བསམ་གླིང་ཚེ་རིང་ལྷ་མོ།
རི་བོར་འཛེགས་བཞིན་འཛེགས་བཞིན།།
སྣང་བ་སྐྱིད་དུ་སྐྱིད་དུ།།
མཐོང་རྒྱ་ཆེ་རུ་ཆེ་རུ།།
མཁའ་དབུགས་གཙང་དུ་གཙང་དུ།།
ཤིང་ནགས་སྟུག་ཏུ་སྟུག་ཏུ།།
ཡལ་འདབ་ལྡེམ་དུ་ལྡེམ་དུ།།
བྱ་བྱིའུ་མང་དུ་མང་དུ།།
གསུང་སྐད་སྙན་དུ་སྙན་དུ།།
ཆུ་འཛིན་མཛེས་སུ་མཛེས་སུ།།
ལྷ་ཡུལ་ཉེ་རུ་ཉེ་རུ།།
ལྷ་དང་ལྷ་མོའི་ཕོ་ཉ།།
ཆུ་འཛིན་དེ་དག་མིན་ནམ།།
མེ་ཏོག་མང་དུ་མང་དུ།།
དྲི་བསུང་ཞིམ་དུ་ཞིམ་དུ།།
ཕྱེ་ལེབ་བུང་བའི་ཚོགས་རྣམས།།
གར་སྟབས་འཁྲུག་ཏུ་འཁྲུག་ཏུ།།
ས་ཆ་སྐྱིད་དུ་སྐྱིད་དུ།།
གསོམ་སྡོང་རིང་དུ་རིང་དུ།།
ཡུལ་ལྗོངས་དེ་དག་མཐོང་དུས།།
ལྷ་ཡུལ་མིན་ནམ་སྙམ་བྱུང་།།
བྲག་རི་རྫིག་ཏུ་རྫིག་ཏུ།།
ཤུག་དྲི་ཞིམ་དུ་ཞིམ་དུ།།
བྲག་དང་ཤུག་པ་གཉིས་ལ།།
འཁོར་མཁན་བྱ་རྒྱལ་རྒོད་པོ།།
ས་ཆ་མཐོ་རུ་མཐོ་རུ།།
གནམ་དང་ཉེ་རུ་ཉེ་རུ།།
ལྷ་ཡུལ་མཇལ་ཁ་ཐོབ་པར།།
སྤྲིན་གྱི་ཡོལ་བ་ཙམ་རེད།།
རི་བོ་འཛེག་མཁན་ཨ་ལྕེ།།
ཆུ་བོར་ཞུགས་མཁན་བུ་མོ།།
བསམ་གླིང་ཚེ་རིང་ལྷ་མོ།།
སྙན་ངག་སྐྱུག་པ་སྐྱུག་མཁན།།
རི་བོ་འཛེག་མཁན་ཨ་ཅེ། །
ཆུ་བོར་ཞུགས་མཁན་མེ་དཀར། །
བསམ་གླིང་ལྷ་མོའི་སྐྱུག་པ། །
ལྡག་མཁན་མེ་ཏོག་དཀར་པོ། །
རྡ་སའི་ནགས་ཀློང་སྟུག་ནས་བསྟུགས་ཏུ་ཕྱིན།།
བསམ་གླིང་སྙན་ངག་ཟབ་ནས་ཟབ་ཏུ་འགྲོ།།
ཕན་ཚུན་གཏམ་ལ་གོ་བ་ལེན་སྟངས་འདིས།།
ཚེ་རིང་ལྷ་མོ་དོན་གྱི་ལྷ་མོར་འཁྲུལ།།
སྙན་ངག་ཀྱོ་བ་གླང་བོའི་སྣ་ཞགས་འདིས།།
བརྩེ་ལྡན་སྤྲང་ཆུང་ཡིན་ཡང་མགྲོན་དུ་བཀུག།
འཆོར་སྒེག་ཉམས་དང་བཅས་པའི་བསུང་གིས།།
གང་དུ་ཁྲིད་དོགས་སེམས་ཀྱི་མཐའ་མ་རིག།
བསམ་བློ་ཡར་བསམ་གཏོང་ནས། །
སྟོན་པའི་བསྟན་ལ་བཞུགས་སོང་། །
གཞན་གྱི་ལད་མོ་བྱས་ནས། །
གཞུང་ཆེན་སློབ་སྦྱོངས་བྱེད་སོང་། །
མི་མཐོང་དགུ་མཐོང་མཐོང་ནས། །
མཐའ་འཁོར་ཡུལ་ལ་འགྲོ་སོང་། །
ནུབ་ཕྱོགས་མཛེས་པའི་ཞིང་ལ།།
བདེ་སྐྱེད་ཨེ་ཡོད་དྲན་བྱུང་། །
བདེ་སྐྱེད་མྱོང་ས་མེད་པས། །
ཆོས་གུས་རྣམ་གསུམ་བྲལ་སོང་། །
རི་བོར་འཛེགས་ན་སེམས་ཤུགས་དགོས། ཆུ་བོར་བགྲོད་ན་རྐྱལ་རྩལ་དགོས། ནུབ་ཕྱོགས་བསྐྱོད་ན་འགོ་འདྲེན་དགོས།
