ་མེད་ན་གོ་འཕང་དེར་འགྲོ་བ་གཤོག་པ་གཅིག་བྲལ་དང་མཚུངས་པ་ཡིན་པས་གཉི་གར་གལ་ཆེ། ཡང་ཀུན་རྫོབ་བདེན་པ་ནི་གཙོ་བོ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་ལས་འབྲས་ལ་རྩིས་མཐོང་སྟེར་བ་དང་། དེ་ཡང་རང་བཞིན་གྱིས་སྟོང་པ་ཡིན་པའི་རྟེན་འབྱུང་ཟབ་མོས་གོ་བ་སྟེར་བས་ཡིན། ཡང་རྟེན་འབྱུང་སྟོང་པ་ཟབ་མོ་དེ་ཡང་རྒྱུ་འབྲས་ལྟོས་གྲུབ་ཡིན་པའི་དྲིན་ལས་སྟོང་པར་མཐོང་ཐུབ་པས་ཕན་ཚུན་བྲལ་དུ་མེད་འབྲེལ་བ་ཡོད། འདིར་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་འཇོག་ཚུལ། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ནི་རིགས་ལམ་བཟང་ཤོས་སུ་ངོས་བཟུང་ཐུབ། འདིར་ཁོང་གིས་རིགས་ཚུལ་གོམ་པས་ངོ་བོ་གཅིག་ན་གཅིག་ཡིན་མི་དགོས་པར་གཅིག་དག་ཐ་དད་ལ྄ོག་པས་དབྱེ་ཚུལ་དེས࿒ཐ་སྙད་པའི་རྣམ་གཞག་བདེ་མོར་འཇོག་པར་གནད་འགག་ཆེན་པོ་ཡོད། དེ་ཡང་། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། གང་གིས་སྟོང་དང་རྟེན་འབྱུང་དག དབུ་མའི་ལམ་དུ་གནད་གཅིག་པར། །ཞེས་སོགས་གསུངས་པ་ལས་བདེན་གཉིས་མཉམ་འཇིག་ཟུང་འཇུག་གིས་འབྲས་བུ་སྐུ་གཉིས་དོན་དམ་ནམ་མཁའི་དབྱིངས་ནས་ཀུན་རྫོབ་སྣ་ཚོགས་ཇི་ལྟར་འཆར་བ་ནི་བདེན་གཉིས་ཟུང་འབྲེལ་ཉམས་སུ་བླངས་པའི་ལག࿒རྗེས་སུ་ཐོན་པར་སྙམ།
དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སྟོང་པ་རྟེན་འབྱུང་དབུ་མའི་རིགས་ལམ་དང་དཔལ་ལྡན་ཕྱོགས་གླང་ཆོས་གྲགས་ཡབ་སྲས་ཀྱི་ཚད་མའི་རིགས་ཚུལ་སེང་གེ་མཇིང་སྣོལ་གྱི་སེང་ཁྲི་ནི་ཆོས་མཐུན་ཕས་རྒོལ་གྱིས་གཡོ་མི་ནུས་པར་གསུངས་པ་བདེན་སྙམ། མདོར་ན་མཐའ་གཉིས་གཅིག་ཅར་སེལ་བའི་རྟེན་འབྱུང་ལེགས་པར་གསུང་བས་ཐུབ་པའི་དབང་པོར་གྱུར་བ་དང་། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གཙོར་དོན་གནང་བས་སྟོན་པ་ཚད་མའི་སྐྱེས་བུར་གྲུབ་པས་དབུ་ཚད་སེང་གེ་མཇིང་སྣོལ་ཞེས་པའི་སེང་གེ་ང་རོ་བསྒྲགས་པས་སོ།།
དེས་ན་བདེན་གཉིས་གཏན་ལ་ལེགས་པ་ཕབ་པ་ལས་སངས་རྒྱས་ཀྱི་བསྟན་པར་དྲོ་བ་གཞན་དང་མི་འདྲ་བའི་ཁྱད་ཆོས་བླ་མེད་དུ་ཁ་རྒྱུ་ཡོད་པས། བབ་ཅོལ་དུ་སྨྲ་བ་ཉུང་ན་མཛེས་ཤིང་གཞི་གདན་བརྟན་པོ་ཞིག་གི་སྒང་ནས་གསང་སྔགས་ཟབ་ཟབ་མོའི་རྟོགས་ལྡན་ལ་དཔར་བཀབ་ཀྱིས་སྟག་མཆོངས་སར་ཝ་མཆོངས་ན་ཏག་ཏག་གནས་དཀའ་མོར་ཡིན་སྙམ།
བློ་བཟང་ལགས། དོན་དམ་བདེན་པ་རྟོགས་ཚར་བའི་རྗེས་སུ་ཕྱིར་འཁོར་བ་ལ་འཁོར་མི་དགོས་པ་རེད། དེ་བཞིན་གཤེགས་པ། ཕྱིར་མི་ལྡོག་པར་གཤེགས་པ། ཕྱིར་མི་འོངས་བ་སོགས་ཀྱི་མིང་བཏགས་དོན་ཡང་དེ་རེད་ལགས།
