འཆི་བདག་སྐྱབས།
འདི་ལོ་དབྱར་གནང་གི་དུས་ཐུང་འདི་ཁབ་ཏུ་བསུས་ནས་ཟླ་གཅིག་ཙམ་རིང་རྒྱ་གར་ལྷོ་ཕྱོགས་ཨོ་རི་ས་གཞིས་ཆགས་སུ་སློབ་ཁྲིད་ཆེད་བཅར་དུས། ཁོ་བོའི་མིག་ལམ་དུ་སྣང་བ་དང་རྒྱང་བསྲིངས་རྣ་བའི་བུ་གར་བརྫངས་ཡོང་བ་ནི། གནས་དེ་གར་བཅའ་སྡོད་བྱེད་མཁན་གྱི་རྒྱ་གར་བ་རྣམས་ཀྱིས་སྔ་ལོ་བཞིན་བོད་པ་རྣམས་སྟོན་ཐོག་འདེབས་ཏུ་མི་འཇུག་པ་དང་། གལ་སྲིད་ཨུ་ཚུགས་ཀྱིས་རང་ཞིང་རྨོ་བར་མཐོང་ཚེ་རྒྱ་གར་ཡུལ་མི་དུ་མ་ལག་ལྡང་སྦྲེལ་ནས་ཞིང་འདེབས་འཕྲུལ་འཁོར་མེར་སྲེག་གཏོང་གི་ཡིན་ཞེས་སྡིགས་ར་སྐུལ་གྱིན་འདུག
གནས་ཚུལ་དེའི་སྐོར་གཞིས་ཆགས་དེའི་གཞིས་མགོས་དབུས་པའི་གཞིས་མི་རྣམ་པས་རང་གཞུང་དང་རྒྱ་གཞུང་ལ་གཏུགས་ཀྱང་ད་དུང་དཀའ་ངལ་མི་ཉུང་བ་ཞིག་ཕྲད་བཞིན་འདུག མ་ཟད་ཁོ་བོས་གོ་ཐོས་ལ། རྒྱ་གར་ཡུལ་མི་དང་དམར་ཤོག་གཉིས་ཟུང་འབྲེལ་གྱི་ཐོག་ནས་བོད་པའི་གཞིས་ཆགས་ཀྱི་ནང་ལ་གླང་ཤ་དང་ཨ་རག་རིགས་བཀོལ་མིན་ཞིབ་བཤེར་བྱེད་རྒྱུ་རེད་ཅེས་ཀྱང་ལབ་ཀྱི་འདུག རྒྱ་གར་ཡུལ་མི་དེ་དག་ཀྱང་ཕལ་ཆེ་བ་ལོ་མང་རིང་བོད་པས་གསོ་སྐྱོང་དང་ལས་གཉར་བྱས་པ་ཤ་སྟག་ཡིན་སྲོལ་འདུག ངོ་མ་དེ་ནི་སྒོ་ཁྱི་རྒྱགས་ནས་བདག་པོར་སོ་བརྒྱབ་ཅེས་པའི་དོན་དང་ཨ་ན་མ་ན་ལགས། ད་དུང་དེ་དང་དེ་ལ་སོགས་པའི་རྒྱ་གར་བ་དང་བོད་པའི་བར་མི་མཐུན་པའི་སྡང་སེམས་དུ་མ་ཡོད་ཤས་ཆེའོ།། དོན་གནད་དེ་དག་ལ་ཁོ་བོས་བསམས་གཞིགས་བྱེད་ཀྱིན་བྱེད་ཀྱིན་རྒྱ་གར་དང་བོད་པའི་བར་གྱི་མཛའ་མཐུན་ཅི་ཡིན་མ་ཤེས་ལ། སུས་ནོར་འཁྲུལ་ཡིན་མིན་ཡང་གསལ་པོ་ཆ་མ་འཚལ། གང་ལྟར་གཞིས་ཆགས་དེའི་གནས་སྟངས་སྐྱོ་བོ་འདུག
