ཨོ་རྒྱན་ཉི་མ།
—–༧རྒྱལ་བའི་དབང་པོ་ཀརྨ་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཨོཾ་སྭཱ་སྟི།
ཚོགས་གཉིས་རྒྱ་མཚོ་བསགས་པ་མཐར་ཕྱིན་ཏེ།།
སྐུ་བཞིའི་དེ་ཉིད་རྒྱལ་སར་དབུགས་འབྱིན་ཅིང་།།
འགྲོ་ཁམས་རྒྱ་མཚོར་འཇུག་པའི་དཔལ་མངའ་བའི།།
མཉམ་མེད་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
ཐེག་དགུའི་གསང་བའི་མཛོད་འཛིན་མཁྱེན་པའི་བདག །
ཐུགས་རྗེས་བོད་ཁམས་སྐྱོང་བར་དམ་བཅས་ཤིང་།།
ཚུལ་མིན་སྐྱེ་འགྲོ་གདུལ་ལ་ཆེས་དཔའ་བའི།།
ཨོ་རྒྱན་སངས་རྒྱས་གཉིས་པས་ཤིས་པ་སྩོལ།།
མཚུངས་མེད་བྱམས་དང་སྙིང་རྗེའི་གཏེར་འཆང་ཞིང་།།
སྲིད་པ་ཇི་སྲིད་འཁོར་འདིར་གནས་བཅས་ཏེ།།
མུ་མེད་འགྲོ་བ་སྒྲོལ་བར་ཐུགས་དམ་ཅན།།
ཕྱག་ན་པད་དཀར་འཛིན་དེས་བདག་སྐྱོངས་ཤིག །
གང་གི་ཐུགས་བསྐྱེད་བཙན་པའི་རྗེས་སྐྱོང་ཞིང་།།
རླབས་ཆེན་འགྲོ་བའི་དོན་ཆེན་སྒྲུབ་པ་ལ།།
འཕྲིན་ལས་རྣམ་བཞིའི་འཇུག་པ་ཆེས་མྱུར་བའི།།
བསྟན་འཛིན་རྒྱ་མཚོ་སྤྱི་བོའི་གཙུག་ཏུ་མཆོད།།
གཟུགས་སྐུའི་ཉི་གཞོན་གངས་རིའི་ལྗོངས་ནས་བཞད།།
མཁྱེན་པའི་བློ་གྲོས་འཕགས་པའི་ཡུལ་ནས་རྒྱས།།
སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ།།
ཨོ་རྒྱན་ཕྲིན་ལས་རྡོ་རྗེ་སྤྱི་བོས་མཆོད།།
གཟུངས་སྤོབས་བློ་གྲོས་དྲི་མེད་གཏེར་འཆང་ཞིང་།།
གཞན་ཕན་རླབས་ཆེན་འཕྲིན་ལས་འཇུག་པ་ཡིས།།
བགྲང་ཡས་སྐྱེ་འགྲོར་སྨན་པའི་ལམ་སྟོན་པ།།
མ་འོངས་གངས་རིའི་མགོན་ཁྱེད་གཏན་དུ་གུས།།
བསྟན་པའི་གཞི་མ་ཚུལ་ཁྲིམས་ཤིན་ཏུ་གཙང་།།
བསྟན་པའི་སྙིང་པོ་ཡང་དག་ལྟ་བས་མཛེས།།
བསྟན་པའི་འབྲས་བུ་གཞན་ཕན་སྙིང་རྗེའི་གཏེར།།
བསྟན་འཛིན་གཙུག་རྒྱན་ཁྱེད་ཉིད་ཕྱག་གི་ཡུལ།།
མ་སྨད་བསོད་ནམས་བྱེ་བས་ཉེར་འཕངས་པས།།
མ་བཅོས་མཚན་དཔེའི་རབ་མཛེས་རྒྱལ་བའི་སྐུ།།
མ་ལུས་གདུལ་བྱའི་དད་དམ་གཙང་མའི་ངོར།།
མ་འབད་ངང་གིས་སྣང་ལ་མི་གུས་སུ།།
གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག །
དགུང་ན་མཐོ་བ་ཉིད་ཀྱིས་གཟིགས་ཡོད་ན།།
བོད་མིའི་བདེ་སྡུག་ཐུགས་ནས་འདོར་མེད་ན།།
ད་ལྟ་ཉིད་ནས་བརྩོན་པའི་གོ་བསྒོས་ཤིག །
བཀའ་བབ་རྣམ་བཞིའི་ཆོས་བརྒྱུད་བླ་ཆེན་ཁྲོད།།
མཁས་གྲུབ་ཚད་ལྡན་བགྲང་ཡས་བཞུགས་ན་ཡང་།།
ཉིད་ཀྱི་མཛད་འཕྲིན་དོ་ཟླ་ཡོང་དཀའ་བས།།
གཡེལ་བ་མེད་པར་བོད་མིའི་བདེ་སྡུག་གཟིགས།།
སྔོན་བྱོན་དམ་པའི་གསུང་རབ་ཞུན་མཐར་བཅད།།
ད་ལྟའི་རིག་གཞུང་གསར་བ་མྱོང་གོམ་གྱིས།།
གོང་ས་མཆོག་གི་རྗེས་ཤུལ་ཟིན་ངེས་པའི།།
དམ་པའི་སྐྱེས་བུ་ཆེན་པོ་ཉིད་གྱུར་ཅིག །
རྒྱལ་དབང་ཀརྨའི་སྐུ་འཕྲེང་རིམ་བྱོན་གྱི།།
སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ།།
མ་འབད་ཉིད་ལ་འཕོས་པའི་བདེན་རྟགས་སུ།།
སྐུ་ན་ཕྲ་ཡང་མཁྱེན་རབ་ཆེ་འདིས་མཚོན།།
དེ་ཕྱིར་ཆོས་བརྒྱུད་རིས་མེད་བླ་ཆེན་དང་།།
ཚད་ལྡན་མཁས་གྲུབ་དུ་མའི་ཞལ་ཆབ་དག །
ཉིད་ཀྱི་ཐུགས་སུ་བསྐྱིལ་ལ་རེ་ཆེ་བས།།
གྱི་ནའི་ཚིག་འདི་ཁྱེད་ཀྱི་སྙན་ལ་བཏགས།།
ཀུན་དགའ་རྒྱལ་མཚན་ཀློང་ཆེན་རབ་འབྱམས་དང་།།
རང་བྱུང་རྡོ་རྗེ་བློ་བཟང་གྲགས་པའི་དཔལ།།
གསུང་རབ་རིན་ཆེན་དམ་པ་ཐུགས་ལ་བསྐྱིལ།།
རིག་གསར་ལྟ་གྲུབ་ཞལ་ནས་སྙན་གྱུར་ཅིག །
བོད་ཀྱི་འབྱུང་འགྱུར་ལེགས་ཉེས་གང་བྱུང་ཡང་།།
ཐུགས་ཀྱི་དཀྱིལ་ནས་ནམ་ཡང་མི་འདོར་བར།།
ཕ་མས་བུ་ལ་བརྩེ་བས་གདུང་བ་ལྟར།།
བྱམས་པའི་ཕྱག་ནས་འདོར་བར་མ་གྱུར་ཅིག །
ངེས་ལེགས་རིན་ཆེན་མཛོད་ལ་མངའ་བརྙེས་ཤིང་།།
སྟོན་དང་བསྟན་པ་གཉིས་གྱུར་འདུལ་བའི་ཁྲིམས།།
དགག་དགོས་ཡོངས་སུ་རྫོགས་པ་ལེགས་མཁྱེན་ནས།།
རྒྱལ་བསྟན་དྲི་མེད་ཡུན་དུ་འཛིན་གྱུར་ཅིག །
བསྟན་པའི་རྩ་བ་ལུང་རྟོགས་དམ་པའི་ཆོས།།
བསྟན་འཛིན་གཙོ་བོ་དགེ་འདུན་སྡེ་གཉིས་པོ།།
བསྟན་པ་འཛིན་སྐྱོང་སྤེལ་ལ་མི་ཞུམ་པའི།།
བསྟན་པའི་དེད་དཔོན་དང་མ་ཉིད་གྱུར་ཅིག །