རིགས་ལྡན་ལགས་ཀྱི་བཀའ་མོལ་དེའི་ནང་དོན་ཏག་ཏག་ཅིག་གོ་མ་སོང་ལགས།
སྐལ་ཆེན་གྲངས་མེད་གསུམ་དུ་སྙིང་རྗེ་སྒྲུབ་ནས་དགོས་དོན་མི་འདུག
སྙིང་རྗེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་ཚུལ་མི་འདུག
རིག་པ་རྒྱུན་ཆད་དུ་འདོད་པ་དང་མཚུངས།
སྣང་བས་ཡོད་མཐའ་སེལ་ཚུལ་ཞིག་མི་འདུག
ལམ་ལ་ལམ་བདེན་གྱི་ཁྱབ་པར་འདོད་པའི་གྲུབ་མཐའ་སྨྲ་བ་དང་མཚུངས།
འོ་ལགས་སོ། སྤོབས་པ་མཐའ་ཡས་ལགས་ནས་བློ་བཟང་ལ་གསུང་སྟངས་ལྟར་ན་དོན་དམ་རྟོགས་པ་གཟུང་ཕྱིར་མི་ལྡོག་པའི་སར་གནས་པ་ལྟར་གསུང་འདུག དེ་ལྟར་འདོད་ཚུལ་ནི་གྲུབ་མཐའ་སུ་ཡི་བཞེད་གཞུང་དང་འགྲེལ་ཡོད་དམ། སྤྱིར་བཏང་དོན་དམ་རྟོགས་ན་ཕྱིར་མི་ལྡོག་པའི་སར་གནས་མི་དགོས་བར་ཐལ། ཐེག་ཆེན་ཚོགས་ལམ་དང་སྦྱོར་ལམ་པ་དེས་ཕྱིར།
འཕགས་པས་རྒ་དང་ན་བ་དང་།།འཆི་བའི་སྡུག་བསྔལ་རྩད་ནས་སྤངས།།
སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ཤིང་།།
པདྨའི་མཚོ་རུ་ངང་པ་ལྟར།། མནར་མེད་པར་ཡང་འཇུག་པར་འགྱུར།།
ཤེས་པས་སྲིད་ལ་མི་གནས་ཤིང་།།
སྙིང་རྗེས་ཞི་ལ་མི་གནས་པ།།
ཡིད་བཞིན་ནོར་དང་དཔག་བསམ་ཤིང་།།
ཇི་ལྟར་རེ་བ་ཡོང་སྐོང་བ།།
དེ་བཞིན་འདུལ་བྱའི་སྨོན་ལམ་གྱིས།།
དབང་གི་རྒྱལ་བས་སྐུར་སྣང་ངོ་།།
དགེ་སློང་དག ཁྱེད་ཀྱིས་མིག་ལ་ཆགས་པ་གང་ཡིན་པ་དེ་སྤོངས་ཤིག་དང་། དེས་མིག་སྤངས་བར་འགྱུར་རོ།།
དེ་བཞིན་གཤེགས་པའི་དོན། འཕགས་པ་ཐོགས་མེད་སངས་རྒྱས་རྗེས་དྲན་གྱི་
མདོ་འགྲེལ་ལས། དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་སྟེ།
དེ་ཁོ་ན་བཞིན་དུ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པར་མཛད་ཅེས་བྱ་བའི་དོན་ཏོ།
ཞེས་སོགས། དེ་ཁོ་ན་ཉིད་རང་ཉིད་གཟིགས་ཤིང་དེ་ལྟར་གཞན་ལའང་སྟོན་པར་
གོ་རྒྱུ་ལས། སླར་མི་འོང་བའི་གོ་དོན་མེད།
ཕྱིར་མི་ལྡོག་པ་ནི། སྤངས་པ་ལས་ཉམས་པ་མེད་པའི་དོན་ལས། ནམ་ཡང་འཁོར་བར་
མི་འོངས་བའི་དོན་མིན།
ཕྱིར་མི་འོངས་པ་ཞེས་དགེ་འདུན་ཞུགས་འབྲས་སྐབས་ཀྱི་ཐ་སྙད་ཞིག་ལས་སངས་རྒྱས་
ལ་སྦྱར་རྒྱུ་ཡོད་པ་ངས་གོ་མ་མྱོང།
ཀུན་རྫོབ་ཀྱིས། ཆད་མཐའ་བསལ། དོན་དམ་གྱིས། རྟག་མཐའ་བསལ། མཐའ་གཉིས་སྤངས་པས། མཐའ་བྲལ་གྱི། ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་དགོས།