བོད་པ་དང་རྒྱ་གར་གཉིས་ཏན་ཏན་མཐུན་པོ་ཡོད་དགོས་ཀྱི་རེད། དགེ་རྒན་དང་དགེ་ཕྲུག་རེད་པ། ཡང་མིན་ན་དགེ་རྒན་གྱིས་དགེ་ཕྲུག་ལ་དུས་རབས་རྙིང་པའི་སྲོལ་ལྟར་རྒྱག་བརྡུང་བྱེད་ཀྱི་ཡོད་པ་ཡིན་་གྱི་རེད། ཡང་ན་དགེ་ཕྲུག་དགེ་རྒན་གྱི་བཀའ་ལ་བརྩི་སྲུང་བྱེད་ཀྱི་མེད་པ་ཡིན་གྱི་རེད། དེ་མིན་དགེ་རྒན་དགེ་ཕྲུག་དབར་ལ་མི་མཐུན་པ་ཡོང་མི་སྲིད།
མ་གཞི་ནས་བོད་པས་རྒྱ་གར་འཕགས་པའི་ཡུལ། དག་པའི་ཞིང་ཁམས་སུ་བལྟ་ཞིང། རང་གི་ཡོད་ཚད་ཀྱི་ཁུངས་རྒྱ་གར་ལ་གཏུག་དུད་རྒྱ་གར་གྱིས་དོན་ངོ་མ་གཅེས་སྐྱོང་བྱེད་དགོས་ངེས་ཞིག་རེད། ཆོས་དང་ཆབ་སྲིད་གང་ཐད་ནས་ཀྱང་ཕ་རོལ་གྱི་ཡོད་ཚད་འདིར་ངོས་ནས་ཡིན་ཟེར་ན་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
སེམས་པ་སྐྱོ་བ་ལ་ཨ་མ།
ས་གནས་རེ་ཟུང་དང་ཡུལ་མི་རེ་ཟུང་གི་འདོད་པ་མ་ཁེངས་པའི་དབང་གི་དེ་ལྟར་ཡོང་སྲིད་པ་ཞིག་ཀྱང་རེད། དེ་ནི་བོད་པ་གཞིས་ཆགས་ཁག་དང་དགོན་སྡེ་ཁག་གི་འཁྲིས་སུ་ཡོད་པའི་ཡུལ་མི་སྐྱོ་བོ་དག་གཡོག་པོ་གང་ཐུབ་བཀོལ་བ་དང་ད་དུང་དེ་རྣམས་ཀྱི་མདུན་ནས་ཆེ་འདོག་དང་རྫིག་ཉམས་ཧ་ལམ་བོད་པས་རྒྱ་གར་ལ་ཕར་སྐྱབས་བཅོལ་བའི་གནས་བབ་སྤྲོད་ཡོད་པ་འདྲ་བོ་སོགས་ལན་དུ་མར་བྱས་པའི་ཉེན་ལན་གྱི་དབང་གི་ས་གནས་འགའ་དེ་ལྟར་ཡོང་བཞིན་ཡོོད། མི་ལོ་ལྔ་བཅུ་ལྷག་གི་རིང་ལ་ཐ་ན་ཉེར་འཁོར་དུ་ཡོད་པའི་ཡུལ་མི་དེ་རྣམས་ལ་ང་ཚོའི་ངོས་ནས་ཕན་ཐོག་ཅུང་ཙམ་མམ་ཁོ་ཚོ་སེམས་འགུལ་ཐེབས་པའི་ལས་དོན་གང་ཡང་བྱེད་ཐུབ་མེད་པར་མ་ཟད་ཡུལ་ཁྲིམས་དང་འགལ་བའི་སྤྱོད་ངན་རིགས་མང་དུ་འགྲོ་བཞིན་ཡོད། ད་དུང་བོད་པ་ང་ཚོ་མེད་ན་གཡས་གཡོན་དག་ལ་ཡོད་པའི་རྒྱ་གར་ཁྱེད་ཚོ་ཟ་འཐུང་རེག་གི་མ་རེད་ཟེར་བ་སོགས་བསམ་ཤེས་མེད་པའི་ཐལ་ཆ་ཆེ་བའི་གཏམ་འཆལ་མང་དག་ཅིག་གིས་ཁ་བརྡུང་གཏོང་མཁན་ཡང་ཡོད། དེས་ན་ཁག་ཅི་ཡོད། ཡིན་ན་ཡང་བོད་མི་སྐྱབས་བཅོལ་བ་རྣམས་ལ་དོན་དམ་པའི་རོགས་སྐྱོར་གནང་མཁན་རྒྱ་གར་གཞུང་མང་གཉིས་ལས་ལྷག་འཛམ་གླིང་འདི་ན་གཞུང་སྒེར་སུ་ཡང་མེད། དེ་ནི་བོད་མི་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་མ་ཟད་དུས་ནམས་ཡང་སེམས་ཁོངས་ནས་བརྗེད་མི་སྲིད།
རྒྱ་གར་ནི་ཆོས་ཀྱི་འབྱུང་ཁུངས་ཡིན་ལ། ཡུལ་དབུས་ཀྱང་ཡིན་ཏེ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པ་སངས་རྒྱས་པས་སོ།།
རྒྱ་དམར་གུང་བྲན་གྱིས་བཙན་འཛུལ་སྡེ་གཟར་ཆག་ཆེ་ཉམ་ངའི་འོག་གཙོ་བོ་རྒྱ་གར་ནས་བདག་པོ་བརྒྱབ་པ་ཙམ་མ་ཟད། གཞིས་ཆགས་བསྟི་གནས། ལྷག་པར་མ་འོངས་སོན་རྩར་འདུན་ལམ་ཤེས་ཡོན་གྱི་སྒོ་འཕར་ཡངས་པོར་ཕྱེས་ནས། དུས་ད་ལྟའི་སྐབས་སུ་ཡང་ས་ཡ་བརྒྱ་ཕྲག་མངས་པོས་རོགས་སྐྱོར་གནང་བའི་བཀའ་དྲིན་ནི་གསབ་དཀའ་བ་ཞིག་མ་རེད་དམ། དེ་དང་དེ་བཞིན་རེད།
གནས་ཚུལ་ཆ་ང་ཆ་ངེ་ཁུངས་འཕེར་དེ་ཙམ་མེད་པ་འདི་འདྲ་བོད་ལ་རང་དབང་བྱུང་རུང་ཡོང་རྒྱུ་ཡིན་པ་ཐག་གས་ཆོད་པ་རེད་སྙམ། བོད་ཁུལ་ནང་བསྟན་ཙམ་མ་ཟད་རྒྱ་ནག་ཉི་འོང་ཁུལ་དར་བའི་ནང་བསྟན་ཡོངས་ཀྱི་ཁུངས་རྒྱ་གར་འཕགས་པའི་ཡུལ་ལ་ངེས་པར་གཏུགས་དགོས་ཏེ། སྟོན་པ་ཤཀྱཱའི་རྒྱལ་པོའི་གཞུང་ལུགས་དཔལ་ནལཎཌའི་བཞེད་སྲོལ་དྲི་མ་མེད་པས་གཏན་ལ་ཕབ་པའི་སྤུས་མ་དེ་ཡིན་པས་སོ།།
དཔེར་ན་པཎ་གྲུབ་བཅུ་བདུན་རྣམ་པ་ལས་ལྷག་པའི་རྟེན་འབྱུང་འཚེ་བ་མེད་པའི་ལམ་བཟང་རིགས་ལམ་སྟོང་གིས་ཡང་དག་པར་ལེགས་པར་གཏན་ལ་འབེབས་མཁན་འགྲན་གྱི་དོ་མེད་པ་ཡིན་པར་འགག་པ་ཨེ་ཡོད། དགེ་རྒན་ཨ་ཅང་གཏན་གྱི་འདུན་མའི་ལམ་སྟོན་བཤེས་གཉེན་དམ་པར་བཀུར་སྟི་བླ་མེད་ཞུ་སའི་གནས་རྨ་མེད་པ་ཡིན་སྙམ།
