དགེ་ཆོས་ཀྱི་སྐུ་པར་མཐའ་མ།
བདེ་ཆེན་སྒྲོལ་མ་དང་ངའི་བར་གྱི་དགེ་ཆོས་སྐོར་གྱི་བསམ་ཚུལ་མི་འདྲ་བ།
དགེ་ཆོས་ལགས་དང་སྒྲ་གཅན་འཛིན་གཉིས་རྒྱ་གར་ནས་ཐོག་མར་བོད་དུ་ཕེབས་དུས་སུ་ཆབ་མདོའི་བར་དུ་སོང་སྟེ་དགེ་ཆོས་དེ་དུས་གཡུ་སྒྲོན་ལ་ཐུག་པའི་སྐོར་གཡུ་སྒྲོན་གྱི་བུ་མོས་ཀྲུང་གོའི་བོད་ལྗོངས་དུས་དེབ་ལ་བརྗོད་ཡོད་བསམས།
འདོད་པའི་བསྟན་བཅོས་ཀྱི་མཇུག་བསྔོ་བའི་ལེའུ་ཚན་ནང་དུ།
གཡུ་སྒྲོན་གངྒྰ་དེ་བ་ལི་ལ་སོགས། །
ཞེས་པའི་གཡུ་སྒྲོན་དེ་ནི་དགེ་ཆོས་ལགས་ཀྱི་སྡོམ་པ་ཤོར་སའི་ཆབ་མདོའི་གཡུ་སྒྲོན་ཡིན་པ་ཡོངས་གྲགས་རེད། ལོ་ཤས་སྔོན་གྱི་ལ་རྩེའི་དགེ་ཆོས་རྗེས་དྲན་ཚོགས་འདུར་བཅར་མཁན་དགེ་ཆོས་ཀྱི་སྲས་མོ་དགའ་སྐྱིད་གཡང་འཛོམས་ལགས་ནི་གཡུ་སྒྲོན་འདིའི་བུ་མོ་རེད་བསམས། དེ་མིན་དགེ་ཆོས་ཀྱི་སྐུ་ཟླ་མཐའ་མ་གྲོངས་ཁར་ལྷན་དུ་ཡོད་པ་དེ་ལ་བུ་ཕྲུག་ཅང་ཡོད་པའི་སྐད་ཆ་ཅི་ཡང་མི་འདུག
གཡུ་སྒྲོན་གངྒྰ་ཨ་ས་ལི་ལ་སོགས། །ཞེས་བྲིས་ཡོད་དམ་ཡང་བསམ།
ཨ་ལགས་འཇམ་དཔལ་གྱི་དྲིས་ལན་ལས། སྐྱེས་ཡུལ་ཆབ་མདོ་རེད། ་་་ ་་་ རྗེས་མ་དགོངས་པ་རྫོགས་པའི་སྐབས་ལ་ཡང་སྐྱེ་དམན་དེ་རང་ཡོད་བཞིན་པ་རེད། ཅེས་བྲིས་འདུག
དགེ་ཆོས་གྲོངས་ཁར་ལྷན་དུ་ཡོད་པའི་སྐུ་ཟླ་ཚེ་བརྟན་གཡུ་སྒྲོན་ཡིན་ནམ།
ཨ་ཁུ་ཁ་བ་དཀར་པོ་ལགས།
ཁ་ཆུང་དབང་ཆུང་ཡིན་རུང་ད་ཐེངས་ལགས་སོ་ཟེར་མི་ཐུབ་གི་ལགས། རྒྱུ་མཚན་ནི་གཡུ་སྒྲོན་ཟེར་བ་འདི་དགེ་ཆོས་མཆོག་གི་དགའ་རོགས་དང་པོ་ཡིན་པ་ད་སྔ་མཐོང་མ་སོང༌། ཉིད་ཀྱི་ལུང་འདྲེན་འདི་ཚོ་མཐོང་མྱོང༌། དགེ་ཆོས་དང་སྒྲ་གཅན་གཉིས་རྒྱ་གར་ནས་ཕྱིར་བོད་དུ་སོང་བ་བདེན་པ་རེད། ཡིན་ནའང༌། དགེ་ཆོས་ཀྱིས་རང་གི་སྡོམ་པ་དེའི་སྔོན་ནས་བོར་ཡོད་པ་ཁོང་རང་གི་ཞལ་ནས། སྡོམ་པའི་མགོ་བོ་སྔོན་ནས་མེད་ན་ཡང༌།། ཞེས་བརྩམས་ཡོད་པ་འདི་ཁོང་རྒྱ་གར་ན་ཡོད་ཐོག་རེད། འདི་ཕྱོགས་གཅིག་རེད།
གཞན། གཞན་ཕལ་ཆེར་རག་ར་རིན་པོ་ཆེས་མཛད་པའི་དགེ་ཆོས་མཆོག་གི་ལོ་རྒྱུས་དེ་ཡིན་ས་ཡོད། གཡུ་སྒྲོན་ལ་ཐུག་དུས་ནི་ཁོང་གི་མི་ཚེའི་ཆེས་མཐའ་མཇུག་རེད་ཅེས་གསལ་བོ་བྲིས་འདུག འདི་ཙམ་ཞུ།
བདེ་ཆེན་ལགས། གཡུ་སྒྲོན་དང་པོ་དེ་འདོད་བསྟན་ནང་གི་དེ་དང་གཉིས་པ་དེ་མཐའ་མའི་སྐུ་ཟླ་དེ་ཡིན་པ་ནི་མི་རྒན་ཤེར་རྒྱམ་པའི་དགེ་ཆོས་ཀྱི་ལོ་རྒྱུས་ནང་དུ་གསལ་བོར་གསུངས་པ་སྟེ། ཁོས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་དེའི་ནང་དུ་གཡུ་སྒྲོན་གཉིས་པ་དེའི་སྐོར་འཆད་དུས་འདི་ནི་འདོད་པའི་བསྟན་བཅོས་ནང་གི་གཡུ་སྒྲོན་དེ་མིན་ཞེས་ཤོག་བུ་དཀར་པོའི་སྟེང་དུ་ཡི་གེ་ནག་པོ་བྲིས་འདུག་ལ། གཡུ་སྒྲོན་གཉིས་པ་དེར་མ་ཐུག་གོང་སྟེ་བོད་དུ་ཚར་གཉིས་པར་མ་ཕེབས་གོང་ཙམ་དེར་འདོད་བསྟན་འགྲུབ་ཡོད་པ་ནི་བོད་དུ་ཕེབས་རྗེས་དེ་རང་ལ་འདོད་བསྟན་གྱི་པར་ཕུད་བཀའ་བློན་ཀ་ཤོད་པར་ཕུལ་ཡོད་པ་རག་རས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་སུ་ཧ་ཅང་གསལ། དེའི་ཕྱིར་དགེ་ཆོས་ལོ་རྒྱུས་ནང་ཁམས་མོ་ཤ་གསར་སྟུ་གསར་གཡུ་སྒྲོན་ཟེར་བ་ཞིག་དང་ཁམས་མོ་ཤ་རྒས་སྟུ་རྒས་གཡུ་སྒྲོན་ཟེར་བ་གཉིས་ཡོད་པ་མཁྱེན་པར་མཛོད།
ང་མགོ་འཐོམས་ས་དེ་གཡུ་སྒྲོན་གཉིས་ཡོད་མེད་དེ་མ་མིན་པར་ལ་རྩེ་ཚང་ལ་ཕེབས་པའི་དགེ་ཆོས་ཀྱི་སྲས་མོ་དགའ་སྐྱིད་གཡང་འཛོམས་ཀྱི་ཨ་མ་དེ་འདོད་བསྟན་ནང་གི་དེ་ཡིན་ནམ་གྲོངས་ཁར་འཁྲིས་སུ་ཡོད་པའི་གཡུ་སྒྲོན་དེ་ཡིན་གསལ་བོ་ཞིག་མ་དྲན་པ་དེ་རེད། འདི་ནི་ཀྲུང་གོའི་བོད་ལྗོངས་དུས་དེབ་གཡུ་སྒྲོན་ལ་བཅར་འདྲི་ཅན་དེ་ལག་པར་ཐེབས་ན་དོགས་པ་བསང་ཐུབ་ཀྱང་ད་ནི་དེ་འདྲའི་རེ་བ་མི་འདུག ཧོར་འཇིགས་ཀྱི་དྲང་བདེན་གྱིས་བསླུས་པའི་སློང་མོ་དེ་གཅིག་ཡོད་ན་ཐེ་ཚོམ་འདི་རིགས་གཅོད་པར་ཕན་ཡང་ས་མཐའ་འདི་ནས་དེ་ཡང་ལས་སླ་བོར་མི་རག་གི
དགེ་ཆོས་ཀྱི་འཁྲུངས་གཞིས་རེབ་གོང་ཞོ་འཕུང་གྲོང་ཚོ།
བ་དགེ་ཆོས་ལ་འུད་བསྟོད་བྱས་མཁན་དག་གིས་དགེ་ཆོས་ནི་དུས་རབས་གསར་པའི་མི་ཞིག་དང༌།་མ་འོངས་བ་གཟིགས་པའི་བོད་ཀྱི་མཁས་བ་ཆེན་པོ་་ཤིག་ཡིན་པར་བཤད་མོད།་་སེམས་རྣལ་དུ་ཕབ་ནས་སྐད་ཆ་དྲང་བོ་བརྗོད་ན༌།་་ཁོང་བཞུགས་པའི་དུས་རབས་དེའི་ནང་འཛམ་གླིང་ནང་ཚན་རིག་དང༌།་སྲིད་དོན༌།་་མི་རྣམས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་འགྱུར་ལྡོག་བྱུང་ཡོད་པ་དང༌།་ལྷག་པར་འཛམ་གླིང་དུ་འཁྲུག་ཆེན་གཉིས་དང།་རྡུལ་ཕྲན་མཚོན་ཆ་དང༌།་ཡ་དབྱིན་སི་ཐིན་གྱི་དུས་རྟེན་འབྱུང་གི་ལྟ་བ་སོགས་གསར་ཏུ་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པ་དང༌།་་བོད་དུ་དབུས་སུ་རྒྱལ་དབང་བཅུ་གསུམ་པའི་དབུ་ཁྲིད་འོག་ཆོས་སྲིད་གཉིས་ཀྱི་ཐད་ལ་བཅོས་སྒྱུར་བྱས་ནས་ཅུང་མ་འགོར་བ་དང།་མདོ་སྨ་ཁུལ་དུ་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་དང།་ཨ་ཕ་ཨ་བློ་སོགས་ཀྱི་དབུ་ཁྲིད་ཀྱི་འོག་དེང་རབས་ཀྱི་སློབ་གྲ་དང༌།་འཛམ་གླིང་གི་སའི་གོ་ལ་སོགས་བཞེངས་བའི་སྐབས་ཡིན་མོད།་་དགེ་ཆོས་གྱིས་དེ་དག་གི་སྐོར་ལ་སྐད་ཆ་ཅི་ཡང་བཤད་མེད་པ་མ་ཟད༌།་བོད་ཀྱི་སྔོན་གྱི་མཁས་བ་ལྟར༌།་་བོད་ཀྱི་ཆོས་དང༌།་རིག་གཞུང༌།་དེ་དག་ལ་དཔྱད་པའི་གླེགས་འགའ་བརྩམས་ཡོད་པ་ལས༌།་་སྔོན་གྱི་མཁས་བ་ཆེན་པོ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ལྟར་།་བོད་དུ་རིག་པའི་གཞུང་གསར་བ་རང་རྐྱ་ཐོན་པ་ཤིག་གསར་ཏུ་བཏོན་མེད༌།་་དེ་བས་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ༌།
བློ་བཟང་། ཕྲུ་གུས་མ་མཐོང་བའི་ཤེས་བྱ་དང་། སྦལ་བས་མ་མཐོང་བའི་རྒྱལ་ཁབ་མང་ནི་རེད། དགེ་ཆོས་མཆོག་གི་འཛམ་གླིང་གི་ཤེས་བྱ་ཉོས་པའི་དེབ་ཟེར་བ་སོགས་དེང་རབས་རིག་གནས་སྐོར་གྱི་དེབ་མང་པོ་བོ་བརླག་ཏུ་སོང་བ་རེད། ཁོང་ཉིད་ནས་ཀྱང་འཇིག་རྟེན་ན་དཀོན་པའི་ནོར་བུ་ཞིག་རྡོ་ལ་བརྡབ་སོང་ཞེས་གསུངས་འདུག་ག ད་དུང་ཡིག་ཆ་ལྕགས་སྒམ་ཆེན་པོ་གང་གི་ནང་ན་རིན་ཐང་ཅན་ག་ཚོད་ཡོད་ཀྱི་རེད།
ཤུ། ཀླུ་སྒྲུབ་དགོངས་རྒྱན་གྱི་རིག་པ་རྣོ་དྲག་པ་དང་། ཁྲི་བྱང་སང་ཞེ་སྡང་ཆེ་དྲག་པ། ཀ་ཤོད་པ་དྲན་རྒྱུ་རྒོད་དྲག་པ། དགེ་ཆོས་མཆོག་རང་གི་མི་རིགས་ལ་ཡིད་ཆེས་ཆེ་དྲག་པ་དང་བཞི་པོས་་་་་་་་་་་་་་
ཅུང་རྒྱས་ཙམ་བཤད་ན། དགེ་ཆོས་མཆོག་གི་ཀླུ་སྒྲུབ་དགོངས་རྒྱན་གྱི་ཡི་གེ་ཐོན་སྐབས་ཁྲི་བྱང་སང་གིས་རྡོ་སྦིས་ཤེས་རབ་ལ་དགག་ལན་རྩོམ་པར་བསྐུལ་པ་དང་། ཁོང་གིས་བསྐུལ་མ་བྱས་པ་གསང་རྒྱ་དམ་པོ་དགོས་ཚུལ་གྱི་བཀའ་ཕབས་ཤིང་། རྡོ་ཤེར་གྱིས་ཀྱང་བྱང་ཆུབ་སྙིང་པོ་ལ་དཀྱིལ་མོ་སྐྲུང་མ་བཅས་བར་ཏུ་ཉིད་ཀྱིས་བསྐུལ་མ་བྱས་པ་གསང་རྒྱ་བྱེད་རྒྱུའི་ཁས་ལེན་བྱས་པ་སོགས་དེང་སང་ཡིག་ཐོག་ནས་ཐོན་ཚར་བས་དགོད་བྲོ་བ་འདུག དེས་ཀྱང་འདོད་པ་མ་ཚིམ་པར་ཁྲི་བྱང་གིས་རྗེ་བླ་མའི་བསྟན་པ་ལ་རྨ་འབྱིན་པའི་བསྟན་དགྲ་ཡིན་ན་ངེས་པར་དུ་མེད་པར་བཟོ་དགོས་པའི་བསམ་ཚུལ་བཏོན་པ་དང་། འགའ་ཞིག་གིས་བསྟན་དགྲ་ང་རྒྱལ་ཅན་འདིའི་སྣ་ཡག་པོ་ཞིག་མཉེ་དགོས་པས། སེ་འབྲས་དགའ་གསུམ་གྱི་དགེ་བཤེས་མཁས་པ་ཚོ་སོང་ནས་དངུལ་ནག་ཐོན་རྒྱུ་ཞིག་བཟོས་ན་ཟེར་དུས། ཁྲི་བྱང་གིས་གདན་ས་སེ་འབྲས་དགེ་གསུམ་གྱིས་དགེ་བཤེས་ཚོས་ཆང་འཐུང་འཁྱམ་པོ་ཞིག་དང་རྩོད་པ་བྱེད་རྒྱུ་ངོ་ཚ། གལ་ཏེ་ཐུབ་ན་གདན་ས་གསུམ་གྱི་དགེ་བཤེས་ཚོས་ཆང་འཐུང་འཁྱམ་པོ་ཞིག་ཐུབ་པ་ཡིན་པས་དགེ་མཚན་ཅི་ཡང་ཧམེད་ལ། ཁོ་སྔར་ནས་རིག་པ་རྣོ་བའི་ཐོག་རྒྱ་གར་དུ་ཡུན་རིང་བསྡད་སྟབས་ཕྱི་རོལ་བའི་རིགས་པའི་གསང་ཚིག་འདྲ་སྦྱངས་ཡོད་ན་ཐུབ་ཀྱང་དཀའ་བ་ཡིན། གལ་ཏེ་མ་ཐུབ་ན་ངོ་ཚ་ཆེན་པོ་ཉོས་པ་རེད། དེ་ལས་ཁོ་་་་་་་་་་་་་་་་་་་་་ཞེས་བཤད་ཚུལ་གྱི་ངག་རྒྱུན་ལོ་རྒྱུས་གསལ་པོ་ཡོད་པ་རེད། འོན་ཀྱང་ངག་རྒྱུན་ལོ་རྒྱུས་དེ་ཀིརྟི་སྤྲུལ་སྐུའི་རབ་བྱེད་དང་ཞབས་བཏགས་མ་གཉིས་ཀྱི་ནང་དུ་མི་འདུག ཁག་ཡོད་རྒྱུ་མ་རེད།