ཏི་སེ་ལགས། ང་ཚིག་འཁྲི་དེ་ཙམ་ལ་འཇིགས་ན་ངས་འདི་འབྲི་ཡང་འབྲི་གི་མ་རེད། དོན་དམ་རྟོགས་པ་ལ་རིམ་པ་མི་འདྲ་བ་མང་པོ་ཡོད་པས་ས་བཅུའི་རིམ་པ་བྱུང་བ་རེད་ལགས།
སྤྱིར་དོན་དམ་རྟོགས་པའི་རྟགས་འདྲ་བོ་ཞིག་ནི་སོ་སོའི་སྐྱེ་བོའི་དུས་ན་ཡང་ཡོད་པ་རེད། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས།།མིག་ལས་མཆི་མ་འཁྲུགས་པ།།ལུས་ཀྱི་བ་སྤུ་གཡོ་བ། སེམས་ལ་དེའི་ཕྱོགས་ལ་དགའ་བ་ཡང་ཡང་དུ་འབྱུང་བ་སོགས་ཀྱང་ཡག་རྟགས་ཡིན་པ་རེད།
བློ་བཟང་འདི་བླུན་པ་ཚོད་ཅིག་མི་འདུག སངས་རྒྱས་ཀྱིས་འགྲོ་བའི་དོན་མཛད་ཟེར་བ་དེ་དང་པོ་ཡར་སོང་དེ་ནས་མར་ཡོང་བའི་དོན་མ་རེད། སངས་རྒྱས་སངས་རྒྱས་ཀྱི་ས་ལ་གནས་བཞིན་དུ་སྤྲུལ་པས་འགྲོ་དོན་མཛད་པ་རེད། དཔེ་བཞག་ན། རང་རེ་བོད་ཀྱི་བཀའ་བློན་དེ་ཚོ་ཨ་རིའི་མི་སེར་ཡིན་བཞིན་དུ་བོད་དོན་སྒྲུབ་གི་ཡོད་པ་འདྲ་བོ་རེད། ཡང་དཔེ་དོན་གཉིས་ཀ་དཀྲུག་ནས་ཚིག་འཁྲི་བྱེད་མ་ཡོང་ང་། སངས་རྒྱས་ཚར་ན་མར་འཁོར་བའི་ནང་ལ་སྐྱག་པ་ཟ་ས་ག་རེ་བྱེད་གི་ཡོང་བ་རེད། ང་ཚོ་བོད་མི་ཚོ་ཨ་མེ་རི་ཁར་སླེབས་ཚར་ན་ཚུར་རྒྱ་གར་ལ་ལོག་རོགས་བྱེད་གི་མ་རེད་བ། དེ་འདྲ་རེད།
དོན་དམ་རྟོགས་པའི་རྟགས་ལ་སྐྲག་སྣང་དགའ་སྣང་གཉིས་ལས་གཞན།
དོན་དམ་རྟོགས་པ་ལས་མིག་ལས་མཆི་མ་གང་བྱས་ནས་འཁྲུགས་དགོས།
འཇུག་པར་གསུངས་པ་དེ་དོན་དམ་རྟོགས་པའི་རྟགས་རེད་དམ། བག་ཆགས་
སད་པའི་རྟགས་སུ་གསུངས། དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད།
ཞེས་པ་ལས་དོན་དམ་རྟོགས་གསུངས་མེད།
ཡ་ཡ་འོ་ན། སྤྲུལ་པ་དེ་སངས་རྒྱས་མ་རེད་ཟེར་རྒྱུ་ཡིན་པས། སྐུ་བཞི་འམ་གསུམ་གྱི་བདག་ཉིད་
ཟེར་ན་གང་རེད།
སྤྲུལ་པའི་འགྲོ་དོན་མཛད་ཟེར་བའི་འགྲོ་བ་དང་དོན་གཉིས་ཀུན་རྫོབ་རེད་དམ་དོན་དམ་རེད། ཨ་ཁ་ཁ
སྤྲུལ་པའི་འགྲོ་དོན་གཅིག ལོངས་སྐུའི་འགྲོ་དོན་ཞེས་སོ་སོར་ནས་སེལ་ན། སངས་རྒྱས་ཀྱི་འགྲོ་དོན་མེད་སོང་བ་མ་རེད་པས། ཨ་ཁ་ཁ
བློ་བཟང་ལགས། སངས་རྒྱས་སྤྲུལ་པའི་སྐུས་འགྲོ་དོན་མཛད་པ་ཞེས་པ་དེ་སངས་རྒྱས་ལ་ཆོས་སྐུ་ལས་གཞན་དུ་གྱུར་པ་ཞིག་མ་རེད། སེམས་ཅན་གྱི་ངོར་སྣང་རྒྱུ་དེ་ཀུན་རྫོབ་རེད། སེམས་ཅན་ཀྱི་བསོད་ནམས་ཀྱི་རྐྱེན་ལས་སྣང་བས་སོ།།
ཆོས་སྐུ་ལས་གཞན་རྣམས་སེམས་ཅན་སྣང་ངོ་འབའ་ཞིག་ཡིན་ན། སེམས་ཅན་ལ་སྣང་བའི་ཀུན་རྫོབ་དེ་
སངས་རྒྱས་ཀྱི་ཡོན་ཏན་རེད་དམ། སེམས་ཅན་རྒྱུད་ཀྱི་བསྡུད་པ་རེད།
གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་ཆོས་གཟུགས་གཉིས། ཞེས།