ནུབ་ཕྱོགས་སླེབས་ན་སྡུག་རུས་དགོས། རྡ་སར་བསྡད་ན་བཤད་རྩལ་དགོས།
རི་བོར་འཛེགས་བཞིན་འཛེགས་བཞིན།
སྣང་བ་མཐོ་རུ་མཐོ་རུ།
མཐོང་རྒྱ་མོག་ཏུ་མོག་ཏུ།
བློ་སྒོ་དོག་ཏུ་དོག་དུ།
ཤིང་ནགས་སྟུག་ཏུ་སྟུག་ཏུ།
ཆགས་སེམས་ཆེ་རུ་ཆེ་རུ།
བྱིའུ་མིག་ཟུང་ཅེར་རེ་རེ།
བྱིའུས་གསང་སྒྲོགས་ལྷངས་སེ་ལྷངས།
མཆན་བུ་སྙན་དུ་སྙན་དུ།།
ནང་དོན་ཟབ་ཏུ་ཟབ་ཏུ།།
ལྷག་བསམ་དཀར་བའི་སྐུ་མགྲོན།།
ལྷན་རྒྱས་ཕེབས་པ་ཡག་བྱུང་།།
མཆན་བུ་མང་དུ་མང་དུ།
ནང་དོན་གསལ་དུ་གསལ་དུ།
བསམ་གླིང་བུ་མོའི་གསང་བ།
འདུས་པའི་ཁྲོམ་དུ་སྒྲོགས་ཉེར།
དུ་ཏུའི་རྒྱན།
མཆན་བུ་མང་དུ་མང་དུ། །
སྙན་དངགས་སྙན་དུ་སྙན་དུ། །
རྗོད་བྱེད་གསལ་དུ་གསལ་དུ། །
བརྗོད་བྱ་ཟབ་ཏུ་ཟབ་ཏུ། །
བོད་ཡིག་ཡག་ཏུ་ཡག་ཏུ། །
བོད་སྐད་དག་ཏུ་དག་ཏུ། །
འབྲི་མཁན་མང་དུ་མང་དུ། །
ཀློག་མཁན་མང་དུ་མང་དུ། །
ས་སྐྱིད་པོ་རྡ་རམ་ས་ལ་རེད། །
མི་སྐྱིད་པོ་ཚེ་རིང་ལྷ་མོ་རེད། །
དུས་རྒྱུན་དུ་རི་ལུང་རྫ་ལུང་རེད། །
སེམས་སྣང་བ་ནམ་མཁའི་ན་བུན་རེད། །
ཀ་བ་རྡོ་རྗེ་ལྟ་བུའི།།
མཇེ་ནི་ཉར་ར་ཉོར་རེ།།
ཡུ་རོབ་ལུང་ཁུག་ཅིག་ནས།།
བླ་རྒན་སེམས་པ་འཁྲུག་འདུག །
བསམ་པ་སྐྱིད་པའི་གླིང་དུ།
ཅུང་ཙམ་ངལ་གསོར་སླེབ་ཡོད།
གྲུབ་མཐའི་ཆགས་སྡང་གླིང་དུ།
ནམ་ཡང་སོས་དལ་མི་འདུག
གྲུབ་མཐའི་ཆགས་སྡང་གླིང་ན།།
ཨ་ཇོ་བན་དེ་བོན་པོ།།
རང་སྡུག་རང་གིས་ཉོ་རུ།།
འགྲོ་རྒྱུ་ཉུང་ཙམ་བྱོས་དང་།།
གྲུབ་མཐའི་ཆགས་སྡང་ལངས་མེད།
ཆོས་ལུགས་འཐེན་ཁྱེར་རྩོད་མེད།
འོན་ཀྱང་བོན་སྡང་བན་འགའ།
ཕྱི་ས་འཕྲེད་ཤོར་བཟོས་ཡོད། །
ཆགས་གཟེར་རྒྱུག་ཏུ་རྒྱུག་ཏུ།
རོགས་འཛེགས་མང་དུ་མང་དུ།
འཐམ་འཁྱུད་དམ་དུ་དམ་དུ།
འཁུན་སྒྲ་ཆེ་རུ་ཆེ་རུ།།
བསམ་གླིང་སྐྱིད་དུ་སྐྱིད་དུ།
སྐད་ཅོར་ཚ་རུ་ཚ་རུ།།
འདོད་པ་ཁེངས་སུ་ཁེངས་སུ།།
གོ་རྒྱུ་ཡང་དུ་ཡང་དུ།
བསམ་གླིང་ལྷ་མོས་ས་སྐྱིད་མཐོང་། །
ནུབ་ཕྱོགས་པ་རྣམས་ཆུ་སྐྱིད་དགའ། །
ས་ཆུ་གཉིས་སྐྱིད་གང་དུ་ཡོད། །
ས་ཆུ་གཉིས་སྐྱིད་འདི་རུ་འདུག །