སྐབས་རེ་དངོས་ནས་ཡིད་སྐྱི་བོ་ཤིག་ཡོང་གིན་འདུག་།་་དོན་མེད་ཀྱི་མི་ཤིག་ལ་བསྟོད་པ་རེ་བྱས་ནས་ཡིན་མདོག་མདོག་བྱས་།་་དེ་ནས་རྫུན་ཆེན་པོ་ཤིག་བ༷ཤད་།་གཅིག་གིས་དེ་ལ་རྒྱབ་སྐྱོད་བྱས་ནས་།་དེ་ལས་ཀྱང་མི་ཤོངས་བའི་རྫུན་ཆེན་པོ་ཤིག་བཤད་།་རྫུན་བཤད་དེ་ང་ཚོ་ལ་ག་རེ་ཕན་གིན་འདུག།་ཤོད་དང་དགེ་ཆོས་ཀྱི་རིག་གསར་གྱི་སྐོར་ལ་ག་རེ་བྲིས་འདུག་།་མ་ཤེས་བ་ཡིན་ནམ་།་མ་བྲིས་བ་ཡིན།་་འཛམ་གླིང་གི་ཤེས་བྱ་ཉོས་བའི་དེབ་ཟེར་བ་རིག་གསར་གྱི་སྐོར་ཡིན་པ་སུས་གསུང་གིན་འདུག་།་སུས་རྟོག་དཔྱོད་བྱས་པ་རེད་།་གསེར་ཐང་གི་མཇུག་རྩོམ་དེ་རིག་གསར་གྱི་གཞུང་དུ་བརྩི་བཞིན་ཡོད་དམ།་དེ་ནི་ཚན་རིག་ལ་ཅུང་ཟད་སྤྱོང་ཡོད་པ་༷ཞིག་གིས་བལྟས་ན་ངོ་ཚ་དགོས་བ་ཆགས་བསྡད་ཡོད་།་་འོ་ད་རུང་བཤད་དགོས་བ་ཤིག་ལ་།་དགེ་ཆོས་གྱིས་བཞན་གྱི་རྩོམ་ཤིག་བསྐུས་ཏེ།་རང་ཉིད་ཀྱིས་བྲིས་བ་ཡིན་མདོག་གི་ཁྱེད་ཅག་གིས་བཤད་པའི་ལྕགས་སྒམ་ཆེན་པོ་་ཤིག་གི་ནང་བཅུག་་ཡོད་པ་ཤིག་ང་ལ་བཤད་རྒྱུ་ཡོད་།་དེ་མིན་ལྕགས་སྒམ་ཤིག་གི་ནང་རིག་གསར་གྱི་དཔེ་ཆའི་བཀང་བསྡད་ཡོད་པ་ཤིག་ད་བར་གོ་མ་མྱོང་།
འོ་རེད། ད་ཁྱོད་དགེ་ཆོས་ལ་སྡང་ལུགས་ལ་བལྟས་ན་དགེ་ལུགས་པ་ཞིག་ཡིན་ས་རེད། བསྟོད་པར་འོས་པའི་ཡུལ་ལ་བསྟོད་དུས་ཁྱོད་སྙིང་ན་གི་ཡོད་ན། ཤི་འདྲེའམ་ཡི་དྭགས་འཁྱམས་པོ་ཞིག་ལ་གསང་བ་འདུས་པའི་མིང་གིས་ཆེ་བསྟོད་བྱས་ནས་སྡོད་ཡ། ལས་དབང་རེད།
དགའ་སྐྱིད་གཡང་འཛོམས་ཀྱི་ཨ་མ་དེ་དགེ་ཆོས་གྲོངས་ཁའི་གཡུ་སྒྲོན་དེ་ཡིན་པ་ཕལ་ཆེར་ཡོངས་གྲགས་འདྲ་བོ་ཞིག་མ་རེད་པས། དགའ་དབྱངས་དེ་དགེ་ཆོས་ཀྱི་བུ་མོ་མིན་པར་གླེང་མཁན་མང་པོ་ཞིག་འདུག མོའི་གདོང་དབྱིབས་དེ་རེ་ཟུང་གིས་དགེ་ཆོས་དང་འདྲ་སེ་འདུག་ཟེར་བ་ལྟར་ངས་ཀྱང་དེ་འདྲ་བོ་ཞིག་ཏུ་མཐོང་སོང་། སྔོན་ལ་རྩེར་མོ་མཉམ་པོར་ཡང་བརྒྱབས་པ་ཡིན།
ཉེ་སྔོན་ལྗང་བུ་དང་མཉམ་དུ་ཡང་དེའི་སྐོར་གླེང་བ་ཡིན་ཏེ། ལྗང་བུས་ག་བ་ག་བ་མོ་དགེ་ཆོས་ཀྱི་བུ་མོ་ཡིན་ས་ཁོ་རང་འགྲོ་གི་མ་རེད། མོ་ཆབ་མདོ་ནས་སྐྱེས་པ་རེད། དགེ་ཆོས་ཆབ་མདོར་རྩ་ནས་འགྲོ་མྱོང་ཡོད་པ་མ་རེད་ཟེར། ལྗང་བུས་དགེ་ཆོས་ཀྱི་ངོ་ཤེས་པ་ཨ་མདོ་བྱམས་པ་དང་གཞན་པ་དེ་འདྲར་ཡང་བཅར་འདྲི་བྱས་འདུག ཨ་མདོ་བྱམས་པས་ཀྱང་མོ་དགེ་ཆོས་ཀྱི་བུ་མོ་ཡིན་ས་འགྲོ་གི་མ་རེད། ཁོ་ཉིན་གཅིག་དགེ་ཆོས་རྩར་ཕྱིན་སྐབས། དགེ་ཆོས་ཀྱིས་འདི་ངའི་སྐྱེས་དམན་རེད་ཟེར་བའི་སྐྱེས་དམན་ཆ་མེད་བུ་མོ་ཆེན་པོ་ཅན་ཞིག་འདུག བུ་མོ་འདི་ལབ་དུས་དེ་ངའི་བུ་མོ་རེད་ཟེར། ཡིན་ན་ཡང་། ཁོའི་བུ་མོ་ཡིན་ས་འགྲོ་གི་མ་རེད་ཟེར་ནས་ལབ་སོང་ཟེར།
པར་ཡང་བརྒྱབས་པ་ཡིན།
ཡ་མཚར་པོ་།་ང་དགེ་ཆོས་ལ་སྡང་དགོས་བའི་རྒྱུ་མཚན་ཅི་ཡང་མེད་།་ངས་གནས་ལུགས་ཤིག་བཤད་བཞིན་ཡོད་པ་ལས་་ང་དགེ་ལུགས་ཡིན་མིན་ལ་རྩོད་པ་ཅི་ཡང་རྒྱག་གི་མེད་།་དྲང་བོ་བཤད་ན་ང་ཆོས་ལ་ཁ་བཞག་ནས་བཞན་ལ་རྫུན་རྒྱག་མཁན་ཚོར་ངོ་རྒོལ་བྱ་མཁན་ཤིག་ཡིན་པ་ལས།་གསར་རྙིང་རྩོད་མཁན་ཤིག་མིན་།་་མདོར་ན་ངས་གནས་ལུགས་གཉིས་བཤད་ཀིན་ཡོད་།་གཅིག་།་་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་་ཀྱང་མ་རེད་ཅེས་དང་།་གཉིས་།་དགེ་ཆོས་ཀྱིས་བཞན་གྱིས་རྩོམ་ཤིག་བསྐུས་ཏེ་ཁྱེད་ཅག་གིས་བཤད་པའི་ལྕགས་སྒམ་ཆེན་པོ་་ཤིག་གི་ནང་བཅུག་་ཡོད་པའི་གནས་ལུགས་་ཤིག་ང་ལ་བཤད་རྒྱུ་ཡོད་ཅེས་བ་དེ་ཡིན་།་དེ་མིན་བཞན་ཅི་ཡང་མེད།་
དགེ་ཆོས་ཀྱི་ལྗགས་རྩོམ་དང་འགྱུར་གང་ཞིག་ཏུའང་ཡིད་ཚིམ་པའི་རྣམ་འགྱུར་བསྟན་ཡོད་པ་དེ་འདྲ་མང་པོ་མ་མཐོང་སྟེ། ་་ལེགས་ལྡན་ནག་པོའི་གླུ་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ་་ ཞེས་འདོད་པ་ཁེངས་ཤིང་ཡིད་ཚིམ་པའི་རྣམ་འགྱུར་ཅིག་བསྟན་ཡོད་པ་རེད། ཡང་ཁོང་ནས་ ་་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཞིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན། བོད་སྐྱོང་བསྟན་མ་རྣམས་ཀྱིས་འདི་འདྲའི་ལས་ལ་འཁུ་ལྡོག་བྱེད་ཟེར་ནས་ཞེད་སྐྲག་ལྷུང་བར་ཡང་འདུག་སྟེ་་ ཞེས་སྔོན་ཚུད་ནས་སྨྲས་པ་ལྟར། དཔེ་འདི་བོད་ཀྱི་མཁས་པ་རྣམ་རྟོག་ཅན་དེ་ཚོས་ག་ཤེད་ཅིག་ཏུ་སྦས་བཞག་ཡོད་པ་རེད་དམ་ལྩགས་སྒམ་ནག་པོ་དེ་དང་མཉམ་མི་མངོན་པའི་དབྱིངས་སུ་ཐིམས་པ་རེད། ཀླུ་སྨྱོན་ཁྱོས་མོ་ཟིག་བཏབ་ན་མི་བ་ཡ།
བློ་བཟང་། ཁྱོད་ཀྱིས་གནས་ལུགས་གཉིས་བཤད་པ་གཉིས་ཀ་སྐྱག་རྫུན་རེད། དང་པོ་དགེ་ཆོས་མཆོིག་ལ་རིག་གསར་གྱི་གོ་རྟོགས་ཅི་ཙམ་ཡོད་པ་ཁོང་གིས་བྲིས་པའི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཟེར་བ་དང་། བླ་བྲང་ལ་བསྐུར་བའི་མ་རྩོམ་གཞན་པ་ཞིག་སོགས་ལས་ཤེས་ཐུབ། འོན་ཀྱང་རང་ཉིད་ལ་ཉིན་རེའི་བཟའ་བཏུང་ཡང་འདང་གི་མེད་པའི་ཨ་སྐྱོ་བ་ཞིག་གིས་རྫས་སྦྱོར་སོགས་ལ་ཚོད་ལྟ་བྱས་ནས་བོད་ཀྱི་གནམ་གྲུ་ཟེར་བ་དང་། བོད་ཀྱི་འཕུར་མདའ་ཟེར་བ་ཞིག་བཟོས་འདུག་ཟེར་གྱི་མེད། གསར་བརྗེའི་བློ་སྟོབས་ཡོད་མེད་དང་། མ་འོངས་གཟིགས་པའི་མཁས་པ་ཞིག་ཡིན་མིན་ཁོང་བོད་དུ་ཕེབས་ལམ་ནས་བོད་ཀྱི་ས་ཁྲ་བྲིས་ཚུལ་དང་། སྲིད་དོན་རྒྱལ་རབས་འབྲི་སྟངས་སོགས་ལས་ཤེས་ལྟར་ཡིན།
གཉིས་པ། དགེ་ཆོས་མཆོག་གཞན་རྩོམ་བསྐུས་ནས་རང་གི་ཡིན་མདོག་བྱེད་དགོས་ཐུག་པའི་ཐབས་སྡུག་ཞིག་ཨེ་ཡིན་སུས་ཀྱང་ཤེས་པས་འདིར་མང་པོ་བཤད་དགོས་མེད། ཁྱད་པར་ཀླུ་སྒྲུབ་དགོངས་རྒྱན་གྱི་ན་ཚ་མ་ཁྱོགས་མཁན་ཚོས་འདི་འདྲ་ཟེར་གྱི་ཡོད་པ་རེད། སྔོན་མ་ཡང་མི་ཞིག་གིས་དགེ་ཆོས་ལ་ཕུ་བརྒྱབ་ན་མོ་གཟུགས་ཧྲིལ་པོ་ཞིག་ཡོད་པའི་འགྱིག་གི་བུད་མེད་ཅིག་ཁུར་ནས་ལྷ་ས་སླེབས་སོང་ཟེར་གྱི་འདུག་པ་ལྟར་རེད། ད་དུང་སྔོན་མ་ཁྲི་བྱང་སོགས་ཀྱིས་དགེ་ཆོས་མེད་པ་བཟོ་སྐབས་དངུལ་ལོ་རྫུན་མ་བཟོས་པ་རེད། གསང་ཉུལ་བྱས་པ་རེད་ཟེར་བ་སོགས་ཀྱི་སྐྱོན་འཛུགས་བྱས་ཏེ་མི་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་ཡང་མཐར་གཅིག་ལ་ཡང་ཁུངས་སྐྱེལ་རྒྱུ་མ་རག་པ་རེད། ཁྱོད་ཚོ་ལ་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་རུང་རྒྱུ་མཚན་ཤེས་པའི་མིས་སྙིང་ཁྲེལ་གཏོང་ཨེ་ཡོང་བསམ་པའི་ཚོར་ཤེས་ཤིག་ཡོད་ན་ཆོག་པ་ལའང་།
ལོ་འགའ་ཤས་ཀྱི་སྔོན་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོེམ་གསར་རྙེད་ཕྱོགས་སྒྲིག་ཅེས་བའི་དཔེ་དེབ་ཅིག་པར་ཏུ་བཀོད་ནས་ཕྱོགས་ཀུན་ཏུ་ཁྱབ་སྤེལ་བྱས་ཞིང༌། དེའི་ནང་དུ་འཛམ་གླིང་རྒྱས་བཤད་ཅེས་པའི་རྩོམ་ཞིག་འདུག་པ་ལ་ཁ་ཅིག་གིས་འུད་བསྟོད་ཆེན་པོས༌། འདི་ནི་དགེ་ཆོས་མ་གཏོགས་སུ་ཞིག་གིས་དུས་སྐབས་དེ་ལ་རྩོམ་སྲིད་ཀྱིན་མ་རེད་ཅེས་དང་།དེ་བས་ཀྱང་ཡ་མཚར་བ་ཞིག་ལ་རིག་པའི་སློབ་གླིང་དུ་བསྒྲགས་པའི་ནུབ་བྱང་མི་རིགས་སློབ་གྲ་ཆེ་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ཉིས་སྟོང་གསུམ་ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲས་དགེ་ཆོས་འཁྲུངས་ནས་ལོ་བརྒྱ་དང་གསུམ་ལོན་པའི་རྗེས་དྲན་དུ་དགེ་ཆོས་ཀྱི་གསུང་རྩོམ་བོད་ལྔ་ཅན་གྱི་ནང་དུའང་དོགས་གཞིའི་སྒྲོས་ཙམ་ཡང་མེད་པར་འཛམ་གླིང་རྒྱས་བཤད་དེ་ཁོང་གི་གསུང་རྩོམ་གྱི་ནང་དུ་བཀོད་འདུག།