ནང་པས་ཐོབ་བྱའི་ཡོན་ཏན་གང་ཡོད་གཞིའི་གནས་ཚུལ་དང་འབྲེལ་བ་ལས།
རྟོག་བཟོ་མ་ཡིན་པར་ཁས་ལེན་པ་མ་ཡིན་ནམ།
བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་ཤོག ཞེས་པའི་སྐུ་གཉིས་མེད་པར་ཐལ།
ཆོས་སྐུ་ལས་གཞན་དུ་མེད་པའི་ཕྱིར།
ཡང་། མདོ་སྔགས་གཉིས་ལ་ཁྱད་པར་འཇོག་བྱེད་མེད་པར་ཐལ། ཆོས་སྐུའི་རྒྱུ་སྒྲུབ་བྱེད་མཚུངས་པ་
གང་ཞིག གཟུགས་སྐུ་སྒྲུབ་པ་ལ་ངལ་བ་དོན་མེད་ཡིན་པའི་ཕྱིར། ཨ་ཁ་ཁ
ཆོས་སྐུ་ལས་གཞན་རྣམས་སེམས་ཅན་གྱི་སྣང་ངོ་འབའ་ཞིག་ཡིན་ནམ། ཡང་སེམས་ཅན་
ལ་སྣང་བའི་སྤྲུལ་པ་དེ་སངས་རྒྱས་ཀྱི་ཡོན་ཏན་རེད་དམ། སེམས་ཅན་རྒྱུད་ཀྱི་བསྡུད་པ་རེད།
གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་ཆོས་གཟུགས་གཉིས་མ་རེད་དམ།
བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག ཞེས་པའི་སྐུ་གཉིས་
གང་རེད།
མདོ་སྔགས་གཉིས་གཟུགས་སྐུ་སྒྲུབ་ཚུལ་ལས་ཁྱད་པར་འབྱེད་མི་དགོས་པར་ཐལ།
འབྲས་བུ་གཟུགས་སྐུ་མེད་པའི་ཕྱིར། ཨ་ཁ་ཁ
ལགས་སོ་སྤོབས་པ་མཐའ་ཡས་ལགས། ཚིག་འཁྲི་དེ་ཙམ་ལ་མ་འཇིགས་ན་ཁྱེད་རང་གི་སེམས་སྤོབས་རེད། དོན་དམ་རྟོགས་ཚུལ་ལ་་གོ་རིམ་པ་ཡོད་པས། ཚོགས་ལམ་སྐབས་སུ་ཐོས་བསམ་རྟོག་པའི་སྒོ་ནས་རྟོགས་པ་དང་། སྦྱོར་ལམ་ལ་དོན་སྤྱི་གསལ་སྣང་ཚུལ་དུ་རྟོགས་པ་དང་། མཐོང་ལམ་ལ་མངོན་སུམ་གསར་དུ་མཐོང་བ་དང་། སྒོམ་ལམ་གནས་སྐབས་སུ་རང་མཚན་ལ་འདྲིས་པའི་ཚུལ་དུ་རྟོགས་པ་དང་། འབྲས་བུ་སངས་རྒྱས་ས་ན་སྒྲིབ་པ་གང་གིས་མ་བསླད་པར་གསལ་བར་མཁྱེན་ཡོད། དེ་བཞིིན་ས་བཅུའི་ཉམས་ལེན་ཡང་རིམ་པས་ཉམས་རྟོགས་གོང་འཕེལ་སོང་བ་རེད། ཕྱིར་མི་ལྡོག་པ་ལའང་ཐེག་ཆེན་བཞེད་ཚུལ་གཅིག་དང་ཐེག་དམན་བཞེད་ཚུལ་དང་གཉིས་ཡོད་རེད། དང་པོ་ནི་འབྲས་བུ་སངས་རྒྱས་ས་ནས་ཐོབ་དགོས་པ་དང་། ཕྱི་མ་ནི་འདོད་ཉོན་ཆ་མ་ལུས་སྤོངས་ནས་སླར་འདོད་ཉོན་དབང་གིས་འདོད་ཁམས་སུ་སྐྱེ་བ་མེད་པ་ཞིག་ལ་འདོད་མོད། འོན་ཀྱང་། ཉིད་ཀྱིས་༼ཕྱིར་མི་ལྡོག་པ་ལ་མང་ཡོད་༽ཞེས་པ་དེ་གང་ཞུ་དེ་གཉིས་དང་འགྲེལ་ཚུལ་མི་མཐུན་པའི་མང་པོ་ཡོད་དོན་རེད་དམ། དེ་གཉིས་རང་ལ་འདུ་གི་ཡོད།
སྤབས་པ་ལགས་ཀྱིས་ཚིག་ཟིན་ལྟར་དེ་ལྟར་གསུང་མིན་ཡང་དོན་གྱི་གོ་བ་ལེན་སྟངས་ཐོག་ནས་ཞུ་བ་ཡིན།
སྤོབས་པ་ལགས། ཐད་སོ་ནས་བལྟ་བའམ་རིལ་གྱིས་ནི་རྦད་དེ་གོ་བ་མི་ལོན་པ་ལྟ་བུར་སྣང་བ་ཞིག་ཡིན་ལ། དེ་ལོས་ཡིན་ཟབ་མོ་ལྟ་བུའི་རྣམ་གཞག་བསྟན་གི་ཡོད་པ་རེད། ཡིན་ནའང་། ས་སྐྱ་ལེགས་བཤད་ཀྱི་ཉམས་ཤར་བ་བདེའི་འཇུག་བདེའི་ཚིགས་བཅད་ཀྱང་མི་ཉུང་བ་ཞིག་ཡོད་དེ། དཔེར་ན།
གལ་ཏེ་འདི་དག་ཀུན་སྟོང་ན༎ འབྱུང་བ་མེད་ཅིང་འཇིག་པ་མེད༎
འཕགས་པའི་བདེན་པ་བཞི་བོ་རྣམས༎ ཁྱོད་ལ་མེད་བར་ཐལ་བར་འགྱུར༎
ཞེས་དང་།
འཕགས་པའི་བདེན་པ་བཞི་མེད་པས༎ ཡོངས་སུ་ཤེས་དང་སྤང་བ་དང༌༎
བསྒོམ་དང་མངོན་དུ་བྱ་བ་དག འཐད་པར་འགྱུར་བ་མ་ཡིན་ནོ༎
༢༤ – ༣ དེ་དག་ཡོད་པ་མ་ཡིན་པས༎ འབྲས་བུ་བཞི་ཡང་ཡོད་མ་ཡིན༎
འབྲས་བུ་མེད་ན་འབྲས་གནས་མེད༎ ཞུགས་པ་དག་ཀྱང་ཡོད་མ་ཡིན༎
ཞེས་དང་། ཆོས་དང་དགེ་འདུན་ཡོད་མིན་ན༎ སངས་རྒྱས་ཇི་ལྟར་ཡོད་པར་འགྱུར༎
དེ་སྐད་སྟོང་པ་ཉིད་སྨྲ་བ༎ དཀོན་མཆོག་གསུམ་ལ་གནོད་ ཅེས་དང་།
སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ༎ བདེན་པ་གཉིས་ལ་ཡང་དག་བསྟེན༎
འཇིག་རྟེན་ཀུན་རྫོབ་བདེན་པ་དང༌༎ དམ་པའི་དོན་གྱི་བདེན་པའོ༎
གང་དག་བདེན་པ་དེ་གཉིས་ཀྱི༎ རྣམ་དབྱེ་རྣམ་བར་མི་ཤེས་པ༎
དེ་དག་སངས་རྒྱས་བསྟན་པ་ནི༎ ཟབ་མོའི་དེ་ཉིད་རྣམ་མི་ཤེས༎
ཐ་སྙད་ལ་ནི་མི་བརྟེན་པར༎ དམ་པའི་དོན་ནི་བསྟན་མི་ནུས༎
དམ་པའི་དོན་ནི་མ་རྟོགས་པར༎ མྱ་ངན་འདས་པ་ཐོབ་མི་འགྱུར༎
སྟོང་པ་ཉིད་ལ་བལྟ་ཉེས་ན༎ ཤེས་རབ་ཆུང་རྣམས་ཕུང་བར་འགྱུར༎
ཅི་ལྟར་སྦྲུལ་ལ་བཟུང་ཉེས་ན༎ རིགས་སྔགས་ཉེས་པར་བསྒྲུབས་པ་བཞིན༎
དེ་ཕྱིར་ཞན་པས་ཆོས་འདི་ཡི༎ གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས༎
ཐུབ་པའི་ཐུགས་ནི་ཆོས་བསྟན་ལས༎ རབ་ཏུ་ལོག་པར་གྱུར་པ་ཡིན༎
སྐྱོན་དུ་ཐལ་བར་འགྱུར་བ་ནི༎ སྟོང་ལ་འཐད་པ་མ་ཡིན་པས༎
ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ༎ གང་དེ་ང་ལ་མི་འཐད་དོ༎
གང་ལ་སྟོང་བ་ཉིད་རུང་བ༎ དེ་ལ་ཐམས་ཅད་རུང་བར་འགྱུར༎
གང་ལ་སྟོང་ཉིད་མི་རུང་བ༎ དེ་ལ་ཐམས་ཅད་མི་རུང་འགྱུར༎
ཞེས་དང་།
ཁྱོད་ནི་རང་གི་སྐྱོན་རྣམས་ནི༎ ང་ལ་ཡོངས་སུ་སྒྱུར་བྱེད་པ༎
རྟ་ལ་མངོན་པར་ཞོན་བཞིན་དུ༎ རྟ་ཉིད་བརྗེད་པར་གྱུར་པ་བཞིན༎
གང་ཕྱིར་བརྟེན་འབྱུང་མ་ཡིན་པའི༎ ཆོས་འགའང་ཡོད་པ་མ་ཡིན་པ༎
དེ་ཕྱིར་སྟོང་པ་མ་ཡིན་པའི༎ ཆོས་འགའང་ཡོད་པ་མ་ཡིན་ནོ༎
གལ་ཏེ་འདི་ཀུན་མི་སྟོང་ན༎ འབྱུང་བ་མེད་ཅིང་འཇིག་པ་མེད༎
འཕགས་པའི་བདེན་པ་བཞི་པོ་རྣམས༎ ཁྱོད་ལ་མེད་པར་ཐལ་བར་འགྱུར༎
ཞེས་སོགས་ནི་དབུ་མ་འཇུག་པའི་ནང་གི
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།
ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།
མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།
རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།།ཞེས་སོགས་དང་ཧ་ཅང་འདྲ་བོ་མ་རེད་དམ།
བློ་བཟང་ལགས། སངས་རྒྱས་ཀྱི་གཟུགས་སྐུ་ནི་རྟེན་འབྲེལ་གྱི་དབང་གིས་སྣང་བ་ཞིག་རེད། དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་གདུལ་བྱའི་བསོད་ནམས་གཉིས་ཆར་ལས་བྱུང་བ་རེད། དེ་ལུགས་མདོ་གསེར་འོད་དམ་པའི་ནང་ལ་གསལ་ཞིང་ཞིབ་པར་བསྟན་ཡོད། ངས་དེའི་དཔེ་དང་བཅས་པ་དྲན་གྱི་འདུག དེ་ཡང་། དཔེར་ན། ཀོ་བ་དང་། དབྱུ་གུ་དང་། མིའི་ལག་པ་ལ་བརྟེན་ནས་རྔའི་སྒྲ་འབྱུང་ཡང་། རྔའི་སྒྲ་དེ་ནི། ཀོ་བ་ལས་བྱུང་བ་ཡང་མ་ཡིན། དབྱུ་གུ་ལས་བྱུང་བ་ཡང་མ་ཡིན། མིའི་ལག་པ་ལས་བྱུང་བ་ཡང་མ་ཡིན་མོད་ཀྱིས་རྟེན་འབྲེལ་གྱི་དབང་གིས་རྔའི་སྒྲ་འབྱུང་ངོ་། རྔའི་སྒྲ་དེ་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མི་འགྲོ་སོགས་གསལ་པོར་གསུངས་ཡོད།
ངས་གོང་དུ་དབུ་མ་རྩ་བ་ཤེས་རབ་འདི་བཤད་ཡོང་དུས་སུ་གཅིག་གིས་གླགས་མི་ཁེལ་བ་ཞིག་ཡིན་རུང་མཚན་ཉིད་རིགས་པ་ཁོ་ན་རྩལ་དུ་བཏོན་སྟབས་ཉམས་སུ་ལེན་པ་ལ་དཀའ་ངལ་ཡོད་ལུགས་བཤད་པ་དེས་ཁྱོད་དོག་འགྲོག་ཆེན་པོ་ཞིག་ལངས་སོང་བ་འདྲ། དེ་ནི་ཟླ་བ་གྲགས་པ་རང་ཉིད་ཀྱིས་གསུངས་པ་དེ་ངས་གོ་སླ་བོས་བཤད་པ་མ་གཏོགས་ངས་སྐུར་འདེབས་འདྲ་བྱས་པ་མིན། དབུ་མ་ལ་འཇུག་པ་ལས། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགསཔས། ། སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །ལེའུ་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། འདི་ལ་བསམ་བློ་ཐོངས་དང་གོ་རྒྱུ་ཞིག་ཡོད་དོ།།
ཆོས་ཉམས་ལེན་པ་ཞིག་ལ་མཚོན་ན་དབུ་མ་ལ་འཇུག་པ་འདི་རྩ་བ་ཤེས་རབ་ལས་ཀྱང་གལ་ཆེན་པོར་སོང་འདུག་ག རྩ་བ་ཤེས་རབ་ཀྱི་མགོ་ཞིག་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐོར་ཉུང་ཞིག་ཡོད་པ་མ་གཏོགས་ས་ལམ་གྱི་སྐོར་ཅང་མི་འདུག་ག དབུ་མ་ལ་འཇུག་པ་འདིའི་ནང་ས་ལམ་གྱི་སྐོར་ཡང་གསལ་ཞིང་རྒྱས་པ་འདུག་ག མཁས་པ་ཚོས་གསུངས་ཡོང་དུས་དེ་ནི་ཟླ་བ་གྲགས་པས་དབུ་མ་རིན་ཆེན་ཕྲེང་བའི་ནང་ནས་ཚུར་བཏུས་པ་རེད་ཟེར་སྲོལ་འདུག ཚིག་གི་ཁ་སྤུ་སྣ་སྤུ་བཏོག་ནས་མ་འདུག་པར་དོན་གྱི་གནད་ལ་གོ་བ་ཆེ་ས་ནས་བསམ་བློ་རེ་ཐོངས་དང་ཕན་རེ་ཐོགས་གི་རེད།
སྤོབས་པའི་རྣམ་དཔྱོད་རྒོད་ན་ཡང་། །
བོན་རྒྱའི་རིག་ལམ་དོ་ཟླ་མིན། །
མགྲིན་ངན་བོང་བའི་གོམ་ཁ་ཡིས། །
ཅང་ཤེས་རྟ་ཕོར་འགྲན་མ་ཡིན། །