ཅེས་པ་འདི་ནི་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ལ་དད་པ་དང་། དག་སྣང་ཆེ་ཞིང་། དེར་འཛིན་གྱི་མཁས་གྲུབ་དམ་པའི་ཞབས་རྡུལ་སྤྱི་བོར་ལེན་པ་ལ་མི་ཞུམ་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་༧རྒྱལ་དབང་ཀརྨ་པའི་སྐུ་འཕྲེང་བཅུ་བདུན་པ་༧ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ། འབྱུང་འགྱུར་བོད་ཀྱི་བདེ་སྡུག་གཟིགས་དགོས་པའི་བསྐུལ་བྱང་འདི་ཉིད། དམ་པ་གང་གི་སྐུའི་འཁྲུངས་སྐར་ལ་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཐོག་མ་བཀའ་བརྒྱུད་བསམ་ཡས་གླིང་ནས་བྲིས་ཏེ་ཕུལ།།
ཨོ་བདེ་ལེགས་སུ་གྱུར་ཅིག
བརྒྱ་ཕྲག་ལོ་ལ་བསགས་པའི་བག་ཆགས་གཏིང་མཐའ་བྲལ།
སེལ་མཛད་རྒྱལ་བ་བྱོན་ཡང་དམུས་ལོང་ཚུལ་འཛིན་པ།
གདོང་མར་གངས་ན་གནས་པའི་ཀླ་ཀློ་རིགས་འདི་ཚོས།
གྲུ་འཛིན་མགོན་གྱི་སྤྱན་ཆབ་ཡང་ཡང་ཕྱོས་པ་སྐྱོ།
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལས་ནི་མི་བཀྲུ་ཞིང་།
གཞན་ལ་གནོད་ནས་རང་ཉིད་བདེ་བར་མི་བྱེད་བསྟན་པ་མཆོག
དགྲ་འདུལ་གཉེན་སྐྱོངས་འཇིག་རྟེན་སྐྱ་བོའི་ལས་ཀྱི་ལུད་འདི་དག
ཞིང་མཆོག་འགྲུབ་པར་མི་ཕན་གནོད་ཡིན་གཞོན་ནུ་ཀརྨ་པ།
གང་གའི་ཀློང་གི་བྱེ་གྲངས་སྙེད་ཀྱི་འགྲོ་བས་བཀུར་ན་ཡང་།
ཁྱེད་ནི་སོར་སྐྱེས་གདོས་བཅོས་ཡིན་པར་དགོངས་ཤིག་ཀརྨ་པ།
རྒྱ་ནག་བོད་ཀྱིས་རྙོག་པའི་རྟིང་ཀ་དང་འདྲའི་ཅོལ་ཆུང་རྫིང་བུ་ན།
བྱང་སེམས་འཕགས་པའི་རིན་ཆེན་མཛོད་ནི་མེད་པར་བླ་མ་མཁྱེན།
དེའི་ཕྱིར་ཐེར་འབུམ་དྲུག་གི་འཛམ་བུ་གླིང་བ་འདི།
བུ་ལྟར་དགོངས་ནས་དམ་ཆོས་དཔྱིད་ཀྱི་སྦྲང་ཆར་འདི།
མཚུངས་མེད་འདྲེན་པའི་ལུགས་སུ་རྗེས་འབྲངས་ནས།
ཡང་དག་སྟོན་ལ་རེམ་ཞིག་གཞོན་ནུ་ཀརྨ་བ།
ལུང་རྟོགས་ཟབ་ཆོས་དཔལ་གྱིས་མངའ་བརྙེས་ཤིང་། དགེ་ལེགས་ཀུན་གྱི་འདབ་སྟོང་ཕྱོགས་བཅུར་གཡོ། མི་འཇིགས་ཐུགས་ཀྱི་མངའ་བདག་འགྲོ་བའི་མགོན། འདྲེན་མཆོག་ཀརྨ་པ་ལ་སྙིང་ནས་འདུད། མཆོད་བསྟོད་གཅིག་གིས་མདུན་བསུས་ཏེ་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་ཀུན་ཁྱབ་དབང་གི་རྡོ་རྗེ་མཆོག་གི་ཞབས་ཟུང་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོར་བརྟན་ཅིང་མཛད་འཕྲིན་ཉི་མའི་ཟེར་དང་སྡེབས་ཏེ་ཕྱོགས་མེད་མུ་མེད་དུ་ཁྱབ་པའི་གསོལ་འདེབས་རྩེ་གཅིག་ཏུ་ཞུའོ།།
