བོད་པ་ནས་་་་
ངའི་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ནས་གསུངས་གསལ་ལྟར་ན་བདུན་ཕྲག་གཅིག་གི་སྔོན་ལ་ནེའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་ལ་ཚོགས་འདུ་ཞིག་འཚོགས་པ་ལ་བོད་ནང་གི་མཁས་པ་ཁྲོ་བོ་རྒྱལ་མཚན་དང་རྒྱ་ཡེ་བཀྲ་བྷོ།ཐུབ་བསྟན་ཕུན་ཚོགས་གསུམ་ཕེབས་ཡོད་པའི་ཁར་ཨ་རིའི་ཆེད་མཁས་པ་འགའ་ཡང་འདུག་ཟེར། ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་རྒྱ་ཡིག་གི་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་བསྟན་ནས་བོད་ཆེན་པོ་ཟེར་བ་འདི་རེད། རྡ་རམ་ས་ལ་ན་བཤད་བཞིན་པའི་ཆོལ་ཁ་གསུམ་ཟེར་བ་འདེའི་ནང་ལ་མ་ཚུད་པའི་བོད་ཀྱི་ས་ཆ་མང་པོ་ཡོད། དཔེར་ན་མངའ་རུས་ལྟ་བུ་རེད་ཟེར། སྐབས་དེར་ངའི་སེམས་ལ་ཟླ་སྔོན་མའི་ནང་ཀརྨ་ཆོས་འཕེལ་གྱིས་ཁོ་མངའ་རུས་སྤྱི་འཐུས་ཡིན་པ་ལས་དབུས་གཙང་སྤྱི་འཐུས་མིན་ཟེར་བ་འདྲ་བོ་ཞིག་བཤད་པ་ཡང་རྒྱུ་མཚན་འདི་འདྲ་ཞིག་མིན་འགྲོ་བསམ་སོང་། མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་མུ་འཐུད་ནས་གསུངས་གསལ། དེང་སྐབས་མི་མང་པོས་ཨ་མདོ་ཟེར་ན་མདོ་སྨད་ཡིན་ཤག་དང་ཁམས་པ་ཟེར་ན་མདོ་སྟོད་ཡིན་ཤག་བརྩིས་པ་ནི་ནོར་བ་རེད། དཔེར་ན་ངའི་ཕ་ཡུལ་སྡེ་དགེ་ཡིན། ང་ཁམས་པ་ཡིན།ང་མདོ་སྨད་ཀྱི་ཡིན་ཟེར། ཆོལ་ཁ་གསུམ་ནི་ས་སྐྱའི་སྐབས་(༡༢༦༤)བྱུང་བའི་ཐ་སྙད་ཅིག་རེད། ཁམས་པ་དང་ཨ་མདོ་ཟེར་བ་ནི་རྒྱལ་དབང་ལྔ་བའི་(༡༦༤༢)རྗེས་སུ་བྱུང་བའི་ཐ་སྙད་ཅིག་རེད། རྒྱལ་དབང་ལྔ་བའི་སྔོན་དེང་སྐབས་ཁམས་དང་ཨ་མདོ་ཟེར་བའི་ས་ཆ་འདི་ལ་མདོ་ཁམས་ཟེར་ནས་ས་ཁུལ་གཅིག་ཡིན་པ་ལས་ཁམས་དང་ཨ་མདོ་ཟེར་བའི་ཐ་སྙད་མེད། དེང་སང་ང་ཚོའི་གཞུང་ས་ཁྲ་འདིའི་རིགས་བཤད་ན་དགའ་གི་མི་འདུག ཡིན་ནའང་ངས་བསྟོན་བཞིན་པའི་ས་ཁྲ་འདི་ནི་གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་མའོ་ཙེ་ཏུང་གི་སྐབས་བཟོས་པ་ཞིག་ཡིན་པས་སྐྱོན་ཡོད་ན་མའོ་ཙེ་ཏུང་གི་སྐྱོན་རེད་ཟེར།
རེད་ཡ། ས་སྐྱའི་མཁས་པ་གདོང་ཐོག་རིན་པོ་ཆེས་ཀྱང་ཁོང་གི་རྩོམ་དེབ་རེ་ཟུང་གི་མཇུག་ཏུ་མདོ་སྨད་པ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་ཞེས་བྲིས་འདུག འདིའི་དོན་ནི་མདོ་ཁམས་སྨད་དུ་སྐྱེས་ཞེས་པ་ཞིག་རེད་འདུག
གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་བགློ་གླེང་ཚོགས་འདུ་དེའི་སྟེང་ཕྲན་ཡང་འགྲོ་རྒྱུ་བྱུང་། དགེ་རྒན་ཆེན་མོ་ཐུབ་བསྟན་རྒྱ་མཚོས་བོད་ཆེན་པོ་ཟེར་བ་དེ་དེང་གི་འབྲུག་ཡུལ་དང་འབྲས་ལྗོངས་དང་སེ་ཁེམ་དང་མོན་རྟ་དབང་དང་ལ་དྭགས་བཅས་ཡུལ་འདི་དག་ཐམས་ཅད་ལ་གོ་དགོས་པ་རེད་ཅེས་བརྗོད། ཆོིལ་ག་གསུམ་ཟེར་བ་དེ་ནོར་འཁྲུལ་གྱི་ཚིག་ཅིག་རེད་ཅེས་ས་བཀྲ་གཞི་ལ་བཞག་ནས་བཤད་བྱུང། ཁོས་ད་དུང་ས་བཀྲ་དེར་མའོ་ཙེ་ཏུང་གི་ཁས་ལེན་ཡོད་པས་། ས་བཀྲ་དེ་ནོར་ཡོིད་ན་མའོ་ནོར་བ་རེད་མ་གཏོགས་ཁོ་མིན་ཞེས་དང༌། ཆོལ་ག་གསུམ་གྱི་ཐ་སྙད་འདི་ས་སྐྱའི་དུས་ནས་བྱུང་བ་ཞིག་དང་ཨ་མདོ་དང་ཁམས་ཞེས་པ་དགའ་ལྡན་ཕོ་བྲང་གི་དུས་ནས་བྱུང་བ་ཞིག་ལས་སྔོན་ཡིན་ན་མདོ་ཁམས་ཟེར་བ་མ་གཏོགས་ཨ་མདོ་དང་ཁམས་ཞེས་འབོད་སྲོལ་མི་འདུག་ཟེར་། དགེ་རྒན་ཆེན་མོ་ཐུབ་བསྟན་རྒྱ་མཚོའི་གསུང་དེ་དག་ལུང་དང་རིགས་པའི་སྒྲུབ་ནུས་ཀྱི་ཡོད་ན། ད་ལྟའི་བོད་འདི་གཞུང་འབྲེལ་གྱི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་འདུ་བས་ན། གོང་བརྗོད་ཀྱི་ཡུལ་ཁམས་དེ་དག་ཀྱང་རང་བཞིན་གྱིས་ད་ལྟའི་རྒྱ་ནག་གི་ཁོིངས་སུ་གཏོགས་དགོས་པ་རྒྱུ་འབྲས་ཀྱི་གྲུབ་པས་ ད་ལྟའི་རྒྱ་ནག་གི་དབང་འཛིན་པས་མོན་རྟ་ཁོང་ཚོའི་ཡིན་པའི་བཤད་སྟངས་དེའང་བདེན་པར་གྲུབ་པ་རེད་། གང་ལྟར་བོད་པ་ཞིག་གི་ངོས་ནས་བཤད་ན་བདེན་ལུགས་ཡོད་ལ་། རྒྱ་ནག་གི་ཆབ་སྲིད་དགོས་དབང་གི་ངོས་ནས་བཤད་ཀྱང་བདེན་ལུགས་གྲུབ་པས་། བོད་པ་རང་བཙན་རྩོད་མཁན་ཚོས་རྒྱ་ནག་གཅིག་པུ་མ་ཡིན་པར་རྒྱ་གར་ཕྱོགས་ལའང་རྩོད་དགོས་པའི་དུས་ལ་བབས་འདུག་སྙམ་།
མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་མཁས་ཉམས་ཤིག་བསྟན་དགོས་བསམས་ནས་བླུན་རྟགས་ཅུང་བསྟན་འདུག ་་རྡ་རམ་ས་ལ་ན་བཤད་བཞིན་པའི་ཆོལ་ཁ་གསུམ་ཟེར་བ་འདེའི་ནང་ལ་མ་ཚུད་པའི་བོད་ཀྱི་ས་ཆ་མང་པོ་ཡོད། དཔེར་ན་མངའ་རུས་ལྟ་བུ་་ ཟེར་ནས་བཤད་སྐད།
དྷ་སར་ཤོད་བཞིན་པའི་ཆོལ་ཁ་གསུམ་གྱི་ཁོངས་གང་ཞིག་ཚུད་ཡོད་མེད་ནི་བོད་གཞུང་གི་ས་ཁྲ་དེ་ཡ་ཐོད་ན་མྱིག་ཅན་ཞིག་ཡིན་ཕྱིན་གཅིག་བལྟས་ན་ས་ཆ་ཚང་མ་བཀྲ་ལམ་མེར་བྱེད།
ད་ལྟའི་བོད་གཞུང་གི་ཆོལ་གསུམ་ས་ཁྲའི་ནང་མ་ཚུད་པ་ལས་སོག་པོའི་དབང་སྒྱུར་སྐབས་ཆོལ་ཁ་གསུམ་ནང་མ་ཚུད་པ་མང་ང་ཡོད་རྒྱུ་རེད།
བོད་ཆེན་པོའི་ས་ཁྲ་ལ་བལྟ་འདོད་ན་ཧི་མ་ལ་ཡའི་མཉམ་འབྲེལ་རྒྱལ་ཁབ་ཅེས་པའི་རྩོམ་ཡིག་དེ་ཀློགས།
ཁ་སྐོང་ཞིག་བསྣན་རྒྱུར། ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསུངས་བཤད་ཀྱི་སྙིང་དོན་ནི། “དེང་སང་ད་རམ་ས་ལའི་”བོད་ཆོལ་ཁ་གསུམ་ཟེར་བ་འདི་དང་སྔར་གྱི་”བོད་ཆེན་པོ་”། དེ་བཞིན་རྒྱ་སྐད་ལ། “大藏区”ཟེར་བ་གསུམ་དོན་གཅིག་པ་མ་རེད། སྔར་གྱི་བོད་ཆེན་པོའི་ནང་ལ་དྭགས་དང་། འབྲུག འབྲས་ལྗོངས། དེ་བཞིན་ཤར་ངོས་ཀྱི་ས་ཆ་མང་པོ་ཚུད་ཡོད། ཆོལ་ཁ་གསུམ་གྱི་ནང་དེ་དག་མེད། དེ་བཞིན་རྒྱ་ནག་གཞུང་གི་ཏ་ཙང་ཆུའུ་ཟེར་བ་འདི་ཆོལ་ཁ་གསུམ་མ་རེད། ད་བཤད་ས་འགྲོ་གི་མ་རེད་ཟེར།