ཡང་བསང་གསོལ་དང་རླུང་རྟ་གཏོང་སྲོལ་ཡན་ཆད་རྒྱ་གར་ལ་ཐུག་པར་བཤད་ན་དེ་ཙམ་གྱིས་དགོས་དོན་མེད་ལ། དེ་ལས་མཐོ་བའི་གནད་དོན་ནན་ཆེ་ཁག་རྒྱ་གར་ལ་ཁུངས་བཅོལ་བ་ནི། ཡང་དག་ལ་རྨད་དུ་བྱུང་བ་ཡིན།
གནས་ཚུལ་ཆུང་ངུར་དབུ་འཁོར་ནས་གནད་དོན་འགངས་ཆེར་འཐུས་ཤོར་ན་ཨེ་འགྲིག་སྙམ།
རིགས་ལྡན་རྒྱལ་པོ་ལགས། ཁྱེད་ཀྱིས་༼ཡང་བསང་གསོལ་དང་རླུང་རྟ་གཏོང་སྲོལ་ཡན་ཆད་རྒྱ་གར་ལ་ཐུག་པར་བཤད་ན་དེ་ཙམ་གྱིས་དགོས་དོན་མེད་ལ། དེ་ལས་མཐོ་བའི་གནད་དོན་ནན་ཆེ་ཁག་རྒྱ་གར་ལ་ཁུངས་བཅོལ་བ་ནི། ཡང་དག་ལ་རྨད་དུ་བྱུང་བ་ཡིན།༽ ཧཧཧ་ ཡང་རིགས་ལྡན་རྒྱལ་པོས་རྒྱ་གར་རྫིག་པོ་དང་ཆེན་པོ་བཟོ་ཆེད་དུ་བོད་ཀྱི་རིག་གཞུང་ཁུངས་མ་ཞིག་ལ་མཐོང་ཆུང་ཡག་ཐག་ཆོད་ཅིག་བཏང་འདུག། དེ་ནི་ཁྱེད་བན་དེ་ཚོའི་སྔོན་ནས་ད་བར་གྱི་་རིག་གཞུང་རེད། བྱེད་སྟངས་འདི་རིགས་ལ་ང་ནི་ཡིད་ཐང་ཆད་ནས་བསྡད་ཡོད། ཁྱེད་རྣམ་པས་བསང་གསོལ་དང་ཀླུང་རྟ་ལ་གནད་དོན་ཆེན་པོ་ཞིག་མེད་པ་དེ་ཅི་ལྟར་ཤེས་སོང་ངམ། ངས་བྱེད་བཞིན་པའི་བསང་གསོལ་དང་ཀླུང་རྟ་འདི་ཚོ་ལ་རྒྱུ་མཚན་བཤད་ན་ཚད་དང་ཚོད་མེད་པ་ཤོད་རྒྱུ་འདུག། དྭངས་གཙང་གི་འབྱུང་ཁམས་དང་འབྲེལ་བ། བདེ་སྐྱིད་ལྡན་པའི་ཕུང་ཁམས་དང་འབྲེལ་བ། རང་ས་རང་ཡུལ་གྱི་གངས་རི་དང་རྫ་རི་དང་བྲག་རི་སྤང་རི་གཡའ་རི་བཅས་དང་འབྲེལ་བ། ཆུ་པོ་དང་ཆུ་ཕྲན་མཚོ་དང་མཚེའུ་སོགས་ལ་གནས་པའི་བོད་སྲིད་པ་ཆགས་པའི་ལྷ་རིགས་ཀླུ་རིགས་ཤིན་ཏུ་རྩ་ཆེན་སོགས་དང་འབྲེལ་བ། དེ་བཞིན་རང་ཡུལ་གྱི་རྩི་ཤིང་དང་སྨན་སྣ་སོགས