ཆབ་མདོ་ངག་ཕུན།
—–དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་གྲངས་ཉེར་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།
མདོ་ཁམས་ལྷ་ཐོག་ཅེས་པའི་གནས་མཆོག་ལ།།
ཡ་མཚན་ལྟས་བཅས་༸རྒྱལ་བ་ཀརྨ་པ།།
རྟགས་དང་རྟེན་འབྲེལ་སོགས་ལས་འཁྲུངས་པ་ཡིན།།
གངས་ལྗོངས་ལྷ་མི་ཡོངས་ལ་དབུགས་འབྱུང་སྦྱིན།།
གོང་མའི་ཞལ་ཆེམས་ཕྱག་བྲིས་དགོངས་དོན་དང་།།
༸གོང་ས་མཆོག་གི་གཟིམ་ལམ་དག་སྣང་སོགས།།
རྒྱལ་བ་ཀརྨ་པ་ཡི་ཡང་སྲིད་དུ།།
ངོས་འཛིན་རྒྱབ་གནོན་གཏན་ཁེལ་མཛད་པ་ཡིན།།
ཁོག་ཏུ་གཡོ་སྒྱུ་ཆེ་བའི་རྒྱ་དཔོན་ཚོས།།
ཐབས་ལམ་སྣ་ཚོགས་བསྟན་ནས་བསླུ་བསམ་ཡང་།།
སྐུ་ན་ཕྲ་ཡང་སྐྱེས་བུའི་རང་རྟགས་གསལ།།
ངལ་བ་ཁྱད་དུ་བསད་ནས་མི་ཡུལ་ཕེབས།།
རྒྱ་དམར་ཀླ་ཀློའི་བཙན་གནོན་གདུབ་རྩུབ་འོག །
བཞུགས་དགོས་བྱུང་ན་བསྟན་དང་འགྲོ་བའི་དོན།།
མཛད་པ་རླབས་ཆེན་མི་ཕན་ཡོངས་དགོངས་ནས།།
ངལ་བ་ཁྱད་དུ་བསད་ནས་མི་ཡུལ་ཕེབས།།
རྒྱ་ནག་དམར་པོའི་བཙན་དབང་དམ་དྲག་འོག །
སྐུ་ངལ་འཇིགས་ཉེན་གང་ཡང་མ་འཛེམས་པར།།
རྒྱ་གར་འཕགས་པའི་ཡུལ་དུ་ཞབས་འཁོད་ནས།།
མི་ལོ་བཅུ་གསུམ་ཡོངས་སུ་འཁོར་བ་ཡིན།།
སྐད་དང་གོམས་གཤིས་མི་གཅིག་མི་རིགས་དཀྱིལ།།
གཞན་དོན་མཛད་པ་རླབས་ཆེན་འཁུར་བཞེས་མཛད།།
འགྲོ་བ་ཡོངས་ལ་ཉེ་རིང་མེད་པར་གཟིགས།།
སྐལ་ལྡན་རྣམས་ལ་ཆོས་ཀྱི་སྣང་བ་བསྩལ།།
གངས་ཅན་ཆོས་ཀྱི་ཞིང་ཁམས་ནས།། སྙན་པ་སྒྲ་དབྱངས་སྒྲོག་བཞིན་དུ།།
སངས་རྒྱས་བསྟན་པ་འབྱུང་སའི་གཞི། །རྒྱ་གར་འཕགས་པའི་ཡུལ་དུ་ཕེབས།།
གངས་ལྗོངས་ཆོས་ཀྱི་ཞིང་ཁམས་ལ། །སྲིད་པ་ཆགས་པའི་ལྷ་དགུ་རྣམས།།
བླ་མའི་མཛད་འཕྲིན་རྒྱས་པ་ལ། །སྐད་ཅིག་ལྷོད་མེད་གདོང་རོགས་མཛོད།།
ཕྱི་ཚུལ་སྒམ་ཞིང་ནང་སེམས་དཀར། །བསྟན་འགྲོའི་མགོན་དཔུང་ཁྱེད་ཉིད་ཀྱིས།།
འཛམ་གླིང་བདེ་ཞིང་གནས་ཆེད་དུ། །ཁོར་ཡུག་ཐོག་ཏུ་ཕྱག་ལས་མཛད།།
གཞན་དོན་མཛད་པ་བཟང་པོ་ལ། །ཕྱི་ནང་ཀུན་གྱིས་བསྟོད་དབྱངས་སྒྲོག །
རྗེ་བཙུན་བླ་མ་ཁྱེད་ཉིད་ལ། །བདག་གི་སྙིང་ནས་བསྟོད་དབྱངས་འབུལ།།
གངས་ལྗོངས་མ་འོངས་སོན་རྩ་ལ། །གནའ་དེང་ཤེས་རིག་སྦྱོང་དགོས་པའི།།
རིན་བྲལ་བཀའ་སློབ་ཕེབས་པ་ལ། །བདག་གི་སྙིང་ནས་བསྟོད་དབྱངས་འབུལ།།
བསྟན་འགྲོ་ཡོངས་ལ་ཕན་མཛད་པའི། །བྱམས་བརྩེའི་ཆེན་པོས་འགྲོ་བ་བསྐྱངས།།
ཁྱེད་ཀྱི་མཁྱེན་བརྩེ་ནུས་གསུམ་ལ། །བདག་གི་སྙིང་ནས་བསྟོད་དབྱངས་འབུལ།
བོད་ཀྱི་སྤྲུལ་སྐུ་ཐོག་མ། །རྒྱལ་བ་ཀརྨ་པ་མཆོག།
ཡང་སྲིད་གངས་ཅན་ལྗོངས་སུ། །འཁྲུངས་ནས་ལོ་ངོ་ཉེར་བརྒྱད།།
འཁོར་བའི་དགའ་སྟོན་རྟེན་འབྲེལ། །ཉིན་མོར་འདི་ལ་གངས་ལྗོངས།།
ལྷ་མི་ཡོངས་ཀྱི་བསྟོད་དབྱངས། །སྙིང་ནས་འབུལ་བ་ཡིན་ནོ།།
སྐྱིད་པའི་གངས་ཅན་ལྗོངས་ལ། །བདེ་སྐྱིད་རང་དབང་ཉི་མ།།
མགྱོགས་ནས་མྱུར་དུ་འཆར་ནས། །རྒྱལ་བ་ཀརྨ་པ་མཆོག །
གནས་མཆོག་མཚུར་ཕུ་དགོན་དུ། །ཞབས་སོར་བཀའ་དྲིན་འཁོད་ནས།།