དེང་ དུས་ ལྟ་བ་གསར་བ་ཞིག་དང༌། ཁྱད་པར་ནུབ་ཀྱི་ལྟ་གྲུབ་དང༌། ཚན་རིག་གི་ལྟ་བ་ཞིག་གླེང་ཡོང་དུས། བོད་ཀྱི་གཅམ་པུ་རྣམས་ཀྱིས་ཁ་གཅིག་གྲགས་ཀྱིས་དགེ་ཆོས་ལས་བཞན་པའི་མཁས་པ་སུས་ཀྱང་འདི་འདྲ་འབྲི་སྲིད་ཀྱི་མ་རེད་ཅེས་རང་ཉིད་ལྟ་རྒྱ་དང། ཐོས་རྒྱ་ཆུང་བ་མ་རྟོགས་པར་ད་དུང་ཡིན་མདོག་མདོག་གཏམ་དེ་འདྲ་གླེང་པ་ནི་དེང་དུས་བོད་ཀྱི་རིག་གཞུང་གི་ཉག་ཕྲ་བ་དང༌། ཚན་རིག་སོགས་ཕྱིའི་རིག་གཞུང་སོགས་ལ་ཡང་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་མཚོན་རྟགས་སུ་སྣང་ཞིང། དེང་དུས་ཁོང་གི་རྣམ་ཐར་སོགས་ཀྱང་རིམ་གྱི་ལྷ་སྒྲུང་དུ་བསྒྱུར་པའི་འགོ་ཚུགས་པ་དང༌།་བཟང་བོ་ཐམས་ཅད་དགེ་ཆོས་ཀྱི་ཕྱོགས་སུ་དྲངས་བཞིན་པ་དང༌།་་ངན་པ་ཐམས་ཅད་གཞན་གྱི་ཕྱོགས་སུ་བསྒྱུར་བཞིན་འདུག༌མོད། དོན་གྱི་ཚན་རིག་གི་ལྟ་གྲུབ་ཙམ་དང། འཛམ་གླིང་གི་ལོ་རྒྱུས་དང། ཁྱད་པར་ནུབ་ཕྱོགས་དང་བོད་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སོགས་ཅུང་ཙམ་ཤིག་ཤེས་བ་ཡིན་ན༌། །འདི་ལྟ་བའི་ཧམ་བཤད་སུས་ཀྱང་བཤད་མི་ཕོད། ཅི་ཕྱིར་ཞེ་ན་འཛམ་གླིང་རྒྱས་བཤད་འདི་བརྗོད་བྱ་དང༌། རྗོད་བྱེད་གང་གིས་ནས་ཀྱང་དགེ་ཆོས་ཀྱི་གསུང་ཤིག་ཡིན་མི་སྲིད ལ།་་དོན་གྱི་དགེ་ཆོས་ནི་འཛམ་གླིང་རྒྱས་བཤད་འདི་ལྟ་བུ་རྩོམ་ཐུབ་པ༌།་རིག་གསར་དང༌།་ས་བཤིས་སོགས་ལ་་མཁས་བའི་བཟོ་མི་འདུག༌།་
ཕྲན་གྱིས་ལོ་གཅིག་ཙམ་ལ་དགེ་ཆོས་ཀྱི་་གསུང་རྩོམ་གསར་རྙེད་ནང་གི་འཛམ་གླིང་རྒྱས་བཤད་དེ༌།་བཙན་པོ་ནོ་མོ་ཧན་གྱི་མཛད་པའི་ཆེན་པོའི་སྣོད་བཅུད་ཀུན་གསལ་མེ་ལོང་ངམ༌།་འཛམ་གླིང་བཤད་པ་ཐག་རིང་གསལ་་བར་མཐོང་བྱེད་དམ།་བསྡུས་མིང་དུ་འཛམ་གླིང་རྒྱས་བཤད་ཟེར་བ་དེ་ཡིན་པར་སྙམ་ཞིང༌།་་༢༠༠༧་བོད་དུ་ལོག་ཏེ་དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་ལག་ཏུ་འབྱོར་ཏེ་ཞིབ་་གློག་བྱས་དུས༌།་གཞི་ནས་དེ་ནི་བཙན་པོ་འཛམ་གླིང་རྒྱས་བཤད་མ་ཡིན་པ་གསལ་བོ་རྟོགས་ཤིང༌།་་དངོས་གནས་དགེ་ཆོས་གསུང་ཡིན་མིན་དང༌། འདིའི་བརྗོད་བྱ་དང༌། རྗོད་བྱེད་གང་ནས་དགེ་ཆོས་ཀྱི་གསུང་ཤིག་ཡིན་དཔྱད་སྐབས༌། བདག་གིས་ཁ་གཅིག་གྲགས་ཀྱིས་འདི་ནི་དགེ་ཆོས་ཀྱི་གསུང་ཤིག་ཀྱང་མ་རེད་ཅེས་བརྗོད་ཐུབ༌།་་
དགེ་ཆོས་ཀྱི་གསུང་ཡིན་པར་རློམ་པའི་འཛམ་གླིང་རྒྱས་བཤད་འདི་ནི༌།་་དབྱིན་ཇིའི་ཡི་གེ་དང༌།་ཚན་རིག་གི་གོ་ལའི་ཁ་བྱང་དང༌།་ལྟ་བ༌།་བོད་དང་ནུབ་ཕྱོགས་བར་གྱི་ལོ་རྒྱུས་འབྲེལ་བ་ལ་་མཁས་བའི་མཁས་བ་ཤིག་གིས་བྲིས་བ་ཡིན་པ་ལས༌།་བོད་དང༌།་ལེགས་སྤྱར་གྱི་སྐད༌།་རི་མོ་ལ་མཁས་བ་ཙམ་ཞིག་ལ་མཁས་བའི་དགེ་ཆོས་ལྟ་བུ་ཞིག་་་བྲི་མི་ཐུབ་སྙམ༌།་་དྲང་པོར་བརྗོད་ན༌།་དགེ་ཆོས་ནི་བོད་ཀྱི་རིག་་གཞུང་་དང༌།་ལེགས་སྤྱར་གྱི་སྐད༌།རི་མོ་ཙམ་ལ་མཁས་བ་ལས༌།་ནུབ་ཀྱི་ཚན་རིག་གི་ལྟ་བ་དང༌།་ལོ་རྒྱུས་སོགས་མཐོང་རྒྱ་ཆུང་བར་སྙམ་ཞིང༌།་དེའི་སྐོར་མང་པོ་བྲིས་ཡང་མི་འདུག་ཅིང༌།་ཡོད་པ་རྣམས་ཀྱང་ནོར་འཁྲུལ་མང་བ་གཞན་གྱིས་བལྟས་ན་དགོད་བྲོ་བ་མང་པོ་འདུག༌།་་དེ་ལྟར་བརྗོད་དེ་་ད་ནི་གཞུང་དངོས་སུ་ཅུང་ཟད་ཞུགས་ཏེ་བརྗོད་ན།་
ཐོག་མར་འཛམ་གླིང་རྒྱས་བཤད་ཅེས་བའི་རྩོམ་ཐུང་འདི་ལས་འཛམ་བུ་གླིང་འདི་གཡོ་བའི་དོན་ནི། ཁྱེད་བོད་མི་རྣམས་ལ་ནན་ཏན་ཟེར་མཁན་གཅིག་ཀྱང་མི་འདུག་ཅེས་རྩོམ་པ་པོ་ཉིད་ནི་བོད་པ་ཤིག་མ་ཡིན་པ་གསལ་བོ་བཤད་འདུག༌། བོད་ཀྱི་མཁས་པ་ཞིག་གིས་ཁྱེད་བོད་མི་རྣམས་ཞེས་བརྗོད་ན་མི་འོས་བ་དང ༌། ཀློག་མཁན་རྣམས་ལ་རྩོམ་པ་པོ་ཉིད་བོད་མི་མ་ཡིན་པ་ཤིག་གི་སྣང་པ་ཏན་ཏན་སྟེར་པ་ཟད༌། ལྷག་པར་ཁྱེད་ཅག་གིས་འདོད་པའི་རྒྱལ་གཅེས་ཀྱི་མཁས་བ་སྔར་མེད་ཅིག་གི་དེ་འདྲ་གསུང་མི་སྲིད་་སྙམ།
ཆེད་རྩོམ་འདི་ནང་དུ་སའི་གོ་ལའི་རྣམ་བཞག་དང༌།་ཁྱད་པར་ཚན་རིག་གི་འདོད་པ་ལྟར་གྱིའཛམ་གླིང་གཡོ་བའི་རྒྱུ་མཚན་ལྟར་གསལ་བོ་བཀོད་འདུག༌།་དཔེར་ན་འཛམ་བུ་གླིང་འདི་རིལ་འོག་་རྟེན་པ་མེད་བར་སྣང་ལས་ཆགས་ཡོད་པས་རྐྱེན་གཡོ་བཞིན་ཡོད་པ་དང།་བཟའ་འཛིན་བྱུང་དོན་ནི་དངོས་གནས་སའི་གོ་ལའི་གྲིབ་མ་ཟླ་བ་ལ་ཕོག་པ་དེ་ནས་བྱུང་བ་ཡིན་པ།་རིལ་མོའམ་ཟླུམ་པོ་ཡིན་པའི་རྒྱུ་མཚན་ཡང་སའི་གོ་ལའི་གཟུགས་ཟླ་བ་ཕོག་དུས་གྲིབ་མ་སྒོར་སྒོར་ཡིན་པ་སོགས་སྒྲུབ་བྱེད་ལྔ་བཀོད་འདུག།་དེ་བཞིན་སའི་གོ་ལའི་སྤྱི་འཁོར་དང༌།རང་འཁོར་གཉིས་དང་་དུས་་བཞིའི་་རྣམ་བཞག་སོགས་ཚན་རིག་གི་ལུགས་ལྟར་གསལ་བོ་བཀོད་འདུག༌།་་འདི་དང་བསྟུར་ན་དགེ་འདུན་ཆོས་འཕེལ་གྱིས་བྲིས་བའི་རྩོམ་ཐུང་བོད་ཀྱི་གསར་འགྱུལ་མེ་ལོང་ཐོག་བཀོད་པ་ཁ་བྱང་དུ༌།་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཞེས་བའི་ན?་དེང་དུས་འཛམ་གླིང་་ཡོངས་དང༌།་སིངྒལ་དང༌།་འབར་མ་སོགས་ནང་བའི་རྒྱལ་ཁམས་དག་གིས་ནང་དུ་ཡང་སའི་གོ་ནི་རིལ་རིལ་ལས་ལེབ་ལེབ་ཏུ་མི་འདོད་ཅེས་གཏམ་རྒྱུད་ཙམ་ལས༌།་ཟླུལ་པོ་ཡིན་པའི་རྒྱུ་མཚན་སོགས་ཅི་ཡང་བཀོད་མེད༌།་ཡང་འཛམ་གླིང་རྒྱས་བཤད་ཅེས་བའི་རྩོམ་འདིའི་ནང་དུ་སའི་གོ་ལའི་འཐེན་ཤུགས་དང༌།་བར་སྣང་ནས་མི་ལྷུང་བའི་རྒྱུ་མཚན་ཡང་འཛམ་གླིང་གི་ཤུགས་ཀྱིས་འཐེན་པས་ལྷུང་མི་ཐུབ་ཅེས་དང།་ཇི་ལྟར་ང་ཚོས་འཛམ་གླིང་གཡོ་བ་མི་ཤེས་བ་ནི་དཔེ་ཆུ་བསྐོར་ལ་བཞག་ན་དེ་ལ་སྲོག་ཆགས་འབུ་སྲིན་ཞིག་འབྱར་བ་དེས་ཆུ་བསྐོར་འཁོར་བ་ཤེས་བ་མེད་དོ་ཅེས་གསུང་ཡོད་པ་དང་༌།་དགེ་ཆོས་ཀྱི་རྩོམ་ཐུང་དེའི་ནང་འཛམ་གླིང་གཡོ་བའི་སྐོར་ཟུར་ཙམ་ཡང་གླེང་མི་འདུག་ལ།་སའི་གོ་ལ་བསྐོར་ཀྱང་འཁོར་བ་དང༌། བདག་ཅག་རྣམས་ཕྱོགས་གཅིག་ནས་ཕྱོགས་གཅིག་ཏུ་མི་ལྷུང་བའི་རིགས་པ་འདི་སའི་གོ་ལ་རིལ་རིལ་ཡིན་པ་དང༌།་བསྐོར་ནས་འགྲོ་བའི་རིགས་པ་གཙོ་ཆེ་བ་ཞིག་ཡིན་མོད༌།་དགེ་ཆོས་ཀྱི་དེའི་སྐོར་གཅིག་ཀྱང་མ་བཤད་པ་ནི་ཅི་བས་ཀྱང་ཡ་མཚར།་
་འཛམ་གླིང་རྒྱས་བཤད་ནང་འཛམ་གླིང་གི་སའི་ཆགས་ཚུལ་དང༌།་གླིང་ཆེན་དྲུག་དང།་རྒྱ་མཚོ་ཆེན་པོ་ལྔ་སོགས་ས་དབྱིབས་སོགས་དང༌།་སའི་གོ་ལའི་ཐོག་འོག་གི་འཁྱག་རོམ་སོགས་ཀྱི་སྐོར་དང༌།་དེ་ལས་ཀྱང་ཡ་མཚར་བ་ཞིག་ལ༌།་ས་བཀྲ་འདི་ལ་གཟིགས་དང༌།་ཞེས་འཛམ་གླིང་གི་ས་ཁྲ་ཞིག་ཀྱང་ཡོད་མདོག་འདྲ་བ་ཞིག་གསུངས་འདུག་ལ།་དགེ་ཆོས་ཀྱི་རྣམ་ཐར་གང་དུ་ཡང་འཛམ་གླིང་གི་ས་ཁྲ་ཞིག་ཡོད་པ་མ་མཐོང་ངོ།་
ཡང་འཛམ་གླིང་རྒྱས་བཤད་འདིའི་ནང་དུ༌།་གཟའ་བདུན་ཡོད་པ་དེ་ལ་་འོད་མེད་པ་དང༌།་དེ་དག་གི་འོད་ཡོད་པ་ནི་ཉི་མའི་འོད་ཕོག་པ་ཡིན་པ་དང༌།་ཉི་མའི་འོད་ཆེ་བ་དང༌།་ཉི་མ་དང་སའི་གོ་བར་ཐག་དང།་འོད་ཀྱི་རྒྱུ་ཚད་སོགས་ཀྱང་གསལ་བོར་གསུང་འདུག་ཅིང།་་འདི་ལྟ་བུ་ཚན་རིག་གི་ལྟ་བ་ནས་འཕྲོས་་ནས་བརྩམས་པའི་ཆེད་རྩོམ་འདི་ལ༌།་དབྱིན་ཇིའི་ཆུ་ཚད་དང༌།་ཚན་རིག་གི་སློབ་སྤྱོང་བཟང་བོ་དགོས་བས༌།་ལར་ཏུ་ཕྲན་གྱིས་བསམ་པར་དགེ་ཆོས་ནི་བོད་ཀྱི་རིག་གཞུང་དང༌།་དཔྱད་སྟོབས་ཀྱི་རིགས་པ་ཆེ་བ་ཙམ་ལས་ནུབ་ཀྱི་ཚན་རིག་སོགས་ལས་སློབ་སྤྱོང་དེའི་འདྲའི་རྩལ་ཏུ་ཐོན་པ་ཞིག་མ་ཡིན་སྙམ།་་