་དང་འབྲེལ་བ། འབྲེལ་བ་འདི་རྣམས་ནི་གདོད་མ་ནས་བོད་གངས་ཅན་པའི་སེམས་ཁམས་བདེ་ཞིང་སྐྱིད་པའི་དད་པ་དང་ཡིད་ཆེས་ཀྱི་རྩ་བ་ལ་ཐུག་པའི་གནད་དོན་དང་འབྲེལ་བ་དེ་འདྲ་རེད་འདུག། ད་དུང་ང་ལ་འབྲེལ་བརྗོད་པ་མང་པོ་བྱེད་རྒྱུ་ཡོད་དོ་ལགས། །
མི་འགའ་ཤས་ཀྱིས་སྐད་ཆ་ཤོད་སྟངས་ལ་བོད་རྒྱུད་ནང་བསྟན་ཟེར་ན་བླ་མས་བུམ་པའི་དབང་བསྐུར་ཡ་དང་འཆམ་ཟང་ང་ཟིང་ངེ་རྒྱག་ཡ་དེ་འདྲ་རེད་འདུག་ཟེར་ཤོད་ཀྱི་ཡོད་པ་རེད། མི་ཤེས་མཁན་ཚོས་ཏོག་ཙམ་མཐོང་ཆུང་བྱས་པའི་བཟོ་ཏ་རེད། ཡིན་ནའང་ཤེས་མཁན་ཞིག་གིས་བླ་མས་བུམ་པའི་དབང་བསྐུར་ཡ་དང་འཆམ་ཟང་ང་ཟིང་ངེ་རྒྱག་ཡ་དེ་ཚོ་ལ་འགྲེལ་བརྗོད་ཚད་ལྡན་ཞིག་བྱས་པ་ཡིན་ན་ཡར་བཀའ་མདོ་བརྒྱུད་མན་ངག་མང་པོ་དང་འབྲེལ་བ་ཡོད་བསྡད་པ་དེ་འདྲ་རེད། དེ་བཞིན་བསང་གསོལ་དང་ཀླུང་རྟ་སོགས་ལའང་བཀའ་མདོ་བརྒྱུད་མན་ངག་དང་འབྲེལ་བ་ཡོད་པ་ཞིག་པས་མཐོང་ཆུང་གཏོང་མི་ཉན་ནོ། ཐུགས་རྗེས་གཟིགས་ད་ནས་བཟུང་སྟེ་རྒྱ་གར་ཡར་བཀྱག་ཡ་ཆེད་དུ་བོད་མར་ཕབ་པ་མ་གནང་རོགས། རང་ཡུལ་མར་ཕབ་ནས་་་གཞན་ཡུལ་ཡར་བཀྱག་པ་ནི་ཕ་བཟང་གི་བུ་ཡི་བྱེད་སྟངས་ཅིག་ཨ་ཡིན་ན། །
བོད་ནང་ནས་བོད་རང་དབང་རང་བཙན་གྱི་ཐོབ་ཐང་རྩོད་མ་ཐུབ། རྒྱ་གར་ནས་སྐྱབས་བཅོལ་བའི་ཐོབ་ཐང་རྩོད་མ་ཐུབ། གང་ས་གང་ནས་ཐོ་ཐང་ཤོར་བཞིན་པའི་བོད་པ་འདི་ཚོ་སྙིང་རྗེ་བ་ལ། ད་དུང་རང་ལན་པའི་སྐད་ཆ་འདྲ་བཤད་ཚུལ་ལ་བལྟས་ན་ངོ་མ་སྐྱོ་འི་ཡ།
རྙོགས་ཟུང་འདི་ལས་ཆེ་བ་བོད་མི་ནང་ཁུལ་ལ་ཡང་ཡོང་གི་ཡོད་རེད། སྡེ་བ་ཁྱིམ་མཚེས་བར་ལ་མི་གསོད་རྟ་བསྒྱེལ་ག་ཚོད་མང་པོ་ཞིག་ཡོང་གི་ཡོད་པ་ལ་བསམ་བློ་ཐོངས་དང
ཨོ་རེ་ས་གཞི་ཆགས་ལ་གྲོང་སྡེ་ག་ཚད་དང་ཁྱིམ་ཚང་ག་ཚད་ཡོད་པ་ཡིན་ནམ།