ཕྱི་ནང་དད་ལྡན་ཀུན་ལ། །ཆོས་ཀྱི་ཆར་པ་ཕབ་སྟེ།།
སྐྱེ་འགྲོ་བདེ་ལ་འཁོད་སྨོན། །ཁོང་གིས་ཁོར་ཡུག་ཐོག་ལ།།
བཀའ་སློབ་འདི་ལྟར་གནང་བ། །ང་ཚོ་འཚོ་སྡོད་བྱེད་སའི།།
འཛམ་གླིང་འདི་ལ་སྲོག་ཆགས། །འདྲ་མིན་བགྲང་ལས་འདས་པ།།
དེ་བཞིན་རྩི་ཤིང་རིགས་སོགས། །བགྲང་ལས་འདས་པ་ཡོད་ཅིང་།།
དེ་དག་མེད་ན་ང་ཚོ། །གཅིག་པུར་འཚོ་ཐབས་མེད་གསུངས།།
ང་ཚོའི་འཚོ་གནས་བདེ་སྐྱིད། །ལྡན་པ་བྱེད་དགོས་ན་ནི།།
རྟེན་གཞིའི་སྣོད་བཅུད་མཐའ་དག །སེམས་འཁུར་དོ་སྣང་བྱེད་དགོས།།
སྟོན་པ་སངས་རྒྱས་བཅོམ་ལྡན། །ཐེག་པ་ཆེ་ཆུང་ཚང་མའི།།
ནང་ལ་གཞན་ཕན་སྒྲུབས་དགོས། །ཟེར་བའི་བཀའ་མོལ་གནང་ཡོད།།
ང་ཚོའི་སྤྱོད་པ་གཞན་ལ། །འཚེ་བ་ཡོངས་སུ་སྤང་དགོས།།
གཞན་དོན་ལེགས་སྒྲུབ་དགོས་པའི། །ལམ་ཁ་གསལ་པོ་བསྟན་ཡོད།།
ཅེས་སོགས་རིན་ཐང་ཅན་གྱི། །བཀའ་སློབ་ཡང་ཡང་གནང་ཡོད།།
དེ་དག་བདག་གི་སེམས་ནང། །ནམ་ཡང་བསུབ་ཐབས་མེད་པར།།
གསལ་པོ་སེམས་ལ་ཐིམ་སོང་། །བོད་ཀྱི་སྐད་ཡིག་ཐོག་ཏུ།།
བཀའ་སློབ་འདི་ལྟར་གནང་བར། །བོད་པའི་ན་གཞོན་རྣམས་ཀྱིས།།
བོད་ཀྱི་སྐད་ཡིག་ལོ་རྒྱུས། །རིག་གཞུང་བཅས་ལ་འབད་བརྩོན།།
གོ་སྐབས་ཁོར་ཡུག་དུས་ཚོད། །ཉུང་དུ་འགྲོ་གིན་ཡོད་ཅིང་།།
དེ་ནི་སེམས་ཁྲལ་དགོས་པའི། །གནས་ཚུལ་ཡིན་པ་གསུངས་ཡོད།།
བོད་ཀྱི་སྲོལ་རྒྱུན་རིག་གནས། །བང་མཛོད་སྲུང་སྐྱོབ་གནང་མཁན།།
རྒན་རབས་རྣམས་ནི་གཤེགས་འགྲོ། །ང་ཚོས་དུས་ཚོད་དམ་འཛིན།།
སློབ་སྦྱོང་གོམ་ཚད་གང་མགྱོགས། །འབད་བརྩོན་ཆེན་པོའི་ཐོག་ནས།།
སྙིང་བཅུད་སྲུང་སྐྱོབ་བྱེད་དགོས། །ཞེས་སོགས་བཀའ་སློབ་གནང་ཡོད།།
ཁོང་གི་རིན་བྲལ་བཀའ་སློབ། །སྙིང་གི་དཀྱིལ་ལ་བཟུང་ནས།།
འབད་བརྩོན་ལྷོད་མེད་གནང་དགོས། །༸དཔལ་ལྡན་རྒྱལ་བ་ཀརྨ།།
འཁྲུངས་པའི་ཉིན་མོ་འདི་ལ། །བླ་མའི་སྐུ་ཚེ་བརྟན་ཅིང་།།
ཐུགས་ཀྱི་བཞེད་དགོངས་མཐའ་དག །གེགས་མེད་ལྷུན་འགྲུབ་ཡོང་བའི།།
གསོལ་བ་སྨོན་ལམ་འདེབས་སོ། །ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་༸དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མི་ཕྱེད་པའི་དད་པ་ཆེན་པོ་ཐོག་ནས་བྲིས་པའི་ཁུལ་ཞིག་ཡིན་ན། རང་ཉིད་ཤེས་ཚད་དམན་པའི་དབང་གིས་ཚིག་སྦྱོར་སོགས་གང་ཅི་ཐད་ལ་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་ན་མཁྱེན་དཔྱོད་ལྡན་པའི་ཀློག་མཁན་ཡོངས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ནོ། །
ཁྱེད་རང་གིས་ཚིགས་བཅད་སྔ་མ་འདི་ཚོ་ཨའོ་ཙམ་འདུག མགུར་མའི་བཟོ་འདྲ་པོ་ཞིག་བྲིས་པ་འདི་ལ་ངས་འཕྱ་ལད་ཅིག་བརྒྱབ་སྙིང་འདོད་སོང་བས་དེ་ལ་ཁྱོད་འཚིག་པ་མ་ཟོ་ཨང་། བྱེད་སྟངས་དེ་ཁྱོད་ཀྱི་ཤད་ཁ་ཤས་དང་ངའི་ཚེགས་ཁ་ཤས་བརྗེ་པོ་རྒྱག་རྒྱུ་ཡིན། ད་ཡིན་དཱ།
བོད་ཀྱི་སྤྲུལ་སྐུ་ཐོག་མ་རྒྱལ་བ་ཀརྨ་པ་མཆོག་ཡང་སྲིད་གངས་ཅན་ལྗོངས་སུ་འཁྲུངས་ནས་ལོ་ངོ་ཉེར་བརྒྱད་འཁོར་བའི་དགའ་སྟོན་རྟེན་འབྲེལ་ཉིན་མོར་འདི་ལ་གངས་ལྗོངས་ལྷ་མི་ཡོངས་ཀྱི་བསྟོད་དབྱངས་སྙིང་ནས་འབུལ་བ་ཡིན་ནོ།།
