བསམ་གླིང་ཚེ་རིང་ལྷ་མོ།
ཟིམ་ཟིམ་བབས་པའི་ཆར་རྒྱུན་གྱིས།།
རྩྭ་དང་རྩི་ཤིང་མེ་ཏོག་ལ།།
སྣུམ་པ་སྦྱིན་པས་ག་ལ་ཚད།།
ཀུན་གྱི་སྙིང་ཁམས་བཟི་བར་བྱས།།
ལྷུན་པོར་འཁྱུད་པའི་ལྗོན་པ་དག།
ཆར་གྱིས་བརླན་པར་ཡིད་རབ་ཚིམ།།
རྡ་སའི་ཕྱག་འཚལ་སྐོར་ཡུལ་གྱིས།།
ཐག་རིང་འགྲུལ་པའི་བློ་ཡིད་ཚིམ།།
མཁའ་ལ་འཁྱུག་པའི་གླང་པོ་ཆེ།།
བྲེལ་བས་ཅི་ཕྱིར་རྒྱུག་བཞིན་ཡོད།།
ཆུ་ཕྲན་ཟེགས་མའི་གྲོགས་སུ་ནི།།
ཆར་གྱི་གཟུགས་སུ་འབབ་འདོད་དམ།།
རྩེ་མོ་ཡལ་གའི་གཡུ་རལ་རྣམས།།
ཟོར་བའི་འཁྲུལ་གྱིས་བཅད་པར་བྱས།།
རྡ་སའི་ལྗོན་པ་མགོ་རིལ་དག །
ཅི་ཞིག་བྱས་པའི་ཉེས་པ་ཨང་།།
ཆར་ཟིམ་གྱིས་ནི་བསིལ་བ་སྦྱིན།།
རི་རྩེ་མི་མངོན་སྒྲིབ་པར་བྱས།།
ཡལ་འདབ་བྲལ་བའི་ཤིང་བཟང་འགའ།།
ཆར་རྒྱུན་མཐོང་ཡང་དགའ་བ་བྲལ།།
བྱ་བྱེའུས་ཅ་ཅོ་ཆེ་ཆེར་སྒྲོག །
ལུས་ཀྱི་སྤུ་ཡང་ཆར་གྱིས་བརླན།།
གཟུགས་ཕུང་ཆུང་འདི་འཚོ་བའི་ཕྱིར།།
སྲོག་བསྡོས་ཀྱིས་ནི་ཟས་དག་འཚོལ།།
ལྗོན་པའི་གཡབ་མོས་གཡས་ནས་འཐེན།།
ལྷུན་པོའི་འགྱིང་ཉམས་གཡོན་ནས་ངོམ།།
གང་དུ་བལྟས་ཀྱང་ཡིད་དབང་འཕྲོག །
དེ་དག་ཚིག་ཏུ་མི་བསྒྲིགས་ཅི།།
རང་འགྲེལ་མེད་ན་གོ་ས་མ་རེད།
ངས་ནི་གོ་མ་སོང་།
ཚིག་ཡར་བསྒྲིགས་མར་བསྒྲིགས་ཅོ་བརྒྱད་ཅན།
དོན་མ་གསལ་དོན་མེད་ཚིག་ལ་འཁྲུལ།།
ཞེ་མ་བདེ་ཡང་ཡང་ལྕེ་བརྒྱ་འགུལ།།
ཁེད་མ་ཁོད་ཁོག་ནག་བསམ་ནག་མ།།
ཉམས་དགའི་ཡུལ་གྱི་མཛེས་སྡུག་ཉེར་མཚོན་ཕྱིར།།
སྙན་ཚིག་གོས་སྲབ་དག་གིས་བསྒྲིབས་པའི་ཟོལ།།
དོན་དུ་སེམས་མཐུན་མཛའ་གྲོགས་གང་ཞིག་ལ།།
འདོད་པའི་ཟུར་མིག་དབང་མེད་ཤོར་བ་ཉིད།།
