བསྡུ་སྒྲིག་པ། ཚངས་དབྱངས།
དེང་སང་བོད་པའི་སྡེ་བའི་ནང་ལ་རྒྱའི་མི་སེར་སྤོ་མཁན་མང་རུ་ཕྱིན། ས་ཆ་འགའ་ཤས་ལ་བོད་རྒྱ་གཉིས་ཁྱིམ་མཚེས་བྱས་ནས་སྡོད་མཁན་ཡང་མཐོང་རྒྱུ་ཡོད། རྒྱ་མིའི་ཁྱིམ་ཚང་ནང་ལ་བྱ་དེ་གསོ་བ་དང་བོད་པ་ཚོས་བ་ཕྱུགས་གསོ། ཐེངས་གཅིག་བོད་པའི་ཁྱིམ་ཚང་ཞིག་གི་བ་ཕྱུགས་དེས་རྒྱ་མི་གྲོང་པའི་སྒོ་རའི་ནང་ལ་ལྕི་བ་བཏང་། དེ་ལ་རྒྱ་མི་དེས་རྙོག་ཁྲ་མང་པོ་བཤད། བོད་པའི་ཁྱིམ་ཚང་གི་ཨ་མ་དེས་སེམས་ཆུང་ཐོག་རྒྱ་དེ་ལ་དགོངས་དག་ཞུས། ལྕི་བ་རྣམས་གཙང་མར་ཕྱགས།
ཡང་ཉིན་ཞིག་རྒྱའི་བྱ་དེ་འགའ་ཤས་བོད་པའི་ཁྱིམ་ཚང་གི་སྒོ་རའི་ནང་ལ་ཡོང་ནས་མེ་ཏོག་སོགས་བཟས་ཡོད་པ་མ་ཟད། སྒོ་རའི་ནང་ལ་བྱ་སྐྱག་གང་སར་བཏང་ཡོད། བོད་པའི་ཨ་མ་དེས་རྒྱ་མི་དེ་ལ་འཇམ་པོའོ་ཐོག ཁྱེད་ཀྱི་བྱ་དེ་རྣམས་ཀྱིས་ངའི་སྒོ་རའི་ནང་ལ་བྱ་སྐྱག་བཏང་འདུག་པས་གཙང་མ་བཟོ་རོགས་ཟེར་དུས། རྒྱ་དེས་ངར་ངར་ཆེན་པོས། ཨེ། བྱ་དེས་སྐྱག་པ་བཏང་བར་ང་ཚོར་གང་འབྲེལ་བ་ཡོད། དེ་བྱ་དེའི་རྐུབ་ནས་བཏང་བ་རེད། ང་ཚོར་འགན་མེད་ཟེར་ནས་ཁ་ཡ་མ་བྱས།
བོད་པའི་ཨ་མ་དེས་བསམ་བློ་ཞིག་བཏང་ནས། དེ་ལྟར་ཡིན་ན་ཆོག རྗེས་མ་བྱ་དེའི་རྐུབ་ནས་བཏང་ཚད་ང་ཚོར་བདག་ཟེར། རྒྱ་དེས་དེ་འགྲིགས་ཟེར། བོད་པའི་ཨ་མ་དེས་ཁྱིམ་གྱི་སྒོ་རའི་ནང་ལ་བྱ་དེ་ཉལ་སའི་ཚང་སྤུས་ལེགས་འགའ་ཤས་བཟོས། དེ་ལ་ཆུ་དང་བྲོ་སོགས་བཤམས། བྱ་དེ་རྣམས་བཟས་དང་ཚང་ལ་དགའ་ནས་ཡང་སེ་བོད་པའི་སྒོ་རའི་ནང་ལ་ཡོང་འགོ་ཚུགས། རྗེས་མ་བྱ་དེ་རྣམས་ཀྱིས་སྒོང་ང་ཡང་བོད་པའི་སྒོ་རའི་ནང་ལ་བཏང་། གནས་སྐབས་ཤིག་ལ་བོད་པའི་ཁྱིམ་ཚང་དེར་སྒོ་ང་མང་པོ་ཐོབ། རྗེས་མ་རྒྱ་མི་དེས་ཤེས་ནས། སྒོ་ང་ཚུར་སྤྲོད་དགོས། བྱ་དེ་རྣམས་ཁོ་པའི་ཡིན་ཟེར། ཨ་མ་དེས་སྔོན་མ་ང་ཚོ་ཁ་ཆད་ཡོད་པ་མི་དྲན་ནམ།