སྐྱིད་པའི་གངས་ཅན་ལྗོངས་ལ།།
བདེ་སྐྱིད་རང་དབང་ཉི་མ།།
མགྱོགས་ནས་མྱུར་དུ་འཆར་ནས།།
རྒྱལ་བ་ཀརྨ་པ་མཆོག་གནས་མཆོག་མཚུར་ཕུ་དགོན་དུ་ཞབས་སོར་བཀའ་དྲིན་འཁོད་ནས།།
ཕྱི་ནང་དད་ལྡན་ཀུན་ལ།།
ཆོས་ཀྱི་ཆར་པ་ཕབ་སྟེ།།
སྐྱེ་འགྲོ་བདེ་ལ་འཁོད་སྨོན།།
ཁོང་གིས་ཁོར་ཡུག་ཐོག་ལ།།
བཀའ་སློབ་འདི་ལྟར་གནང་བ།།
ང་ཚོ་འཚོ་སྡོད་བྱེད་སའི་འཛམ་གླིང་འདི་ལ་སྲོག་ཆགས་འདྲ་མིན་བགྲང་ལས་འདས་པ།།
དེ་བཞིན་རྩི་ཤིང་རིགས་སོགས།།
བགྲང་ལས་འདས་པ་ཡོད་ཅིང་།།
དེ་དག་མེད་ན་ང་ཚོ་གཅིག་པུར་འཚོ་ཐབས་མེད་གསུངས།།
ང་ཚོའི་འཚོ་གནས་བདེ་སྐྱིད་ལྡན་པ་བྱེད་དགོས་ན་ནི་རྟེན་གཞིའི་སྣོད་བཅུད་མཐའ་དག།
སེམས་འཁུར་དོ་སྣང་བྱེད་དགོས།།
སྟོན་པ་སངས་རྒྱས་བཅོམ་ལྡན།།
ཐེག་པ་ཆེ་ཆུང་ཚང་མའི་ནང་ལ་གཞན་ཕན་སྒྲུབས་དགོས་ཟེར་བའི་བཀའ་མོལ་གནང་ཡོད།།
ང་ཚོའི་སྤྱོད་པ་གཞན་ལ་འཚེ་བ་ཡོངས་སུ་སྤང་དགོས།།
གཞན་དོན་ལེགས་སྒྲུབ་དགོས་པའི།།
ལམ་ཁ་གསལ་པོ་བསྟན་ཡོད།།
ཅེས་སོགས་རིན་ཐང་ཅན་གྱི་བཀའ་སློབ་ཡང་ཡང་གནང་ཡོད།།
དེ་དག་བདག་གི་སེམས་ནང་ནམ་ཡང་བསུབ་ཐབས་མེད་པར་གསལ་པོ་སེམས་ལ་ཐིམ་སོང་།།
བོད་ཀྱི་སྐད་ཡིག་ཐོག་ཏུ།།
བཀའ་སློབ་འདི་ལྟར་གནང་བར།།
བོད་པའི་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལོ་རྒྱུས་རིག་གཞུང་བཅས་ལ་འབད་བརྩོན་གོ་སྐབས་ཁོར་ཡུག་དུས་ཚོད། །ཉུང་དུ་འགྲོ་གིན་ཡོད་ཅིང་། དེ་ནི་སེམས་ཁྲལ་དགོས་པའི་གནས་ཚུལ་ཡིན་པ་གསུངས་ཡོད།།
བོད་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་སྲུང་སྐྱོབ་གནང་མཁན་རྒན་རབས་རྣམས་ནི་གཤེགས་འགྲོ། །
ང་ཚོས་དུས་ཚོད་དམ་འཛིན།།
སློབ་སྦྱོང་གོམ་ཚད་གང་མགྱོགས།།
འབད་བརྩོན་ཆེན་པོའི་ཐོག་ནས།།
སྙིང་བཅུད་སྲུང་སྐྱོབ་བྱེད་དགོས།།
ཞེས་སོགས་བཀའ་སློབ་གནང་ཡོད།།
ཁོང་གི་རིན་བྲལ་བཀའ་སློབ།།
སྙིང་གི་དཀྱིལ་ལ་བཟུང་ནས།།
འབད་བརྩོན་ལྷོད་མེད་གནང་དགོས།།
༸དཔལ་ལྡན་རྒྱལ་བ་ཀརྨ།།
འཁྲུངས་པའི་ཉིན་མོ་འདི་ལ།།
བླ་མའི་སྐུ་ཚེ་བརྟན་ཅིང་།།
ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི།།
གསོལ་བ་སྨོན་ལམ་འདེབས་སོ།།
ད་བཅད་ལྷུག་སྤེལ་མ་འདྲ་པོ་ཞིག་ཆགས་མ་སོང་ངམ?ཧ་ཧ་ཧ་ཧ། ཚིགས་བཅད་རང་འཇགས་བཞག་པ་དག་འགྲིགས་པར་ཆ་བཞག་པ་ཡིན་དཱ། ཨ་ལ་རྩད་མོ་ཡིན།
ཡ་ཡ་ཡ་ བོད་པ་ཚོར་འདི་དང་འདི་འདྲ་བ་བྱེད་རྒྱུ་མང་གི་ཡ་། དོན་དངོས་ཕྲུ་གུ་ནག་རི་བྱེད་རྒྱུ་མང་པོ་། གོང་མའི་ཕྱག་སྲོལ་ཕལ་ཆེར་བསྒྱུར་བཅོས་བཏངས་ཏེ་རང་གི་མགྱོན་མདོག་དང་། བོད་པའི་སྤྱི་ཚོགས་ལ་ཕན་པའི་བྱ་བཞག་གང་ཡང་མེད་ཀྱང་བོད་པ་རི་བོང་ཅ་འགྲོ་ལ་དགའ་གི་ཡ་།། །།
འཁོར་བའི་དགའ་སྟོན་རྟེན་འབྲེལ། །ཉིན་མོར་འདི་ལ་གངས་ལྗོངས།།
ལྷ་མི་ཡོངས་ཀྱི་བསྟོད་དབྱངས། །སྙིང་ནས་འབུལ་བ་ཡིན་ནོ་ལོ།། ཆབ་མདོ་བ་ལ་གངས་ལྷ་མི་ཡོང་གི་ཚབ་བྱེད་པའི་དབང་ཆ་སུས་སྤྲད་སོང་ཨ།