ཕྱག་གཉིས་པ་ལ
མཁས་དབང་མཆོག་འགྲིག་འདུག ཁོང་གིས་མངའ་རུས་སོགས་སོག་པོའི་སྐབས་ཀྱི་ཆོལ་གསུམ་གྱི་ས་ཁྱོན་ནང་མེད་པས་ཁྱབ་ཆུང་སོང་ཟིག་ཟེར་གི་ཡོད་པ་རེད། ད་སྐབས་རྡ་ས་ན་བཤད་བཞིན་པའི་ཆོལ་གསུམ་དེ་སོག་པོས་བྱིན་པའི་ཆོལ་གསུམ་དེ་མིན་ན་གནས་ཚུལ་ལོགས་པ་རེད། རྡ་སའི་ས་ཁྲ་དེ་སོག་པོས་སྤྲད་པའི་ཆོལ་གསུམ་ལ་གཞི་བྱས་པ་ཡིན་ན་ཆེ་དྲག་པོའི་སྐྱོན་ཡོད་གི དེ་མིན་ན་དེ་ལ་ཆོལ་གསུམ་ས་ཁྲ་བཏགས་ན་མི་འགྲིག་གི
ཐུབ་བསྟན་ཕུན་ཚོགས་ཁོང་སྡེ་དགེ་ཡིན་པས་མདོ་སྨད་ཡིན་ཟེར་བ་དེ་གནའ་བོའི་སྡེ་དགེའི་མཁས་པ་མང་པོའི་གསུང་རྩོམ་ལའང་དེ་ལྟར་ཡོད། མངའ་རིས་ཆོལ་ཁ་གསུམ་ན་མི་འདུ་བར་བཤད་པ་ཡང་མངའ་རིས་དབུས་གཙང་མིན་པར་བཤད་པའི་གཏམ་ཡིན།
གནའ་དང་པོ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཟེར། དེ་ནས་མདོ་སྟོད་དང་མདོ་སྨད་དབུ་གཙང་ཞེས་ཆོལ་ཁ་གསུམ་དུ་བྱུང་། རྡ་རམ་ས་ལའི་ས་ཁྲའི་ནང་མ་འཁོད་པ་མང་པོ་ཡོད་པ་དངོས་ཡོད་རེད།
ཁྲི་སྐོར་བཅུ་གསུམ་གྱི་ས་ཁྲ་ལབ་ན་ཅུང་མི་དགའ་འམ།
ཡེ་ཤེས་ལགས། ཨ་མདོ་བ་ཞིག་ཡིན་ན་མདོ་སྨད་པ་ཞིག་ཡིན་ཡིན་པ་རེད། མདོ་སྨད་པ་ཡིན་ན་ཨ་མདོ་ཡིན་པའི་དངོས་པ་མི་འདུག དཔེར་ན་རྒྱ་མོན་ཚ་བ་རུང་ཆ་ཚང་མདོ་སྨད་ཡིན། ཨ་མདོ་མིན་ཟེར་ཀི་ཡོད་པ་རེད། དེ་མིན་ཁམས་པ་མདོ་སྨད་པ་ཡང་མང་པོ་ཡོད་ས་རེད། གདོང་ཐོག་ཚང་ཁམས་པ་ཞིག་རེད་དམ།
ཨེ་ཡིན་ན། ང་ཚོའི་འདི་གར་རྒྱལ་རོང་བ་གཉིས་ཡོད་པ་ཨ་མདོའི་སྐྱིད་སྡུག་འཛུགས་མཁན་གྱི་གཙོ་བོའི་གྲས་ཡིན་ཡ།
བོད་ཆེན་པོ་ཟེར་བའི་ས་མཚམས་ཆུ་མཚམས་དང་བཅས་པ་གསལ་ལམ་མེ་བ་ཞིག་ཡོད་པ་མི་ཤེས།
བཙན་པོ་རིམ་བྱོན་ཚོའི་སྐབས་ལའང་རྒྱལ་པོ་རེ་རེའི་ས་ཁོངས་ལའང་ཁྱད་པར་ཡོད་པ་རེད། དེ་ནས་བོད་སིལ་བའི་སྐབས། ས་སྐྱ་བ་སོགས་ཀྱི་སྐབས། དེ་ནས་རྒྱལ་དབང་ལྔ་བའི་སྐབས། དེ་ནས་རྒྱལ་དབང་བཅུ་གསུམ་པའི་སྐབས་ཚང་མ་འདྲ་གི་ཨེ་ཡོད།
དེས་ན་བོད་ཆེན་པོ་ཟེར་ན་གང་ལ་ངོས་འཛིན་གི་ཡིན། བོད་ཀྱི་སྟོབས་འབྱོར་མངའ་ཁོངས་ཆེས་ཆེ་བའི་སྐབས་ངོས་འཛིན་རྒྱུ་ཡིན་ནམ། ད་དེས་ན་ཏུན་ཧོང་དང་ལིན་ཞ་སོགས་ཀྱིས་མཚོན་རྒྱའི་ས་ཆ་མང་པོ་ཞིག་བོད་ཁོངས་ཡིན་རྒྱུ་རེད།
ཡང་ན་བོད་སྐད་སྨྲ་བའི་ས་ཆ་ཐམས་ཅད་ལ་ཟེར་གི་ཡོད་དམ། ཡང་ན་བོད་ཟེར་ན་སྲིད་ཀྱི་ཁྱབ་ཁོངས་ཤིག་དང་བོད་ཆེན་པོ་ཟེར་ན་སྐད་དང་རིག་གཞུང་གི་ཁྱབ་ཁོངས་ལ་ཟེར་གི་ཡོད། བོད་དང་བོད་ཆེན་པོ་ཟེར་བའི་སྤྱི་ཚོགས་དང་ལོ་རྒྱུས་ནང་གི་ཐ་སྙད་གསལ་ཁ་མེད་པ། གཏན་ཁེལ་མེད་པ་ཞིག་འཁྱེར་ཡོང་ནས་མཁས་བཤད་ཞེ་དྲག་བྱེད་རྒྱུའི་གཞི་རྩ་ཁོ་རང་ཡོད་མ་རེད།
དེ་བས་ཆོལ་ཁ་གསུམ་ལ་སྔོན་དང་ད་ལྟའི་ཆེ་ཆུང་ལ་མ་ལྟོས་པར་དེ་ལ་ཐོག་མའི་གཞི་རྩ་ཞིག་ཡོད་པ་རེད། ཆོལ་ཁ་གསུམ་ལ་དབྱེ་བ། ཁྱབ་ཁོངས་སོ་སོར་འཇའ་མོ་འཛུགས་སྟངས་དང་ཁྲལ་བསྡུ་སྟངས་ཀྱིས་མཚོན།
རྒྱ་ཡེ་བཀྲ་བྷོས་བྲིས་ན་མ་གཏོགས་བཤད་ན་མཁས་པ་ཁ་བདེ་ཞིག་མིན་པའི་ཚོར་སྣང་བྱུང་། སྤྱིར་ན་མདོ་སྨད་ཕྱོགས་ཀྱི་མཁས་པ་གང་མང་ཞིག་གིས་ལག་པས་འབྲི་རྒྱུའི་ཕྱོགས་ནས་མ་གཏོགས་ཁ་ནས་འཆད་རྒྱུའི་ཕྱོགས་སུ་སྦྱོང་བརྡར་བྱས་མི་འདུག རྡ་སའི་ཆབ་སྲིད་པ་སྐོར་ཞིག་སྐད་ཆ་འཆད་དུས་ཅིག་འབར་ཡོང་བ་དེ་ཡང་ངག་གི་སྒྱུ་རྩལ་ཞིག་རེད། ཁ་སྔོན་མཚོ་སྔོན་གྱི་སྨན་པ་གྲགས་ཅན་རྒྱ་ཡེ་ཉི་མ་ཡང་ཨ་རིའི་ཞང་ཞུང་བོད་སྨན་ཚང་གིས་གདན་འདྲེན་ཞུས་ནས་ཚོགས་འདུར་ཞུགས་པ་དང་། གཏམ་བཤད་སྐབས་ཅིག་དཀའ་སོང་རབས་ཟེར་གི ཨ་མདོའི་མཁས་པ་ཞིག་ལ་དོན་གྲུབ་རྒྱལ་ཁོང་ངོ་མ་སློབ་ཁྲིད་བྱེད་དུས་མེ་ནང་བཞིན་འབར་རྒྱུ་ཡོད་པ་ཞིག་རེད། དེ་མིན་མཁས་མིང་ཅན་གང་མང་ཞིག་གིས་བྲིས་ན་མ་གཏོགས་བཤད་ན་དེ་ཙམ་ཡིད་འགུག་ངག་གི་སྒྱུ་རྩལ་ཧ་ཅང་དཀོན་གི་ཡ།
མགོན་ཕྱག་གི་བཤད་སྟངས་འདི་འཇིགས་ཀི ལོ་རྒྱུས་བཤད་དུས་ཕྱོགས་ཡོངས་ནས་བལྟས་ན་བཟང་ཀི
འོ་ན་་་་་སོག་པོའི་སྐབས་ཆོལ་གསུམ་ལ་འཇའ་མོ་བཙུགས་པའི་ནང་དབུས་གཙང་ལ་འཇའ་མོ་༧་ཡིན་བསམ་སོང་། མངའ་རུས་ན་འཇའ་མོ་བཙུགས་འདུག་གམ།
དེང་སྐབས་ཀྱི་འཛམ་གླིང་འདིར་རིག་གཞུང་དང་སྲིད་དོན། དཔལ་འབྱོར་སོགས་ལ་མཁས་པ་ཡིན་དུས་སྐད་ཆ་མེ་ནང་བཞིན་འབར་མ་ཐུབ་ན་སྤྱི་ཚོགས་ནང་སྐད་གྲགས་འཇོག་ཐུབ་ཀི་མ་རེད།
ལྷ་སའི་སྐུ་ངོ་དག་གིས་བོད་པའི་མི་རབས་འདི་གནས་གང་དུ་ཕྱིན་ཡང་ཉམས་ཆུང་ཆུང་བྱས་ནས་སྡོད་དགོས་པའི་སྐྱབས་བཅོས་ཏུ་བསྒྱུར་བ་རེད་ བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་མང་གཙོ་ཡིན་ཟེར་ན་ སྐུ་ངོ་དང་མང་གཙོ་མཉམ་གནས་ཐུབ་མིན་གྱི་ཐད་བགློ་གླེང་བྱེད་དགོས་པ་ཆགས་ཀྱི་འདུག་ སྐུ་ངོ་ཡོད་པའི་སྤྱི་ཚོགས་ཤིག་ཏུ་མང་གཙོ་ཡོང་ཁག་པོ་རེད་ མང་གཙོ་ཡོད་པའི་སྤྱི་ཚོགས་ཤིག་ལ་སྐུ་ངོ་གཏན་ནས་དགོས་པ་མེད་ འདི་གཉིས་པར་གྱི་འགལ་ཟླའི་འབྲེལ་བ་གསལ་བོ་མ་བཟོས་ན་ བཙན་བྱོལ་བོད་པའི་སྒྲིག་འཛུགས་མང་གཙོ་ཡིན་ཟེར་བ་ཕལ་ཆེར་ཡིག་ཐོག་གི་མང་གཙོ་ལ་འགྱུར་སྲིད་པས་ མཁས་པ་དག་གིས་འདིའི་སྐོར་ལ་དཔྱད་པ་གཏོང་དུས་ཚོད་རེད།