བྱ་དེའི་རྐུབ་ནས་གང་བཏང་བ་དེ་སྒོ་ར་དེའི་བདག་པོར་བདག་པ་མ་ཡིན་ནམ་ཟེར་དུས། རྒྱ་དེ་ངར་་ནས་ཁ་རྩོད་ཆེན་པོ་བྱེད་པ་དང་ཁོའི་བཟའ་ཟླ་ཁ་བདེ་ཅན་དེས་བོད་པའི་ཨ་མའི་ཐོག་ལ་ཤོར་ཡོང་སྐབས་ཏག་ཏག་བོད་པའི་ཁྱོ་ག་དེ་འབྱོར་ནས། རྒྱ་མི་དེར་བཤད་རྒྱུར། ཁྱོད་ཕོ་ཁྱོ་ག་ཞིག་གིས་བུད་མེད་ཐོག་ལ་འདི་ལྟར་ཤོར་བ་ཕོ་ཁྱོ་ག་མ་རེད། གལ་ཏེ་ཁྱོད་ངོ་མ་ཕོ་ཁྱོ་ག་ཡིན་ན་ང་གཉིས་ཟུར་ལ་གཏུག་ན་འགྲིགས་ཟེར། སྐབས་དེ་འདྲ་ཞིག་ལ་བོད་པའི་སྤོ་བོ་ལགས་ཞིག་ཡོང་ནས། རྒྱ་དེར་འོ་ཛི་དེ་འདྲ་མ་བྱེད། ཁྱོད་ཚོ་ད་ལྟ་བོད་ལ་བསླེབས་ཡོད་པས་བོད་པའི་འགྲོ་སྟངས་ལྟར་བགྱིས་ཟེར། རྒྱ་དེས་དེ་ཆོག ཁྱོད་ཚོའི་འགྲོ་སྟངས་ཇི་འདྲ་རེད་ཟེར།
སྤོ་བོ་དེས། རླིག་རིལ་རྡོག་འབུད་བྱས་ནས་འཆམ་མཐུན་བཟོ་དགོས་ཟེར། རྒྱ་མི་དེས་འདི་ག་རེ་རེད་ཟེར། སྤོ་བོ་ལགས་དེས། ཁྱེད་གཉིས་ཀྱིས་རེས་མོས་ཐོག་ཕ་རོལ་གྱི་རླིག་རིལ་ཐོག་རྡོག་རྡོ་བརྒྱབ་རྗེས་སུས་མགྱོགས་པ་ལངས་ཐུབ་མཁན་དེ་ལ་སྒོང་ང་དེ་སྤྲོད་ཟེར། རྒྱ་དེས་བོད་པའི་ཁྱོ་ག་དེ་ཁོ་པ་ལས་ལོ་ན་རྒན་པ་ཡོད་པ་དང་། ཁོང་དང་བསྡུར་ན། ཁོ་པ་ནི་སྟག་ཤར་གཞོན་པ་ཞིག་ཡིན་པ་ཚོར་ནས། འདི་འགྲིགས་ཟེར། སྤོ་བོས་རྒྱ་དེ་ལ། ཁྱོད་ལོ་ག་ཚོད་ཡིན་ཟེར། རྒྱ་དེས་ལོ་་ཉི་ཤུ་ཡིན་ཟེར། སྤོ་བོས་འོ་ན་བོད་པ་དེས་སྔོན་ལ་ཞུ་དགོས། ཁོ་ལོ་རྒན་པ་རེད་འདུག བོད་ལ་སྔ་དྲོ་ཆེ་དང་དགོང་དྲོ་ཆུང་ཟེར། ཡ་བོད་པ་ཁྱོད་སྔོན་ལ་ཁོ་ལ་རླིག་རིལ་ཐོག་རྡོག་རྡོ་འབུད་ཅིག་ཟེར།