ཀརྨ་སྐུ་ཕྲེང་གོང་མ་ཚོ་དངོས་གནས་རྟོགས་པ་མཐོན་པོ་ཉམས་ལེན་མཐར་ཕྱིན་པ་ཤ་སྟགས་རེད། དེས་ཕྱིར་སེམས་ཅན་ལ་ཕན་རྒྱ་ཆེན་པོ་ཐོགས་ཡོད་པ་རེད། ཡིན་ནའང་ད་རེས་སྐུ་ཕྲེང་འདི་ག་འདྲ་ཡིན་ནམ། ཆབ་སྲིད་དང་དེང་དུས་ཀྱི་འཕྲུལ་རིགས་སོགས་ལ་དབུ་འཁོར་ནས་ཉམས་ལེན་མཐར་ཕྱིན་པ་ཞིག་མ་ཡོང་ན་སེམས་ཅན་ལ་ཕན་ཐོགས་རྒྱུ་ལྟ་ཞོག་རང་མགོ་ཡང་མ་ཐོན་པར་འོང་སྲིད་པ་རེད། སྐྱབས་སུ་མཆི། ང་འདིའི་ཁ་འདི་འདུག་རན་ཞིག་མི་འདུག།
་༧རྒྱལ་དབང་ཀརྨ་པའི་སྐུ་འཕྲེང་བཅུ་བདུན་པ་༧ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་ཚེ་བརྟེན་ཞི་མཛད་ཕྲིན་རྒྱས་པ་སྨོན་
ཨོ་ཨོ་ཉི་འདིས་འདི་ལྟར་བཤད་རྒྱུ་སྔ་སོང། རང་ཉིད་བཀའ་རྒྱུད་པའི་ཆོས་ཚོགས་སུ་ཟ་ཚང་རྣམས་འཚོ་མལ་གཡར་བ་ཙམ་གྱིས་འདི་ལྟར་བྱེད་དགོས་དོན་འདུག་གམ། ཡིན་ནའང་ངོས་ལྟ་བུ་༧རྒྱལ་དབང་ཀརྨ་པའི་ཡང་སྲིད་ཡིན་ཟེར་མཁན་གཉིས་ཀ་ལ་སེམས་ཀྱི་འདུས་ཤེས་འཇོག་སྟངས་ལ་ཁྱད་པར་གང་ཡང་མེད། སུས་འཇོན་པ་དང་སུས་འགྲོ་བའི་བདེ་སྐྱིད་ལ་ཕན་པ་སུས་ནང་བསྟན་གཞུང་ལུགས་ནས་བཤད་པའི་ལྟ་སྤྱོད་ཉམས་ལེན་དེ་ཚོར་ཁ་ཁོག་གཉིས་མེད་གནང་ན་དེ་བས་འགྲིག་པ་ཡིན།
པདྨའི་མིང་ཅན་དེ་ལ་གཅིག་སོམ་དང་མི་འདིས་སྔར་དཔལ་དགྱེས་དང་ཨ་ཕྱི་ཆོས་སྒྲོན་ཟེར་བས་་་་༧ རྒྱལ་དབང་ཀརྨ་པའི་ཡང་སྲིད་ཨོ་རྒྱན་འཕྲིན་ལས་ལ་སྒྲོ་སྐུར་སྐྱོན་བརྗོད་ཚད་ལས་རྒལ་བ་བྱེད་སྟངས་རྣམ་པ་ཡོངས་སུ་མཐུན་འདུག
ད་བྱད་མ་རང་གཤེད་རང་ལ་ཕབ་ཀྱི་འདུག ཨོ་ཉི་ཁྱོད་ལའང་མི་འདི་འདྲ་ཞིག་དགོས་པ་འདུག པདྨ་ཁྱོད་ལའང་ཁྱོད་ཀྱི་སེམས་གསོད་མཁན་དེ་འདྲ་ཞིག་དགོས་པ་འདུག ད་གང་ལྟར་ཁྱེད་གཉིས་རྩོད་གནང་རོགས། ཨོ་ཉི་ཾཁྱོད་རང་ལའང་འདི་འདྲ་ཞིག་དགོས་བདེན་རེད། ག་དུས་ཡིན་ནའང་འདི་ལྟའི་ཨུ་ཚུགས་བྱས་ནས་གཅིག་བྲིས་ཡོང་གི་འདུག