བོད་རྒྱལ་ལགས། མ་གཞི་ཁྱེད་ཀྱི་སྐུ་ངོ་ཟེར་བའི་གོ་དོན་གང་ཞིག་ཡིན་མིན་མི་ཤེས། རྒྱ་དམར་འོག་སྐྱེ་མཁན་ཞིག་ཡིན་དུས་གྲལ་རིམ་མཐོ་པོ་ནི་དགྲ་བོ་ཡིན་ཟེར་བའི་བག་ཆགས་ཡོད་པས་སྐུ་དྲག་དང་སྐུ་ངོ་ལ་མི་དགའ་ནི་ཞིག་ཡིན་ནི་རེད། སྐུ་ངོ་དང་སྐུ་དྲག་མཐའ་གཅིག་ཏུ་ངན་པ་ཞིག་ཨེ་རེད། དཔེར་ན་ཨ་རིའི་ནང་ཕྱུགས་བདག་དང་ཕ་ཤུལ་བུ་འཛིན་མང་པོ་འདུག་ཀ མི་ནུས་པ་ཅན་དང་གུས་ཞབས་ཅན། ཡོན་ཏན་ཅན་མང་ཆེ་བ་ཁོ་ཚོ་རེད་འདུག ཀ རང་གི་ས་ཆ་དང་རྒྱུ་ནོར་ཡོད་ཚད་ཕ་ཤུལ་བུ་འཛིན་བྱེད་ཀི་འདུག ཀི མཐའ་ན་དབང་ཆ་ཡང་ཕ་ཤུལ་བུ་འཛིན་བྱེད་མཁན་མང་པོ་འདུག་ཀ རྒྱུ་མཚན་དེ་དག་གི་ཕྱིར་་་་སྐུ་ངོ་ཡོད་པའི་སྤྱི་ཚོགས་ཤིག་ཏུ་མང་གཙོ་ཡོང་ཁག་པོ་་་མ་རེད་བསམ་ཀི་་
དགེ་རྒན་ཆེན་མོ་ནི་དགེ་རྒན་ཆེན་མོ་རང་རེད། བོད་ཆེན་པོ་བཤད་ཁུལ་བྱས་ནས་རྒྱ་ཆེན་པོའི་དྲིལ་བསྒྲགས་ལ་ཤུགས་ནས་རོགས་རམ་བྱས།
ད་མང་པོ་མི་བཤད། བོད་རིགས་རྒན་པ་ཚོར་གུས་ཞབས་མེད་པ་བྱེད་འདོད་མེད། གངལྟར། མདོར་དོན།
ཤེས་ཡོན་ཟེར་བ་འདི་སྣ་གཅིག་ལ་མ་གཏོགས་མེད་ན་ལོ་རྒས་རུང་ྐླད་པའི་ཕྱེད་ཀ་སྟོང་པ་རེད་སྙམ།
རྒྱལ་མོ་འབྲུག་པས། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས་དྲངས་པ་ལྟར་ན། བོད་དུ་འཇམ་ཆེན་ཉི་ཤུ་རྩ་བདུན་བཙུགས་འདུག་པ་ལས། མདོ་སྟོད་དུ་འཇམ་ཆེན་དགུ མདོ་སྨད་དུ་འཇམ་ཆེན་བདུན། དབུས་གཙང་དུ་འཇམ་ཆེན་བཅུ་གཅིག་བཅས་ཉེར་བདུན་ཡོད་སྐད།
དེའི་ཁོངས་ནས་མངའ་རིས་ཕྱོགས་ཀྱི་འཇམ་ཆེན་འཇམ་ཆུང་རྣམས་ནི་འདི་ལྟར། ཐོག་མར་གཙང་ཕྱོགས་སུ་ལ་སྟོད་བྱང་དང་མངའ་རིས་བཅས་ཀྱིས་ས་སྐྱར་འཇམ་ཆེན་གཅིག་དང་། མངའ་རིས་མི་སྡེས་ཞབ་ཁར་འཇམ་ཆུང་གཅིག གྱམ་རིངས་སུ་འཇམ་གཅིག པུ་རངས་པས་མ་ཕང་དུ་འཇམ་མོ་གཅིག གུ་གེ་ལྷོ་བྱང་གཉིས་ཀྱིས་མེ་ཏོག་སེ་རུ་བྱ་བར་འཇམ་ཆུང་གཅིག་བཅས་ཡོད་སྐད། འཇམ་ཆུང་འདི་ཚོ་ཕལ་ཆེར་ས་སྐྱའི་འཇམ་ཆེན་ཁོངས་འདུ་བ་འདྲ།
ད་རུང་ལོ་རྒྱུས་གཞན་དུ། མངའ་རིས་ཀྱི་ཁོངས་སུ་སྤོང་ལེན་གྱི་དམག་འཇམ་ཟེར་བ་ཞིག་ཀྱང་འདུག
རིག་བྱུང།
བོད་ཆེན་པོ་བཤད་ནས་རྒྱ་ཆེན་པོ་འགྲུབ་འདུག་ཟེར་བ་འདི་དཔྱད་གཏམ་ཞིག་མ་རེད། ཐུབ་བསྟན་ཕུན་ཚོགས་ཀྱིས། རྒྱ་ནག་གིས། རྒྱལ་བ་རིན་པོ་ཆེས་大藏区དགོས་ཟེར་ནས་ལོ་རྒྱུས་ཀྱི་དངོས་ཡོད་ལ་ཁས་ལེན་བྱེད་ཀྱི་མིན་འདུག་ཅེས་སྙོན་བཙུགས་པ་དེར། ཐུབ་བསྟན་ཕུན་ཚོགས་ཀྱིས། དེ་ཨེ་ཡིན། རྡ་རམ་ས་ལས་ཆོལ་གསུམ་ཚང་བའི་བོད་ཟེར་བ་ལས་བོད་ཆེན་པོ་དགོས་པའི་དོན་བཤད་ཀྱི་མིན་འདུག དེ་ནི། བོད་ཆེན་པོ་དང་ཆོལ་ཁ་གསུམ་ཐ་འདད་རེད་ཅེས་ས་ཁྲ་བསྟན་ནས་འགྲེལ་བཤད་བརྒྱབ་སོང་།
ཐུབ་བསྟན་ཕུན་ཚོགས་དེ་ལོ་མང་པོའི་སྔོན་ནས། བོད་ཀྱི་མི་རིགས་ཐོབ་ཐང་ལ་བརྩོད་པ་རྒྱག་མཁན་ཤེས་ཡོན་ཅན་ངར་མ་གཅིག་རེད། འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས་ཁོ་བརླག་མི་བརྙེད་སྟབས། ཁོ་ལ་ད་བར་སློབ་གྲྭའི་དགེ་རྒན་གྱི་མིང་གཅིག་ཡོད་པ་ལས། དེ་མིན། ཐོབ་ཐང་གཞན་ཅི་ཡང་སྤྲད་མེད།
ཐུབ་བསྟན་ཕུན་ཚོགས་ཀྱིས་གཤམ་གྱི་སྐད་ཆ་དེ་གོ་བྱུང་ངམ། དེ་ཚོགས་འདུ་འདིའི་སྟེང་རེད།
“ང་རང་ཕ་ཡུལ་ལ་ཡོད་དུས། མེས་རྒྱལ་ལ་དགའ་མཁན་ཞིག་ཡིན། དེ་ནས་པེ་ཅིང་ལ་སླེབས་ནས་འཚོར་བ་དེ་ག་ལེར་ཡལ་སོང་། མཐའ་མ་ཕྱི་རྒྱལ་ལ་ཡོང་རྗེས། མེས་རྒྱལ་ལ་མི་དགའ་མཁན་ཞིག་ཆགས་སོང་།” “དེ་ལྟར་ན། རྒྱ་ནག་ལ་སློབ་གྲྭར་འགྲོ་མཁན་གྱི་བོད་ཕྲུག་དེ་ཚོར་ཡང་རྒྱ་ནག་ལ་སླེབས་རྗེས་བོད་མི་རིགས་ཀྱི་ལ་རྒྱ་དེ་ཤུགས་ཆེ་རུ་འགྲོ་གི་རེད་གསུངས། གོང་གི་གཏམ་དེ་ཚོགས་འདུ་ལ་ཞུགས་མཁན་ཞིག་གི་འདྲི་བ་སྟེ། “དེང་སང་སྲིད་གཞུང་གིས་བོད་ཕྲུག་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ནང་ལ་བོད་ལྗོངས་འཛིན་གྲྭ་ཟེར་བར་བཏང་བ་དེས་བོད་མིའི་ངོ་བོ་བདག་སྲུང་བྱེད་པར་གནོད་དམ་ཟེར་བ་འདིའི་ལན་རེད།
ད་ཁྱེད་ཚོ་ལྟོས་དང་། དེ་རྒྱ་ནག་ཆེན་པོའི་ཁྱབས་བསྒྲགས་དང་འབྲེལ་བ་འདུག་གམ།
བཀུར་འོས་བཀྲིས་ལགས་ལགས
ངེད་ཀྱི་དེ་དཔྱད་གཏམ་འདྲ་མིན། རྨོངས་འཆར་ཞིག་ཡིན། རྨོངས་འཆར་དེ་ཡང་བོད་པ་ཟེར་མཁན་དེས་བཀོད་པའི་གནས་ཚུལ་དེ་གཞི་ལ་བཞག་ནས་སྤེལ་བ་ཞིག་ཡིན།
དགེ་རྒན་ཆེན་མོ་དེས་གང་གསུངས་བའི་མདོར་དོན་དེ་བོད་པ་ལགས་ཀྱིས་བཀོད་པ་དེ་ག་རང་ཡིན་ན། ངེད་ཀྱི་རྨོངས་འཆར་དེ་ལ་ཡང་གོ་རྒྱུ་ཞིག་ཡོད།
འོན་ཀྱང་། ཐབས་སྐྱོ་ཞིང་ཡིད་མུག་པ་ཞིག་ལ། ཁྱེད་ཀྱི་སྐད་ཆ་དེ་བོད་པས་སྤེལ་བའི་གནས་ཚུལ་གྱི་ཁོངས་སུ་མི་འདུག དེ་བོད་པ་ལགས་ཀྱི་སྐྱོན་རེད་ཟེར་གི་མེད།
བོད་པ་ལགས་ལ་ཡང་ཐུགས་ཁག་མི་འདུག་བསམ། ཁོང་གིས་ཀྱང་གནས་ཚུལ་དེ་ཁ་པར་བརྒྱུད་ནས་གོ་འདུག་ག
གཞན། བོད་རིགས་ཚོས་གནས་ཚུལ་ཕྱེད་ཀ་ཉན་། ཕྱེད་ཀ་གཡུགས། སོ་སོས་འདོད་པ་དེ་བཀོད། མི་འདོད་པ་དེ་བཞག་ བྱེད་སྟངས་འདི་ལྟ་བུ་ཞིག་གི་འོག་ནས་གནས་ཚུལ་དང་བསམ་ཚུལ་མཉམ་དུ་བསྲེས་ནས་སྤེལ་ན། ྐློག་མཁན་ཚོར་ཕན་ལས་མཚམས་རེར་གནོད་ཆེ་བ་འདུག འདི་ཡང་ཞོར་འཕྲོས་ཙམ་ཡིན། དེ་ནས་བཀྲིས་ལགས་ཀྱིས་གསལ་བཤད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ངེད་ཀྱང་ཀུན་མཁྱེན་ཞིག་མིན་ཙང་། བསམ་ཚུལ་འབྲི་སྟངས་དང་རྨོངས་འཆར་སྤེལ་སྟངས་སོགས་ཀྱི་ཐད་ན་ནོར་འཁྲུལ་ནི་ཡོད་ཡོད་པ་རེད།