ཨ་ཅེ་ཚེ་རིང་ལྷ་མོ། །
རྒྱུན་དུ་ནགས་ཚལ་ཁྲོད་དུ། །
རྒྱུ་བའི་མཐོང་ཐོས་མྱོང་གསུམ། །
དྲ་ངོར་བཀོད་པ་མཛེས་བྱུང་། །
ལྗོན་ཤིང་སྟུག་པའི་ནགས་ཚལ་དུ། །
ལང་ཚོ་དར་བབ་བུད་མེད་ཅིག །
ཡང་ཡང་ཁེར་འགྲོ་བྱེད་པ་དེ། །
དགའ་བས་ཡིན་ནམ་སྐྱོ་བས་ཡིན། །
བུ་མོའི་ལང་ཚོ་སྟོན་ཁའི་མེ་ཏོག་བཞིན། །
ཞག་མ་རེ་རེ་བཞིན་དུ་ཡལ་འགྲོ་ན། །
བཅོ་ལྔའི་དུང་ཟླ་འདྲ་བའི་ལང་ཚོ་དེ། །
དབེན་པའི་ནགས་སུ་ཡལ་བར་མ་གཏོང་ཞིག །
ཚིག་བཅད་གང་བསམ་འདི་བྲིས་དེ།།
དགེ་འདུན་གནམ་ནས་མ་གོ་བཟང་།།
དེ་གོ་སོང་ཟེར་ན་ཕྲག་དོག་ནས།།
དོན་མེད་སྡིག་པ་བསག་ཉེན་ཡོད།།
དྲ་གྲོགས་རྣམས་ལ་ཕེབས་བསུ་ཞུ།།
ང་རི་མགོ་མཐོན་པོར་འཁྱམས་པ་དེ།།
བོད་གང་ལྗོངས་ཡིད་ལ་དྲན་པའི་རྟགས།།
རླུང་བསིལ་པོ་གཙང་མ་བརྔུབས་པ་འདི།།
རང་ཡུལ་ལ་ཆགས་ཞེན་ཆེ་བའི་རྟགས།།
ཀུ་རེའི་ཚུལ་དུ།
རྩེ་མོ་ཡལ་གའི་གཡུ་རལ་རྣམས།།
ཟོར་བའི་འཁྲུལ་གྱིས་བཅད་པར་བྱས།།
རྡ་སའི་ལྗོན་པ་མགོ་རིལ་དག །
ཅི་ཞིག་བྱས་པའི་ཉེས་པ་ཨང་།།
དྲིས་པའི་ལན་དུ།
རྡ་སའི་གྲྭ་བཙུན་མགོ་རིལ་གྱི། །
དབུ་སྐྲ་ལྷ་ལ་ཕུལ་ཟིན་ལྟར། །
ཡལ་གའི་སྔོན་ལྗང་ལོ་མ་དག །
གྲོང་གསེབ་བུ་མོས་བ་མོར་ཕུལ། །
ལྷུན་པོར་འཁྱུད་པའི་ལྗོན་པ་དག།
ཆར་གྱིས་བརླན་པར་ཡིད་རབ་ཚིམ།།
རྡ་སའི་ཕྱག་འཚལ་སྐོར་ཡུལ་གྱིས།།
ཐག་རིང་འགྲུལ་པའི་བློ་ཡིད་ཚིམ།།
ཞེས་པ་ལས།
དྷ་སར་འཁྱུད་པའི་ལྗོན་པ་དག །
ཆར་གྱིས་བརླན་པར་ཡིད་རབ་ཆགས། །
དྷ་སའི་སྐོར་སྐྱོད་མཛེས་མ་ཚོས། །
ཐག་རིང་འགྲུལ་པའི་བློ་ཡིད་བཀུག །
ཐུགས་རྗེ་ཆེ།