དཔེར་ན་དགེ་ཆོས་ཀྱིས་གྷི་རིག་གི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་ Alexander Greatསྐོར་གླེང་སྐབས༌།་དམག་དཔོན་དེའི་དགེ་རྒན་གྷི་རིག་གི་མཁས་བ་ཆེན་པོ་ཨིས་ཏོལ་Aristotle.གྱི་ཡིན་པ?་སྐོར་གང་ཡང་གླེང་མི་འདུག་པ་མ་ཟད༌།་་ཁྱད་མཚར་བ་ཞིག་ལ༌།་་གྷི་རིག་གི་སྟོན་པ་ཨིས་ཏོལ་ནི་སངས་རྒྱས་ཀྱི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་གི་གོང་རོལ་ན་སྐྱེས་བ་དང༌།་རྒྱུ་སྐར་ཉེར་བརྒྱད་དང།་ཁྱིམ་བཅུ་གཉིས།་སྒྲ་གཅན༌།་དུས་མེ་ལ་སོགས་པའི་གཟུགས་དང།་རྒྱུ་སྟངས༌།་དབང་ཐང།་སྐར་འབྲས་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་ཞེས་གཞན་དུ་མ་གྲགས་པ་ཞིག་གསུང་ཡོད་མོད༌།་གྷི་རིག་གི་ལོ་རྒྱུས་ཅུང་ཟད་ཤེས་མཁན་ཞིག་ཡིན་ན༌།༌།སྟོན་པ་ཨོས་ཏོས་ནི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་གྱི་སློབ་དཔོན་ཡིན་པ་དང༌།་འཁྲུངས་ལོ་ཡང་སྟོན་པ་མ་སྐྱེས་བའི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་ཅིག་མ་ཡིན་པར།་བདག་ཅག་གི་སྟོན་པ་འཁྲུངས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་ཞིག་གི་རྗེས་སུ་འཁྲུངས་བ་དང།་་སྤྱིར་རྒྱ་གར་འཕགས་ཡུལ་གྱི་སྐར་རྩིས་ལ་གྷི་རིག་དང༌།་བ་བྷེ་ལོན་གྱི་ཤན་ཞུགས་པ་ངེས་པར་ཏུ་ཡོད་མོད༌།རྒྱ་སྐར་ཉེར་བརྒྱད་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་པ་དགེ་ཆོས་རང་གི་རང་བཟོ་དང༌།་གྷི་རིག་དང་དང་སྐར་རྩིས་ལོ་རྒྱུས་སོགས་ལ་མཁྱེན་རྒྱ་ཆུང་བའི་རྟགས་ཡིན༌།་་ དེ་ལས་འཕྲོས་ཏེ།་ དགེ་ཆོས་ཀྱིས་གྷི་རིག་གི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་གྱིས་ཏ་ཟིག་དབང་དུ་བསྡུས་བའི་ལོ་ཚུགས་དང།་་རྒྱ་གར་ཏུ་བྱོན་པའི་ལོ་ཚིགས༌།་དམག་དཔོན་དེ་འདས་བའི་ལོ་ཚིགས་སོགས་ཀྱང་དཔྱད་པ་བྱ་བ་མང་དུ་འདུག་མོད༌།་བརྗོད་བྱ་མ་ཡིན་པས་རེ་ཞིག་བཏང་སྙོམས་སུ་བཞག་པར་བྱའོ།་
དེ་བས་ལས་ཀྱང་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་པ་ནི༌།་་ཆེད་རྩོམ་འདིའི་ནང་གླིང་ཕྲན་རྣམས་དང༌།་རྒྱབ་ཁབ་སོ་སོའི་ལོ་རྒྱུས་སོགས་གླེང་བའི་སྐབས་སུ་གསལ་བོ་བཀོད་འདུག༌།་དཔེར་ན་བྱང་ཨ་རིའི་གླིང་གི་སྐོར་གླེང༌།་་འཁོ་ལོམ་འབོག་དེས་ལོ་བཞི་བརྒྱ་དང་སུམ་བཅུ་སོང་ཟེར༌།་དེ་ན་ལོ་ཚིགས་ཀྱི་གོང་ཞིག་སྒྲིག་ན་དགེ་ཆོས་ཀྱི་གསུང་མ་ཡིན་པ་ཐག་གཅོད༌། རྩོམ་དེའི་ནང་འཁོ་ལོམ་འབོག་དེས་བྱང་ཨ་རི་རྙེད་ལོ་སུམ་བརྒྱ་དང་སུམ་བཅུ་སོང་བ་ཡིན་ན།་འཛམ་གླིང་རྒྱས་བཤད་འདི་བརྩམས་པའི་ལོ་ནི་༡༩༢༢་ལོ་ཡིན་དགོས་ཤིང༌།་ཡོངས་གྲགས་སུ་འཁོ་ལོམ་འབོག་གིས་བྱང་ཨ་རི་ནི་༡༤༩༢་ལོ་རྙེད་པ་ཞིག་ཡིན་པར་བཤད༌།་ཡང་ཤོག་གྲངས་༢༩༦་སྟེང་ཨེན་ལན་སྟེ་དེང་དུས་ཡོངས་ཁྱབ་ཏུ་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྐོར་རྗོད་སྐབས་ཨ་རིའི་རང་བཙན་གྱི་དམག་འཁྲུག་དང༌།་ཐོག་མར་ཆར་བྱང་ཨ་རི་འདི་དབྱིན་ཇིའི་མངའ་འོག་ཡིན་ཚུལ་དང༌།་དེ་ནས་དམག་དཔོན་ཆེན་མོ་ལྦ་ཤིང་ཐོན་(George Washington-1732- 1799) གྱིས་དབུ་ཁྲིད་ཏེ་ཨ་རི་ལ་རང་བཙན་ཐོན་པ་ཡིན་ཚུལ་དང༌།་ཨ་རི་ལ་རང་བཙན་ཐོན་ནས་ད་ཕན་ཞེས་འཛམ་གླིང་རྒྱས་བཤད་འདི་བརྩམས་པའི་ལོ་ནི་ལོ་བརྒྱ་དང་བཞི་བཅུ་ཞེ་དྲུག་ཅེས་ལོ་ཚིགས་༡༩༢༢ཡིན་པ་བསྟན་ཡོད༌།་ཨ་རི་ནི་་༡༧༧༦ལོ་ནི་ཨ་རི་ལ་རང་བཙན་ཐོབ་པ་ཡིན༌།་
ཡང་ཆེད་རྩོམ་དེའི་མཇུག་རྩོམ་ལྟ་བུ་ལ༌།་བོད་དུ་ནུབ་ཀྱི་མཁས་བ་དང༌།་ཨེ་ཤུ་ཆོས་སྤེལ་མཁན་པ༌།་ཚོང་དོན་པ༌།་དམག་དཔོན་སོགས་སླེབས་པའི་ལོ་ཚིགས་བཀོད་འདུག་པ་དང༌།་དེ་དག་གིས་ཀྱིས་ཀྱང་ཆེད་རྩོམ་འདི་༡༩༢༢ཡས་མས་ཤིག་ལ་བརྩམས་པ་གསལ་བོ་བཀོད་འདུག༌།་་དཔེར་ན་ཤོག་གྲངས་༣༠༥་ནང་དུ་བོད་དུ་ཕེབས་པའི་ཡོ་རོབ་པའི་མི་ཐོག་མ་ནི་བླ་མ་ཨོ་རྡོག་ཨིག་ Franciscan Odoric ཕྱི་ལོ་༡༣༣༢ཙམ་ལ་བོད་དུ་སླེབས་པ་དང༌།་་མུ་མཐུད་དུ༌།་ཨེ་ཤུ་ཆོས་སྤེལ་བ་་གུར་སྦེད་ John Grueber ཟེར་བ་དང༌།་སྡེའུ་སྦེར Albert d’Orville ་ཟེར་བ་གཉིས་ལྷ་ས་རུ་ཐོན་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་ལྔ་བདུན་ཞེས་བརྩམས་པའི་ལོ་ནི་༡༩༡༩་ཞེས་༡༩༢༢ལས་ཀྱང་ཉུང་བར་བྱས་འདུག༌།་རྒྱུ་མཚན་ནི་ཡེ་ཤུ་ཆོས་སྤེལ་བ་དེ་གཉིས་༡༦༦༡ལོར་པེ་ཅིན་ནས་ཆས་ཏེ་ཟི་ལིང་བརྒྱུད་ཕྱི་ལོ་ལྷ་ས་རུ་འབྱོར་བ་དང༌།་དེ་དུས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་ནས་ལོ་ཉི་ཤུ་ལྷག་མ་གཏོགས་མ་འགོར་བར་བཤད་ཅིང༌།་དབྱིན་ཇི་བ་མ་ནིང་ལྷ་ས་ལ་བྱོན་ནས༡༨༡༡་ལོ་བརྒྱ་དང་བཅུ་གཅིག་ཅེས་དང།་་དབྱིན་ཇི་བ་སྤུ་སྒེལ་ཟེར་གཙང་དུ་སླེབས་ནས་ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་སོང་ཞེས་བརྩམས་པའི་ལོ་ཚིགས་ནི་༡༩༡༨བྱས་འདུག༌།་དབྱིན་ཇི་བ་འདི་སྐོར་དགེ་ཆོས་གྱིས་ཀྱང༌ གཏམ་རྒྱུད་གསེར་ཐང་ཏུ་མདོར་བསྡུས་གསུང་འདུག་། དཔེར་ན་གསེར་ཐང་ལས་།
པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐབས་ཕྱི་གླིང་བའི་ཕོ་ཉ་བྷོ་གིལ་བུ་བ་ཞིག་འབྲུག་བརྒྱུད་ནས་གཙང་དུ་སླེབས་ཏེ་ཡིན་རིང་བསྡད༌།པཎ་ཆེན་མཆོག་ནས་སྤྱན་གཟིགས་ཆེ་བྲ་མཛད་ཅེས་ལོ་རྒྱུས་ཐར་ཐོར་གཅིག་ཀྱང་གསུང་འདུག༌།་དེ་ལྟར་རྩོམ་འདི་ནང་དུ་ལོ་རྒྱུས་ཁ་ཤས་ལ་གཞིར་བཞག་ཏེ༌།་འཛམ་གླིང་རྒྱས་བཤད་འདི་བརྩམས་པའི་ལོ་ནི་༡༩༡༨་དང༌།་ཡང་ན་༡༩༡༩དང༌། ཆེས་ཡིད་ཆེས་བྱས་ཆོག་པའི་ལོ་ནི་༡༩༢༢ཡིན་པར་ངེས༌།་་ལོ་ཚིགས་དེ་དག་གིས་དགེ་ཆོས་ཀྱི་མ་བརྩམས་པའི་སྒྲུབ་བྱེད་དུ་ཇི་ལྟར་འགྲོ་ཞེ་ན༌།་ད་ནི་དགེ་ཆོས་ལ་མི་ཚེ་ལོ་རྒྱུས་སུ་གཟིགས་ན་གསལ་བོ་འགྲོ་ངེས་ཡིན།་ གོང་གསལ་ལྟར་དགེ་ཆོས་ནི་༡༩༠༣ལོར་འཁྲུངས་ཤིང༌།་དགུང་ལོ་བཅུ་དགུ་སྟེ་༡༩༢༢་ཙམ་ལ་བླ་བྲང་དུ་ཆོས་གྲྭར་ཞུགས་པ་དང༌།་༡༩༢༧ལོར་ལྷ་ས་དང༌།་༡༩༣༤ལོ་ལ་རྒྱ་གར་ཕེབས་པ་དང༌།་་༡༩༤༨ལོ་ཕྱིར་བོད་དུ་ཕེབས་པ་དང༌།་་རབ་བྱུང་༡༦པའི་ལྕགས་ཡོས་སྟེ་༡༩༥༡ལོར་འདས་བར་་བཤད།་དེ་ལྟར་ལོ་ཚིགས་ཀྱི་གོང་བསྒྲིགས་ཏེ་༌།་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་བརྩམས་པ་ཡིན་ན་དགེ་ཆོས་ཀྱི་བླ་བྲང་དུ་ཕེབས་པའི་ལོ་དེར་རུ་་ངེས་པར་ཏུ་བརྩམས་དགོས་བ་དང༌།་དེ་མིན་གོང་གསལ་ལོ་ཚིགས་ལས་ཤེས་ཟིན་པ་ལྟར་རྩོམ་མི་སྲིད་པ་ཅིག་རེད༌།་་དགེ་ཆོས་ཀྱིས་ཨ་རི་བ་ཤེས་རབ་བསྟན་འཕེལMarion Griebenow,་གྱི་དྲུང་ནས་དབྱིན་ཇི་སྤྱངས་ཟེར་བ་སྐྱག་རྫུན་ཡིན་པ་རྗེས་སུ་རིམ་གྱི་ཡོང་མུས་དང༌།་གལ་སྲིད་དེ་འདྲ་ཡིན་དུ་ཆུག་ཀྱང་བླ་བྲང་དུ་ཡོང་བའི་རྗེས་སུ་སྤྱངས་བ་ཡིན་པ་ལས༌།་ཁོང་གི་སྔོན་གྱི་ཆོས་གྲྭ་ལྡི་ཚ་དང༌།་ཞོ་འཕོང་སོགས་ནས་སྤྱངས་བ་ག་ལ་ཡིན།་་བོད་མིང་དུ་ཤེས་རབ་བསྟན་འཕེལ་ཟེར་བའི་ཨ་རི་བ་དབྱིན་ཇི་བ་ཟེར་བ་དེས་བརྒྱབ་པའི་པར་དང༌།་བསྐུར་པའི་ཡི་གེ་ཤུལ་བཞག་རྣམས་དེང་དུས་ཨ་རི་རུ་མཐོང་རྒྱུ་ཡོད་པ་མ་ཟད༌།་ཁོང་ནི་འཛམ་གླིང་གི་ས་རྒྱུས་ལ་རྒྱས་མངའ་དེ་འདྲ་ཡོད་པ་དང༌།་བོད་ཡིག་ལ་དེ་འདྲ་ཡག་པོ་ཡོད་པའི་ཚིག་ཤིག་མེད་ཁར༌།་ཁོང་རང་དགེ་ཆོས་དང་འཕྲད་པའི་སྐད་ཆ་ཚིག་ཅིག་ཀྱང་མི་འདུག།་ཤེས་རབ་བསྟན་འཕེལ་ནི་ཕྱི་ལོ་༡༩༢༡ཙམ་ལ་བླ་བྲང་དུ་ཕེབས་པ་དང༌།་་༡༩༤༩་བར་ཏུ་བླ་བྲང་དུ་བསྡད་པ་ཤིག་ཡིན། ་སྒྲུབ་བྱེད་རྣལ་མ་ནི༌།་དགེ་ཆོས་བླ་བྲང་དང་དུ༌།་ཐ་ན་དབུས་སུ་བཞུགས་སྐབས་སུ་དབྱིན་ཇིའི་ཡག་པོ་ཤིག་ཤེས་མེད་པ་ནི༌།་༡༩༣༦ལོའི་ཟླ་༣་ཚེས་༡༢་ཉིན་ཡི་གེ་ཞིག་བསྐུར་བའི་ན་ང་དབྱིན་ཇིའི་སློབ་བཞིན་ཡོད་པ་དང༌།་ཡང་ལོ་དེའི་ཕྱི་ཟླ༢་ནང་ཁོང་གིས་བསྐུར་བའི་དབྱིན་ཇིའི་ཡི་གེ་ཤིག་བསྐུར་ཡོད་ཅིང༌།་དེ་ནི་བཤམ་གསལ་ལྟར།་