དེ་ནས། འདི་རུ་བསྐྱར་དུ་ལབ་རྩེ་དཔེ་མཛོད་ཁང་ལ་ཚིག་འགའ་ཞུ་འདོད་བྱུང་། ད་ཕན་ལབ་རྩེ་དཔེ་མཛོད་ཁང་ནས་ཁུར་ཆེན་པའི་སྒོ་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཚོགས་འདུ་ཇི་སྙེད་ཅིག་སྐོང་འཚོགས་གནང་གི་ཡོད་རུང་། གནས་ཚུལ་གང་བྱུང་བ་རྣམས་དྲ་ཐོག་ནས་ྐློག་རྒྱུ་དང་ཉན་རྒྱུ་གཉིས་ཀ་མི་འདུག དེར་བརྟེན། ཚོགས་འདུའི་གནས་ཚུལ་ཞིབ་ཕྲ་རྣམས་ཚོགས་འདུ་ལ་བཅར་མཁན་ཚོ་མ་གཏོགས་་ཐག་རིང་ན་ཡོད་མཁན་ཚོས་གོ་གི་མི་འདུག གོ་བ་དེ་ཡང་། དེ་རིང་གི་གནས་ཚུལ་འདི་འདྲ་བོ་རེད། ཕྱེད་ཀ་ཡོད་པ་དང་ཕྱེད་ཀ་ལྷག་པ་འདི་ལྟ་བུ་རེད། འདི་ལ་ཡང་ཐུགས་བསམ་ཞིག་བཞེས་རོགས་གནང་། སྐུ་མཁྱེན།
བོད་ཆོལ་ཁ་གསུམ་ཟེར་བའི་ཐ་སྙད་འདི་འགྲོ་མགོན་འཕགས་པའི་སྐབས་སུ་བྱུང་བ་ཡིན་པ་ནི་མངོན་གསལ་རེད་།་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་དང་།་ལྷག་པར་ཏུ་ས་སྐྱའི་དགོན་གྱི་འགྲོ་མགོན་འཕགས་པའི་ཞལ་ཐང་དུའང་དེ་ལྟར་བྲིས་འདུག་།་ལྔ་བ་ཆེན་པོ་སྐབས་སུ་ཐ་སྙད་དུ་དེ’རྒྱ་ཆད་དུ་སྤྱོད་བཞིན་པ་རེད་། ཡང་མདོ་སྨད་ཆོལ་ཁ་ནང་དུ་ས་ཆ་ཨ་མདོ་དང་མདོ་སྟོད་ཀྱི་ས་ཆ་གང་དག་འདུས་ཡོད་པ་ནི་།་གསལ་བོ་ཤིག་མཐོང་མ་མྱོང་།་དེ་སྔོན་གྱི་བཀའ་ཤག་གི་ཡིག་ཆ་ཐམས་ཅད་ད་ལྟའི་བོད་ལྗོངས་ཡིག་ཚགས་ཁང་དུ་ཡོད་འདུག་པས།་རྣམ་དཔྱོད་ཅན་རྣམས་ཀྱིས་རིག་པ་དང་བློ་སྟོབས་ཆེན་པོའི་དཔྱད་པར་བྱ་།་
མགཽན་ཕྱག་ལ་ཕྱག་འཚལ་ལོ། མངའ་རུས་ན་འཇམ་མོ་ཡོད་ན་མངའ་རུས་འདི་ཆོལ་གསུམ་ནང་ན་ཡོད་པ་འདྲ།
ཡག་པོ་རེད། ལྷ་ཞིག་ལ་ཕྱག་འཚལ་བ་ལས་ང་ལ་ཕྱག་འཚལ་བ་ཡིན་ན་འབྲས་བུ་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་རེད། བྱིན་རླབས་ཟེར་ན་མི་འདྲ། དངོས་གྲུབ་ཟེར་ན་མི་འདྲ། གང་ལྟར་ཁྱོད་ལ་འཐོབ་བྱ་ཞིག་ཡོད་པ་རེད། དུས་ཚོད་ཀྱང་རིང་བོ་མི་དགོས་པར་འབྲས་བུ་ལམ་སང་སྨིན་གི་རེད།
མངའ་རིས་ཀྱི་དག་ཆ་འདི་ལྟར་ཕྲིས། འདི་ཡང་ངས་ཁྱེད་ལ་གནང་བའི་ཤེས་རབ་ཀྱི་ཁ་གསོས་ཆུང་ཆུང་ཞིག་ཡིན།
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་ནང་གི་མདོ་སྟོད་སྨད་དེ་ས་སྐྱའི་ལུགས་རང་རེད། བླུན་རྨོངས་ལ་ལ་ཞིག་གིས་སྡེ་སྲིད་ལ་ཡང་དགག་པ་བྱེད་ཁུལ་བྱེད་པ་ནི་མི་ཏོ་བས་འཁོར་བསྒྱུར་ལ་རྩོད་པ་དང་འདྲ་བས་ངོ་ཚ་བ་ལས་མ་འདས། ང་སྡེ་དགེ་རེད་མདོ་སྨད་ཡིན་ཟེར་བ་འདི་སྔར་ཆོས་རྒྱལ་སྐབས་ཀྱི་མདོ་སྨད་དང་ས་སྐྱའི་སྐབས་ཀྱི་མདོ་སྨད་ཡིན་ན་འགྲིག་ཡོད་རེད། དེང་སང་བཙན་བྱོལ་ནང་གི་མདོ་སྨད་ཡིན་ན་འགྲིག་ཡོད་པ་མ་རེད། ས་སྐྱའི་ཡིག་ཆ་གཞིར་བཞག་བྱས་ན་ད་ལྟའི་ཁམས་ཕྱོགས་མང་པོ་ཞིག་མདོ་སྨད་དང་། ཨ་མདོ་བ་མང་པོ་ཞིག་མདོ་སྟོད་ཀྱི་ཁོངས་སུ་བརྩི་དགོས་པ་རེད། ཁམས་ཕྱོགས་ཀྱི་ཆོས་འབྱུང་ལོ་རྒྱུས་མང་པོའི་ནང་མདོ་ཁམས་སྨད་ཅེས་དང་། མདོ་སྨད་ཅེས་དང་། མདོ་སྨད་ས་ཡི་ཐིག་ལེ་ཞེས་བྲིས་པ་མང་པོ་ཡོད། དེ་ཚང་མ་ཨ་མདོ་བ་རེད་ཟེར་ན་རང་འདོད་དམ་དཀྲུགས་འདོད་རང་རེད། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཡིག་ཆ་རྣམས་སུ་མདོ་སྨད་ཆུ་བཞི་སྒང་དྲུག་ཨ་མདོ་དང་བཅས་པ་ཞེས་བྲིས་འདུག་པས་མདོ་སྨད་ཟེར་བ་འདི་ཁམས་ཨ་མདོ་གཉིས་ཀའི་བསྡུས་མིང་ཞིག་རེད་འདུག
ས་སྐྱ་འགྲོ་མགོན་ཆོས་འཕགས་ཚུན་ཆད་ཀྱི་ལོ་རྒྱུས་གཞི་ལ་བཞག་ན་ཆོལ་ཁ་གསུམ་གྱི་ནང་དུ་མ་ཚུད་པའི་བོད་ཀྱི་ས་ཆ་ཞིག་ཡོད་ནི་མ་རེད། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུག་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ རྨ་ཆུའི་ཁུག་པ་ནས་མཆོད་རྟེན་དཀར་པོ་ཡན་ཆད་ལ་མདོ་སྨད་རྟ་ཡི་ཆོལ་ཁ་ཟེར། ལ་དྭགས་དང་འབྲུག་པ་འདི་ཚོ་སྔར་བོད་བཙན་པོའི་སྐབས་སུ་བོད་ཀྱི་མངའ་འོག་ཏུ་ཚུད་ཡོད་ན་མ་གཏོགས་ས་སྐྱའི་སྐབས་ནས་སྐད་ཆ་ཁོ་རང་མི་འདུག
མོ་ཙེ་ཏུང་གིས་བཟོས་པའི་ས་ཁྲ་ལ་གཞི་འཛིན་དགོས་ན་བོད་པའི་ཞབས་འདྲེན་ཡིན་པ་མ་ཟད་ད་རུང་ཁོས་ལ་དྭགས་དང་འབྲུག་པ་ཡང་བོད་ཡིན་མདོག་གི་གཏམ་འདི་ཅི་ཞིག་ཡིན་མི་ཤེས། ཡིན་རྒྱུ་དེ་མིན་ཟེར་མི་རྒྱུ་ཞིག་ཡིན་ཟེར་མཁན་ཞིག་རེད་འདུག
ཆོལ་ཁ་གསུམ་ཞེས་པ་དེ་སོག་རྒྱལ་གྱི་སོ་སོའི་དབང་སྒྱུར་བྱས་སླ་བའི་ཆད་དུ་མིང་སྙན་པོ་རེ་བཞག་པ་མིན་འགྲོ་དྲན།
དཔེ་ན་དེང་སོང་རྒྱ་ནག་གཞུང་གིས་བོད་ས་ཆ་མང་པོ་དམ་བུ་བཟོས་ནས་དེ་ལ་མིང་སྙན་པོ་འདྲ་མིན་རེ་བཞག་བ་དང་འདྲ་པོ་འདུག།
གང་ལྟར་ཅི་ཡིན་རུང་ང་ཚོས་གཞན་གྱི་རྟགས་པའི་མིང་དེ་རྣམས་ལ་དམ་དུ་འཛིན་དགོས་དོན་ཅི་ཡིན་ནམ།
ཁ་བརྡ་དོ་དམ་པ་ལགས་སྐུ་ཁམས་བཟང་།ང་ཁྱེད་ཀྱི་དྲ་ལམ་ཞིག་པ་དང་པོ་ཡིན།དེ་ལ་རྒྱས་མེད་སོང་ཙང་།
ངའི་མིང་དེ་བོད་ཡིག་གཟུགས་སུ་ཅི་ལྟར་སྒྱུར་དགོས་སམ།
དགོངས་དག་《ཞུགས》་ལ་《ཞིག》བྲིས་ཤོར་འདུག།
གེ་སར་རྒྱལ་པོ་ལགས། གོང་ས་ལྔ་པས་གཞུང་དགའ་ལྡན་ཕོ་བྲང་བཙུགས་རྗེས། བཀྲ་ཤིས་ལྷུན་པོའི་དགེ་བསྐོས་སོག་རིགས་དགའ་ལྡན་ཚེ་དབང་དམག་དཔོན་ལ་བསྐོས་ནས་ལ་དྭགས་སུ་དམག་བརྒྱབ་ནས། སྲོང་བཙན་སྒམ་པོའི་གདུང་རྒྱུད་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཆམ་ལ་ཕབ་ནས། ལོ་ཁྲལ་བསྡུ་རབས་ཤིག་ཡོད་ལེ་རེད་གོ། ལོ་རྒྱུས་མང་པོ་རེད་གོ། མ་གཞི་གླིང་སྒྲུང་ནང་ལའང་གཅིག་ཡོད་ལེ་རེད་དེ། དེའི་གེ་སར་རྒྱལ་པོ་དེ་ཁྱོད་མིན་པ་འདྲ། ཨ་ཅང་རྩེདམོ་ཡིན་གོ།