ཕྲ་བའི་སེམས་པས་གླིང་བཞིར་ཁ་ལོ་བསྒྱུར། །
ཕྲ་བའི་དངོས་པོས་ཡོད་ཚད་ཐལ་བར་འབིགས། །
ཕྲ་བའི་སྙན་ངག་་ཀུན་གྱི་རྣ་བར་སྙན། །
ཕྲ་བའི་ལུས་པོ་སྐྱེས་བུའི་མིག་ལ་མཛའ། །
བོད་ཀྱི་སྙན་རྩོམ་ལ་གཞོལ་བསམ་གླིང་ལྷ་མོ་ཡི།
ཚིགས་བཅད་དག་ལ་དཔྱད་པ་ཅུང་ཟད་གླེང་།
དང་པོ་རང་བཞིན་བརྗོད་པར་སྐྱོན་མེད་ལགས།
ལྷུན་པོར་འཁྱུད་པའི་ལྗོན་པ་དག་ཅེས་པར།
ལྷུན་པོ་རིན་ཆེན་བཞི་རང་བཞིན་ཡིན་པ་ལས།
མཆོན་རྟེན་ལྟ་བུའི་གཟུགས་སུ་ཡོད་པ་ལས།
དེར་ཤིང་སྡོང་སྐྱེ་བ་ཞིག་ཡོད་མེད་བརྟག
མཁའ་ལ་འཁྱུག་པའི་གླང་པོ་ཆེ།།
བྲེལ་བས་ཅི་ཕྱིར་རྒྱུག་བཞིན་ཡོད།།
གླང་པོ་ཆེ་ནགས་ལ་རྒྱུ་བ་ཞེས་བསྔགས་བརྗོད་འོས།
མཁའལ་གློག་འཁྱུག་རང་བཞིན་བརྗོད་པར་འགྱུར།
བྱ་བྱེའུས་ཅ་ཅོ་ཆེ་ཆེར་སྒྲོག །
བྱ་བྱེའུས་ཅ་ཅོ་ཆེ་ཆེར་སྒྲོགས།
ཞེས་སྒྲོག་དང་སྒྲོགས་ཀྱི་ཁྱད་པར་དག
དབྱེ་བ་མ་འཛིངས་པར་བྱེད་ན།
བོད་ཀྱི་སྐད་ཀྱི་དག་ཆར་ཕན།
འབྲེལ་ཟིང་ངང་ནས་བྲིས་པ་ལ།
ཉེས་སྐྱོན་མང་ཡོད་གདོན་མི་ཟ།
ཀློག་པ་པོ་ཡིས་དག་པར་མཛོད།
འཚམས་སྤྲིན་དམར་སེར་འཁྱུག་པའི་གངས་རི་འོག།
ཐང་ཤིང་ཡལ་ག་རྒྱས་པའི་གྲིབ་བསིལ་འོག།
ཆར་རྒྱུན་བར་མེད་བབས་པའི་ཁང་ཆུང་འོག།
སྙིང་རྩ་ཕར་སྡིང་བྱེད་པའི་དགའ་རོགས་འོག།
བསམ་གླིང་ལྷ་མོའི་སྐྱིད་པའི་དགོད་སྒྲ་རེད།།
བསམ་གླིང་ལྷ་མོའི་བག་ཡངས་བློ་བདེ་རེད།།
བསམ་གླིང་ལྷ་མོའི་སྐྱོ་བའི་སྐྱོ་རེད།།
བསམ་གླིང་ལྷ་མོའི་འདོད་པའི་བརྩེ་རོགས་རེད།།
ནམ་མཁར་འཁྱུག་པའི་གླང་པོ་ཆེའི།།
ལྡེམ་པའི་ལུས་ཀྱི་ཉམས་འགྱུར་དེས།།
ར་མའི་རི་ཡི་ནག་མོ་འཁོལ།།