་“I learned some English since last year. Now I am able to wrote some words hardly, but my pronunciation is still worse as English the opposite to བོད་སྐད”ཞེས་དབྱིན་བོད་སྐད་གཉིས་འདྲེས་མ།་་བལྟས་ཙམ་གྱིས་ཡི་གེ་འདི་འདྲ་ནི་བྱིས་བ་ལོ་གསུམ་ཅན་ཤིག་གི་བྲིས་བ་ལས༌།་ཁྱེད་ཅག་གི་རྣམ་ལམ་དུ་བྱང་པའི་་སྲིད་ན་་འགྲན་ཟླ་བྲལ་བའི་ལོ་ཙ་བ་ཆེན་པོ་ལོ་འགའ་རྗེས་སུ་་དེབ་སྔོན་སོགས་དབྱིན་ཇི་ལ་བསྒྱུར་བའི་མཁས་བ་ཆེན་པོ་དགེ་ཆོས་ཀྱི་བྲིས་བ་ཤིག་ཡིན་མི་བསམ་མོད།་དེ་ནི་དགེ་ཆོས་རང་བྲིས་དངོས་མ་སྟེ།སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད།༌།་
ཡང་འཛམ་གླིང་རྒྱས་བཤད་དུ༌།་་ཕྱི་གླིང་བའི་མི་ནག་འཕྲོག་པ་ནི༌།་ས་ཡ་གཉིས་ཞེས་གྲངས་ཀ་ཞིག་གསལ་བོ་གསུངས་ཡོད་པ་དང༌།་་དགེ་ཆོས་ཀྱིས་ཀྱང་གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་ཏུ༌།ཨ་ཕི་རི་ཀའི་ཡུལ་གཅིག་པུ་ནས་ཀྱང་མི་ལྟར་བཟུང་བ་ཐེར་འབུམ་ལྷག་ཙམ་དང༌།་རྒྱ་མཚོར་་གཡུགས་པ་གྲངས་ཀྱིས་མི་ལོངས་ཞེས་གྲངས་ཀ་ཞིག་གསུང་ཡོད་པ༌།་གྲངས་ཀ་གཉིས་རྩ་བ་ནས་མི་འདྲ་བ་གསུང་བ་དེས་ཀྱང་རྩོམ་འདི་གཉིས་མི་གཅིག་གིས་གསུང་བ་མ་ཡིན་པ་ཐག་ཆོད༌།་
ཡང་ཁྱེད་ཅག་རྣམས་ཀྱིས་འུར་བསྟོད་ཆེན་མོས་བོད་དུ་དགེ་ཆོས་ལྟ་བུ་སྔོན་དུ་བྱོན་མ་བྱུང་ལ༌།་་ཕྱིས་ཀྱང་འབྱོན་དཀའ་བའི་ཚད་དུ་སྣང་ཞེས་དང༌།་ཁ་ཅིག་གི་སྔོན་གྱིས་རྣམས་ནི་་མི་རང་རང་སྙིང་ཁུངས་སུ་འཕྱུར་བའི་ལྟ་གྲུབ་གསར་བ་དང༌།་འདོད་ཚུལ་གསལ་ཅི་ཡང་ཕྱི་ལོགས་སུ་སྟོན་མ་ནུས་་བའི་མཁས་བ་སྡར་མསོགས་དང༌།་་བོད་དུ་ཚན་རིག་གི་ལྟ་བ་དར་བའི་བྱེད་མཁན་ཐོག་མར་ཡིན་སོགས་གསུངས་མོད༌།་ལར་ཏུ་གོང་དུ་བཤད་པ་བཞིན་བོད་ཀྱི་གཅན་བུ་བ་ཚོ་ཚན་རིག་དང་ནུབ་ཀྱི་ལྟ་གྲུབ་སོགས་ལ་མཁྱེན་རྒྱ་སོགས་ཅི་ཡང་མེད་ཁར༌།་བོད་ཀྱི་རིག་གནས་དང།་ལོ་རྒྱུས་མཁྱེན་རྒྱ་ཉུང་ཙམ་ལས་མེད་པའི་རྟགས་སུ་མངོན།་་དེ་མིན་དགེ་ཆོས་ཀྱི་སྔོན་དུ་མཁས་བ་གྲངས་མང་པོ་བྱུང་ཡོད་པ་མ་ཟད༌།་བོད་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌།་་བཙན་པོ་ནོ་མོན་ཧན༌།་ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན༌།་མ་ཡང་བཟོད་པ༌།་སེང་ཆེན་་བློ་བཟང་བསྟན་འཛིན་དཔལ་འབྱོར་གྱི་སྤྲུལ་སྐུ་སོགས་རིགས་པའི་རྣམ་དཔྱོད་དང་ལྡན་པ།་ནུབ་ཀྱི་ཚན་རིག་དང༌།འཕྲུལ་ཆས་སོགས་ལ་འདྲིས་བ་གང་ཆེར་ཡོད་པའི་མཁས་གང་མང་མང་བྱོན་ཡོད་པ་མ་ཟད༌།་་དངོས་སུ་ནུབ་ཀྱི་ཚན་རིག་གི་ལྟ་བ་དང༌།་་རང་གི་ལྟ་བ་གསར་བ་བཏོན་པ་གང་ཐད་ནས་དགེ་ཆོས་ཀྱི་ལྡབ་འགྱུར་གྱིས་མཁས་བ་ལས༌།་མི་དམན་པ་ཡོད་ཅིང།་བློ་ཞིབ་པོའི་དཔྱད་པ་བྱས་ཚེ༌།་དགེ་ཆོས་ཀྱི་ནུབ་ཀྱི་ཚན་རིག་གི་ལྟ་བའི་སྐོར་ལ༌།་་མགོ་འབུས་ཙམ་ལས་ཤེས་ཡོད་མི་སྙམ་པ་དང༌།་དེ་བས་ཁོང་གི་ཚན་རིག་གི་ལྟ་བ་འདི་ཚེགས་ཆེ་དྲགས་པ་དང་ཀུན་གྱི་མོས་བ་ལོག་པས་དོན་མེད་དུ་འགྱུར་སྙམ་དུ་ལུས་་་ཞེས་གསུང་འདུག་དེ་ལ་ཐུག་པར་སྙམ།་དཔེར་ན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་དུ༌།འོད་ཀྱི་རླབས་མིག་འཛུམ་གཅིག་ལ་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་འཆར་ཞིང།་བཞི་བརྒྱ་གཡོ་བ་ལ་སེར་པོའི་སྣང་བ་སོགས་འཆར་བ་ལས༌།་ཁ་དོག་ཙམ་གཞིའི་ཕྲ་རབ་རྣམས་ལ་ཁ་དོག་གི་ཁྱད་ཅི་ཡང་མེད་པར་མཐོང༌།་་་ཅེས་གསུང་མོད།་དོན་གྱིས་་འོད་དང་ཁ་དོག་ནི་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བ་ཞིག་ལས་རང་རྐྱ་ཐུབ་པའི་རྫས་ཡན་གར་བ་ཞ?ག་མ་ཡིན་ཞིང༌། ཁ་དོག་རྣམས་འོད་ཀྱི་་རྡུལ་ཕྲན་གྱིས་འོད་རླབས་རྒྱུ་བའི་ཚད་ལས་པྱུང་བ་ཞིག་ཡིན་ཞིང༌། ང་ཚོས་མིག་དབང་དུ་མཐོང་དུ་ཡོད་པའི་ཁ་དོག་མི་འདྲ་བ་སྟེ༌། དམར་པོ་དང༌། ལི་ཁྲིའི་མདོག༌། ལྗང་ཁུ་དང་སྔོན་པོ༌། མཐིང༌། མུ་མེན་མདོག་རྣམས་་རྡུལ་ཕྲན་གྱི་འོད་རླབས་རྒྱུ་བའི་ཚད་དང་རྒྱུ་བའི་ནུས་བ་མི་འདྲ་བ་དེ་ལ་བརྟེན་ནས་པྱུང་བ་ཡིན༌།༌།་གཤམ་ཏུ་ཤེས་གསལ་ལྟར༌།་དགེ་ཆོས་ཀྱིས་ཚན་རིག་གི་་འོད་དང་ཁ་དོག་གི་ཁྱད་པར་ཙམ་ཡང་མ་ཤེས་པར།་་་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་འཆར་ཞིང།་བཞི་བརྒྱ་གཡོ་བ་ལ་སེར་པོའི་སྣང་བ་སོགས་གསུང་མོད༌།་་དོན་གྱི་རིམ་པ་བཞིན་འོད་ཀྱི་རླབས་བཞི་བརྒྱ་ཙམ་གཡོ་བ་ནི་མུ་མེན་གྱི་མདོག་དང༌།་་བརྒྱད་བརྒྱ་ཙམ་གཡོ་བ་ནི་དམར་པོ་མཐའ་ཟད་སྟེ༌།་མིག་གི་མཐོང་མི་ཐུབ་པའི་འོད་ཀྱི་རིགས་ཡིན་པས༌།་དམར་པོའི་སྣང་བ་འཆར་མི་སྲིད་པ་ཞིག་ཡིན༌།་
དགེ་ཆོས་ཀྱིས་འཛམ་གླིང་རྒྱས་སུ་ཚན་རིག་གི་འོད་དང་ཁ་དོག་གི་ལྟ་་བ་འདིགཟུགས་དང་གཟུགས་འཛིན་པའི་ཚད་མ་གཉིས་རྫས་གཅིག་ཏུ་འདོད་པའི་སེམས་ཙམ་པའི་ལུགས་ལྟ་བུ་ཞིག་ཏུ་བཞག་འདུག་མོད།་དོན་གྱིས་།་མདོ་སྡེ་བའི་ལུགས་དང་ཤིན་ཏུ་མཐུན་པ་མ་ཟད།་ཚན་རིག་པ་མང་ཆེ་བས་སེམས་ཞེས་གཟུགས་ཕྲ་རགས་གཉིས་ཀྱི་མ་གྲུབ་པའི་དངོས་བོ་ཤིག་ལོགས་སུ་མེད་པར་འདོད་ཅིང༌།་་དགེ་ཆོས་ཀྱིས་དངོས་བོ་ཐམས་ཅད་གློག་གི་རྦ་ཀློང་ནང་དུ་རྒྱུག་ཀྱིན་ཡོད་པ་དང༌།་གཅེར་བུ་བ་ལྟར་ལྗོན་ཤིང་སེམས་ལྡན་དུ་ཁས་ལེན་པ་སོགས་པ་ཚན་རིག་གི་ལུགས་འདྲ་བ་ཞིག་དྲངས་ཡོད་པ་ཡང་དགེ་ཆོས་རང་གིས་གསར་བཟོ་ཡིན་པ་ལས༌། ཚན་རིག་གི་གཞུང་རྣལ་མ་ཞིག་མིན།་
འོ་ན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་ན༌།་སུས་བྲིས་བ་རེད་དམ་ཟེར་ན༌།་་དགེ་ཆོས་མ་ཡིན་པའི་མཁས་བ་ཆེན་པོ་བོད་ཀྱི་ཡི་གེ་དང༌།་ཁྱད་པར་ནུབ་ཀྱི་ལྟ་གྲུབ་ལ་མཁས་བ་ཞིག་གིས་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་བརྩམས་པར་ངེས་མོད༌།་ཉེ་ལམ་མཐའ་ཅིག་ཏུ་འདིའོ་ཞེས་དཀའ་བ་ཤིག་ཏུ་སྣང་ཡང༌།་་གོང་ཏུ་ཁྱེད་བོད་པ་ཚོར་ཞེས་བོད་མ་ཡིན་པ་འདྲ་བོ་ཤིག་དང༌།་རྗེས་སུ་ཡང་རྨའི་མིང་ཅན་གྱིས་སོགས་བྲིས་ཡོད་སོགས་ལ་བརྟེན་ན་བོད་རིགས་མ་ཡིན་པའི་མཁས་བ་ཆེན་པོ་ཡིན་ནམ་སྙམ༌།་ཡིན་ནའང་དེའི་སྐོར་ཕྲན་གྱིས་༢༠༠༧ལོའི་དབྱར་ཁར་དེབ་དེའི་ཐོག་མའི་རྩོམ་སྒྲིག་པ་རྣམ་དཔྱོད་ཅན་རེབ་གོང་བ་རྡོ་རྗེ་རྒྱལ་ལ དོགས་གཞི་བཅར་འདྲི་ཞུ་སྐབས། ཁོང་གིས་འདི་ལྟར་གསུང་བྱུང་། དགེ་ཆོས་ཀྱིས་ངག་བཅོལ་ལྟར་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་།མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།
དེ་ན་དོགས་པ་སློང་པ་དང་བཞད་གད་བྱས་དགོས་བ་འདི་ཡོད་ཏེ་། དགེ་ཆོས་ཀྱིས་ཅི་ཕྱིར་གཞན་གྱིས་བྲིས་བའི་རྩོམ་ཞིག་རང་རྩོམ་གྲས་སུ་འཇོག་དགོས་སམ་། བཞན་མཁས་བ་དག་གིས་རྗེས་སུ་མ་ཆོད་། ་རང་མཁས་བ་མིན་པའི་མིང་ཁུར་མ་འདོད་། དེ་ནས་བཞན་གྱིས་མ་ཤེས་བ་དང་ཉམས་མ་བཞག་པ་འགའ་ཞིག་རྒྱུ་མཚན་དུ་བཟུང་ནས་གླེགས་བམ་དུ་བཀོད་། མཁས་བའི་ཆོ་ལོ་ལེན་མཁན་ཞིག་ཡིན་སྲིད་དམ། ལར་ཏུ་