ཁྱེད་རང་གིས་”རྩ་ཤེས་ཁ་བདེ་དང་གོ་བདེ་འདྲ་རེད། ཞེས་པ་དེ་འཇུག་པའི་ཚིག་དེའི་འགྲེལ་པ་
ཡིན་ན་ནི། བརྗོད་དོན་གཏན་ནས་མི་འདྲ་བར་སོང་འདུག བསྟོད་མི་ཤེས་པའི་བསྟོད་པ་ལས་་་་་
གང་ལྟར་རྩ་ཤེས་གལ་ཆེན་པོ་མིན་པ་དེ་ས་ལམ་གྲོས་ཚུལ། བྱམས་སྙིང་རྗེ་སོགས་ཁ་གསལ་མེད་པས་
ཡིན་འདུག་ན། ཁྱེད་ཀྱིས་ཇི་སྙེད་བཀའ་རྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་དེ་འཇུག ཞེས་དང།
ཡན་ལག་ལྟ་བུར་ཐུབ་པས་གསུངས། ཞེས་མི་རྟག་སོགས་བཅུ་ལྔ་པོ་བདག་མེད་རྟོགས་པའི་ཐབས་སུ་
གསུངས་པ་སོགས་དང་། བསྟན་པའི་སྙིང་པོ་སྟོང་པ་ཉིད། ཞེས་དང་ཁྱེད་རང་གིས་འདོད་བཞིན་པ་
ནམ་ཡང་བསླུ་བ་མེད་པའི་དོན་ནམ་བདེན་པ་རྣམས་གལ་ཆེ་པོ་གང་འདྲ་ཞིག་ལ་འདོད་མིན་ཁྱེད་ནས་
མཁྱེན་གསལ་རེད། དེས་ན་རྩ་ཤེས་ཆོས་ཅན། ཤིན་ཏུ་ནས་གལ་ཆེ་ཡིན་པར་ཐལ། བསྟན་པའི་སྙིང་པོའི་
ནང་གི་ཡང་སྙིང་དེ་བརྗོད་བྱར་བསྟན་པའི་ཕྱིར།
ཡང་ན་བཀའ་བརྒྱད་སྟོང་པ་ཆོས་ཅན། གལ་ཆེན་པོ་མ་ཡིན་པར་ཐལ། ལམ་གྱི་ངོ་བོ་དང། གྲངས། གོ་རིམ་
ངེས་པ་སོགས་མ་བསྟན་པའི་ཕྱིར། ཡང་ན་མངོན་རྒྱན་ཆོས་ཅན། ཡུམ་རྒྱས་འབྲིང་བསྡུས་གསུལ་ལས་
གལ་ཆེ་བར་ཐལ། ས་ལམ་སོགས་ཁ་གསལ་གསུང་པའི་ཕྱིར།
ཡང་ན་བཀའ་ཡི་བརྗོད་བྱ་ཟབ་རྒྱས་གཉིས་ལས་ཟབ་པ་དེ་ཆོས་ཅན། གལ་ཆེན་པོ་མ་ཡིན་པར་ཐལ།
དེ་བརྗོད་བར་བྱེད་པའི་གཞུང་རྩ་ཤེས་དེ་གལ་པོ་མ་ཡིན་པའི་ཕྱིར། ཨོ་་་ཡེ་་
་་་་་་་་་་་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་་་་་་་་་ཟེར་བ་དེ་དངོས་གནས་ག་འདྲ་ཞིག་ཡོད་པ་ཡིན་ནམ། །
ཐེག་ཆེན་རིགས་ཅིག་གིས་རང་ཉིད་ཀྱིས་སྟོང་ཉིད་ལ་ཐོག་མར་ངེས་ཤེས་སྐྱེས་དུས་ཙམ་ནས། སེམས་ཅན་གཞན་སྟོང་ཉིད་རྟེན་འབྲེལ་གྱི་དོན་ལ་རྨོངས་ནས་སྡུག་བསྔལ་བ་ལ་སྙིང་རྗེ་ལྷག་པར་འདྲེན་པས་དབང་གིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་གསུངས་པ་མིན་ནམ་སྙམ་མོ།།
http://www.himalayabon.com/news/2013-06-20/225.html
ད་ཡིན་ན་སྤོབས་པས་གསུང་གིས་དྲ་འབི་ཚོ་མགོ་བརྡུངས་ཟིན་འདུག སྤོབས་པ་མཐའ་ཡས་དངོས་རེད། དམིགས་བསལ་ཞུ་ཡ་གང་ཡང་མེད།
༤༣༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༠ གི་ཆུ་ཚོད་ ༢ སྐར་མ་ ༡༤
རིགས་ལྡན་ལགས་ཀྱི་བཀའ་མོལ་དེའི་ནང་དོན་ཏག་ཏག་ཅིག་གོ་མ་སོང་ལགས།
སྤོབས་མཐའ་ལགས་སུ།