རྒྱ་ཡེ་ཉི་མ་ལགས་ནི་བོད་ཀྱི་གསོ་བ་རིག་པའི་ལག་ལེན་གྱི་གནས་ལ་མཁས་པའི་སྨན་པ་ཞིག་ཡིན་པ་ལས་མི་ཚེ་གང་བོར་འཆད་ཁྲིད་ཀྱི་སྟེགས་བུའི་སྟེང་འགྱིངས་པའི་དགེ་རྒན་ནི་མིན། གོ་ཚུལ་ལྟར་ན་ཁ་སྔོན་ཞང་ཞུང་བོད་སྨན་སློབ་གྲྭའི་ཁྱབ་བསྒྲགས་བྱས་པ་ཐད་ཆེ་སོང་ཟེར། ལུས་སེམས་ཀྱི་རྣམ་གཞག་སྐོར་ནི་བོད་བརྒྱུད་ནང་བསྟན་གཞུང་དང་འབྲེལ་ཆེ་བས་བོད་ལུགས་གསོ་བ་རིག་པའི་སྨན་པ་ཞིག་ལ་མཚོན་ན་དེའི་སྐོར་གྱི་དཔྱད་གཏམ་སྤེལ་རྒྱུ་ནི་ཁེག་པོ་རེད ། ལྷག་པར་ཏུ་ཨ་ཁུ་ཁོང་ལ་མཚོན་ན་ཆུང་དུས་ནས་གཞུང་ལུགས་ཀྱི་སྐོར་ལ་ཐོས་བསམ་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དང་རིག་གསར་རྗེས་ཉིན་གཅིག་ལའང་ནད་པ་དང་ཁ་བྲལ་མ་མྱོང་བས་དཔེ་ཀློག་བྱེད་རྒྱུའི་དུས་ཚོད་ནི་ཁེག་པོ་རེད ། ངོ་མ་བོད་ཀྱི་གསོ་རིག་སྐོར་ཕྱིའི་རྒྱལ་ཁབ་ཁག་ལ་ངོ་སྤྲོད་བྱེད་འདོད་ན་དབྱར་ཁའི་དས་ཚོད་བེད་སྤྱད་ཀྱིས་ཨ་རིའི་མངའ་སྡེ་ཁག་ལས་ཚ་གྲང་སྙོམས་པའི་གནས་ཁ་ཤས་ལ་སོང་ནས་སྔོ་སྨན་གྱི་རིགས་ངོས་འཛིན་བྱེད་རྒྱུའི་གོ་སྐབས་བྱུང་ན་ཁོང་གིས་བླ་ལྷག་གི་བྱས་རྗེས་འཇོག་ཐུབ་པར་ང་ལ་ཡིད་ཆེས་ཡོད །
པ་མགོ་ ཁྱོད་ཀྱིས་སྐུ་ངོའི་དོན་ལ་བསམ་ཚུལ་གླེང་བར་དགའ་བསུ་ཡོད་ སྐུ་ངོ་ཐམས་ཅན་བཤུ་གཞོག་གྲལ་རིམ་གྱི་ཁོངས་སུ་འདུ་བས་ དེ་ཚོར་མི་དགའ་བ་རྒྱ་དམར་གཅིག་པུ་མ་རེད་ བཤུ་གཞོག་མྱོང་མཁན་ཐམས་ཅན་གྱིས་དེ་དག་ལ་དགྲ་ཡི་འདུ་ཤེས་འཛིན་པ་མིའི་ཆོས་ཉིད་རེད་ དུས་དེང་སང་ཡང་བོད་པའི་སྤྱི་ཚོགས་ནང་(་གཙོི་ཆེ་ལྷ་སའི་ངོ་ཕྱོགས་ལ་གོ་དགོས་)བླ་མ་དཔོན་པོ་མཐོང་དུས་ལྕེ་བསྣར་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད་ ལྕེ་བསྣར་དགོས་པའི་སྤྱི་ཚོགས་ཤིག་ཏུ་འདྲ་མཉམ་དང་དྲང་བདེན་གླེང་ས་ཡོད་དམ་ འདྲ་མཉམ་དང་དྲང་བདེན་གླེང་ས་མེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཏུ་མང་གཙོ་ཅི་ལྟར་དར་སྤེལ་གཏོང་དགོས་སམ་ རྒྱ་དམར་ཞེས་བརྗོད་དུས་རྒྱ་གཞུང་ལ་ཕོག་ཐུག་འགྲོ་བའི་རྒྱུ་མཚན་གྱིས་བོད་པའི་སྐུ་ངོ་ལམ་ལུགས་གླེང་དུས་སྐུ་དྲག་ཚོར་ཕོག་འགྲོ་བ་རྒྱུ་མཚན་ཏུ་གྱུར་བ་གཅིག་མཚུངས་ཡིན་ བོད་པའི་སྤྱི་ཚོགས་ནང་སྐུ་ངོའི་ལམ་ལུགས་ཀྱི་འདུ་ཤེས་འཛིན་སྟངས་རྩ་རྫོགས་མ་བཏང་བར་དུ་བོད་ལ་མང་གཙོ་ལམ་ལུགས་སྐྲུན་རྒྱུ་ཧ་ཅང་གི་ཁག་པོ་ཡིན་ ཁྱོད་ཀྱིས་བཤད་པའི་ཕ་ཤུལ་བུ་འཛིན་དང་མི་ནུས་པ་ཅན་དང་ཡོན་ཏན་ཅན་ནི་སྐུ་ངོ་དང་ཡེ་ནས་འདྲ་ས་མེད་
ཆེས་མཆོག་ཏུ་བཀུར་བར་འོས་པའི་དགེ་ལུགས་སྤྱི་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས། ཐོག་མར་ཁྱེད་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་གོ་ཚོད་ལ་ལ་དྭགས་དང་བོད་པ་དམག་འཁྲུག་བརྒྱབ་པའི་ལོ་རྒྱུས་ཞིག་སྲིད་དོན་རྒྱལ་རབས་ནང་མཐོང་མྱོང་ཡོད། དེའི་ནང་ན་ལ་དྭགས་བོད་པའི་མངའ་འོག་རེད་སྙམ་པ་ཞིག་དྲན་གྱི་མི་འདུག ཀ༔ཐོག་རིག་འཛིན་ཚེ་དབང་ནོར་ནུའི་གསུང་འབུམ་ནང་དུ་ལ་དྭགས་དང་བོད་པའི་དབར་དུ་ཆིངས་ཡིག་བཞག་པའི་ཡིག་གེ་མང་པོ་འདུག་ཀྱང་ཡིག་རྙིང་ཡིག་གཟུགས་ཆུང་ཆུང་ཅན་ཞིག་པར་ལོག་བརྒྱབ་བཞག་པའི་ཕྱག་དཔེ་དེ་ཀློག་སྙིང་མ་འདོད་པས་གཡུགས་བཞག་ཡིན།
གལ་སྲིད་ཨ་ཁུ་ཉི་མ་ལགས་ནས་གསོ་རིག་རྒྱུད་བཞི་ལ་སྦྱངས་ཡོད་ན་རྒྱུད་བཞི་ལས་ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར་ཧ་ཅང་ཞིབ་རྒྱས་སུ་གསུངས་ཡོད་ལ། ནད་ཀྱི་རྩ་བ་དུག་གསུམ་དང་དེས་བསྐྱེད་པའི་རླུང་མཁྲིས་བད་ཀན་སོགས་ཞིབ་པར་གསུངས་ཡོད་པས་མི་ཚེ་གསོ་རིག་ལག་ལེན་ལ་བསྐྱལ་བའི་མཁས་པ་ཞིག་གིས་འདིའི་སྐོར་ནས་ཕྱི་གླིང་བ་ཚོར་ཁ་བརྡ་འདོད་པ་ཚིམ་པ་ཞིག་བྱེད་མི་ཐུབ་པའི་གནས་ཤིག་ག་ལ་ཡོད། ངས་བསམས་ན་ཁོང་གིས་མི་ཚེའི་ནང་འཆད་ཁྲིད་ཞེ་དྲགས་གནང་མ་མྱོང་བས། ཞེ་ས་མ་ཞུས་ན་སྨན་པ་ཁ་བདེ་བོ་ཞིག་མིན་པས་རེད་འདུག
ཡིན་ན་ཡང་སྤྱི་ཁྱབ་ནས་བོད་ནང་གི་མཁས་པ་སྤྱི་དང་ཁྱད་པར་དུ་རང་རེ་ཨ་མདོའི་མཁས་པར་བགྲངས་པའི་ཁྲོད་དུ་ཁ་བདེ་བོ་ཧ་ཅང་དཀོན་གི རྒྱ་ཡེ་བཀྲ་བྷོ་ནི་མི་ཚེ་འཆད་ཁྲིད་ཀྱིས་བསྐྱལ་དང་སྐྱེལ་བཞིན་པའི་དགེ་རྒན་ཆེན་མོ་ཞིག་ཡིན་ཡང་ཁ་སྔོན་དྲ་ཚིགས་ཤིག་ནས་ཚོགས་འདུའི་གཏམ་བཤད་ཅིག་བྱེད་ཀྱིན་འདུག་སྟེ་ཉན་གིན་ཉན་གིན་གཉིད་འབབ་པ་ཞིག་རེད། དེ་བཞིན་སྐབས་ཤིག་གི་རིང་ལ་བག་ཆགས་དོང་སྤྲུགས་དང་རྨོངས་སྐྲན་འཇོམས་པའི་གཏར་ཀ་སོགས་བྲིས་ནས་སྐད་གྲགས་ཆོད་པའི་ཞོགས་དུང་ལ་མཚོན་ན་སྐད་ཆ་འཆད་དུས་རིག་པ་ལྡིབ་ཚར་བའི་རྒན་པོ་ལོ་ལོན་ཞིག་གི་བཟོ་ལྟ་མངོན་སུམ་དུ་འཆར་ཡོང་གིན་འདུག འདི་ཚོར་བསམས་ན་ངོ་མ་དོན་གྲུབ་རྒྱལ་དེ་ཁ་ལག་གཉིས་ཀ་འཛོམས་པའི་མཁས་པ་ཞིག་ངོ་མ་རེད་འདུག་ཨང་སྙམ་པའི་བསམ་བློ་ཞིག་མ་བཅོས་ངང་གིས་སྐྱེ་ཡོང་གིན་འདུག
འདི་ལྟར་གླེང་ན་བསམ་ཚུལ་ཞིག་དྲན་སོང་། བོད་ཀྱི་མངའ་སྡེ་ཆེན་པོ་དྲུག་སྟེ། ལ་དྭགས་༼འདིའི་ཁོངས་སུ་རྒྱ་གར་གྱི་ས་གནས་ཁག་ཅིག་དང་པཱ་ཀི་སི་ཐན་གྱི་སྦལ་ཏི་གཉིས་འདུ༽། འབྲུག འབྲས་ལྗོངས། དབུས། མདོ་སྟོད། མདོ་སྨད་བཅས་ནི་བོད་ཀྱི་མངའ་སྟེ་ཆེན་པོ་དྲུག་རེད། སོག་པོས་མིང་བཏགས་སྟངས་ལྟར་ན་བོད་ཆོལ་ཁ་དྲུག་ལྟ་བུ་ཆགས་གི་རེད། བོད་སིལ་བུར་འཐོར་བ་ནས་བཟུང་ད་བར་དུ་ག་ས་གང་དུ་ཆད་དེ་འཐོར་ནས་ཕྱིན་པ་རེད། ཆུ་ཡོས་དུས་འཁྲུག་སྐབས་ལ་ཕམ་པ་ནས་བཟུང་། བོད་ལ་མགོ་འདེགས་རྒྱུ་མེད་པར་བཟོས་ཤིང་། ད་ལྟ་མུ་མཐུད་ནས་འཐོར་བཞིན་པ་རེད། གུང་ཁྲན་ཏང་ལ་གླགས་མ་བརྙེད་པ་དེ་ཡང་ལོ་རྒྱུས་ཀྱི་ཕམ་ཉེས་མང་པོ་ཞིག་ལ་རག་ལས་པ་ལས་སྐབས་དེའི་སྐུ་དྲག་འགའི་སྤྱོད་པ་ལ་རག་ལས་ཡོད་པ་མ་རེད་འདོད།