ས་གཞན་ལ་གནས་སྤོར་ན་བཟང་སྙམ།
ད་ང་ཚོ་ཚང་མ་བོད་ལ་ལོག་འགྲོ་ནང་ཁུལ་ཁ་བརྡུང་དང་སྙོགས་མཛིན་མ་བྱས།
་་་་་་་་་་་ མི་འགའ་ཤས་ཀྱིས་སྐད་ཆ་ཤོད་སྟངས་ལ་བོད་རྒྱུད་ནང་བསྟན་ཟེར་ན་བླ་མས་བུམ་པའི་དབང་བསྐུར་ཡ་དང་འཆམ་ཟང་ང་ཟིང་ངེ་རྒྱག་ཡ་དེ་འདྲ་རེད་འདུག་ཟེར་ཤོད་ཀྱི་ཡོད་པ་རེད། མི་ཤེས་མཁན་ཚོས་ཏོག་ཙམ་མཐོང་ཆུང་བྱས་པའི་བཟོ་ཏ་རེད། ཡིན་ནའང་ཤེས་མཁན་ཞིག་གིས་བླ་མས་བུམ་པའི་དབང་བསྐུར་ཡ་དང་འཆམ་ཟང་ང་ཟིང་ངེ་རྒྱག་ཡ་དེ་ཚོ་ལ་འགྲེལ་བརྗོད་ཚད་ལྡན་ཞིག་བྱས་པ་ཡིན་ན་ཡར་བཀའ་མདོ་བརྒྱུད་མན་ངག་མང་པོ་དང་འབྲེལ་བ་ཡོད་བསྡད་པ་དེ་འདྲ་རེད།
དེ་བཞིན་བསང་གསོལ་དང་ཀླུང་རྟ་སོགས་ལའང་བཀའ་མདོ་བརྒྱུད་མན་ངག་དང་འབྲེལ་བ་ཡོད་པ་ཞིག་པས་མཐོང་ཆུང་གཏོང་མི་ཉན་ནོ། ཐུགས་རྗེས་གཟིགས་ད་ནས་བཟུང་སྟེ་རྒྱ་གར་ཡར་བཀྱག་ཡ་ཆེད་དུ་བོད་མར་ཕབ་པ་མ་གནང་རོགས། རང་ཡུལ་མར་ཕབ་ནས་་་གཞན་ཡུལ་ཡར་བཀྱག་པ་ནི་ཕ་བཟང་གི་བུ་ཡི་བྱེད་སྟངས་ཅིག་ཨ་ཡིན་ན། ། ་་་་་་་་ཟེར།
་་་་་་་་ ད་དུང་དེ་དང་དེ་ལ་སོགས་པའི་རྒྱ་གར་བ་དང་བོད་པའི་བར་མི་མཐུན་པའི་སྡང་སེམས་དུ་མ་ཡོད་ཤས་ཆེའོ།། དོན་གནད་དེ་དག་ལ་ཁོ་བོས་བསམས་གཞིགས་བྱེད་ཀྱིན་བྱེད་ཀྱིན་རྒྱ་གར་དང་བོད་པའི་བར་གྱི་མཛའ་མཐུན་ཅི་ཡིན་མ་ཤེས་ལ། སུས་ནོར་འཁྲུལ་ཡིན་མིན་ཡང་གསལ་པོ་ཆ་མ་འཚལ། གང་ལྟར་གཞིས་ཆགས་དེའི་གནས་སྟངས་སྐྱོ་བོ་འདུག ་་་་་་་་་་ཟེར།