སྔར་ནས་ཡིད་རབ་མྱོས་ལ་གཟིགས།།
འཕགས་པའི་ཡུལ་གྱི་ལྷུན་སྟུག་ནི།།
ལྗོན་པའི་ཆོར་གོས་མཛེས་པར་བཀླུབས།།
དེ་ནི་བྱིས་པས་མ་ཡུམ་གྱི།།
ལུས་ལ་འཁྱུད་པ་ཇི་བཞིན་སྣང་།།
བྲེལ་བས་བྲིས་པའི་སྙན་དངགས་ལ།།
ལེགས་བཤད་སྦྲང་རྩིའི་རོ་བྲོ་ན།།
གལ་ཏེ་ཉེས་སྐྱོན་མཆིས་འགྱུར་ཀྱང་།།
ཀློག་པ་པོ་ཡི་སྤྲོ་བ་འཕེལ།།
རོང་པོ་ལགས་ལ་ཕེབས་བསུ་ཡོད་དོ།།
རཱ་མའི་རི་བོ་ལས་འོང་དྲི་བསང་གིས།།
སྙན་ཚིག་རྐང་བར་འགོས་པའི་བསམ་གླིང་བ།།
དལ་དིར་གཤོག་དྲུག་གཡོ་བའི་འཕུར་ལྡིང་གིས།།
རྡ་སའི་རི་ལུང་འགྲིམ་དོན་སུ་ཡིས་རྟོགས།།
ཀུ་རེ་ཡིན་ལོ།་་གང་ཤར་བྲིས་པ་ཐུགས་ལ་མ་འཛིན་རོགས།
ལགས་སོ།
མདུན་ནས་བལྟས་ན་མཛེས་མའི་ཉམས་ཤིག་དང་། །
ཟུར་ནས་མཐོང་དུས་སྣ་དེ་ཆེ་སེ་འདུག །
ད་དུང་སྐུ་གཟུགས་དེ་ཡང་ཕྲ་བ་ལ། །
བྲང་གི་འབུར་དོ་དེ་ཡང་ཆུང་བ་ལ། །
ཧཧཧཧ
ཚེ་རིང་ལྷ་མོ།
རྒྱུན་ཏུ་རི་ཀླུང་མྱུལ་བཞིན་འདུག
རྔོན་པ་ཞིག་འེ་ཡིན་ནམ།
ཚེ་རིང་ལྷ་མོ།
རྒྱུན་ཏུ་ནགས་ཚལ་ལྟུག་པོའི་ཁྲོད་ན་གཅིག་བུར་རྒྱུ།
རི་དྭགས་ཤིག་ཡིན་ནམ་སྙམ།
ཚེ་རིང་ལྷ་མོ།
རྒྱུན་ཏུ་མཚོ་འགྲམ་ན་གཅིག་བུར་སྒུག
ཉ་བ་ཞིག་འེ་ཡིན་ནམ།
ད་དུང་ལྕུག་ཕྲན་གྱི་ཡལ་ག་རེ་རེའི་སྟེང་ན་བྱ་བྱེའུ་བཞིན་འཕུར།
སྣུམ་ཤིག་ཤིག་གི་མེ་ཏོག་རེ་རེའི་སྟེང་ན།
ར་ཡིག་གཉིས་པ་བཞིན་ལྡིང་སྐོར་བྱེད།
ཨ། གང་ལྟར་བོད་ཡིག་གི་ཚིག་རྐང་རེ་རེ།
མུ་ཏིག་གི་ཕྲེང་ཐག་ཆད་པ་བཞིན་དྲ་ལམ་དུ་ཤར་ཚེ།
ཕྱོགས་ཕྱོགས་སུ་གནས་པའི་སྤྱན་ཟུང་གི་སྦྲང་བུ་རེ་རེ།
བུ་ཡུག་འཚུབ་པ་བཞིན་འཕུར་ལྡིང་ལ་རོལ།