་དགེ་ཆོས་ལ་འུད་བསྟོད་བྱས་མཁན་དག་གིས་དགེ་ཆོས་ནི་དུས་རབས་གསར་པའི་མི་ཞིག་དང༌།་མ་འོངས་བ་གཟིགས་པའི་བོད་ཀྱི་མཁས་བ་ཆེན་པོ་་ཤིག་ཡིན་པར་བཤད་མོད།་་སེམས་རྣལ་དུ་ཕབ་ནས་སྐད་ཆ་དྲང་བོ་བརྗོད་ན༌།་དགེ་ཆོས་ཀྱིས་ཁོང་བཞུགས་པའི་དུས་རབས་དེའི་ནང་འཛམ་གླིང་ནང་ཚན་རིག་དང༌།་སྲིད་དོན༌།་་མི་རྣམས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་འགྱུར་ལྡོག་བྱུང་ཡོད་པ་དང༌།་ལྷག་པར་འཛམ་གླིང་དུ་འཁྲུག་ཆེན་གཉིས་དང།་རྡུལ་ཕྲན་མཚོན་ཆ་དང༌།་ཡ་དབྱིན་སི་ཐིན་གྱི་དུས་རྟེན་འབྱུང་གི་ལྟ་བ་སོགས་གསར་ཏུ་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པ་དང༌།་་བོད་དུ་དབུས་སུ་རྒྱལ་དབང་བཅུ་གསུམ་པའི་དབུ་ཁྲིད་འོག་ཆོས་སྲིད་གཉིས་ཀྱི་ཐད་ལ་བཅོས་སྒྱུར་བྱས་ནས་ཅུང་མ་འགོར་བ་དང།་མདོ་སྨ་ཁུལ་དུ་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་དང།་ཨ་ཕ་ཨ་བློ་སོགས་ཀྱི་དབུ་ཁྲིད་ཀྱི་འོག་དེང་རབས་ཀྱི་སློབ་གྲ་དང༌།་འཛམ་གླིང་གི་སའི་གོ་ལ་སོགས་བཞེངས་བའི་སྐབས་ཡིན་མོད།་་དགེ་ཆོས་གྱིས་དེ་དག་གི་སྐོར་ལ་སྐད་ཆ་ཅི་ཡང་བཤད་མེད་པ་མ་ཟད༌།་བོད་ཀྱི་སྔོན་གྱི་མཁས་བ་ལྟར༌།་་བོད་ཀྱི་ཆོས་དང༌།་རིག་གཞུང༌།་དེ་དག་ལ་དཔྱད་པའི་གླེགས་འགའ་བརྩམས་ཡོད་པ་ལས༌།་་སྔོན་གྱི་མཁས་བ་ཆེན་པོ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ལྟར་།་བོད་དུ་རིག་པའི་གཞུང་གསར་བ་རང་རྐྱ་ཐོན་པ་ཤིག་གསར་ཏུ་བཏོན་མེད༌།་་དེ་བས་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ༌།
རྡོ་སྤིས་བློ་བཟང་ཡོན་ཏན་ནས།
འོ་འོ་འོ། ཅི་འདྲའི་མང་པོ་ཞིག་བྲིས་འདུག ཀློག་ཚོད་ཀྱང་མི་འདུག་ན་རེ་རེ་ལན་རྒྱག་ཚོད་དེ་བས་ག་ལ་ཡོད། ད་གཡུག་ཞོག ད་རེས་མང་ཤུགས་ལ་བསྡུར་བའི་ངོ་སྐལ་བྱོས།
དྲ་གྲོགས་ཚོས་དཔྱད་གླེང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ང་ལ་ཡང་དགའ་སྐྱིད་གཡང་འཛོམས་དགེ་ཆོས་ཀྱི་བུ་མོ་ཡིན་མིན་དོགས་པ་ཆེན་པོ་ཞིག་སྐྱེས་ནས་དོགས་སློང་ཞིག་བྱས་པ་ཡིན། གོང་ནས་མདའ་ཚན་པ་ལགས་ཀྱིས་གསུངས་པ་དེ་གནད་དུ་ཁེལ་སོང་། ངའི་བསམ་པར་དགའ་སྐྱིད་གཡང་འཛོམ་དགེ་ཆོས་དང་ཚེ་བརྟན་གཡུ་སྒྲོན་མ་ཐུག་པའི་སྔོན་ནམ་ཡང་ན་དགེ་ཆོས་གྲོངས་པའི་རྗེས་སུ་སྐྱེས་པ་གང་རུང་ཞིག་ལས། དགེ་ཆོས་རང་བཞུགས་སྐབས་ཁོང་གི་སྲས་མོར་སྐྱེས་པའམ་ཡང་ན་ཁོང་སྐུ་གཤེགས་སྐབས་ཚེ་བརྟན་གཡུ་སྒྲོན་མངལ་སྦྲུམ་ཡོད་པ་ཞིག་ནི་མིན་པར་ངེས། གལ་སྲིད་དེ་འདྲ་ཞིག་ཡིན་ན་ནི་དགེ་ཆོས་ཀྱི་སློབ་མ་རག་ར་དང་ཧོར་ཁང་སོགས་ཀྱིས་རང་གི་དགེ་རྒན་གྱི་སྲས་མོར་ཁ་ལྟ་མིག་ལྟ་རེ་བྱས་ཆོག་པའམ་མ་མཐའ་ཡང་གླེང་ཙམ་རེ་བྱེད་དགོས་ངེས་ཤིག་ཡིན་ཡང་དེ་ལྟར་བྱས་མི་འདུག
ད་ཡིན་ན་ལ་རྩེ་ཚང་གིས་ཚེ་བརྟན་གཡུ་སྒྲོན་གདན་འདྲེན་ཞུས་པ་དེ་ལ་སྡོམ་ཅི་ཞིག་རྒྱག་དགོས། ཀྲུང་གོའི་བོད་ལྗོངས་ཚང་གིས་སྤེལ་བ་དེའི་ནང་དུ་ཁོང་མ་བུ་གཉིས་དང་དགེ་ཆོས་ཀྱི་སྐོར་ལོས་ཡིན་བསམས་པ་ཞིག་ཏན་ཏན་ཡོད།
གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། (མདོ་སྨད་པ་དགེ་འདུན་ཆོས་འཕེལ་ནི། དུས་རབས་ཉི་ཤུ་པ་འདིའི་ནང་། བོད་མི་རིགས་ཀྱི་ཁྲོས་ནས་གཞན་དྲིང་མི་འཇོག་པའི་ཤེས་དཔྱོད་ཀྱི་བློའི་རྩལ་དང་། སྤྱི་བྱེའི་གནས་ཚུལ་ཐོག་ཕུགས་རྒྱང་རིང་པོའི་མནོ་བསམ་ཐོངས་པའི་ནུས་པ་བཅས་ཀྱི་ཆ་ནས་ཡར་ཐོན་པར་བགྲངས་འོས་པའི་སྐྱེས་བུ་ཞིག་ཡིན།) ཅེས་གདེང་འཇོག་གནང་ཡོད།
ཕྱོགས་མཚུངས། ཁོང་གིས་རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན་ཅེས་པའི་ཕྱག་དེབ་ཀྱི་མགོ་བརྗོད་ནང་དུའང། (རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་མང་ཕྱིན་པའི་རྗེས་སུ། དགེ་འདུན་ཆོས་འཕེལ་གྱིས་ ༡༩༤༠ ནང་ལ་བོད་ཀྱི་ནང་པའི་མཁས་པ་ཚོར་སྤྲིངས་པའི་འཕྲིན་ཡིག་ཁ་གསལ་ཞིག་ངའི་ལག་ཏུ་སོན་བྱུང༌། ཁོང་ནི་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་ལེགས་སྦྱར་གྱི་སྐད་ཙམ་མ་ཡིན་པར་དབྱིན་ཡིག་ཀྱང་ཤེས་པའི་མཁས་དབང་ཁྱད་པར་བ་ཞིག་རེད། ༡༩༣༠ ཡས་མས་སུ་ཁོང་དབྱིན་ཇི་བས་བཟུང་བའི་རྒྱ་གར་དང༌། ཨ་ཧཕི་རྒ་ནི་སི་ཐན། བལ་ཡུལ། ཤྲི་ལངྐ་བཅས་ཀྱི་ནང་དུ་འགྲུལ་བཞུད་རྒྱ་ཆེར་བྱས་ཤིང༌། ཁོང་གི་ལོ་བཅུ་གཉིས་ཀྱི་འགྲུལ་བཞུད་རྫོགས་ལ་ཉེ་སྐབས་བྲིས་པའི་འཕྲིན་ཡིག་འདི་ནི་ཧ་ལས་པ་ཞིག་རེད། དེའི་ནང་དུ་ཁོང་གིས་ནང་ཆོས་དང་དེང་རབས་ཀྱི་ཚན་རིག་གི་སྡེ་ཚན་གང་མང་བར་ལ་ཕན་ནུས་ལྡན་པའི་བགྲོ་གླེང་གི་གླེང་སྟེགས་ཡོད་ཚུལ་བརྗོད་འདུག ཁོང་གི་འདོད་ཚུལ་ནི་ངའི་ལྟ་ཚུལ་དང་ཧ་ལམ་གཅིག་མཚུངས་སུ་སྣང༌། བློ་ཕམ་པ་ཞིག་ལ་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་འཕྲིན་ཡིག་འདིར་དགོས་ངེས་ཀྱི་དོ་སྣང་སྤྲད་མེད་པ་དང༌། རྒྱུ་མཚན་ཞིག་ནི་ ༡༩༥༩ ལོར་ང་བཙན་བྱོལ་དུ་མ་ཡོང་བའི་སྔོན་ལ་བོད་ནང་དུ་འཕྲིན་ཡིག་འདི་དཔར་སྐྲུན་ཚད་ལྡན་ཞིག་བྱས་མི་འདུག གང་ལྟར་ང་ཚན་རིག་གི་འཇིག་རྟེན་གྱི་ཤེས་ཡོན་འཚོལ་སྙེག་ལ་མ་ཞུགས་པའི་སྔོན་དུའང༌། ང་དང་ཆོས་བརྒྱུད་གཅིག་པ་ཞིག་ཞུགས་མྱོང་བ་དེས་ང་ལ་སེམས་ཤུགས་སྤྲད་བྱུང༌། ལྷག་པར་དགེ་འདུན་ཆོས་འཕེལ་ནི་ངའི་ཕ་ཡུལ་ཨ་མདོ་ས་ཁུལ་ནས་འོངས་པ་ཡིན་པས་སེམས་ཤུགས་དེ་སྔར་ལས་ཀྱང་ཆེ་རུ་ཕྱིན། བྲིས་ནས་ལོ་མང་སོང་བའི་འཕྲིན་ཡིག་འདི་ངའི་ལག་ཏུ་སོན་སྐབས་ང་ལ་ཚོར་བ་ཤུགས་དྲག་པོ་སྐྱེས་བྱུང༌།) ཞེས་ངོས་འཛིན་གནང་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་དེ་རྣམ་དཔྱོད་མ་རེད་ཅེས་སུ་གང་གིས་རྒྱུ་མཚན་ཁུངས་ཐུབ་མི་རྙེད་པ་ལྟ་བུར་ཡོད། ཡིན་ནའང་། དགེ་ལུགས་པ་ཚོ་དགེ་ཆོས་ལ་མི་དགའ་འདུག དེ་ནི་ཀློ་དགོངས་ཀྱིས་བྱས་པར་ཡང་བཤད་མོད། མི་དགའ་མཁན་མང་ཆེ་བ་ནི། སྐབས་དེའི་མཁས་པ་ཡིན་ཟེར་མཁན་དང་བླ་མ་ཡིན་ཟེར་མཁན་མང་པོ་ཞིག་མགོ་དེ་དགེ་ཆོས་ཀྱི་མཁྱེན་ཡོན་གྱིས་མནན་དྲགས་པ་དང་། ད་ལྟ་ནའང་སྐབས་དེར་ཆེ་ཆེ་དྲག་དྲག་ཡིན་པར་བསྙད་ཀྱིན་པ་དེ་ཚོར་མཚན་སྙ་ལྷག་པོ་གང་ཡང་ཐོབ་ཀྱི་མེད་སྟབས། མ་དགའ་བ་ཞིག་ཡོང་གི་ཡོད་ཚོད་རེད། དགེ་ཆོས་ལ་མཚོན་ན། གཤེགས་ཁ་མ་དེར་ཡང་། རྗེ་བཙུན་ཙོང་ཁ པ་ཆེན་པོའི་གསུང་རྟེན་འབྲེལ་བསྟོད་པ་རྣ་ལམ་དུ་སྒྲོག་བཅུག་མུར་གཤེགས་པ་དེ་ལ་གནད་ཅིག་མེད་འགྲོ་སྙམ།
ཡ་མཚར་ཆེ་།་ང་ཚོས་བུ་མོ་དེ་དགེ་ཆོས་ཀྱི་བུ་མོ་ཡིན་མིན་རྩོད་དོན་ཅི་ཞིག་ཡིན་ནམ།་་བོད་ཀྱི་གྲོང་བ་མང་ཆེ་བ་བུ་མོ་རེད་ཡོད་སྲིད་པས་།་ང་ཚོས་དེ་རྣམས་ཀྱི་ཕ་སུ་ཡིན་མིན་ཀྱང་རྩོད་རྒྱུ་ཡིན་ནམ་།་དགེ་ཆོས་སྡོམ་པ་ནམ་ཤོར་དང།་བུ་མོ་དེ་ཕ་སུ་ཡིན་མིན་ནི་ང་ཚོ་ལ་བབས་མེད་ལ་།་གལ་སྲིད་ཤེས་འདོད་ན་།་DNA ཟེར་བའི་རིགས་པའི་ལམ་ནས་རྟོག་དཔྱོད་བྱས་ན་མགྱོགས་པོ་ཤེས་ཡོང་གིན་རེད་།་
ང་ལ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་དཔེའི་ཁྲོད་ནས་བྱུང་བའི་འཛམ་གླིང་རྒྱས་བཤད་དཔྱིད་ཉི་འཕུད་བྱེད་ཅེས་པ་ཞིག་ས་སྐྱ་གོང་མའི་ཕྱག་དཔེ་ཁྲོད་ནས་རག་བྱུང་ལ། དེབ་དེ་སུས་མཛད་མིན་ངས་ད་དུང་ཤེས་མ་བྱུང་། གང་ལྟར་དེའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ཆབ་དཔལ་རིག་གསུམ་གྱི་སྐོར་གང་འཚམ་ཞིག་ངོ་སྤྲོད་བྱས་འདུག་ཅིང་། དེ་ཕལ་ཆེར་སྤྱི་ལོ་༡༩༠༠ཡས་མས་ཤིག་ལ་བརྩམས་པ་ཞིག་རེད་བསམས། དེའི་ནང་གི་རྒྱལ་ཁབ་ཁག་ཅིག་གི་མིང་ཡིག་འབྲི་སྟངས་གཏམ་རྒྱུད་གསེར་ཐང་དང་འདྲ་སེ་ཡང་འདུག