གལ་སྲིད་ཨ་ཁུ་ཉི་མ་ལགས་ ནས་གསོ་རིག་རྒྱུད་བཞི་ལ་སྦྱངས་ཡོད་ན་རྒྱུད་བཞི་ལས་ལུས་སེམས་གཉིས་ཀྱི་འབྲེལ་ བའི་སྐོར་ཧ་ཅང་ཞིབ་རྒྱས་སུ་གསུངས་ཡོད་ལ། ནད་ཀྱི་རྩ་བ་དུག་གསུམ་དང་དེས་བསྐྱེད་པའི་རླུང་མཁྲིས་བད་ཀན་སོགས་ཞིབ་པར་ གསུངས་ཡོད་པས་མི་ཚེ་གསོ་རིག་ལག་ལེན་ལ་བསྐྱལ་བའི་མཁས་པ་ཞིག་གིས་འདིའི་སྐོར་ ནས་ཕྱི་གླིང་བ་ཚོར་ཁ་བརྡ་འདོད་པ་ཚིམ་པ་ཞིག་བྱེད་མི་ཐུབ་པའི་གནས་ཤིག་ག་ལ་ ཡོད། ངས་བསམས་ན་ཁོང་གིས་མི་ཚེའི་ནང་འཆད་ཁྲིད་ཞེ་དྲགས་གནང་མ་མྱོང་བས། ཞེ་ས་མ་ཞུས་ན་སྨན་པ་ཁ་བདེ་བོ་ཞིག་མིན་པས་རེད་འདུག
ཡིན་ན་ཡང་སྤྱི་ཁྱབ་ནས་བོད་ནང་གི་མཁས་པ་སྤྱི་དང་ཁྱད་པར་དུ་རང་རེ་ཨ་མདོའི་མཁས་པར་ བགྲངས་པའི་ཁྲོད་དུ་ཁ་བདེ་བོ་ཧ་ཅང་དཀོན་གི རྒྱ་ཡེ་བཀྲ་བྷོ་ནི་མི་ཚེ་འཆད་ཁྲིད་ཀྱིས་བསྐྱལ་དང་སྐྱེལ་བཞིན་པའི་དགེ་རྒན་ ཆེན་མོ་ཞིག་ཡིན་ཡང་ཁ་སྔོན་དྲ་ཚིགས་ཤིག་ནས་ཚོགས་འདུའི་གཏམ་བཤད་ཅིག་བྱེད་ ཀྱིན་འདུག་སྟེ་ཉན་གིན་ཉན་གིན་གཉིད་འབབ་པ་ཞིག་རེད། དེ་བཞིན་སྐབས་ཤིག་གི་རིང་ལ་བག་ཆགས་དོང་སྤྲུགས་དང་རྨོངས་སྐྲན་འཇོམས་པའི་གཏར་ ཀ་སོགས་བྲིས་ནས་སྐད་གྲགས་ཆོད་པའི་ཞོགས་དུང་ལ་མཚོན་ན་སྐད་ཆ་འཆད་དུས་རིག་པ་ ལྡིབ་ཚར་བའི་རྒན་པོ་ལོ་ལོན་ཞིག་གི་བཟོ་ལྟ་མངོན་སུམ་དུ་འཆར་ཡོང་གིན་འདུག འདི་ཚོར་བསམས་ན་ངོ་མ་དོན་གྲུབ་རྒྱལ་དེ་ཁ་ལག་གཉིས་ཀ་འཛོམས་པའི་མཁས་པ་ཞིག་ངོ་མ་རེད་འདུག་ཨང་སྙམ་པའི་བསམ་བློ་ཞིག་མ་བཅོས་ངང་གིས་སྐྱེ་ཡོང་གིན་འདུག
མངའ་རིས་སྐོར་གསུམ་ནང་གི་གཅིག་ལ་དྭགས་བརྩི་ལུགས་ཀྱང་ཡོད་པས། དེ་ལ་གཞིགས་དགོས།
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནང་གི་གཅིག་ཁམས་པ་ཡིན་རབས་མཁར་རྨེའུ་དང་རྒྱལ་རོང་གི་མཁས་པ་ཞིག་གི་གསུང་རྩོམ་ན་འདུག དེ་ཚོ་ཨ་མདོ་བའི་སྐད་ཆ་རེད།
བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ལུས་སེམས་ཀྱི་རྣམ་གཞག་ཞིབ་རྒྱས་ཤིག་གསུངས་ཡོད་པ་ནི་ངོ་མ་བདེན་པ་རེད ། འོན་ཀྱང་དེང་གི་སྐབས་འདིར་བོད་ལུགས་གསོ་བ་རིག་པ་སློབ་སྦྱོང་དང་ལག་ལེན་བྱེད་མཁན་དག་ལ་ནང་བསྟན་གཞུང་གི་རྨང་གཞི་མེད་པས་ནད་སྔགས་ཟུང་འབྲེལ་སོགས་མཁྱུད་དཔྱད་ཀྱི་གདམས་ངག་སྐོར་ཞིག་ད་ལྟ་གླེགས་བམ་གྱི་མལ་དུ་ཤོར་ཡོད་བཞིན་པ་ནི་ཀུན་གྱིས་མཁྱེན་སྲིད་པ་རེད ། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ལ་གཞིགས་ན་བོད་སྔ་རབས་ཀྱི་སྨན་པ་མང་ཆེ་བ་ནི་བཅུ་ཕྲག་རིག་པའི་གནས་ལ་མཁས་ཤིང་སྒོམ་དང་ཉམས་ལེན་གྱིས་ཐུགས་རྒྱུད་སྨིན་པའི་སྔགས་བཙུན་གང་རུང་ཞིག་ཡིན་པ་ལས་དེང་གི་སྨན་པ་ཚོང་ལས་ཁོ་ན་གཉེར་མཁན་ཚོ་དང་གཏན་ནས་འདྲ་བ་མ་རེད ། ཨ་ཁུ་ཉི་མ་ཁོང་ལ་མཚོན་ན་ལུས་སེམས་ཀྱི་རྣམ་གཞག་སྐོར་གྱི་འཆད་ཁྲིད་ཕལ་ཆེར་བྱས་མྱོང་ཡོད་ཀྱི་མ་རེད་བསམ། ཁོང་ནི་གཙོ་བོ་ནད་ཐོག་ལག་ལེན་དང་སྦྱོར་སྡེའི་གནས་ལ་མཁས་པས་མཚོ་སྔོན་བོད་ལུགས་སྨན་ཁང་གཙོ་བྱས་པའི་ཨ་མདོའི་ཁུལ་གྱི་སྨན་རྩིས་ཁང་སོ་སོར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རྒྱུན་མཁོའི་སྨན་གྱི་ངོས་འཛིན་སོགས་ཀྱི་མྱོང་ཁྲིད་བྱེད་བཞིན་ཡོད །
རྒྱ་ཡེ་བཀྲ་བྷོའི་གཏམ་བཤད་བྱེད་སྟངས་ཤིག
ད་ཆི་མོ་ཟིག་རེད་ཟེར་ན་འདི་མོ་ཟིག་རེད་ཟེར་ནོ། ད་འོ་ན་འདི་མོ་ཟིག་ཆི་ཟིག་ག་ཡིན་དང་ནི་རེད་ཟེར་ན། འདི་མོ་ཟིག་ཡིན་ནོའི་རྩ་བ་དེ་གཅིག་བཤད་དགོས་ནི་རེད་ཟེར་ནོ། འོ་ད་རྩ་བ་དེ་མ་བཤད་ན་ཆི་མོ་ཟིག་རེད་ཟེར་ན་འདི་མོ་ཟིག་རེད་ཟེར་ནས་ཅང་བཤད་ས་མི་འགྱོ་གི ད་དེ་མ་སོང་ན་འདི་མོ་ཟིག་ཟེར་ནས་ཅིག་བཤད་དགོས་ཀི འོ་ད་ནི་ཆི་ཟིག་ཡེས་བཤད་དགོས་ཀི་ཟེར་ན་ངས་བལྟས་ན་འདི་མོ་ཟིག་ཡེས་བཤད་དགོས་ཀི ད་འདི་མོ་ཟིག་བཤད་ན་ར་འདི་མོ་འདེ་ར་བཤད་སྟངས་ཟིག་ཡོད་ཀི་འདོད་ཀི འོ་ད་བཤད་སྟངས་དི་ཟོ་ཆི་མོ་ཟིག་རེད་ཟེར་ན་དེ་ཡང་འདི་མོ་ཟིག་རེད།
གོང་གི་ཚིག་ཕྲེང་དེ་ཚོའི་ནང་ནས་ཁྱོད་རང་ལ་དོན་ངོ་མར་དགོས་པ་དེ་རྙེད་ནི་མ་རེད། སྐད་ཆ་བཤད་སྟངས་ཤིག་གིས་དུས་ཚོད་མང་ཆེ་བ་རྫོགས་འགྲོ་ནི་རེད། འདི་ནི་གཅིག་བྱས་ན་ཨ་མདོའི་དཔོན་སྐད་དུ་གྲགས་པ་དེ་ཚོའི་ཐུན་མོང་མིན་པའི་ཁྱད་ཆོས་རེ་ཡང་ཡིན་སྲིད། གལ་སྲིད་གསར་འགོད་པ་ཞིག་གམ་ཡང་ན་དྲུང་ཡིག་ཅིག་ཁོའི་འཁྲིས་སུ་ཡོད་ན་གོང་གི་སྐར་མ་བཅུ་གྲངས་ཀྱི་རིང་གི་ཚིག་ཡང་སྐོར་སྐྱར་སྐོར་དེ་ཚོའི་གསེབ་ནས་མི་དེ་ལ་དགོས་པའི་དོན་སྙིང་དེ་ཡིག་ཐོག་ཏུ་འབེབ་ཐུབ་ཀི་མ་རེད།
ཀླུ་སྨྱོན་ལགས་ནས་གསུངས་པ་བདེན།
༡ རྒྱ་ཡེ་ཉི་མ་སྨན་པ་སྐད་གྲགས་ཅན་ནི་རེད་ཐག་ཆོད་རེད། མཁས་པ་ནི་གང་ཡང་མ་རེད། སྐད་གྲགས་དེ་ཡང་ནད་བརྟག་གི་སྐད་གྲགས་རེད་མ་གཏོགས། མཁྱེན་ཡོན་གྱི་སྐད་གྲགས་མེད་པ་རེད། དེ་འདྲ་ཡིན་སྟབས། སྐད་གྲགས་ཆེ་ཚད་མཁས་པ་ཡིན་མི་དགོས་པའི་དཔེ་མཚོན་གསལ་པོ་ཞིག་བྱུང་བ་རེད།
༢ རྒྱ་ཡེ་བཀྲ་བྷོ་སློབ་ཚན་ཁྲིད་ན་བཟང་། གཏམ་བཤད་ཀྱི་སྐོར་ནས་ཉན་མཁན་ཚོའི་ཡིད་འགུག་པ་ཞིག་མིན་འདྷདུག གོང་གི་འདི་བཀྲ་བྷོས་བཤད་པ་ཡིན་ཚེ། དེས་ཕྱོགས་བསྡོམས་ཡག་པོ་ཞིག་གནང་འདུག
