ཤར་ཕྱོགས་ཁུག་རྟ།
༄༅།། སྐུ་ཚེ་ཞལ་བཞེས་ལྟར་བརྟན་པར་སྨོན། དགུང་གྲངས ༡༡༣ ལ་བཞུགས་རྒྱུར་བོད་མི་རིགས་ཀྱི་བསོད་ནམས་ཀྱིས་འཁྱོག་པར་ཤོག ༸གོང་ས་ཆེན་པོ་ཁྱེད་ལས་གཞན་བོད་མི་རིགས་ཞེས་པའི་གདགས་གཞི་ཞིག་བདག་ལ་མེད་ཅིང། ༸གོང་ས་ཆེན་པོ་ཉིད་ཀྱི་དགོངས་གཞི་ལས་བོད་མི་རིགས་ལ་དབང་བོ་རྣམ་ལྔ་ཞིག་བདག་ལ་མེད། ༸གོང་ས་ཆེན་པོ་ཉིད་ཀྱི་ཤེས་རབ་འབར་བའི་ལམ་སྟོན་དག་ལས་བོད་མི་རིགས་ལ་མདུན་ལམ་དང་ཚེ་སྲོག་ཅེས་པ་ཞིག་ཀྱང་བདག་ལ་དུས་གཏན་དུ་མེད་པས། ཁྱེད་ཀྱི་ཟབ་ཡངས་དགོངས་ཀློང་ལ་རྣམ་དཔྱོད་ཀྱིས་ཞུགས་ཏེ་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུ་ནི་བདག་དང་བདག་གི་བུ་རབས་ཚ་བརྒྱུད་ཀྱི་སྙིང་དོན་ཡིན་པས། ༸གོང་ས་ཆེན་པོ་དུས་གཏན་དུ། བོད་མི་རིགས་དུས་གཏན་དུ། ལྷམ་མེར་ལྷན་ནེར་ལྷང་ངེར་བཞུགས་རོགས། བོད་མི་རིགས་ཀྱི་ཚེ་གཡོག་ཟླ་མེད་མཆོག ནང་པ་སངས་རྒྱས་པ་དག་གི་སྔོན་མ་བྱུང་ལ་ཕྱིས་སུ་མི་འབྱུང་བའི་མཁས་གྲུབ་ཆེན་པོ་ལགས། འཛམ་གླིང་མཁས་ཆེན་དག་གི་དབང་རྩ་སྦྲིད་བར་བྱེད་པའི་རྒྱལ་ཁམས་པ་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ལགས། ས་ཆེན་ཁེངས་པར་བྱེད་པའི་སེར་སྐྱ་རྒན་བྱིས་བཅས་འཇིག་རྟེན་འདིའི་བདག་པོ་ཡིན་པའི་རིས་མེད་མི་མང་གྲངས་ཀྱིས་ངལ་བའི་བློ་སྙིང་བྲང་གསུམ་གཏོད་ཡུལ་ཙོང་ཁ་པ་ལྷ་མོ་དོན་ཀུན་གྲུབ་པ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།།
༢༠༡༣། ༦། ༥། ཉིན།།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟས་བྲིས་པ་བཟང་། ཡིན་ན་ཡང་། བོད་སྐད་རང་གི་བརྗོད་སྟངས་ལ་ཁྲི་ལོ་བརྟན་པར་ཤོག་ཟེར་སྲོལ་མི་འདུག ལྷག་པར་ཡང་ཁྱེད་ཀྱིས་ཁྲི་ལོར་ཤོག་ཟེར་བའི་བརྗོས་སྟངས་དེ་འདྲ་ཞིག་དེ་བས་ཀྱང་མེད། ཁྲི་ལོ་བརྟན་པར་ཤོག་ཟེར་བ་དེ་ནི་རྒྱ་སྐད་ཀྱི་ཝན་བསེ་ཞེས་པ་ལ་ལད་ཟློས་བྱས་པ་ཞིག་རེད། སྔོན་མ་གཙོ་འཛིན་མའོ་ཙེ་ཏུང་འཚོ་ཞིང་གཞེས་པའི་དུས་སུ་ང་ཚོས། སྐད་མགོ་བཀྱག་རྒྱུ་ཡོད་ན་མེད་ན་དེ་བཀྱག གདོང་པ་གཉེར་རྒྱུ་ཡོད་ན་མེད་ན་དེ་གཉེར། ལག་པ་བརྡབ་རྒྱུ་ཡོད་ན་མེད་ན་དེ་བརྡབ།