མ་གཞི་ནས་པདྨ་ཁྱོད་དང་ཨོ་ཉི་གཉིས་ཀའི་ངོ་ལ་གྷུ་རུ་རིན་པོ་ཆེ་དང་མཁན་སློབ་ཆོས་གསུམ་ལ་བརྩི་གུས་བྱེད་མཁན་དེ་རིགས་དག་པ་བཟང་བ་དང་་དེ་ལྟར་མི་བྱེད་མཁན་དེ་རིགས་ལ་ལྟ་ལོག་མུ་སྟེགས་ཕྱི་པ་བདུད་དུ་བལྟ་མཁན་ཞིག་རེད་པ།
ཁ་བརྡ་འདིའི་ནང་ལ་དཀར་པོ་ཐ་དག་ནག་པོ་བཟོ་བ་དང་། རིལ་རིལ་ཡོད་ཚད་དུམ་དུམ་བཟོ་བའི་ཡོན་ཏན་འདིས་བོད་མིའི་དབར་ལ་ཆིག་སྒྲིལ་ཟེར་བ་འདི་ཏོག་ཙམ་ཁག་པོ་རེད་འདུག ལྟོས་དང་། གུ་རུ་རིན་པོ་ཆེ་བཤད་ཡོང་ན། བོན་པོ་ཚོས་རྒྱུ་མཚན་དགུ་བཤད་ནས་ནག་པོ་བཟོ་གི་རེད། སྟོན་པ་གཤེན་རབ་བཤད་ཡོང་ན་ནང་པ་ཚོས་བཀའ་སྐྱོན་གཏོང་གི་རེད། ཀརྨ་པ་བྲིས་ཡོང་ན་རྙིང་མ་དང་ཞྭ་དམར་ཕྱོགས་གཏོགས་ཀྱིས་ནག་པོ་བཟོ་གི་རེད། རྗེ་ཙོང་ཁ་པ་ལ་བསྟོད་པ་ཞིག་བྲིས་ན་ས་སྐྱ་པས་སྡུག་རེས་ངན་ཚད་བཤད་ནས་ནག་པོ་བཟོ་གི་རེད། སྙིང་མའི་བླ་མ་ཞིག་ལ་བསྟོད་པ་ཞིག་བྲིས་ན་དགེ་ལྡན་པ་ཚོས་ཏག་ཏག་བཟོ་བར་བྱེད།
ཀརྨ་པའི་ད་ལྟའི་མཛད་ཕྱོགས་ལ་བལྟས་ན་མ་རེད་ཟེར་རྒྱུ་མི་འདུག དེང་དུས་སྤྲུལ་སྐུ་ལ་དེ་ཙམ་རྩེ་གྲ་རེད། ཡིན་ནའང་ཨོ་རྒྱན་ཉི་མ་རྙིང་མ་ནས་མའཇོན་དུས་བཀའ་བརྒྱུད་ལ་སྤྲེལ་ལད་འཁྲབ་པ་སྣང་བ་འགྲོ་མ་སོང་། བསམ་ཤེས་ལགས། ཀརྨ་པ་ལ་བསྟོད་པ་འབྲི་ན་ངེད་རྙིང་མ་ཚང་མི་དགའ་རྒྱུ་གང་ཡང་མེད། གནའ་ནས་ད་བར་བཀའ་རྙིང་གཉིས་ཞེས་དམ་ཚིག་གཙང་མ་རེད།
ཀུན་གཟིགས་ཞྭ་དམར་དགྲ་ཡི་དྭངས་མ་བཟུང་།།
བོད་ཀྱི་འབྱུང་འགྱུར་ལེགས་ཉེས་ཁ་ཡག་སྒྲོག།
དྲིན་ཆེན་བླ་མའི་བཀའ་དྲིན་ཐལ་དོང་གཡུགས།།
ཚན་རྩལ་རིག་པའི་དཔའ་བོ་ཁྱེད་མིན་ནམ། །
ཞེས་པའི་ལན་དུ། ཞྭ་དམར་པ་ནི།
ཀུན་གཟིགས་ཞྭ་དམར་དགྲ་ཡི་གྲོགས་སུ་གྱུར། །
བོད་ཀྱི་འབྱུང་འགྱུར་ལེགས་ཉེས་གཡང་ལ་བསྐྱུར། །
དྲིན་ཆེན་༸གོང་མའི་བཀའ་དྲིན་ཐལ་དོང་གཡུགས། །
ཚན་རྩལ་རིག་པ་རྗེས་ལུས་ཞྭ་དམར་པ། །
གང་དག་དགའ་བས་གླུ་དབྱངས་ལེན་ཡང་རུང་།།
འགའ་ཞིག་མ་དགའ་རྡུག་སྨྲས་འདོན་ཡང་རུང་།།