ཐབས་ཇུས་ཅན་ལགས། སྤྱིར་བཏང་སྒོ་ཐེམ་ག་ཚོད་ཡོད་ཁོ་བོས་ངེས་གཏན་རང་ཞུ་ཐུབ་པ་མིན་འདུག་རྒྱུ་མཚན་ནི་སྒོ་ཐེམ་དེ་དག་ཚང་ཚིང་ནགས་ཀྱི་དབུས་སུ་ཆགས་པས་གྲངས་བཤེར་བྱེད་པ་ཤིན་ཏུ་ནས་དཀའ་ལ། ཡུལ་མི་རྣམས་ལ་ཡང་དམིགས་བསལ་དེ་འདྲ་བཀའ་འདྲི་ཞུ་རྒྱུ་མ་བྱུང་། ཡིན་ཡང་གྲོང་སྡེ།(camp)ལྔ་ལ་ཕྱེ་འདུག དེ་དག་ལས་མང་ཆེ་བར་ཕལ་ཆེར་སྒོ་ཐེམ་༢༠༠ཡན་ལ་ཡོད་ས་རེད།།
མི་འགའ་ཞིག་ཅི་རེད། ཆོས་བཤད་ན་ཡང་བོན། ཚོང་བཤད་ན་ཡང་བོན། སྲིད་བཤད་ན་ཡང་བོན། ད་ལྟ་ཡང་བོན་་་་་་་་་
མི་འགའ་ཞིག་གིས་དེ་ལྟར་མ་བཤད་ཀྱང་། མི་འགའ་ཞིག་ལ་དེ་ལྟར་གོ་འགྲོ་ཡི་ཡོད་པ་རེད། དེ་ངོ་མ་ཁྱད་མཚར་པོ་རེད་བ། ། བོན་རྒྱལ་ལོ། །
བོན་བན་མཉམ་གནས་ཐོག རྒྱ་བོད་མཐུན་འགྱུར་ཅིག འཕགས་བོད་རྒྱལ་འགྱུར་ཅིག
འུ་ཅག་བོད་པ་ཚང་། བྱ་བ་ཆུང་ཙག་ཅིག་ཡིན་ཀྱང་ཆེན་པོ་བཟོ་རྒྱུ་དགའ། ལྷག་པར་དུ་རང་སྐྱོན་སྦས་ཏེ་གཞག་སྐྱོན་གླེང་བར་དེ་བས་སྤྲོ། མུ་མཐུད་དུ་འུར་སྒྲོག་བྱོས། ད་དུང་རང་གཞུང་གིས་ཀྱང་བདག་བྱས་མ་སོང་ཞེས་ཁ་གཏོང་གང་ཐུབ་ཀྱང་བྱོས།
རྒྱ་གར་བ་རྣམས་ཀྱིས་སྔ་ལོ་བཞིན་བོད་པ་རྣམས་སྟོན་ཐོག་འདེབས་ཏུ་མི་འཇུག་པ་དང་། གལ་སྲིད་ཨུ་ཚུགས་ཀྱིས་རང་ཞིང་རྨོ་བར་མཐོང་ཚེ་རྒྱ་གར་ཡུལ་མི་དུ་མ་ལག་ལྡང་སྦྲེལ་ནས་ཞིང་འདེབས་འཕྲུལ་འཁོར་མེར་སྲེག་གཏོང་གི་ཡིན་ཞེས་སྡིགས་ར་སྐུལ་གྱིན་འདུག ཟེར་བ་བདེན་ན་ཨོ་རི་ས་གཞི་ཆགས་ཀེམ་༥ ཡོད་པ་ནས་་ཨ་རི་ལ་མི་གཅིག་སྟོང་གཏོང་ན་བཀའ་ངལ་སེལ་ཐུབ་བམ།
དེ་མིན་འཚོ་རྟེན་གཞན་ཐབ་ལམ་གང་ཡོད་དམ།
ང་ཚོ་བོད་པ་ཡུལ་གྱར་དུ་འགྲོ་དགོས་བྱུང་སྐབས་རྒྱ་གར་མ་གཏོགས་གཞན་སུ་གང་གི་སྐྱབས་བཅོལ་ཡོང་མ་འཇུག་པ་ཞིག་ག་ལ་ཡིན། བྱང་ཨ་མེ་རི་ཀ་ པ་ཀི་སི་ཐན་
རྒྱལ་མི་ནིས་ སོགས་རྒྱལ་ཁབ་མང་དག་ཞིག་གི་བོད་པ་ཡུལ་གྱར་བ་ཚོ་སྐྱབས་བཅོལ་ལ་ཤོག་ཞེས་མགྲོན་འབོད་གཏོང་ཡང། ཆབ་སྲིད་ལ་རྨོངས་པའི་སྐུ་དྲག་དེ་