མོོའོ་ཀྲུའུ་ཞི་ཝན་བསེ།
མིན་ཙུའུ་ཐན་ཅེ་ཝན་བསེ།
གུང་ཁྲན་ཏང་ཝན་བསེ།
ཟེར་ནས་མང་པོ་གྱེར་བསྡད་པས་ཁ་ལ་ལོབ་སོང་བས་སྙན་པོ་འདྲ་ཞིག་ལ་ཚོར་གི་ཡོད་ས་རེད། བོད་རང་གི་སྐད་ཀྱིས་ཚེ་རིང་པོ་ཡོང་བའི་རྟེན་འབྲེལ་སྨོན་ཚིག་ལ། ཞབས་པད་སྲིད་མཐའི་བར་དུ་བརྟན། སྐུ་ཚེ་བསྐལ་བརྒྱར་བརྟན། ཇི་སྲིད་བར་དུ་འཚོ་ཞིང་གཞེས། ས་དང་ལྷུན་པོ་ཉི་ཟླ་གནས་ཀྱི་བར་དུ་སྐུ་ཚེ་བརྟན། ཆོས་དབྱིངས་འགྱུར་བ་མེད་པའི་རྟེན་འབྲེལ་གྱིས།།གཟུགས་སྐུའི་ཉི་མ་ནམ་ཡང་མི་ནུབ་པར།།་སོགས་གང་སྙན་གང་ཡག་མང་པོ་འདུག བླ་མ་ཆེ་གྲས་མང་པོ་ལ་ཞབས་བརྟན་གསོལ་འདེབས་ཕྱོགས་བསྒྲིགས་བྱས་པ་འདུག་པ་དེ་ཚོར་བལྟས་ན་ཚིག་སྙན་དོན་ཟབ་འབྲི་ཤེས་ས་རེད། ཡིན་ན་ཡང་། དེང་སང་རྒྱ་ནག་འདི་སྟོབས་ཤུགས་ཆེ་སོང་བས་སློབ་མས་རང་གི་བླ་མར་བརྟན་བཞུགས་སྨོན་ཚིག་ཅིག་བྲིས་ན་ཡང་རྒྱ་སྐད་ལ་ལད་ཟློས་བྱས་ན་ཐུགས་མཉེས་པོ་ཡོང་བ་ཡིན་པར་ངེས་པས་ཇི་དགའ་གྱིས།
བོད་མི་རིགས་ཀྱི་མགོན་སྐྱབས་ཡིན་པ་ལས་ཚེ་གཡོག་མིན།
ཁོངས་ཉིད་ཀྱི་བཀའ་དྲིན་བོད་མི་དམངས་ཡོངས་ཀྱི་སེམས་ན་ཡོད་རེད།
ཚེ་གཡོག་ཟེར་ན་དམའ་འབབ་དང་མཐོང་ཆུང་གི་ཚིག་ལ་གོ་ཡོང་གིན་འདུག
ཡང་ན་འདོད་པ་མ་ཁེངས་པ་དང་།
འཁང་རའི་རྣམ་འགྱུར་མ་རེད་དམ།
སྐུ་ཉིད་ཀྱི་དཀའ་ལས་བརྒྱབ་པ་དོན་མེད་པ་དང་།
ཡོད་ཀྱང་བོད་མི་ཚོས་ཤེས་ཀྱི་མེད་པ་དེ་འདྲ་ཅང་ཨེ་ཡིན་ནམ།
ཆོས་སྲིད་གང་ནས་བལྟས་ཀྱང་ཚིག་དེ་ཁོངས་ལ་མི་འབབ།
ཡ་ད་མང་བོ་བཤད་ཡ་མེད།
ཁུག་རྟ་ལས་སྤོབས་པའི་མཆན་སྙན་མོ་བྱུང་།།
ཤར་ཁུག་གི་ཁྲི་ལོར་ཤོག་ཟེར་བ་འདིར་ལྟས་ཚེ་མའོ་ཙེ་ཏུང་གི་སློབ་བུ་ཞིག་ལོས་ཡིན་སྙམ།
ཁུག་རྟ་རོང་ལ་མ་སླེབས་གོང་ཁྲི་ལོར་བརྟན་པར་ཤོག་ཟེར་་་་་་་ནས་མའོ་ཀྲུའུ་ཞི་ཡིས་གསུང་རྩོམ་ཀློག་མཁན་གཅིག་རེད་། །ཁོག་ནས་བསམ་པ་དང་ལག་པས་འབྲི་ཤོར་བ་རེད།
ཤར་ཁུག་ཟེར་བའི་མི་འདིའི་རིགས་ཀྱིས་ཁ་གདང་བ་ནས་འུར་རྒྱག་རྒྱུ་མ་གཏོགས་མེད།
དགེ་ཆོས་མཆོག་སྤྡུལ་གྱི་གསུངས་པ་ལ་ནི་དོན་སྙིང་རབ་ཏུ་ལྡན།།