ལར་ནས་ཨ་མདོའི་མཁས་པ་ཚོས་གཏམ་བཤད་གནང་མི་ཤེས་པ་ཟེར་ན་གང་ཤེས་ཏེ། མང་ཆེ་བས་གོང་གི་རྒྱ་ཡེ་བཀྲ་བྷོའི་འདི་འདྲ་མང་པོ་གསུང་སྟངས་ཤིག་དར་འདུག
གཡུང་དྲུང་ཚེ་བརྟན་ལགས
ནད་བརྟག་དང་གསོ་བཅོས་རིག་པའི་གནས་ལ་མཁས་ན་ཆེད་ལས་མཁས་པ་ཡིན ། ནད་བརྟག་ལ་མཁས་པ་ཞིག་ཡིན་ཕྱིན་གཞུང་གི་དོན་ལ་མཁས་ཤིང་མན་ངག་གནད་དུ་རྡེག་པ་ཞིག་ཡིན་ངེས་རེད། བཤད་རྒྱུད་དུ་གཞུང་དོན་མི་ཤེས་སྨན་པ་དེ།། དམུས་ལོང་དག་ལ་རྫས་བསྟན་བཞིན།། ནད་རིགས་བཅོས་ཐབས་ཤན་མི་ཕྱེད།། མཐོང་གོམས་མེད་པའི་སྨན་པ་དེ།། རྒྱུས་མེད་ལམ་དུ་ཞུགས་པ་བཞིན།། ནད་རྟགས་དཔྱད་ལ་ཐེ་ཚོམ་འགྱུར།། བརྟག་ཐབས་མི་ཤེས་སྨན་པ་དེ།། གཉེན་མེད་བྱེས་སུ་འཁྱམས་པ་འདྲ།། ནད་ངོ་ཤེས་པ་གཅིག་མི་འབྱུང་།། བཅོས་ཚུལ་མི་ཤེས་སྨན་པ་དེ།། མུན་ཁུང་འབེན་ལ་བརྡེག་པ་འདྲ།། གཉེན་པོ་ནད་ཐོག་འབབ་མི་འགྱུར།། ཞེས་གསུངས་པ་བཞིན་སྨན་པ་མཁས་པ་ཞིག་ཡིན་ན་འཆད་པ་ཁོ་ན་ལ་མཁས་ན་སྙན་གྲགས་རྒྱས་མི་སྲིད་ལ་གཞུང་དོན་མི་མཁྱེན་པར་མཐོང་གོམས་ཁོ་ནས་ནད་གསོ་བྱས་ན་ནད་དང་གཉེན་པོ་ལོག་པར་འགྲོ་བའང་དེང་གི་དུས་འདིར་གང་མང་ཡོད ། སྤྱིར་ནད་ལ་མཁས་པ་ཙམ་གྱིས་ནི་ནད་དེ་གསོ་ཐུབ་པའི་ངེས་པ་མེད་པས་སྨན་པ་ཞིག་ཡིན་ཕྱིན་སྨན་ལ་མཁས་དགོས་པ་ནི་རྩ་བའི་ཆ་རྐྱེན་ཉག་གཅིག་རེད ། དེང་རབས་གསོ་རིག་གི་འགྲོ་སྟངས་ལ་གཞིགས་ན་སྨན་པ་ཡིན་ན་ནད་གསོ་བཅོས་ཀྱི་གནས་ལ་མཁས་དགོས་ཤིང་སྨན་ལ་མཁས་དགོས་པའི་ངེས་པ་མེད་པས་སྨན་པ་རང་གིས་སྨན་བཟོ་མི་ཆོག་པ་དང་མང་ཆེ་ཤས་ཀྱིས་བཟོ་མི་ཤེས་པ་ལྟ་བུ་རེད །འོན་ཀྱང་བོད་ཀྱི་གསོ་རིག་ལྟར་ན་ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ་ཡོད་པས་རླུང་མཁྲིས་བད་ཀན་གསུམ་གྱི་མཚན་ཉིད་ཀྱི་ཟུར་ལ་དཔྱད་ནས་སྐབས་བབས་ནད་གཞི་དེའི་རྟགས་མ་ནོར་བར་ངོས་འཛིན་དགོས་ཤིང་དེ་རྗེས་རོ་ནུས་ཞུ་རྗེས་གསུམ་གྱི་སྦྱོར་བ། ཡོན་ཏན་བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས་ཚུལ་སོགས་སྦྱོར་བ་སྨན་གྱི་གནས་ལ་མཁས་ན་ད་གཟོད་ནད་གསོ་ཐུབ་པ་ལས་ཡོད་ཚད་རྫས་འགྱུར་གྱི་སྦྱོར་བ་ཁོ་ནར་བསྟེན་ན་ཞོར་སྐྱོན་མི་ཉུང་བ་འབྱུང་བ་དཔེར་ན་བོད་ཀྱི་ས་ཁུལ་སོ་སོ་ན་བོད་ཕྱི་ཟུང་འབྲེལ་གྱིས་ཕྱི་སྨན་དུག་ཤས་ཆེ་བ་གང་བྱུང་དུ་ལག་ལེན་བྱེད་བཞིན་པ་ལྟ་བུ་རེད །སྨན་པའི་དབྱེ་བ་གསོ་རིག་རྒྱུད་གཞི་ལྟར་ན་བླ་ན་མེད་པ་དང་ཁྱད་པར་ཅན། ཕལ་བ་གསུམ་དུ་དབྱེ་ཡོད། སྥྱིར་སྨན་པ་ཞིག་ཡིན་ན་མདོ་སྔགས་ཆོས་ཀྱི་གཞུང་ལ་མཁས་དགོས་མོད་དེང་གི་དུས་འདིར་སྔ་རབས་བོད་ཀྱི་གསོ་དཔྱད་མཁས་པ་ལྟ་བུ་ནི་ཕལ་ཆེར་བཞུགས་མེད་པས་མཁས་པ་ཞིག་ཡིན་ཕྱིན་ཐམས་ཅད་མཁྱེན་དགོས་པར་འདོད་པ་ནི་ནོར་འཁྲུལ་རེད་སྙམ།
རྩོད་སའི་རྒྱ་ལ་མི་རྩོད་པར་ནང་ཁུལ་དུ་ས་ཁུངས་ག་གེ་མོ་རེ་བརྩད་དེ་བསྡད་ན། དངོས་ནས་བསམ་བློ་གཏོང་རྒྱུར་ཡང་སེར་སྣ་འདུག
སྨན་པ་དཀོན་མཆོག་ཚེ་བརྟན་ལགས་ནས་གསལ་བཤད་སྦུད་ཙམ་གནང་བར་ཐུགས་རྗེ་ཆེ། དཔལ་ལྡན་གསོ་རིག་རྒྱུད་བཞིའི་ནང་ན་བཤད་ཡོད་པའི་སྨན་པ་དང་། སྨན་པའི་ཚད་གཞི་བསྟན་པ་དེ་ཚོ་འཁྱེར་འོང་ནས་དེ་རིང་ཁ་སང་གི་སྨན་པ་ཚོར་ཚད་ཅིག་བརྒྱབ་པ་ཡིན་ན། ཚད་རྒྱག་བྱེད་དེ་ཆེ་དྲགས། རྒྱག་ཡུལ་གྱི་སྨན་པ་མང་པོ་ཞིག་ཆང་དྲགས་ནས་དགོག་སྤྱད་འདྲ་ཞིག་ཡིན་མི་སྲིད་པའང་མ་རེད་དེ། རྒྱ་ཡེ་ཉི་མ་སྨན་པ་སྐད་གྲགས་ཅན་རེད།་ཁྱེད་རང་ཚོས་ངོ་ཡང་ཤེས་ཀྱི་ཡོད་འགྲོ། ཡིན་ནའང་། རྒྱ་ཡེ་ཉི་མ་ལ་ལུས་སེམས་ཀྱི་རྣམ་གཞག་སྐོར་གྱི་འཆད་ཁྲིད་གནང་བཅུག་པས་དེ་མ་བྱུང་བ་རེད། ངས་ཤེས་པ་བྱས་ན། རྒྱ་ཡེ་ཉི་མ་མང་ཚོགས་ཁྲོད་ན་སྐད་གྲགས་ཆེན་པོ་རེད། མཁས་པ་ཚོའི་ཁྲོད་ན་སྐད་གྲགས་ཟེར་བ་དེ་ང་ལམ་མེད། མདོར་ན། རྒྱ་ཡེ་ཉི་མས་ད་རེས་ཀྱི་མི་ཚེ་འདི་ལ་ལུས་སེམས་ཀྱི་རྣམ་གཞག་སྐོར་འཆད་ཁྲིད་ཀྱི་རེ་བ་ཡོད་པ་མ་རེད། ཚེ་གཞུག་མར་ནི་ཤེས་ཀྱི་མ་རེད། ང་རྒྱ་ཡེ་ཉི་མའི་དགེ་ཕྲུག་ཡིན་ཟེར་མཁན་ཧ་ཅུང་ཉུང་ཉུང་ཡིན་པའང་ཁོང་གིས་ང་ལུགས་མི་མཁྱེན་པ་དེར་ཐུག་ཡོད། སྨན་པ་དཀོན་མཆོག་ཚེ་བརྟན་གྱིས་གསུངས་པ་ལྟར་རེད། ནད་གསོ་བཅོས་ཀྱི་ལག་ལེན་དང་ཉམས་མྱོང་ལ་ཁོང་མཁས་པ་ཡིན་ཐག་ཆོད་རེད།
ང་ལམ། ཧ་ལམ་ཞེས་བཅོས་རོགས།
ང་ལུགས་་ གཞུང་ལུགས་སུ་བཅོས་རོགས།
རེད། ངས་ཀྱང་ཁར་་་རྩང་རང་མཐོང་བའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཀྱི་ལུང་གླིང་ཚང་གི་རྒྱལ་རབས་ཤིག་ཏུ་དྲངས་པར་ས་སྐྱའི་སྐབས་ཀྱི་མདོ་སྟོད་སྨད་ལ་དཔོན་ཚབ་དང་བླ་བསྐོས་གཏོང་ཕྱོགས་ཀྱི་སྐོར་ཞིག་ཏུ་མདོ་སྟོད་གོ་ཇོ་དཔོན་དང་མདོ་སྨད་གླིང་ཚང་དཔོན་ཞེས་ཤིན་ཏུ་ཁ་གསལ་བོར་བྲིས་འདུག མ་གཞི་ཆོལ་ཁ གསུམ་གྱི་ཐ་སྙད་འདི་ས་སྐྱའི་འཕགས་པ་རིན་པོ་ཆེའི་དུས་ནས་བྱུང་ཞིང་ས་སྐྱའི་བོད་སྲིད་དང་ཐད་ཀར་འབྲེལ་སྟབས་འདིའི་དབྱེ་མཚམས་ལ་རྒྱུས་ཆེ་ཤོས་དེ་སྐབས་དེའི་ས་སྐྱ་བ་ལས་གཞན་སུ་ཡང་ཡོད་མི་འོས། དེས་ནས་འདི་ནི་ཡིག་ཆ་གཞན་ལས་དོ་སྣང་འོས་པ་ཞིག་རེད། གཞན་ངོར་མཁན་ཆེན་རིམ་པའི་གསུང་སོགས་སུ་མདོ་སྨད་ས་ཡི་ཐིག་ལེ་སྡེ་དགེ་ལྷུན་འགྲུབ་སྟེང་ཞེས་སོགས་ཡང་ཡང་འབྱུང་བའང་འདི་ལ་དགོངས་སམ་སྙམ། དཔྱོད་ཅིག
