ཨ།
ཀྱེ་མ་ས་ཐོག་འདི་ནའི།།
ལ་ལ་དྲང་མོ་མདའ་དང་།།
ཁ་ཅིག་སྒུར་པོ་གཞུ་ཡི།།
ངང་ཚུལ་ཉིད་ལ་ལྟོས་ད།།
གཏིང་ནས་བསམ་ཞིང་བསམ་ན།།
སུ་དང་སུ་ཡི་སྙིང་དུ།།
ཅི་འདྲའི་མངར་སྐྱུར་ངོ་མས།།
དགོད་ངུ་གཉིས་ཀ་ལོས་བྱིན།།
ཁྱེད་ཀྱིས་རང་དོན་བོར་ནས།།
སྤྱི་དོན་ཤུགས་དྲག་བཙལ་རུང་།།
གཞན་ཚོས་རང་དོན་ཉར་ཏེ།།
ཕྱི་ལ་གཞན་དོན་གཡུགས་ཀི །
ཁ་སྒོའི་རྨ་བྱ་ཡག་དང་།།
ཁོག་གི་ཁྭ་ཏ་གཉིས་ཀའི།།
གདོང་ལྟག་ཁ་ཁའི་གསང་བ།།
ཐམས་ཅན་མཁྱེན་པས་མ་ཤེས།།
གསེར་གྱི་རིན་ཐང་རྡོ་རེད།།
རྡོ་དང་གསེར་གྱི་དབྱེ་བ།།
སྙིགས་ངན་དུས་ཀྱི་མི་ཡི།།
ཡས་ཀྱི་མིག་ན་མི་འདུག །
སྙིང་སྟོབས་ཆེན་པོས་ཁྱོད་སྐྱོབས།།
བྱམས་བརྩེ་དག་མས་ཁྱོད་སྐྱོབས།།
ཤེས་རབ་ཆེན་པོས་ཁྱོད་སྐྱོབས།།
རྒྱུ་འབྲས་བདེན་པས་ཁྱོད་སྐྱོབས།།