རང་གི་སེམས་ཀྱི་འཆར་སྣང་མ་ལུས་པ།།
སྦས་གསང་མེད་པར་འཆད་འདི་ཁོ་བོའི་ལས།།
འདི་ནི་ཨུ་རྒྱན་ཉི་མའི་ཆེད་དུ་ནས་རྙོག་གླེང་བཟོས་བཞག་པ་རེད། བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བརྒྱ་བཤད་སྟོང་བཤད་བྱེད་བཞིན་པའི་གང་ལ་ཀརྨ་པ་ལ་བསྟོད་ཁུལ་ཞིག་བྱས་ནས་བརྗོད་གཞི་གསར་པ་ཞིག་བཟོས། དེ་ལ་ང་ཚོས་ནང་འཁྲུག་རྒྱབ། ཡག་པོ་ཁྱོན་ནས་མི་འདུག ལེགས་ཉེས་དང་ཁྱད་ཕན་བལྟ་བཞིན་བལྟ་བཞིན་ལན་རྒྱག་དགོས་མིན་དགོངས་པ་བཞེད་གལ་ཆེ།
སྤྲུལ་སྐུའི་སྐད་ཆ་དྲོད་མ་ཡལ་གོང་ནས་ངས་སྤྲུལ་སྐུ་གང་ཞིག་མཚན་སྨོས་ནས་བསྟོད་ན་ཁྱེད་ཚོས་ཅི་བསམ་མམ།
ཁ་བརྡའི་དཔྱད་མཆན་པ་དག་གིས་སྐད་ཆ་གང་བཤད་ཀྱང་གང་ཟག་སྒེར་གྱི་གཏམ་དང་། བསམ་ཚུལ་མཚོན་པམལས། ཆོལ་ཁ་དང་། ཆོས་ལུགས་ཀྱི་ཚབ་ནུས་མཁན་སུ་གཅིག་མེད་པས་ཚང་མས་ཐུགས་ལ་ཞོགས།
ངས་མཐོང་ཚོད་ལ་ཁ་བརྡ་གོང་གི་དཔྱད་མཆན་པ་དག་ཉིན་གཅིག་དུས་ཚོད་ཅིག་བཟོས་ཏེ། ཡུལ་ལུང་གང་རུང་ཞིག་ཏུ་ཚོགས་འདུ་བསྐང་ན་ཚང་མ་དགའ་ཡ་ལེར། འཛུམ་དམུལ་ལེ་མཇལ་འཕྲད་གནང་བ་ལས། གཅིག་གིས་གཅིག་ལ་སྡང་མིག་བགྲད་ཅིང་། ཨམ་གཙུག་བསྡམ་མཁན་སུ་ཡོད་ཚོད་མ་རེད།
དེ་ཡིན་ན་་་་བོན་པོ་བ་ཞིག་གིས་མཆན་བཀོད་དུས་་་་དེ་ལ་ཁྱེད་ཀྱིས་བོན་དང་བོན་ཆོས་བོན་སྟོན་སོགས་ལ་ངན་སྨྲས་བྱས་པ་མི་དྲན་ནམ། ཧཧཧཧཧད་རྙིང་མའི་ནང་དུ་རབ་བྱུང་སྒྲུབ་སྟེ་སེར་མོའི་འཁྲབ་རྒྱུའི་རིགས་དྲ་མ་ཞིག་འཁྲབ་རྒྱུ་ཡོད་ལས་མེད་ལས་འཁྲབ། ད་བཀའ་རྒྱུད་ནང་དུ་སྔགས་འཆང་དཀར་པོའི་འཁྲབ་རྒྱུ་ཡོད་ལས་མེད་ལས་འཁྲབ་་་་དེ་ནས་གང་དུ་འགྲོ་སུས་ཤེས། ད་འཁྲོབ་སྟངས་ལེགས་གསོལ་ཡོད། བཀའ་རྙིང་ཟུང་འབྲེལ་འགྲོ་མིན་ལྟས་སྡད་ཡོད་ད།
ངས་ནི་དེང་སང་གི་སྤྲུལ་སྐུའི་མཚན་ཁུར་མཁན་ནང་ནས་རྩེ་དྲ་ཞིག་མཐོང་གི་ཡོད། དགུང་ན་ཕྲ་ཡང་མཁྱེན་རབ་རྒྱུས་པ། གཟུངས་སྤོབས་ཀྱི་བློ་གྲོས་ཀྱིས་ཕྱུག་པ། ལུགས་གཉིས་བྱ་བ་གང་ལ་ཡང་མི་ཞུམ་པའི་གདེང་དང་ལྡན་པ། ཁོང་འདྲ་བའི་སྤྲུལ་སར་སུ་ཡོད་ཁུར་ཤོག སྟོན་ཤོག