མཆན་༡༤པའི་ནོར་བཅོས།
ཚེ་བརྟན་གཡུ་སྒྲོན།
དགའ་སྐྱིད་གཡང་འཛོམས།
ཁྱོད་ཚོར་འདོད་པའི་བསྟན་བཅོས་ནང་གི་གཡུ་སྒྲོན་དེ་དགེ་ཆོས་རྒྱ་གར་ནས་བོད་དུ་ཕེབས་ཐེངས་དང་པོར་ཆབ་མདོ་ནས་ཕྲད་པའི་གཡུ་སྒྲོན་དེ་ཡིན་མིན་གྱི་སྐད་ཆ་རེ་མེད་དམ། སྐུ་འདའ་ཁའི་འཁྲིས་ཀྱི་གཡུ་སྒྲོན་དེ་འདོད་བསྟན་ནང་གི་དེ་མིན་པ་ནི་གསལ་བོ་རེད།
ངས་བྲིས་བའི་རྩོམ་ཐུང་འདིའི་ནང་དུ་དགེ་ལུགས་དང་རྙིང་མའི་སྐད་ཆ་ཅི་ཡང་མེད་།་་་ལན་རྒྱག་ཐུབ་ན་ལན་རྒྱོབ་།་དེ་མིན་ངའི་མགོ་ལ་དོན་མེད་ཀྱི་ཁྲག་མཁོར་མ་བསྐོར་།་་དོན་རྡོག་རྡོག་པོ་བཤད་ན་།་དགེ་ཆོས་ནི་མཁས་བ་ཡ་མཚར་བ་ཤིག་མ་རེད་ཅེས་བརྗོད་པ་ཡིན་།་ཁོང་ཁ་ཤོར་ཆེན་པོ་།་རང་གི་སྡུག་ཐམས་ཅད་བཞན་ལ་མགོ་སྐོར་མཁན་ཞིག་རེད་བསམ་གྱིས་ཡོད་།
སྤྱིར་བཏང་བཤད་ན་ང་ནི་ཁ་རོགས་སྡོད་མཁན་།་གནས་ལུགས་ལ་དགའ་མཁན་ཤིག་།་སྔོན་ཆད་རྩོམ་ཡང་བྲིས་་མྱོང་མེད།་ད་ནས་བཟུང་ཚང་མས་བདེན་པའི་གནས་ལུགས་བཤད་དེ་།་ངའི་བྲིས་བའི་རྩོམ་གྱི་དོན་སྙིང་ལ་ཞིབ་དཔྱད་བྱས་ན་།་ངས་ཀྱང་བསམ་པ་རྣམ་དག་དང་།་རིགས་པའི་བདེན་པ་གཙུགས་སུ་བཅངས་ནས་ཁྱེད་ཅག་ལ་ལན་འདེབས་ངེས་ཡིན།་ང་ལ་སྡང་བས་ཅི་ཡང་མི་ཡོང་།་བདེན་པ་ནི་བདེན་པ་རང་རེད་།་་ཇི་སྐད་དུ་།་ཆོས་བཟང་རིགས་པའི་རྣམ་བཤད་བསམ་པ་ཅན།་རྟག་ཏུ་བདུད་ཀྱི་བད་ཆད་བྱས་པ་མེད་།་ཅེས་གསུང་ཡོད་པ་ལྟར་རེད།་
བློ་བཟང་ལགས་ཀྱིས་རིགས་པ་ཞིབ་མོས་ཞིབ་འཇུག་གནང་འདུག རྣམ་དཔྱོད་ལས་བྱུང་བའི་དཔྱད་རྩོམ་འདི་འདྲ་དེང་སང་ཞེ་དྲགས་མཐོང་དཀོན་པོ་རེད། དགེ་ཆོས་འདི་ལྟ་རྒྱ་ཆེན་པོ་ཞིག་ཡིན་པ་ནི་གསེར་ཐང་སོགས་ལས་ཤེས་པས། ཁོང་གིས་གཞན་གྱིས་བྲིས་པའི་འཛམ་གླིང་རྒྱས་བཤད་ཀྱི་ལེགས་ཆ་རེ་ལེན་ཆོག་གི་རེད། ཡིན་ན་ཡང་དུས་ཚིགས་ཀྱི་ཆ་ནས་སྔ་ཕྱི་འགྲིག་གི་མེད་ན་རྩོམ་དུམ་དེ་རང་དགེ་ཆོས་ཀྱི་མིན་པར་བརྗོད་ཆོག་གི་རེད། ཡིན་ན་ཡང་ལུང་འདྲེན་དེ་དགེ་ཆོས་ཀྱི་མིན་པས་རྩོམ་གཞུང་ཧྲིལ་བོ་དགེ་ཆོས་ཀྱི་མིན་པར་ཡང་བསྒྲུབ་ཨེ་ཐུབ། གང་ལྟར་ང་ལ་རག་པའི་འཛམ་གླིང་རྒྱས་བཤད་དེ་དང་དགེ་ཆོས་ཀྱི་ལུང་འདྲེན་བྱེད་སའི་རྒྱས་བཤད་དེ་གཉིས་ཀྱི་རྩོམ་པ་པོ་གཅིག་ཡིན་ན་ཡང་ཐང་ཀི
ཀླུ་སྨྱོན་ལགས་།་ཐུགས་རྗེ་ཆེ་།་
་་གོང་དུ་བཤད་པ་བཞིན་རྩོམ་འདིའི་ནང་དུ་ངས་གནད་དོན་གཉིས་བཤད་ཀྱིན་ཡོད་།་་གཅིག་།་་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོེམ་གསར་རྙེད་ཕྱོགས་སྒྲིག་ཅེས་བའི་དཔེ་དེབ་དེའི་ནང་གི་འཛམ་གླིང་རྒྱས་བཤད་ཟེར་བའི་རྩོམ་ཐུང་དེ་དགེ་ཆོས་ཀྱི་བྲིས་བ་ཤིག་མ་རེད་ཅེས་དང་།་གཉིས་།་་རེབ་གོང་བ་རྡོ་རྗེ་རྒྱལ་གྱིས་་གསུང་བ་ལྟར་ན་་། “དགེ་ཆོས་ཀྱིས་ངག་བཅོལ་ལྟར་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་།མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག”་ཅེས་གསུང་བ་དེ་གཉིས་ཡིན་།་
གནད་དོན་ནི་།་ཅི་ཕྱིར་དགེ་ཆོས་ཀྱིས་བཞན་གྱིས་རྩོམ་ཤིག་བཤུས་ཏེ་རང་གི་ཡིན་ཁུལ་བྱས་བ་ཡིན་།་ང་ཚོས་བཟོས་བའི་དགེ་ཆོས་དང་།་དགེ་ཆོས་ངོ་མ་གཉིས་ཀྱི་བར་ན་བར་ཐག་ཤིན་ཏུ་རིང་པོ་འདུག་པས་།་དེ་ནི་སེམས་རྣལ་དུ་ཕབ་ནས་ཞིབ་དཔྱད་བྱ་བའི་དུས་ལ་སླེབས་ཟེར་བ་དེ་ཡིན་།་ཕྲན་ལ་གཏམ་རྒྱུད་གསེར་ཐང་དང་།་རྒྱ་གར་གནས་ཡིག་སོགས་ཀྱི་སྐོར་ལ་མང་པོ་ཤིག་བཤད་རྒྱུད་འདུག་མོད་།་ཚན་རིག་རྣམ་བཞག་གི་དཔེ་དེབ་ཅིག་བྲིས་ཡོད་དེར་འགོད་རྒྱུད་ཡིན་པ་ལས་འདིར་བརྗོད་རྒྱུ་མིན་།་
རེད་ལགས། གསེར་ཐང་གི་ཕྱེད་ཀ་དགེ་ཆོས་ཀྱི་རྣམ་དཔྱོད་ལས་ཐོན་པ་ཞིག་མ་ཡིན་པར་གཞན་རྩོམ་བརྒྱུད་འགོད་བྱས་པ་ཞིག་ཡིན་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་རེད། གང་ལྟར་ཉིད་ཀྱི་དཔྱད་རྩོམ་འདིས་རྨོངས་རྒན་ང་ལ་ཡང་བློ་སྐྱེད་གསར་བ་གང་མང་ཞིག་བྱིན་སོང་།
འོ་ཡང་དགེ་ཆོས་གླེང་དུས་ཆོས་ལུགས་དང་གྲུབ་མཐའི་རྩོད་གླེང་ཡོང་གི་འདུག ངས་ཞུ་རྒྱུ་ཅིག་ལ་ཁོང་ལ་སྐུ་ངལ་ཕྲད་དེ་བཙོན་ཁང་ལ་ཡོད་དུས་སྐུ་དྲག་དེ་ཚོས་ཕན་མི་འདུག སློབ་མ་དེ་ཚོས་ཕན་མི་འདུག རྙིང་མ་དེ་ཚོས་ཡང་ཕན་མི་འདུག འབྲས་སྤུངས་ཀླུ་འབུམ་ཁམས་ཚན་ནས་ཁེགས་ཐེག་བྱས་དེ་བཙོན་ཁང་ནས་བཏོན་འདུག འབྲས་སྤུངས་ཀླུ་འབུམ་ཁམས་ཚན་ནི་དགེ་ལུགས་པ་གཙང་མའི་ཁམས་ཚན་ཅིག་རེད་ཟེར་གི་ཡོད། ད་དུང་ཁོང་གི་གསུང་རྩོམ་ལྕགས་སྒམ་གང་པོ་དེ་བཙོན་ཁང་ནས་ཀླུ་འབུམ་ཁམས་ཚན་ལ་མཉམ་དུ་རྩིས་སྤྲོད་བྱས་འདུག ཁོང་གིས་གསུང་ན་ངས་བདག་པོ་རྒྱགས་མི་ཐུབ་པས་འདི་ན་གང་ཡོད་པ་དེ་ཁམས་ཚན་ནས་བདག་པོ་རྒྱགས་རོགས་གྱིས་ཟེར་ནས་ཁམས་ཚན་ལ་མགོ་འབུལ་ལུས་འབུལ་བྱས་འདུག དེའི་རྗེས་སུ་རྒྱ་ནག་གིས་གཏོར་གཤིགས་སྐབས་སུ་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་གྱི་སྤྱི་ཁང་གསུམ་ཡོད་པ་ཆ་ཚང་རྩ་ནས་གཏོར་འདུག་པས་དགེ་ཆོས་ཀྱི་གསུང་རྩོམ་དེ་དག་ཀྱང་ཡོད་ས་འགྲོ་གི་མ་རེད། འདི་དེའི་སྐབས་སུ་ཁམས་ཚན་གྱི་ཚོང་པ་དེའི་སྐབས་སུ་ལྷ་ས་གྲོང་ཁྱེར་ན་ཚོང་ཁང་བདག་གཉེར་བ་རྒན་བློ་བཟང་རྒྱ་མཚོ་ལས་ཐོས།།
གོང་གི་བློ་བཟང་ཟེར་བ་འདིའི་དཔྱད་པ་ཅུང་ཟད་དོན་དང་མཐུན་གྱི་འདུག དེང་སང་མང་པོ་ཅིག་གིས་དགེ་ཆོས་སྐོར་ལ་གཅིག་གི་མགོ་ལ་གཅིག་བཏགས་ནས་སྒྲུང་བཟོ་ཡོང་གི་འདུག དེ་ནི་ཕལ་ཆེར་ཁོང་གི་གང་ཡོད་པའི་གསུང་རྩོམ་ལ་ཆ་འཇོག་མེད་པ་བཟོ་རྒྱུའི་འཆར་འགོད་ཅིག་མིན་འགྲོ་བསམ།
སྐབས་རེ་ང་ཚོ་བོད་པ་རྣམས་ནི་ཧ་ལས་བའི་གྱོང་བོ་དང་།་རྙོག་བཤད་ལ་དགའ་།་དགེ་ཆོས་བཙོན་དུ་བསྡུ་བའི་སྐོར་ནས་བཤད་ན།་སྤྱིར་མི་གཅིག་བཙོན་དུ་འགྲོ་དགོས་ན་སྙིང་རྗེ་།་་དགའ་དགོས་བའི་རྒྱུ་ཤིག་མ་རེད་།་ཡིན་ནའང་འདུས་སྡེ་ཤིག་ཡིན་ཕྱིར་བཙོན་ཁང་དང་ཁྲིམས་ལུགས་་དགོས་ངེས་རེད་།་བཙོན་ཁང་དང་ཁྲིམས་ནི་རྒྱབ་ཁབ་ཅིག་གི་མཚོན་བྱ་ཡང་ཡིན་།་་ཡིན་ནའང་ཁྲིམས་ལུགས་དེ་དྲང་བདེན་ཡིན་མིན་དང་།་མང་གཙོ་ཡིན་མིན་དེ་གལ་ཆེན་པོ་རེད་།་་ང་ཚོས་བོད་ག༷ཞུང་བཀའ་ཤག་གི་ཁྲིམས་ལུགས་དེ་དྲང་བདེན་ཡིན་མིན་དང་།་མང་གཙོ་ཡིན་མིན་རྩོད་པ་རྒྱབ་ཆོག་།་དེ་བཞིན་དགེ་ཆོས་ཀྱི་ནག་ཉེས་སྐོར་ལ་རྩོད་པ་རྒྱབ་ཏེ་བདེན་མཐའ་གསལ་དགོས་།་་དགེ་ཆོས་ཀྱི་ནག་ཉེས་ནི་དངུལ་ལོ་རྫུན་མ་བཟོས་ཡོད་མེད་ཀྱི་སྐོར་རེད་།་གནད་དོན་ནི་དོན་དངོས་ཀྱི་དངོས་ཀྱི་དངུལ་ལོ་རྫུན་མ་བཟོས་ཡོད་ན་།་ཁོ་ལ་ནག་ཉེས་ཡོད་པ་ནི་ཤག་ཤག་རེད་།་རྒྱལ་ཁམས་གང་ཞིག་ཡིན་རུང་སྲིད་གཞུང་མ་གཏོགས་དངུལ་ལོ་བཟོ་ཆོག་གི་མ་རེད་།་བཟོས་ན་བཙོན་དུ་མཇུག་པ་ནི་བཤད་མ་དགོས་བ་ཤིག་རེད་།་
་གལ་སྲིད་ཁྱེད་ཅག་གིས་དགེ་ཆོས་བཙོན་དུ་བཟུང་བ་ནི་ནོར་འཁྲུལ་རེད་བསམ་ན་།་ཁོང་གིས་དངུལ་ལོ་མ་བཟོས་བའི་དབང་རྟགས་སྟོན་དགོས་།་འདི་ལ་སྐྱོན་ཆེན་པོ་གཅིག་ཡོད་པ་རེད་།་ཕྱོགས་གཅིག་ནས་་ཁྱེད་ཅག་ནི་དགེ་ཆོས་རི་མོ་ལ་མཁས་བ་ཧ་ལས་བ་ཤིག་སྒྲུབ་ཀྱིན་ཡོད་པ་དང་།་ཕྱོགས་བ༷ཞན་ཤིག་ནས་ཨ་རག་ལ་དགའ་བ་།་དངུལ་མེད་པ་སྤྲང་བོ་དཔྱོད་ལྡན་པ་ཤིག་སྒྲུབ་ཀྱིན་ཡོད་པ་རེད་།་
མཐའ་མའི་དྲི་བ་ནི་།་དགེ་ཆོས་ཀྱིས་དངུལ་ལོ་རྫུན་མ་བཟོས་ཡོད་དམ?