དོན་མེད་འགན་མེད་འགན་ཁུར་བ་ཁྱོད་ལ་རྒྱལ་ཀུན་ཕྲིན་ལས་རང་གཟིགས་ཀརྨ་པ་མཐའ་ཡས་རྡོ་རྗེས་སྐྱོབས།
རྒྱལ་བསྟན་ལུང་རྟོགས་ཆོས་ཚུལ་འཛིན་པའི་དཔལ། །ཀུན་ཁྱབ་ཐུགས་རྗེ་རྒྱ་མཚོའི་བདག་ཉིད་ཆེ། །ལྷུན་གྲུབ་དབང་གི་ཕྲིན་ལས་རབ་བརྙེས་པའི། །རྡོ་རྗེ་འཛིན་པ་ཀརྨ་པ་ལ་འདུད། རྒྱལ་དབང་བཅུ་བདུན་པའི་ཞབས་རྟེན་༧སྐྱབས་མགོན་ཡིད་བཞིན་ནོར་བུས་ཕྱི་ལོ་༡༩༩༧ཟླ་༡༢ཚེས་༡༥ ཉིན་གནང་བའོ།།
ཀུན་གཟིགས་རྒྱལ་བའི་དབང་པོ་ཀརྨ་པ།།
ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་ཡི།།
ཞབས་པད་བསྐལ་པ་རྒྱ་མཚོར་བསྟན་པ་དང་།།
གངས་ཅན་བོད་ཀྱི་མགོན་དུ་མྱུར་བྱོན་གསོལ།།
དགའ་སྐུ་ལགས། ༧གོང་ས་མཆོག་གིས་མཛད་པའི་ཤུགས་ལྡན་བསྟོད་པའང་ཡོད་རེད་ད།
ཀུན་གཟིགས་རྒྱལ་བའི་དབང་པོ་ཀརྨ་པ།།
ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་ཁོང་།།
ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པ་དང་།།
གོང་མའི་མཛད་པ་སྐྱོང་ན་ཡག་པོ་ཡིན།།
ཀ་ར་མར་དང་རྩམ་ཟན། །
ཁ་བ་གངས་ཅན་པ་ལ། །
ག་ནས་ཕན་བཏགས་མཛད་ཀྱང་། །
ང་ཅག་ཇ་ལན་ཆབ་འཇལ། །
ཀརྨ་པ་ལ་གྲགས་མཛད། །
རྣམ་མང་བལྟམས་ནས་ད་བར། །
བགྲང་བྱ་མང་དག་འདས་ཀྱང་། །
རྣམ་ཐར་ཙམ་ཡང་མ་མཇལ། །
གངས་ཅན་བོད་ཀྱི་མགོན་དུ་མྱུར་བྱོན་གསོལ།།
ཞེས་སྨྲས་ཚུལ་ལ་བལྟས་ན། ད་ལྟ་གངས་ཅན་བོད་ཀྱི་མགོན་མ་ཡིན་པ་དང་། མགྱོགས་མྱུར་དེ་ཆགས་རྒྱུར་བྲེལ་བ་དང་དངངས་ཚབ་ཞེ་པོ་ཡོད་པའི་བཟོ་འདྲ་པོ་ཞིག་འདུག་པས། ངས་བཤད་སྟངས་དེ་ཁྱད་མཚར་ཞིག་གོ་ཡི་འདུག བྱས་ཙང་ངའི་སེམས་ནང་དྲི་བ་གཉིས་འཁོར།
ད་ལྟ་བོད་ཀྱི་སྐྱབས་མགོན་ཡིན་ནམ་མིན།?
མྱུར་དུ་གངས་ཅན་བོད་ཀྱི་མགོན་པོ་ཆགས་དགོས་པ་གང་ཡིན་ནམ།?
ཞེས་པ་དེ་གཉིས་ཡིན།
༧གོང་ས་མཆོག་བོད་ཀྱི་སྲིད་ཀྱི་དབུ་ཁྲིད་བཤོལ་བར་མཛད་པ་འདི་ཀརྨ་ཕྱོགས་ཁག་གི་སྙིང་ལ་ཆུ་འཁྱག་བླུག་པ་རང་རེད། དེ་མིན་ཚ་གེ་ཚིག་གེ་ཞེ་པོ་བྱེད་སྡོད་གི་རེད། མ་འོངས་སྔོན་གཟིགས་ཀྱིས་༧ཐུགས་ཐག་བཅད་པ་འདི་ལ་བཀའ་དྲིན་ཆེ་མ་ཞུ་རང་ཞུ་རེད།
ད་ཆོས་ཀྱི་དབུ་ཁྲིད་ལ་མིག་ཧུར་རེ་བལྟས་འདུག་ག ད་ཤིན་ཏུ་དཀའ་ལས་རེད། སྤྱིར་ཆོས་ལུགས་སྤྱི་ཡོང་གི་དབུ་ཁྲིད་དགོས་མི་དགོས་བོད་པས་ཐག་གཅོད་གི་རེད། དགོས་ན་ཆོས་བརྒྱུད་བཞི་པོའི་དབུ་འཛིན་ཁྲི་པ་དག་གིས་ལོ་གསུམ་རེ་ཙམ་རེ་རེས་མོས་གནང་གི་རེད། བཀའ་བརྒྱུད་ཕུད་པའི་ཆོས་བརྒྱུད་གསུམ་པོར་དབུ་འཛིན་སྤྱི་མོས་ཐོག་ཡོང་བ་ལ་དཀའ་ངལ་མེད། འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་ནས་ས་གསུམ་ན་འགྲན་ཟླ་བྲལ་བ་༧རྒྱལ་དབང་འབྲུག་ཆེན་དང་། ༧རྒྱལ་བ་འབྲི་གུང་ཆེ་ཆུང་གང་རུང་གིས་གནང་མདོག་ཁ་པོ་རེད། དེ་དུས་ཁ་ཤས་མིག་ཆུ་ཁྲོམ་མེར་ལྷག
བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚི་ཡི།།
སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་།།
བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
མེ་ཏོག་འདི་ཆགས་སྡང་རྐྱང་བྱེད་བསྡད་མཁན་མི་ཚོགས་མ་བསགས་པ་ཞིག་ཏན་ཏན་རེད་འདུག
ཁྱོད་ལ་བྱུང་ན་བོད་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་དེ་་་་རྙིང་མའི་བླ་ཆེན་གྱིས་གནང་ན་ཡག་ཤོས་རེད། རྙིང་མའི་བླ་ཆེན་འོས་ཤོག་འཕེན་ནས་གཅིག་སྐོས་ན་ལེགས་ཤོས་རེད། དེ་རྨི་ལམ་ཡིན་རྒྱུ་རེད་དྲན།
ཆབ་མདོ་ངག་ཕུན་ལྟ་བུའི་ཀརྨ་པར་བསྟོད་པ་འབྲི་མཁན་ཞིག་ཡོད་པ་འདི་དགའ་བ་སྐྱིད་པ་ལ། ཧཧཧཧ ཀུ་རེ་ཡིན།
ཀརྨ་པ་སྐུ་སྒེར་ལ་བཤད་ཡ་ཅང་མེད་ཀྱང། ཁོང་གི་ཉེ་འཁོར་ན་མི་ཚད་ལྡན་ཞིག་ཡོད་རབ་སྐད་ཆ་མི་འདུག་ལ། མང་ཆེ་བ་རྒྱ་མིན་བོད་མིན་དེ་འདྲ་ཡིན་ས་རེད། ཉིན་ཞིག་མི་དེ་ཚོས་ཀ་རོར་ཀ་རོར་བྱས་ཏེ་རྙོག་དྲ་བསླངས་མ་ཡོང་ན་སྐྱིད་པ་ལ། འོན་ཀྱང། ཀརྨ་པའི་ཡིག་ཚང་ལ་ད་དུང་སྤྱི་ཚོགས་ཅན་དང་བོད་སྤྱི་པའི་རྣམ་པ་གང་ཡང་ཐོན་གྱི་མེད། ཐམས་ཅད་གཟིམ་ཆུང་སྦུག་སྦུག་ཕྱག་ལས་སྦུག་སྦུག་ཡིན་པས་བཤད་ནས་ཅི་ཕན། སྤྱི་འཐུས་ཟོག་རོ་འདྲ་བ་རྐམ་ཆོས་འཕེལ་དང་གླེན་པ་དཔེ་མཚོན་གོང་ན་མེད་པ་བསྟན་པ་ཡར་འཕེལ་ཟེར་བའི་ཀ་ཁའི་འབྲི་ཀློག་ཙམ་ཐུབ་པ་དེ་གཉིས་ཡར་འཁྲིད་མར་འཁྲིད་ནས་འགྲོ་བ་འདི་ཡག་པོ་མ་རེད་བསམས། མཚམས་རེར་ཆོས་པ་ཟེར་ཡང། ལན་རེར་བཀའ་བརྒྱུད་པའི་སྦོ་སི་འཁྲབ་གྲབས་བྱེད་ཀི དངོས་གནས་ཅིག་བྱེད་ན་སྤྱི་ཚོགས་ཞབས་ཞུ་གཙོ་བོ་དང། འོས་བསྡུའི་ཁྲོད་ལངས་ནས་སྤྱི་མི་ཚད་ལྡན་ཞིག་བྱས་ན་ཡག་གི་རེད།།
ཆན་འགོད་པ་མང་ཆེ་བས་རང་གི་མ་མཐོང་བ་དང་རང་དང་ལྟ་སྤྱོད་མི་མཐུན་པ་རྣམས་ལ་རི་བོང་ལྕལ་དྲོག་དང་སྡུག་རབས་སྣ་ཚོགས་ཀྱི་ཁ་ཟེར་གཏོང་བ་ནི་དོན་མེད་ངལ་བའི་རྒྱུ་རུ་མཐོང་། དེ་ལས་བློ་གཟུ་བོར་གནས་ནས་འོག་གི་དེ་ཀློག་རོགས། རྒྱལ་དབང་བཅུ་བདུན་པའི་གསུང་ ཐར་པ་དོན་གཉེར་བ་ཞིག་ལ་བདུད་རྩི་རང་རེད། ཕྱོགས་རིས་སླད་པ་རྣམས་ལ་ཞུ་རྒྱུ་མེད་དོ།
དེ་ཡང་རྒྱལ་བའི་བསྟན་པ་ཇི་ལྟར་འཇིག་ཚུལ་ལུང་དུ་བསྟན་སྐབས་བསྟན་པ་འཛིན་པའི་སྐྱེས་བུ་ནང་ཁུངས་རྩོད་པ་བྱུང་ཚེ། བསྟན་པ་འཇིག་རྐྱེན་དུ་འགྱུར་བ་ཡིན་པས་ངེས་པར་དུ་གཟབ་དགོས་གསུངས། ཡང་ཉི་ཧོང་དུ་མི་གཉིས་ཟ་ཁང་དུ་འཛོམས་ཏེ་གཅིག་གིས་ཉམས་ལེན་གྱི་ནང་བཟོད་པ་ཞེས་པའི་ཚིག་འབྲུ་གཉིས་པོ་དེ་ལས་ལྷག་པ་མེད་ཚུལ་བརྗོད་པ་དང་། གཅིག་གིས་བཟོད་པ་ཞེས་པ་ཚིག་འབྲུ་གསུམ་ལས་ལྷག་པ་མེད་ཚུལ་བརྗོད་དེ་ཁོང་གཉིས་དབར་བཤད་རྒྱུ་བཟོད་པའི་སྐོར་བཤད་ཀྱང་ཚིག་འབྲུ་མང་ཉུང་མི་མཐུན་པའི་རྐྱེན་གྱིས་ཕན་ཚུན་རྩོད་པ་བྱུང་། དེས་ན་རང་རེ་རྣམས་ཀྱང་བསྟན་པའི་བཤད་ཚུལ་མ་མཐུན་པ་ལས་ནང་དོན་རྩ་བ་གཅིག་ཉིད་ཡིན། དེ་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་ཞལ་འདོན་ནང་དུ་ཡང་བསྟན་པ་རིས་མེད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བཅུག་ཡོད། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