རེད། རྒྱལ་དབང་ཀརྨ་པའི་ཡང་སྲིད་གཉིས་ཀ་ལ་ང་ཡང་དགའ་བོ་ཡོད་དད་པ་ཡོད་མེད་མིན། གཅིག་ལ་དགྲ་དང་གཅིག་ལ་གཉེན་དུ་བཟུང་དགོས་པ་གང་ཡང་མེད། ཡང་སྲིད་གཉིས་དང་གསུམ་ལས་སོགས་ཡོང་ཆོག དཔེར་ན་བདུད་འཇོམ་དང་མཁྱེན་བརྩེ་བཞིན་ནོ། ནང་འཁྲུགས་མེད་ན་ལེགས་ཤོས་རེད། དེ་མིན་ཕྱི་རྒྱལ་བ་ཚོས་ནང་པའི་ཆོས་སྤྱོད་པ་དེ་ཚོའི་སྤྱོད་པ་ལ་ཉིན་རེར་དྭོག་པ་ཆེ་རུ་ཆེ་རུ་འགྲོ་གི་འདུག ཆགས་སྡང་གིས་བཟི་སྤྱོད་དེ་རིགས་ལ།
རེད། བླ་མ་གཅིག་ལ་རྣམ་སྤྲུལ་མང་པོ་རེད། འདི་རེད། འདི་མ་རེད་ཟེར་བ་ཁག་པོ་རེད། ཡིན་ན་ཡང་དེའི་ནང་ན་གཙོ་བོའམ། མཆོག་གཅིག་ལས་མེད་ངེས་པས། དེ་ལྟར་ཐུགས་ལ་བཞག་ལོས་དགོས། ཚང་མ་འདྲ་མཉམ་བྱས་ན་ཕྱག་ལས་གནང་ཤེས་ཀྱི་མ་རེད། དེ་ཕྱིར་བཀའ་བརྒྱུད་པ་ཡིན་ན་རེད། བོད་པ་ཚང་ལ་ཁོང་འདྲ་བོ་ཞིག་མེད་ཐབས་མེད་པའི་དུས་ལ་བསླེབས་པ་རེད། དེ་ཕྱིར་བོད་པ་ཚང་གིས་ནོར་བུ་རང་ལག་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་དགོས་པར་འདོད།
ས་ཆ་གང་དུ་སྐྱིད་པོ་ཡོད་ན་དེར་མ་སུན་གྱི་བར་དུ་གནས་བཅས་ཤིང་། དེར་བདེ་བོ་མེད་ན་གནས་སྤོ་ནས་འགྲོ་བ་དེ་ང་རང་གི་ལས་ཡིན་པ་འདྲ། དེ་ནི་ཡུལ་དུས་གང་ཟག་ལ་ལྟོས་པ་མ་ཡིན་པར་གང་ཟག་སྒེར་གྱི་མི་ཚེ་སྐྱེལ་སྟངས་ཤིག་རེད། དེ་ཕྱིར་ད་ལྟ་བསམ་ཡས་གླིང་ལ་བསྡད་ཡོད་ཀྱང་། ཉིན་ཞིག་ས་ཆ་གཞན་ཞིག་ལ་ཡོད་སྲིད་རྒྱུ་རེད། དེ་ཕྱིར་བཀའ་རྙིང་ཟུང་འབྲེལ་ཡིན་མིན་གང་ལྟར་ཡང་རྒྱུ་མཚན་ལྡན་པ་དང་། སྤྱི་ཚོགས་ལ་སྨན་པའི་བྱ་སྤྱོད་མཐའ་དག་དང་ལེན་བྱེད་བཞིན་པ་ཡིན།
ང་སྒོ་ཁྱི་ནང་བཞིན་ཆགས་ཀྱང་ང་རང་གི་ལས་རེད། པདྨ་ཁྱོད་འདྲ་བའི་ཕུང་གསུམ་པའི་གདོན་འདྲེ་དེ་དག་གི་འོག་ཏུ་རྡུག་རྒུར་བྱས་ཏེ། བསྡད་ཐུབ་མཁན་དེ་འདྲ་མིན། ངས་བསྟོད་སྨད་གང་བྱས་ཀྱང་། བསྟན་པ་དང་། མི་རིགས་ལ་སྨན་པའི་རེ་བ་ཡོད། བསྟོད་ཡུལ་ཡིན་ན་ལུགས་གཉིས་ཀྱིས་སྟོང་པ་ཚོར་སྔར་ཡང་བསྟོད་མྱོང་མེད། ད་ལྟ་བསྟོད་བསམ་མེད། མ་འོངས་པར་ཡང་མི་བསྟོད་ཁོ་ཐག་ཡིན། ངས་ཀརྨ་པ་ལ་བསྟོད་པ་དེ་ལྟོ་གོས་ཀྱི་ཆེད་དུ་གཏན་ནས་མིན། གལ་སྲིད་བཙན་བྱོལ་ནང་ལ་གོང་ས་མཆོག་ཡར་ཕུད། ཁོང་ལས་ལྷག་པའི་སྤྲུལ་སྐུ་གཅིག་སྟོན་ཤོག་ད། ངས་བསྟད་མོ་ལྟ་ཆོག