ཚོ་དང། རང་རིགས་ལ་ཡོད་ཚད་ཀྱི་ཁུང་རྒྱ་གར་ལ་བཅོལ་ཁན་གྱི་བན་རྒན་རྨོངས་དད་ཅན་དེ་དག་གི་། སྔ་ནས་ད་བར་བོད་ཀྱི་མགོན་བསྐྱབས་རྒྱ་གར་མ་གཏོགས་
སུ་གང་མེད་ཚུལ་བཤད་ནས་རྒྱ་གར་ལ་སྐྱབས་བཅོལ་བ་རེད། མགོ་འདོག་སའི་སྐེ་གཅོད་ཟེར་བ་བཞིན་བོད་རང་བཙན་མ་རེད་ཟེར་མཁན་འཛམ་གླིང་ནང་ཐོག་མ་
རྒྱ་གར་རེད། དེ་མིན་གཞན་དག་རྒྱ་གར་བས་བོད་མི་གནོད་སྐྱོན་གཏང་བ་གྲང་ལས་འདས། ད་དུང་རྒྱ་གར་བ་དྲིན་ཆེན་ཡིན་ཟེར་ན་ངོ་ཚ་ཡི་མི་འདུག་བས།
རྒྱ་གར་དང་བོད་གཉིས་ནི་བླ་མ་དང་སློབ་མའི་འབྲེལ་བ་དང་། གནས་ཚང་དང་མགྲོན་པོའི་འབྲེལ་བ་ཡོད།
ཡ་ཨོ་རྒྱན་རིག་འཛིན། ང་ཚོ་བོད་པ་ཡུལ་གྱར་བར་ བྱང་ཨ་མེ་རི་ཀ་ པ་ཀི་སི་ཐན་
རྒྱལ་མི་ནིས་ སོགས་རྒྱལ་ཁབ་མང་དག་ཞིག་གི་བོད་པ་ཡུལ་གྱར་བ་ཚོ་སྐྱབས་བཅོལ་ལ་ཤོག་ཞེས་མགྲོན་འབོད་གཏོང་ཡང། འདིའི་ཁུངས་ཞིག་དང་ད་དུང་རྒྱལ་ཁབ་མང་དག་ཅིག་ཟེར་བའི་྄་་་་་རྒྱལ་ཁབ་མང་པོ་ནས་ལྔའི་མིང་བཅས་བཀོད་རོགས། དམག་ཁས་བླངས། མདུང་སྐེད་པར་གཟེར་རྗེས་ཕྱིར་ཤིག་ཐོ་གང་ཡང་རྒྱབ་མི་ཉན་ཡ། དེ་མིན་ཁྱོད་ཀྱང་ཆབ་སྲིད་ལ་རྨོངས་པའི་སྐུ་དྲག་གི་རླིག་སྤུ་ཡིན་པར་ངོས་འཛིན་བྱ།
རྒྱ་གར་དང་བོད་པའི་མཛའ་མཐུན་རྟག་ཏུ་རྒྱས་འགྱུར་ཅིག
ཧཧཧཧཧ་མེ་དཀར་ལགས་་་་་རྒྱ་གར་གི་བོད་པ་ལ་ངོ་མ་ཡག་པོ་བྱས་ཡོད་རེད་། བོད་རང་བཙན་མ་ཡིན་པའི་ཁྱབ་བསྒྲགས་འཛམ་གླིང་ལ་བྱས། གོང་ས་མཆོག་ལ་དུག་སྟེར།
རྫ་ཡུལ་ པདྨ་བཀོད་ རྩ་རུ་ དཀོན་པོ་་སོགས་ཀྱི་ལྷོ་རྒྱུད་ཀྱི་བོད་ས་ཚང་མ་བཙན་བཟུང་བྱས་། ཆུང་ས་ནི་བརྗོད་ལས་མི་ལོང་། ཁྱོད་ཀྱི་ང་ལ་ཚིག་ངན་སྨྲས་ཡང་
ངས་ཁྱོད་ལ་ཚིག་ངན་མི་སྨྲ།