་མཛད་པོ་མཐའ་དག་རྒྱལ་བའི་བསྟན་པ་འཛིན་པའི་སྐྱབས་དང་འགྲོ་བའི་མགོན་དུ་གྱུར་པ་འབའ་ཞིག་ཡིན་པ་དང་འགྲོ་བ་ཀུན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་དབང་གིས་དེ་ལྟར་བགྱིས་པ་ཡིན། སྤྱིར་བསྟན་པ་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་དགོས་པ་ཡིན་པས་ཕན་ཚུན་ཐ་དད་མ་ཡིན་པར་བཤད་སྒྲུབ་ཟུང་འབྲེལ་དུ་སྒྲུབ་དགོས་པ་ཡིན་པས་ཕྱོགས་རེ་བ་མ་ཡིན་པ་ཞིག་དགོས། དེེ་མིན་ཆོས་སྤོང་གི་ལས་བསགས་པ་ཡིན་པས་མཚམས་མེད་ཀྱི་ལས་ལས་ཀྱང་ཐུ་བ་ཡིན་པས་ངེས་པར་དུ་གཟབ་དགོས་ཞེས་གསུངས་སོ། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་འཕགས་ཡུལ་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཐེངས་༣༠ སྐབས་གསུང་།
མ་རིག་གདུང་བས་ནད་པའི་མགོན་གྱུར་པ།།
མ་ལུས་འགྲོ་ཀུན་འདྲེན་མཆོག་སྐྱེས་བུ་མཆོག།
མ་ལྟར་བྱམས་པའི་བརྩེ་སེམས་གཞན་ལ་སྟེར།།
མ་གྱུར་སེམས་ཅན་མགོན་གྱུར་ཀརྨ་པ།།
མ་རྟོགས་རྨོངས་པའི་གནས་ལས་གྲོལ་མཛད་པ།།
མ་རིག་ཡེ་སངས་རྒྱལ་བའི་འཕགས་མཆོག་ཁྱོད།།
མ་གུས་སྡང་བའི་དགྲ་རྣམས་འཛུམ་གྱིས་མངོན།།
མ་མེད་མགོན་མེད་རིགས་ཀྱི་མགོན་པོར་འདུད།།
མ་བཅོས་དགེ་སྡུག་གཤིས་ལུགས་སྟོན་ལ་མཁས།།
མ་ལྟར་མགོན་མེད་སེམས་ཅན་བྱམས་ཀྱིས་སྐྱོང་།།
མ་ཀ་ར་བཞིན་འཁོར་འདས་གནས་ལུགས་སྟོན།།
མ་ལུས་བྱམས་པའི་མགོན་པོའི་ཞབས་ལ་འདུད།།
མ་ཚང་མེད་པའི་དམ་ཆོས་དགོངས་པའི་གཏེར།།
མ་ལུས་གཅིག་ཏུ་སྒྲིལ་བའི་ཐབས་མཁས་མཆོག།
མ་རིག་རྨོངས་པའི་བདག་སོགས་བདུད་རྩི་སྟེར།།
མ་འཁྲུལ་ཀུན་མཁྱེན་རྒྱལ་བའི་ཞབས་ལ་འདུད།།
མ་ལག་འཇིག་རྟེན་གནས་ལུགས་རྟོགས་གྱུར་པ།།
མ་འཚལ་རྨོངས་པའི་བདག་སོཊ་མགོན་གྱུར་པ།།
མ་འོངས་མགོན་མེད་རྣམས་ཀྱི་མགོན་པོ་མཆོག།
མ་བཅོས་སྙིང་ནས་གུས་པས་གསོལ་བ་འདེབས།།
མ་ཧཱ་འཕགས་མཆོག་རྒྱལ་བ་གཉིས་པ་ཞབས།།
མ་ཡུམ་གངས་ཅན་ཀརྨ་པ་ལ་བརྗོད།།
མ་འཁྲུལ་རྒྱལ་བ་གཉིས་པ་ཀརྨ་པ།།
མ་ཤེས་བློ་རྨོངས་འགྲོ་སོགས་སྐྱོབ་ཏུ་གསོལ།།
མ་གྱུར་འགྲོ་བའི་མགོན་པོ་ཀརྨ་པ།།
མ་ལྟར་སློབ་འབངས་ཀུན་ལ་བརྩེ་བའི་སྐྱོང་།།
མ་ཤེས་བླུན་པོ་བདག་འདྲས་མཆོད་སྤྲིན་ཙམ།།
མ་བཅོས་སྙིང་ནས་དུས་གསུམ་མཁྱེན་པར་འདུད།།
དབྱངས་ཨི་ཨུ་ཨེ་ཨོ་བཞི་རིམ་པ་བཞིན་དུ་ངེས་པའི་ཤིས་བརྗོད་ནི།
ཡིད་ཀྱི་འཁྲི་ཤིང་དཔྱིད་ཀྱི་ཞིང་།།
སྐུ་གསུང་ཐུགས་སྤྲུལ་མྱུ་གུ་འཁྲུངས།།
བདེ་ཆེན་བདེ་ལེགས་ཡེ་ཤེས་གཏེར།།
མགོན་ཁྱོད་འགྲོ་དོན་ཡོངས་རྫོགས་ཤོག །
སྣྲོན་ངག་ཁྲི་ལགས། ཀརྨ་པའི་མཛད་པ་དང་རྣམ་ཐར་མཇལ་འདོད་ཚེ་དྲ་རྒྱ་འདིར་ཕེབས། kagyuoffice.org kagyumonlam.org བོད་དབྱིན་རྒྱ་ཡིག་གསུམ་ལ་གཟིགས་རྒྱུ་འདུག་
སྐུ་མཚར་སྡུག་མྱུ་གུ་གངས་རིར་འབུད།།
གསུང་འགག་མེད་ལང་ཚོ་འཕགས་ཡུལ་རྒྱས།།
ཐུགས་བྱམས་བརྩེའི་འོད་སྣང་ཁམས་གསུམ་ཁྱབ།།
ཁྱེད་གསང་གསུམ་མཛད་འཕྲིན་རྒྱས་པར་སྨོན། །