ཆོལ་ཁ་གསུམ་གྱི་སྐོར་འདི་ལ་དངོས་གནས་ཞིབ་རྒྱུ་ཞིག་འདུག་སྙམ། བོད་ནང་འཇམ་ཁག་ཉི་ཤུ་རྩ་བདུན་བཙུགས་པ་ལས་དབུས་གཙང་དུ་བཙུགས་པ་རྣམས་ལོ་རྒྱུས་ནང་བཀོད་ཡོད་ཀྱང་། མདོ་སྟོད་ཀྱི་འཇམ་དགུ་དང་། མདོ་སྨད་དུ་བཙུགས་པའི་འཇམ་བདུན་ཟེར་བ་ལ་གསལ་ཁ་མེད་པ་རེད། འཇམ་འཛུགས་ས་རྣམས་ས་ཆ་གང་དང་གང་ཡིན་མིན་ཤེས་ན་དེའི་སྐབས་ཀྱི་མདོ་སྟོད་སྨད་ཀྱི་ཆོལ་ཁའི་དབྱེ་བ་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཡོད་པར་འདོད།
ཆོལ་གསུམ་དང་འཇམ་གྱི་སྐོར་འདི་ད་ལྟའི་ལོ་རྒྱུས་བ་མང་ཆེ་བས་རྒྱ་བོད་ཡིག་ཚང་ནས་ལུང་དྲངས་ཀྱི་འདུག་པ་ལྟར། ཐུབ་བསྟན་ཕུན་ཚོགས་ཀྱི་དེབ་ནང་དྲངས་པ་ལས།
ཧོར་སེ་ཆེན་རྒྱལ་པོས་མི་ཆེན་དས་སྨན་ཞེས་པ་ཞིག་བོད་དུ་འཇམ་འཛུགས་པར་མངགས་སྐབས། ་་ཐོག་མར་བོད་དུ་བསྟན་པ་ཕྱི་དར་གྱི་ཆོས་བྱུང་ས་ཡིན་པས། མདོ་སྨད་ཀྱི་ས་དན་ཏིག་ཤེལ་གྱི་ལྷ་ཁང་དང་། མདོ་སྟོད་གཙོ་མདོ་བསམ་འགྲུབ། གཙང་དཔལ་ལྡན་ས་སྐྱ་རྣམས་སུ་རིམ་པར། མི་མང་པོར་བསགས། གང་ལ་གང་འོས་ཀྱི་གནང་སྦྱིན་སྤྲད། བཀའ་ལུང་རྣམས་བསྒྲགས་ཤིང་། རྒྱ་བོད་ཀྱི་སོ་མཚམས་ནས་ས་སྐྱ་མན་ལ་འཇམ་ཆེན་ཀུན་དྲིལ་བ་ཉི་ཤུ་རྩ་བདུན་བཙུགས།་་ ཞེས་གསལ་བ་འདིར་བལྟས་ན། མདོ་སྨད་ཀྱི་ས་དན་ཏིག་དང་མདོ་སྟོད་ཀྱི་གཙོ་མདོ་བསམ་འགྲུབ་གཉིས་ས་ཆ་གནད་ཅན་གཉིས་ཡིན་པ་འདྲ།
བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ་ལྟར་ན། དེའི་སྐབས་ཀྱི་མདོ་སྨད་ཁོངས་ད་ལྟའི་མདོ་སྟོད་ཀྱི་ས་ཆ་ཡང་གང་འཚམས་ཡོད་པ་འདྲ་ཞིག་བྲིས་འདུག དེ་མིན་མཚོ་སྔོན་བོད་མིའི་ལོ་རྒྱུས་ཞེས་པའི་རྒྱ་ཡིག་དེའི་ནང་། ཟི་ལིང་དང་ཁྲི་ཀ་དེའི་སྐབས་ཀྱི་མདོ་སྨད་ཁོངས་མིན་པར་སོག་པཽའི་རྒྱལ་རིགས་དེ་འདྲའི་ཐད་ཀའི་སྟངས་འཛིན་འོག་ཡོད་ཚུལ་བྲིས་འདུག
དབྱིན་ཡིག་གི་ཀུབ་ལིའི་ཁང་ཟེར་བ་དེའི་ནང་ཡང་། ཇིང་གིར་རྒྱལ་པོ་མ་གྲོངས་བར་དབང་དུ་བསྡུས་ཡོད་པའི་ས་ཁོངས་ཀྱི་ས་བཀྲ་ཞིག་བྲིས་ཡོད་པ་དེར་བལྟས་ནའང་ད་ལྟའི་མཚོ་སྔོན་གྱི་ནུབ་བྱང་དང་རྒྱ་ནག་གི་བྱང་ཕྱོགས་རྣམས་དེ་སྔོན་ཙམ་ནས་སོག་པོས་དབང་དུ་བསྡུས་གྲུབ་འདུག
ཉིན་ཤས་གོང་འདིར་མཆན་ཞིག་བཀོད་ཡོད་བསམས་ཀྱང་རྗེས་སུ་ལྟ་སྐབས་མི་འདུག་པས་དེ་རིང་ཡང་སྐྱར་བྲིས་པ་ཡིན། ངས་ཚར་རྗེས་འདིར་གཏོང་རྒྱུ་བརྗེད་པ་འདྲ།
ཡ་ད་ངོ་མ་དྲ་གྲོགས་ཚོས་བསམ་འཆར་ཉན་རྒྱུ་དང་ལེན་རྒྱུ་ཡོད་པ་མང་བོ་བཀོད་ཡོད་འདུག་པས་དགའ་བསུ་ཞུ།་་་བསམ་ཚུལ་ཧ་ཅང་མང་ངྲག་པས་ཚང་མ་ཀློག་རྒྱུ་མ་བྱུང་རུང་ཁ་ཤས་རགས་རིམ་ཙམ་ཀློག་པ་ཡིན།་་དེས་བརྒྱུད་རིམ་ཁྲོད་ང་ལ་ཡང་འཆར་སྣང་འདི་འདྲ་ཞིག་སྐྱེས་སོང།་་ཨ་མདོའི་ཕྱོགས་ནས་ཡིན་པའི་མཁས་པ་སྐོར་ཞིག་རྩོམ་ཡིག་འབྲི་བའི་ཚེ་ན་བྱང་ཚད་མཐོ་ལ་ཡིད་འགུག་པའི་ནུས་པ་ཅན་མང་བོ་ཞིག་འཆད་ཁྲིད་ཀྱི་སྐབས་སུ་རང་ཉིད་ཀྱི་ལུང་སྐད་ཀྱིས་ཤན་ཞུགས་སྟབས་ངོ་མ་མཛེས་པ་ཞིག་ཡིན་པ་དངོས་ཡོད་རེད་མོད།
འོན་ཀྱང་དེ་དག་དོན་གྱི་མཁས་པ་རེད།་་འཆད་པའི་ཚེ་ཡང་འཆད་བྱའི་གཞུང་དེའི་དཀའ་གནད་ངོས་ཟིན་ཡོད་པ་རེད།་་དེར་བརྟེན་སྐྱོན་ཆེན་པོ་ཡོད་པ་མ་རེད།་དེ་བས་རྡ་སར་གཡས་གཡོན་དུ་སྐོར་ར་ཞིག་རྒྱོབ་དང་མི་ཆེན་དེ་དག་གི་ཁྲོད་ན་ཁ་ནས་སྐར་ཆ་ཁ་ཤས་རིང་རྒྱལ་སྤྱི་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ངོ་བོ་མཐར་ཐུག་དེ་ངག་འཇམ་ལ་སྙན་ཆ་ལྡན་པའི་ངང་བཤད་ཐུབ་པས་སྐུ་ངོ་དེ་དག་ལ་རྒྱུས་མེད་ཅིག་གནས་སྐབས་སུ་ཡ་མཚན་སྐྱེ་རྒྱུ་རེད།་་འོན་ཀྱང་དོན་དུ་སྐུ་ངོ་དེ་དག་གིས་ཡིག་བསྐུར་སྤོས་གཙང་ཞིག་བོད་ཡིག་གི་ལམ་ནས་འབྲི་ཐུབ་ཀྱི་མི་འདུག་པ་དེ་ཧ་ལས་དགོས་པ་ཞིག་རེད།་་་་
འོ་རེད་སྤྱིར་སྐད་ཆ་བཤད་སྟངས་ལ་ཡུལ་ལུང་གིས་དབང་ལས་འདྲ་མིན་བྱུང་གི་རེད།་་དཔེར་ན་ཨ་རི་བ་ཞིག་གིས་གཏམ་བཤད་སྐབས་མཚམས་སུ་མཚམས་སུ་སྐད་ཆ་གཉིས་ལྡབ་བྱེད་པ་དེ་ང་ལྟ་བུ་མཐོང་ཚེ་ཁ་ནས་
ངག་ལེགས་པོ་འཁྲོལ་མི་ཐུབ་པ་ལྟ་བུར་སྣང་ཡང་དོན་དུ་དེ་འདྲ་ཡིན་རྒྱུ་མ་རེད།་་
དེར་བརྟེར་སྐད་ཀྱི་བཤད་ལུགས་དེ་ཡུལ་ལུང་རེ་རེ་བཞིན་མི་འདྲ་བས་དེ་ཙམ་ཧང་སང་དགོས་དོན་མེད་ཀི་བསམ།་་་་དེ་བས་ངག་ཐོག་ན་ཡོད་ཀྱང་བྲིས་པའི་ཚེ་ན་མེད་པས་བོད་ཡིག་ལ་སྦྱངས་བརྩོན་མ་བྱས་པའི་སྐུ་ངོ་དག་གི་ཧམ་བཤད་ལ་བསྐྱར་ཞིབ་རེ་བྱེད་ན་ག་འདྲ་ཌྷའདུག་
མཛེས་པ་དེ་མི་མཛེས་པར་བཅོས་དགོས
སྨན་པ་དཀོན་མཆོག་ཚེ་བརྟན་ལགས་་་་བོད་ལུགས་གསོ་རིག་དང་འབྲེལ་བའི་བསམ་ཚུལ་མུ་མཐུད་དུ་གླེང་རོགས། རྒྱ་གར་བས་གསོ་བ་རིག་པ་ཞེས་པའི་མིང་ཐོག་ནས་བོད་སྨན་ཁྲིམས་མཐུན་དེབ་སྐྱེལ་འགྲུབ་ལ་ཉེ་བའི་གནས་ཚུལ་འདིར་དགོངས་ཚུལ་འདྲ་ཡོད་དམ། ཁ་ཤས་ཀྱིས་བཤད་ན་རྒྱབ་ལྗོངས་ལོ་རྒྱུས་ལ་འཁྱོག་བཤད་བྱས་འདུག་པས་ཐེངས་འདིའི་དེབ་སྐྱེལ་ལ་མོས་མཐུན་མེད་པར་དགག་པ་གནང་གི་ཡོད། དཔེར་ན། རྒྱ་གར་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ལྟ་བུ་རེད། ལྷན་ཚོགས་ཀྱི་འདོད་པར་བོད་སྨན་ནམ་Tibetan Medicine ཞེས་ཡིག་ཆར་འཁོད་དགོས་པ་དང་ལོ་རྒྱུས་དེ་དངོས་བྱུང་འབྲི་དགོས་པ་སོགས་ཡིན། ཡང་་་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་གིས་ཞི་མི་དཀར་ནག་གང་ཡིན་ཡང་ཙི་ཙི་གསོད་ན་འགྲིག་པ་ལྟ་བུའི་རྣམ་འགྱུར་འོག་ལས་གཞི་དེར་རྒྱབ་སྐྱོར་གྱིས་ཁྲིམས་ཐོག་དེབ་སྐྱེལ་ཡོང་བར་ཤུགས་སྣོན་རྒྱག་གིན་ཡོད་ཚོད་རེད།