བོད་པའི་ཆོས་ཀྱི་དབུ་ཁྲིད་ཟེར་བ་དེ་ཉམས་རྟོགས་ཡོད་པ་གཅིག་པུ་དང་། བླ་མ་བཟང་བ་ཙམ་གྱིས་ཕན་ཐོགས་པ་ཁག་པོ་རེད། དེ་ཕྱིར་ཚང་མས་ཁ་ནང་དུ་བསྐོར་ལ། སྤྱི་སེམས་འཆང་ལ། དོན་དང་དོན་མིན་འབྱེད་པའི་བློ་གྲོས་བེད་ཆོད་བཏང་ན་དགེ་མཚན་ཆེ་བར་འདོད། དེ་མིན་ཨ་ཕའི་ཁ་ཕོར་གཙང་ཞེན་བྱེད་ནས་བསྡད་ན་ཕན་ཐོགས་མེད་པ་རེད། བཟང་པོ་ལ་བཟང་པོ་དང་། ངན་པ་ལ་ངན་པ་ཞེས་བསྟོད་སྨད་མེད་ན། དེང་སང་གི་ཕུང་གསུམ་པ་དེ་ཚོས་ཆོས་གོས་རྣམ་གསུམ་ལས་གོས་ཙམ་ཞིག་དང་། སྤྲུལ་མཁན་དགེ་གསུམ་ལས་ཐོབ་ཙམ་ལས་རིན་ཐང་མི་ལྟ་བར་ཡོད་ཚད་སྨྱོས་ཟིན་པ་འདི་འདྲ་ཞིག་གིས་བོད་ལ་ཕན་ཐོགས་པ་ཁག་པོ་རེད།
ཨ་ལས་པདྨ་ཟེར་བ་དང་། ཨ་ཕྱི་ཟེར་བ་འདི་མཁན་ཆེན་བླ་སྨྱོན་འདི་ཡིན་པ་འདྲ། བན་དེ་བ་ཁྱོད་ལ་ཁོ་ཡིན་པའི་བདེན་དཔུང་གང་ཡོད།
ཨོ་རྒྱན་ཉི་མའི་སྐད་ཆ་ལ་ལྟོས་དང་འབྲེལ་མེད་དོན་གཞན་རང་རེད། རེད་རེད་འཛུམ་དམུལ་ལེ་ངང་ནས་རྙོག་གྲ་སློང་ཤོག་ལོ།
ངས་ཞུ་འདོད་པ་དེ་ནི། བོན་གྱིས་རྫུན་བཟོས་བསྟན་པའི་དབང་ཆ་ཐོབ། རྒྱའི་པན་རྫུན་གྱི་སྤྲུལ་སྐུ་དང་། སི་ཏུས་རྫུན་བཤད་སྤྲུལ་གོ་ས་ཐོབ་པ་ལ་བསྟས་ན་བདེན་པའི་བསྟན་པ་རིན་པོ་ཆེ་ས་མཚམས་ག་ཚོད་ལ་ཕྱིན་འདུག་གམ། དཔྱོད་ལྡན་ཚོས་དཔྱོད་དང་། གཟུར་གནས་བློ་ལྡན་དོན་གཉེར་གྱི་དུས་ཚོད་རྫོགས་སོང་པ་ཡིན་ནམ། ཁྱེད་རྣམ་བདེ་མོ་གྱིས། རྫུན་གྱིས་རྫུན་བསྟོད་བདེན་པའི་ལམ་ཁར་བརྫེད། །བླུན་པོ་གྲགས་པའི་རྗེས་སུ་རྒྱུག་པ་ལས། །ལྱོ་བ་ཉི་མ་ལྡེ་བའི་བདེན་ཆེན་ང་། །རེ་ཞིག་ངལ་གསོ་སྡིག་གྲོགས་ཨོ་བན་ལགས། །
དགོན་པའི་ཁྱིའི་བླ་མའི་ཚབ་མི་མཚོན་རུང་། དགོན་པའི་ཁྱི་ལ་རྡུང་ན་བླ་མའི་ཐུགས་ལ་འཕོག་ཞེས་པའི་གཏམ་དཔེ་དེ་མ་བརྗེད་པ་གནང་རོགས།