མཁྱེན་ཡངས་དགའ་སྐུ་ལགས་ཁྱེད་ཀྱིས་དྲ་ཚིགས་མཁོ་འདོན་གནང་བ་ཐུགས་རྗེ་ཆེ། ཡིན་ན་ཡང་ཁྱེད་ཀྱིས་གོ་བ་ལོག་སྒྲུབ་མ་གནང་བའི་རེ་བ་ཤིན་ཏུ་ཆེ། ངས་མ་མཇལ་ཞུ་དོན་ནི། རང་ཉིད་ལེ་ལོའི་དབང་དུ་སོང་ནས་མཇལ་མ་སོང་ཞེས་དབྱངས་ཨ་ངེས་ནས་ཞུ་བའི་ཁུལ་
ཡིན་མ་གཏོགས། རྣམ་ཐར་རྩ་བ་ནས་མཇལ་རྒྱུ་མི་འདུག་ཡེ་ནས་ཞུ་གི་མེད་པས་དེ་དོན་དགོངས་འཇགས་མཁྱེེན།
༡༧༽ སྣྲོན་ངག་ཁྲི་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ གི་ཆུ་ཚོད་ ༡༠ སྐར་མ་ ༠༣
སྐུ་མཚར་སྡུག་མྱུ་གུ་གངས་རིར་འབུད།།
གསུང་འགག་མེད་ལང་ཚོ་འཕགས་ཡུལ་རྒྱས།།
ཐུགས་བྱམས་བརྩེའི་འོད་སྣང་ཁམས་གསུམ་ཁྱབ།།
ཁྱེད་གསང་གསུམ་མཛད་འཕྲིན་རྒྱས་པར་སྨོན། །་་་་ཟེར།
འདི་འདྲ་རེ་སྨོན་ན་འཚམས་པོ་འདུག དེ་མིན་མཆན་ལྔ་པར་སྨོན་སྟངས་དེ་འདྲ་རང་ལྟ་ཐལ་ཆེ་ཀི
གང་ལྟར་ཕོ་མ་དགའ་ལ་ལ་སོང་། མོ་མདགའ་འཐུར་ལ་སོང་ན་ཡང་། མ་འོང་པའི་གོང་ས་མཆོག་གི་རྗེས་འཛིན་བོད་གངས་ཅན་པའི་ཆོས་ཀྱི་དབུ་ཁྲིད་མཁན་ནི་ཤེས་ཡོན་དང་མི་གཞི་འཇོན་ཐང་གང་གི་ཐད་ནས་ཀརྨ་པ་འདི་ཨང་དང་པོ་རེད།
ལས་ཀརྨ་བཟང་པོའི་མཐུ་སྟོབས་ལས།
རིས་པ་དྲ་མཚན་དཔེའི་བརྒྱན་པའི་སྐུ།
ཐུགས་སྒམ་པོ་གཏིང་ཟབ་རྒྱ་མཚོ་དང།
གསུང་གཡུ་འབྲུག་རྔ་གསང་ལྡིར་བར་སྤྲོ།
༤༽ ཨ་ཕྱི་ཆོས་སྒྲོན་ནས། ཞེས་པ་དེས་ངས་རྩོམ་དེ་ཁ་བསྒྱུར་བྱས་འདུག་པས། དྲ་གྲོགས་རྣམས་ཁོས་དམིགས་ཡུལ་ཅི་ཞིག་འཆང་ཡོད་བཤད་ཚོད་མི་ཐད་པས། ཐུགས་གཟབ་གནང་རོགས།
མཚོ་སྔོན་ཟིན་བྲིས་ནང་གཟིགས་རོགས། http://blog.amdotibet.cn/antse/archives/90538.aspx
ས་འཛིན་དཀར་པོའི་དྲ་ཚིགས་ནང་ལ་གཟིགས་རོགས། http://www.sazinkarpo.com/2013/06/03/༧སྐྱོབ་པའི་ས་ཟླའི་ལྔ་མ/
ང་སྤྲུལ་སྐུ་ལ་དད་མཁན་ཞིག་ཡིན། འོན་ཀྱང་བོད་ཀྱི་སྤྲུལ་སྐུའི་དབུ་ཀརྨ་པ་ནས་བཙུག་པ་ཡིན་མིན་ཐེ་ཚོམ་ཡང་སྙོགས་དྲ་ཆེན་པོའི་མགོ་ཀརྨ་པ་ནས་བཙུག་པ་རེད། གསོད་ཏུབ་རྡུང་རེས་བྱས་ནས་སྤྲུལ་སྐུའི་ལམ་ལུགས་ཡག་པོ་དེ་སྤྱི་ཚོགས་ན་མཐོང་སྣང་ངན་པ་ཞིག་དང་། སྤྲུལ་སྐུ་ངོས་འཛིན་གྱི་ལྐོག་ལས་མང་པོ་ཞིག་གིས་དད་ལྡན་མི་མངས་ལ་ཡིད་ཆེས་བརླགས་བཅུག་པ་རེད། ་འགན་དེ་ཕྱོགས་གཉིས་ཀས་ཁུར་དགོས་པར་སྣང་། མ་འོངས་པར་སྤྲུལ་སྐུ་གཉིས་གདན་གཅིག་ལ་ཞི་བདེའི་ངང་རོལ་ཐུབ་པ་མ་བྱུང་བར་ཀརྨ་པ་གཉིས་ཀས་ཞི་བདེ་དང་། མཐུན་སྒྲིལ། བློ་སྦྱོང་སོགས་མ་གསུངས་ན་ལེགས། བཤད་ཆེ་ན་མེ་ཕར་ལ་འབུད་དུས་སྨྲ་ར་ཚུར་ལ་གཞོབ་ཟེར་བ་ལྟར་རང་སྐྱོན་བཤད་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག སྤྲུལ་སྐུ་གཉིས་ཀ་བོད་ཀྱི་ཆོས་རྒྱུན་ཡོངས་རྫོགས་ཀྱི་དབུ་ཁྲིད་ཡོང་བར་དཀའ་ཡང་གཉིས་ཀ་མཐུན་ན་ཀཾ་ཚང་ལ་བཀྲ་ཤིས་པ་ཞིག་འབྱུང་ངེས། སྤྲུལ་སྐུ་རྣམ་གཉིས་ལ་དད་པ་ཅུང་ཟད་ཡོད་མཁན་ཞིག་གི་ངོས་ནས་སྐུ་ཚེ་ཞབས་པད་བརྟན་ཅིང་། ཐུགས་བཞེད་བཞིན་ཆོས་ཀྱི་དབུ་ཁྲིད་དུ་གྱུར་པ་དང་། ཐུགས་མཐུན་ཁྲིམས་གཙང་ཡོང་བའི་བཀྲ་ཤིས་ཤོག