སྐུ་ཉིད་ཀྱི་དཔྱད་ཐུང་གི་ཟུར་མཆན་དུ་གཞི་བདེན་པའི་གནས་ལུགས་གཙོ་བོར་མིན་པར་གྲོང་ཚིག་བབ་ཅོལ་ཚིག་རྗེན་སྟེང་ནས་གནས་ལུགས་སྐོར་བཀོད་པ་དེ་བདེ་མོར་མ་མཐོང་བས་ཡིན། རྩ་བའི་འདོད་མོས་ཡིན་རུང་སྐབས་དོན་དེ་འདྲ་ཨེ་ཡིན་སྙམ་ནས་ཞུས་པ་ལས་དེ་མིན་གནད་དོན་གང་ཡང་མེད།
༦༤༽ BONPO ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༠ གི་ཆུ་ཚོད་ ༡༡ སྐར་མ་ ༣༡
་་་་་་་་་་་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་་་་་་་་་ཟེར་བ་དེ་དངོས་གནས་ག་འདྲ་ཞིག་ཡོད་པ་ཡིན་ནམ། །
བོན་པོ་ལགས།
སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ།།མི་ཤེས་པས་ནི་འགྲོ་བ་འཁྱམས་འགྱུར་ཅིང་།།དེ་ལྟར་ཐུགས་རྗེ་མངའ་བའི་ཐབས་ཚུལ་གྱིས།།རིགསཔ་བརྒྱ་དག་གིས་ནུ་འཛུདཔར་མཛད།།ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་ཉིད་ཇི་ལྟ་བར་མ་ཤེས་ནས་འཁོར་བར་འཁྱམས་ཚུལ་ལས་སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་ངེས་པར་ཉམས་སུ་བཞེས་དགོས་པའི་སྒྲུབ་བྱེད་མཐར་ཐུག་ཆོས་ཀུན་རང་བཞིན་གྱིས་སྟོང་པས་ཡིན་པ་དང་། སྙིང་རྗེ་ཆེན་པོའི་ལས་འགན་མཐར་ཐུག་དེ་ཡང་། ཆོས་ཉིད་བདེན་པ་བསྟནཔས་འགྲོལ་བར་གྱུར། ཅེས་པ་བཞིན་རིགས་ཚུལ་བརྒྱ་ཕྲག་གིས་ཆོས་གསུང་བ་ལས་ཐབས་གཞན་མེད་པས་ཡིན། གང་ལགས་ན། སྡིག་པ་ཆུས་འཁྲུར་མེད་ལ། སྡུག་བསྔལ་ཕྱག་གིས་སེལ་ཐབས་མེད་ལ། རྟོགས་པ་གཞན་ལ་སྤོར་ཡང་མེད་པས་ཐབས་ཉག་གཅིག་ནི་ཆོས་ཚུལ་རིགསཔས་གཏན་ལ་འབེབས་པ་ལས་གང་ཞིག་རྙེད་དུ་ཡོད་དེ་མེད་པས་སོ།།
འགྲན་གྱི་ཟླ་བྲལ། དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ཀྱིས། རིགས་ལམ་འབུམ་གྱིས་སྟོང་ཉིད་གཏན་ལ་འབེབས་བྱེད་དབུ་མ་འཇུག་པའི་མཆོད་བརྗོད་དུ། སྙིང་རྗེ་ཆེན་པོ་ལ་བསྟོད་ཕྱག་དམིགས་བཀར་གྱིས་མཛད་པའི་དགོས་སྙིང་དེར་ཟད་སྙམ།
དེ་བཞིན་རྒྱུའི་དང་པོའམ་རྒྱུ་བཟང་ཤོས་དེ་སྙིང་རྗེ་ཆེན་པོ་ཡིན་ལ། ནམ་ཞིག་གི་ཚེ་སྙིང་རྗེ་ཆེན་པོ་འཁྲུངས་ན། གཏན་གྱི་སྐྱིད་འགོ་གཞི་མ་ཚུགས། ཞུམ་མེད་རྒྱུན་བསྐྱང་བར་ངལ་བ་མེད་པ། མཐར་འབྲས་བུ་བཟང་པོ་འདོད་འཇོ་རེ་སྐོང་ནོར་བུ་འདི་ཉིད་ཡིན།
ཆོས་ཀུན་གདོད་ནས་སྟོང་པ་ཡིན་ན་སྙིང་པོ་གཅིག་ཡོད་པ་དེ་སྙིང་རྗེ་ཆེན་པོའོ།།བཙལ་བཙལ་ནས་རྙེད་དུ་མེད་པས་སྙིང་པོ་མེད་པ་དང་གཅིག་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ཡིན་པས་སོ།།
རིགས་ལྡན་རྒྱལ་པོ་ལགས།།
སྐུ་ཉིད་ཀྱིས་ལན་ཞིག་བྲིས་གནང་འདུག། བདག་གིས་དེ་རིང་མ་གཏོགས་མ་མཇལ། ལན་གནང་བར་བཀའ་དྲིན་ཆེ་ཞུ། །