བོད་པ་འདིས་དགའ་ཚོར་ཐོག་ཀོ་ལྷམ་ཡུན་རིང་དེ་ཡར་འཐེན་ཙམ་བྱས་ནས་རྒྱ་དེའི་བརླ་ཤའི་སྦུག་དེ་ལ་རྡོག་རྡོ་གནད་ལ་འཁེལ་ལ་ཤུགས་ཆེ་བ་ཞིག་བརྒྱབ་པས་དེ་མུར་རྒྱ་མི་དེ་སྐད་ངན་འཆོར་བཞིན་སྡོང་རྒན་ལྟར་ས་ལ་འགྱེལ། གདོང་པ་སྐྱ་སེར་རེ་ཆགས། སྐད་ངན་རྒྱག་གིན་ས་ལ་འགྲེ་བཞིན་ལུས། བོད་པ་འདིས། ཡ་ང་ལ་སྒོང་ང་མི་དགོས། ཁྱེད་དེ་ཁྱེར་ནས་སོང་ཟེར་ནས་ཁྱིམ་ལ་ལོག རྒྱ་མི་དེ་སྐད་ཆ་ཤོད་མ་ཐུབ་པར་ལུས། ཁོའི་བཟའ་ཟླ་དེས་སྤོ་ལགས། སྤོ་བོ་ལགས། བོད་པ་དེ་ཡར་ཁྲིད་ཤོག ད་རྡོག་རྡོ་འབུད་རེས་ང་ཚོ་རེད་ཟེར་དུས། སྤོ་ལགས་དེས། ང་ཚོ་བོད་པའི་འགྲོ་སྟངས་ལ་གལ་ཏེ་རྩོད་གཞི་མེད་ན་རྡོག་རྡོ་ཡོང་ཤེས་ཡས་མེད་པས། ཁོས་སྒོང་་ང་མེད་དགོས་ཟེར་ན། ད་རྩོད་པ་མེད་པར་གྱུར་བས། སྒོ་ང་དེ་ཁྱེད་ལ་ཐོབ་པ་རེད། རྩོད་པ་དེ་ཡང་ཁྱེད་གཉིས་ལ་ཐོབ་སོང་། རྡོག་རྡོ་དགོས་པ་མེད། བཀྲ་ཤིས་བདེ་ལེགས་ཟེར།
བྱིས་སྒྲུང་སྤྱང་པོ་འདྲ་བཤད་ནས་རང་སྤྱང་ཙམ་ཡོད་པ་ཞིག་ལ་འཕྲུལ་ཡོད་ས་རེད། བོད་པ་འདི་ཚོས་དོན་གྱིས་རང་ཕོངས་འགྲོ་བ་དེ་རིག་གི་མེད་པ་འདྲ། དམག་མི་དང་ཉེན་རྟོག་པ་ལ་མི་དོ་ན་ཡང་། གྲོང་པ་རྒྱ་མི་དེ་ཚོ་རྐང་འོག་དུ་འཇུག་དགོས་བ་རེད། བསུན་པ་བཟོ་དགོས་བ་རེད། ཐུབ་ཚོད་གཏོང་དགོས་བ་རེད། ཁ་ལ་མི་ཉན་ན་ཁ་ལྕེ་ལེན་དགོས་བ་རེད། སྐྱག་པ་ཟ་རྒྱོ་དེ་ཚོ་ལ་སྐྱག་པ་རྐྱང་སྤྲོད་དགོས་བ་རེད། རྒྱ་བོད་གཉིས་ལ་གྱོད་འགྲིག་མ་ཡོང་བར་དུ། རྒྱ་ཡིན་ན་དགྲ་དང་རྒྱ་རྒྱ་ཡུལ་བྱེད་དགོས་པ་རེད། གྱོད་འགྲིག་བྱུང་ཉིན་ནས། རྒྱ་བོད་དུ་ཡོང་འདོད་ཡོད་ན་འདྲ། འདུག་འདོད་ཡོད་ན་འདྲ། ག་རེ་བྱེད་ན་བྱེད་ཆོག་པའི་བདག་དབང་ཞིག་སྤྲད་ན་འགྲིག་པ་ཞིག་རེད། དེ་མིན། རྒྱ་བཟང་པོ་ངན་པ་སུ་ཞིག་ཡིན་ན་ཡང་གནས་ས་བརྟན་ས་ཞིག་མེད་པ་གསལ་བོ་ཡིན་པའི་གོ་རྟོགས་སྤལ་དགོས་པ་རེད།
སྒྲུང་མཚར་བོ་ཞིག་བྲིས་འདུག ཧཧཧཧཧཧ
མཚར་པོ། དམར་པོ། དཀར་པོ། སེར་པོ། ངར་པོ། འཆོར་པོ། མཚར་པོ། འཛོར་པོ། ཧུར་པོ་ལ་སོགས་སོ།།
མཚར་རོ། དཀར་རོ། དམར་རོ་ལ་སོགས་གའོ།