མཆན་ཨང་༡༤ པ་ཨ་ཕྱི་ཆོས་སྒྲོན་ཟེར་བ་དེ་ཡིས་མི་གཞན་གྱི་རྩོམ་རྐུས་བྱས་ཏེ་དེར་བཀོད་འདུག་གཟིགས་དང་་་་མཚོ་སྔོན་པོའི་ཟིན་རིས་ནས། གོང་དུ་ས་འཛིན་དཀར་པོ་ཞེས་པས་བྲིས་པ་དེ་་་་་་ཨ་ཕྱི་ཆོས་སྒྲོན་ཞེས་པ་རྐུ་མ་དེ་ཡིས་ཇི་ལྟར་རྐུས་མིན་ཞིབ་དཔྱད་ཀྱི་ཆེད་དུ་འདིར་་་་མཚོ་སྔོན་པོའི་དྲ་བ་ལས་དྲངས་པའོ།
མ་རིག་གདུང་བས་ནད་པའི་མགོན་གྱུར་པ།།
མ་ལུས་འགྲོ་ཀུན་འདྲེན་མཆོག་སྐྱེས་བུ་མཆོག།
མ་ལྟར་བྱམས་པའི་བརྩེ་སེམས་གཞན་ལ་སྟེར།།
མ་གྱུར་སེམས་ཅན་མགོན་གྱུར་རིན་ཆེན་དཔལ།།
མ་རྟོགས་རྨོངས་པའི་གནས་ལས་གྲོལ་མཛད་པ།།
མ་རིག་ཡེ་སངས་རྒྱལ་བའི་འཕགས་མཆོག་ཁྱོད།།
མ་གུས་སྡང་བའི་དགྲ་རྣམས་འཛུམ་གྱིས་མངོན།།
མ་མེད་མགོན་མེད་རིགས་ཀྱི་མགོན་པོར་འདུད།།
མ་བཅོས་དགེ་སྡུག་གཤིས་ལུགས་སྟོན་ལ་མཁས།།
མ་ལྟར་མགོན་མེད་སེམས་ཅན་བྱམས་ཀྱིས་སྐྱོང་།།
མ་ཀ་ར་བཞིན་འཁོར་འདས་གནས་ལུགས་སྟོན།།
མ་ལུས་བྱམས་པའི་མགོན་པོའི་ཞབས་ལ་འདུད།།
མ་ཚང་མེད་པའི་དམ་ཆོས་དགོངས་པའི་གཏེར།།
མ་ལུས་གཅིག་ཏུ་སྒྲིལ་བའི་ཐབས་མཁས་མཆོག།
མ་རིག་རྨོངས་པའི་བདག་སོགས་བདུད་རྩི་སྟེར།།
མ་འཁྲུལ་ཀུན་མཁྱེན་རྒྱལ་བའི་ཞབས་ལ་འདུད།།
མ་ལག་འཇིག་རྟེན་གནས་ལུགས་རྟོགས་གྱུར་པ།།
མ་འཚལ་རྨོངས་པའི་བདག་སོཊ་མགོན་གྱུར་པ།།
མ་འོངས་མགོན་མེད་རྣམས་ཀྱི་མགོན་པོ་མཆོག།
མ་བཅོས་སྙིང་ནས་གུས་པས་གསོལ་བ་འདེབས།།
མ་ཧཱ་འཕགས་མཆོག་ཀླུ་སྒྲུབ་གཉིས་པ་ཞབས།།
མ་ཡུམ་གངས་ཅན་རིན་ཆེན་དཔལ་ལ་བརྗོད།།
མ་འཁྲུལ་ཀླུ་སྒྲུབ་གཉིས་པ་འཇིག་རྟེན་མགོན།།
མ་ཤེས་བློ་རྨོངས་བདག་སོགས་སྐྱོབ་ཏུ་གསོལ།།
མ་གྱུར་འགྲོ་བའི་མགོན་པོ་རིན་ཆེན་དཔལ།།
མ་ལྟར་སློབ་འབངས་ཀུན་ལ་བརྩེ་བའི་སྐྱོང་།།
མ་ཤེས་བླུན་པོ་བདག་གིས་མཆོད་སྤྲིན་ཙམ།།
མ་བཅོས་སྙིང་ནས་གུས་པའི་མཆོད་པ་ཡིན།།
དྲ་ཐག་དེ་ངས་ཀྱང་བལྟས་པ་ཡིན། དེས་ན་ཨ་ཕྱི་ཆོས་སྒྲོན་མིང་ཅན་ལ་འདོམས་པ་ནི།
འདི་ལྟར།
ཨ་ཕྱིའི་སྔོ་ལོ་དྲ་རྒྱའི་ནང་དུ་བཤམས།།
མི་བདེན་བསམས་ན་དྲ་ཁུངས་་དེ་ནས་གཟིགས།།
ནོར་བཅོས་བྱ་ལོང་མ་བྱུང་ཀྱེ་མ་ཧུད།།
རྩོམ་གྱིས་ཕོངས་ན་རྩོམ་དགོས་ཁྲལ་ནི་མེད།།
ཁྱོད་ཀྱིས་མིང་རྫུན་སྤྱད་མིན་གང་ལྟར་ཡང་།།
ཁ་བརྡར་བཏང་བའི་གཤམ་མཆན་བཅུ་བཞི་པ།།
མི་རྩོམ་བརྐུས་པ་དངོས་འབྲེལ་ཡིན་འདུག་པས།།
ནག་ཉེས་ངོས་ལེན་བྱས་ན་གུ་ཡངས་ཡོད།།
དྲ་ཐག་དེ་ངས་ཀྱང་བལྟས་པ་ཡིན། དེས་ན་ཨ་ཕྱི་ཆོས་སྒྲོན་མིང་ཅན་ལ་འདོམས་པ་ནི།
འདི་ལྟར།
ཨ་ཕྱིའི་སྔོ་ལོ་དྲ་རྒྱའི་ནང་དུ་བཤམས།།
མི་བདེན་བསམས་ན་དྲ་ཁུངས་་དེ་ནས་གཟིགས།།
ནོར་བཅོས་བྱ་ལོང་མ་བྱུང་ཀྱེ་མ་ཧུད།།
རྩོམ་གྱིས་ཕོངས་ན་རྩོམ་དགོས་ཁྲལ་ནི་མེད།།
ཁྱོད་ཀྱིས་མིང་རྫུན་སྤྱད་མིན་གང་ལྟར་ཡང་།།
ཁ་བརྡར་བཏང་བའི་གཤམ་མཆན་བཅུ་བཞི་པ།།
མི་རྩོམ་བརྐུས་པ་དངོས་འབྲེལ་ཡིན་འདུག་པས།།
ནག་ཉེས་ངོས་ལེན་བྱས་ན་གུ་ཡངས་ཡོད།། ཅེས་སོ།།