དེ་ནི་ངས་མེད་པར་འདོད། རྒྱུ་མཚན་ནི་དགེ་ཆོས་ཀྱིས་དངུལ་ལོར་རྫུན་མ་བཟོས་པའི་ཁུངས་སྐྱེལ་ཅིག་གནའ་ནས་ད་བར་གཞུང་སྒེར་སུ་ཡང་མ་རག་པས་སོ།།བཙོན་དུ་འཇུག་དགོས་པའི་རྒྱུ་མཚན་ནི་དབྱིན་གཞུང་གིས་ནུབ་བོད་ལེགས་བཅོས་ཚོགས་པའི་ཚོགས་མི་ཡིན་པ་གཞི་རྩར་བཟུང་ནས་དཀྲུགས་ཤིང་བརྒྱབ་སྟེ་བྱུང་བ་ཞིག་ཡིན་པ་ནི་ཕྱོགས་གང་མང་ཞིག་ནས་ར་འཕྲོད་ཀི
འོ་ཀླུ་འབུམ་ཁམས་ཚན་ནས་ཁེགས་ཐེག་བྱེད་སྐབས་ཁོང་གིས་རྗེས་སུ་ཨུ་རུ་སུའི་གསར་བརྗེ་རྙོག་གླེང་གི་ལས་ཀ་མི་བྱེད་པའི་ཁེགས་ཐེག་བྱས་པ་རེད་ཟེར་བ་མ་གཏོགས་དངུལ་ལོར་རྫུན་མ་བཟོ་རྒྱུ་མིན་པའི་ཁེགས་ཐེག་ཅིག་བྱེད་དགོས་གི་མི་འདུག་ཟེར། དེས་ན་འཛིན་བཟུང་སྐབས་ཀྱང་གུང་ཁྲན་ཏང་ངམ་དམར་ཕྱོགས་ཚོགས་པའི་ལས་ཀ་བྱེད་མཁན་ཅིག་ཏུ་དོགས་པ་ཡོད་པའི་སྒོ་ནས་འཛིན་བཟུང་བྱས་པ་མིན་འགྲོ
གཅིག་བྱས་ན་ཁོས་དངུལ་རྫུན་མ་བཟོས་མེད་པ་འདྲ་།་དེ་སྐབས་ཀྱི་མི་ཤིག་ལ་དྲི་ས་ནི་མི་འདུག་།་དགེ་ཆོས་ཡང་མི་འདུག་ལ་།་ཁོ་ལ་ནག་ཉེས་འཛུགས་མཁན་གྱི་སྲིད་གཞུང་གི་མི་ཡང་མི་འདུག་།་་ད་ལྟའི་ཐོས་བཞིན་པའི་གཏམ་རྒྱུད་འདི་དག་དགེ་ཆོས་ལྷ་ལྷར་བཀུར་བའི་མི་ཁ་ཅིག་གི་ཁ་ལས་བྱུང་བའི་གཏམ་དག་ལས་།་སྲིད་གཞུང་བཅད་ཁྲ་དང་།་ཁྲིམས་རྩོད་དངོས་སུ་མཐོང་བའི་མི་ཚོས་སྐད་ཆ་མ་རེད་།་་དེ་བཞིན་་ཁྱེད་ཀྱིས་བཤད་པ་ནང་བཞིན་ཁོ་་ནུབ་བོད་ལེགས་བཅོས་ཚོགས་པ་ལ་ཞུགས་ཡོད་པ་ནི་ཏན་ཏན་རེད་།་དེ་ན་་ནུབ་བོད་ལེགས་བཅོས་ཚོགས་པ་དེ་་ག་འདྲ་ཤིག་ཡིན་ནམ།་དྲག་ཤུགས་སྤྱད་ནས་སྲིད་གཞུང་མགོ་རྟུང་ཀློག་མཁན་གྱིས་ཚོགས་པ་ཤིག་ཡིན་ནམ།་་་ཡང་ན་དམིགས་ཡུལ་མེད་པའི་ཆོས་དང་རིག་གཞུང་ཚོགས་པ་ཤིག་ཡིན་ནམ།
ཕྲན་གྱིས་བསམ་པར་བདག་ཅག་གིས་་འོལ་ཚོད་ཀྱི་དགེ་ཆོས་ལ་དཀར་འདོན་བྱས་སྔ་དྲགས་སམ་སྙམ་།་་གལ་སྲིད་དགེ་ཆོས་ནག་ཉེས་ཡོད་པ་ཤིག་ཡིན་ན་།་ང་ཚོས་ག་རེ་བྱ་གིན་ཡིན་།་བྱ་དགའ་སྤྲད་གིན་ཡིན་ནམ།་བསམ་བློ་མང་པོ་གཏོང་རྒྱུ་འདུག།་་ངས་དགེ་ཆོས་ལ་ནག་ཉེས་ཡོད་མེད་གསལ་བོ་ཤེས་ཀྱིན་མེད་།་ཕྱོགས་གཉིས་ཀས་བློ་ཁ་ཚིམས་པའི་ལན་ཞིག་རྒྱབ་མ་སོང་།་དེ་བས་དགེ་ཆོས་ཉེས་མེད་ཡིན་ཞེས་ཁོ་བཙོན་ཏུ་མཇུག་མཁན་ཚོར་སྡིགས་མོ་མི་གཏོང་།་ཉེས་ཅན་ཡིན་ཞེས་ཁོ་བཙོན་ཏུ་མཇུག་མཁན་ཚོར་ཆོ་ལོ་མི་སྟེར་།་ད་དུང་དཔྱད་པར་་བྱ་བའི་གནས་ཞེསབཏང་སྙོམས་སུ་འདུག་རྒྱུ་ཡིན།་
དགེ་ཆོས་ཀྱི་གཡུ་སྒྲོན་གཉིས་ཀྱི་སྐོར་ལ། མཁས་དབང་ཧོར་འཇིགས་ལགས་ཀྱིས་འདི་ལྟར་གསུངས་འདུག དགེ་ཆོས་ཀྱི་མི་ཚེའི་ནང་གི་གཡུ་སྒྲོན་ཐོག་མ་དེ་ཁོང་རྒྱ་གར་དུ་བཞུགས་དུས་ཐུག་པ་ཞིག་དང༌། གཡུ་སྒྲོན་གཉིས་པ་དེ་ཆབ་མདོ་ཅིག་ཅིག་གིས་ཁོང་དང་མཉམ་དུ་སྦྱར་བ་བྲིས་འདུག
དགེ་ཆོས་ཀྱིས་དངུལ་ལོར་རྫུན་མ་བཟོས་ཟེར་བ་དེ་བོད་སྡེ་བ་གཞུང་གིས་ཁོང་བཙོན་ཁང་དུ་འཇུག་བྱེད་ཀྱི་འཇུ་བྱེད་གཅིག་པུ་རེད། དེ་མིན་འདི་ལོ་རྒྱུས་ཤོག་ངོས་སུ་ཅུང་ཞིབ་ཙམ་གསལ་ན་འགྲིག་མོད་ཀྱང༌། དེ་ལྟར་རེད་མི་འདུག སྐབས་དེའི་རྒྱ་གར་དབྱིན་གཞུང་གིས་དགེ་ཆོས་དང་བོད་སྡེ་བ་གཞུང་གི་དབར་ལ་རྩོད་པ་འཕེན་དོན་ནི་དགེ་ཆོས་མཆོག་ཕྱིར་བོད་དུ་ཕེབས་སྐབས་འབྲུག་དང་མོན་ཡུལ་བརྒྱུད་ནས་ཕེབས་རྒྱུ་བྱས་ཏེ་ལམ་ནས་བོད་ཀྱི་ནུབ་མཐའི་ས་ཁྲ་གསར་བ་རེ་འདེབས་རྒྱུ་བྱས་ཡོད་པའི་སྐོར་ཤེས་པས་རེད། གནད་དོན་འདི་དབྱིན་ཇི་བ་གོལ་སྒྲི་སིཀྲན་གྱི་དེབ་ན་གསལ་བོ་བཀོད་འདུག
ནུབ་བོད་ལེགས་བཅོས་སྐྱིད་སྡུག་འདི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། ངས་སྔོན་ཆད་དགེ་ཆོས་ཀྱི་ཤི་རྐྱེན་འདི་དང་འབྲེལ་འདུག་བསམ་ནས་འདིའི་སྐོར་ལ་སྐད་ཡིག་གསུམ་བཞི་ཞིག་ནས་ཡིག་ཆ་འདྲ་བཙལ་འཚོལ་གྱིས་ཞིབ་བསྡུར་རགས་ཙམ་བྱས་པ་ཡིན། དགེ་ཆོས་ཁོང་སྦོམ་མདའ་དང་འབྲེལ་བ་བྱུང་བ་དང་ནུབ་བོད་ལེགས་བཅོས་ཀྱི་ཚོགས་མིའི་ནང་གི་གཙོ་གྲས་ཡིན་པ་གསལ་བོ་གསལ་རྐྱང་རེད། ཡིན་འང༌། བོད་གཞུང་གི་ཕྱོགས་ནས་གསལ་ཁ་མ་ཐོན་པ་ནི་བོད་གཞུང་གི་ལྟ་ཚུལ་མ་འགྲིག་པ་ཙམ་རེད། གཅིག་བྱས་ན་སྐུ་དྲག་དེ་ཚོས་རང་གི་ས་ཞིང་དང་གཞིས་ཀ་བདག་པོ་བྱེད་རྒྱུ་གཅིག་པུ་མ་གཏོགས་བསམ་བློ་བོད་ལ་བཏང་མེད་པའི་བདེན་དཔངས་ཡང་རཻད། བོད་གཞུང་གིས་ཚོགས་པ་དེ་ཉིད་ཀྱི་མགོ་ཁྲིད་སྦོམ་མདའ་ཡིན་པ་དང་ཚོགས་པ་དེ་ཉིད་ཀྱི་དངུལ་གྱི་ཡོངས་ཁུངས་རྒྱ་ནག་ན་ཡོང་གི་ཡོད་པ་ལས་གཞན་པའི་ཅང་ཤེས་རྟོགས་ཐུབ་མི་འདུག གནས་ཚུལ་འདི་འདྲ་ཞིག་གི་སྐབས་སུ་དབྱིན་གཞུང་ཡང་དགེ་ཆོས་ལ་དོགས་པ་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་པ་ཐོད་ཐུག་ནས་མཐར་ངན་པ་མཉམ་རུབ་ཀྱིས་དགེ་ཆོས་ཁྲིམས་དུ་བཅུག་པ་ཙམ་རེད།
དྲ་བདག་རབ་གསལ་ལགས།
སྐུ་ཉིད་ཀྱིས་ལ་རྩེ་དཔེ་མཛོད་ཁང་གི་དབུ་མཛད་མཁས་དབང་པདྨ་འབུམ་མཆོག་ལ་འབྲེལ་བ་རེ་བྱས་ཏེ་དགེ་ཆོས་སྐོར་གྱི་ཚོགས་འདིའི་ཟིན་ཐོ་དག་དྲ་ངོས་སུ་འཇོག་ཐུབ་ན་རྩོམ་པ་པོ་གྲགས་ཆེན་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་སོགས་ཀྱི་དོགས་པ་བསང་བའི་སྒང་ལ་དྲ་མི་མང་པོ་ཞིག་ལ་ཐུགས་ཕན་སོས་ཐག་ཆོད་རེད།
རེ་བསྐུལ་ཙམ་ཡིན། ཐུགས་རྗེ་ཆེ།
འཆི་བདག་སྐྱབས་ལ་།་ངེད་བསམ་འཆར་ཅི་འདོན།་་འདི་ངེད་་རང་གི་ལྟ་ཚུལ་ཙམ་ཞིག་ལས་དཔྱད་པ་ཞིབ་མོ་བཏང་མྱོང་མེད་།་་།་ང་ཚོས་དགེ་ཆོས་མ་ཉེས་ཁ་གཡོགས་ཀྱི་བཙོན་ཏུ་བཅུག་པ་རེད་ཟེར་ན།་ཐོག་མར་་ང་ཚོས་དགེ་ཆོས་ཀྱི་དངུལ་ལོ་རྫུན་མ་བཟོས་ཡོད་མེད་ཀྱི་སྐོར་ལ་ཁུངས་སྐྱེལ་དག་ཐེར་བྱ་དགོས་།་ཁྱེད་ཀྱིས་བཤད་པ་ལྟར་ན་བོད་གཞུང་གིས་དེའི་ཐོག་ནས་ཁོང་ལ་ཉེས་བ་བཟོས་བ་ཟེར་རེད་།་དེ་ན་དེ་ནི་སྲིད་གཞུང་ལས་ཀ་རེད་།་་མི་ལ་ཁྱད་མེད་པར་ཁྲིམས་ཀྱི་འོག་ནས་འདྲ་མཉམ་ཡིན་པ་འཛམ་གླིང་མང་གཙོ་རྒྱལ་ཁམས་གང་གི་ཡང་སྤྱི་སྲོལ་རེད་།་དངུལ་ལོ་རྫུན་མ་བཟོས་ན་འཛམ་གླིང་རྒྱལ་ཁམས་ཐད་ཀྱིས་་ཉེས་ཅན་དུ་བརྩི་བཞིན་ཡོད་པ་རེད་།་དེ་ན་བོད་གཞུང་བཀའ་ཤག་གིས་ཉེས་ཅན་ཉེས་མེད་དུ་གཏོང་དགོས་བ་རེད་དམ་།་་འདི་ལ་ལན་གསལ་བོ་ཤིག་འདེབས་དགོས་སྙམ་།་་ད་ལྟ་དགེ་ཆོས་ཀྱི་རླུང་རྟ་བརྒྱུགས་པའི་སྐབས་རེད་།་་སྐུ་དྲག་རླུང་རྟ་ཉམས་པའི་དུས་རེད་།་ང་ཚོས་སྐུ་དྲག་ཚོར་་སྡུག་ཅི་ཐུབ་བྱ་ཆོག་གིན་རེད་།་ཞ་སྒབ་པའི་རང་གི་མི་ཚེར་དཀའ་ལས་རྒྱབ་ནས་བྲིས་བའི་སྲིད་དོན་རྒྱལ་རབས་་ཡང་དགེ་ཆོས་ཀྱི་བྲིས་བ་རེད་ཅེས་བཤད་ཆོག་གིན་རེད་ལ།་དགེ་ཆོས་ལ་དཀར་འདོན་བྱ་དགོས་ཞེས་འུར་ཆེན་པོ་རྒྱབ་ཆོག་གི་ཡོད་པ་རེད་།་ཡིན་ནའང་གལ་སྲིད་སྐབས་དེར་བོད་གཞུང་གི་བཀའ་བློན་དག་གིས་དངོས་གནས་དྲང་གནས་ཀྱི་བོད་ཀྱི་སྤྱི་དོན་རྩ་རུ་བཟུང་ནས་དགེ་ཆོས་བཙོན་ཏུ་བཅུག་པ་ཡིན་ན།་་ང་ཚོས་ཁོ་ཚོར་མ་ཉེས་ཁ་གཡོགས་བྱས་བ་མ་རེད་དམ།་
བློ་བཟང་ཁོ་ཡག་པོ་ཆགས་འདུག ད་ལྟ་མཁས་ཚུལ་བཞེས་ཀྱི་འདུག དེ་སྔ་རྡ་སར་ཡོད་དུས་ཇ་ཁང་དུ་ཇ་རིན་སྤྲོད་རྒྱུ་མེད་པར་དཀའ་ངལ་ཕྲན་བུ་འཕྲད་པ་རེད་དེ། ད་ལྟ་བོད་དུ་ཕྱིར་ལོག་ནི་དཀའ་ངལ་མེད་པ་འདྲ།
རྡ་སའི་ཇ་ཁང་གི་བདག་པོས་སྡུག་མོ་མང་བོ་བཏང་རེད། པཱ་འགོ་ཁོ་ཇ་རིན་སྤྲོད་རྒྱུ་མེད་ན་ཇ་བཏུང་གི་ཡོང་གི་རེད་ཅེས་མང་བོ་མྱོང་རེད། ད་ལྟ་དགེ་འདུན་ཆོས་འཕེལ་ལས་ཀྱང་མཁས་རུ་ཕྱིན་འདུག་ག
ཛཱ་ཏི་ལགས་།་
ཁྱེད་རང་གི་སྐད་ཆ་དེ་ལ་དངོས་གནས་དྲང་གནས་ཀྱི་ཧ་ལས་བོ་དང་སེམས་སྐྱོ་བོ་བྱུང་།་དེ་བཞིན་དྲ་ཚིགས་འདིའི་་དོ་དམ་པ་་ཚོ་ལ་ཡང་སྐད་ཆ་འདི་འདྲ་ཤིག་ཤོད་རྒྱུ་བྱུང་།་བོད་ཀྱི་ཁ་དཔེར་ལྟར་།་རྫ་ཕ་རོལ་ཕ་ནང་རིག་སོང་།་འབྲོང་མགོ་རྡོ་ཡིན་པ་ཤེས་སོང་།་ང་རང་སྒེར་ལ་དམོད་ཚིག་དང་འཕྱ་དམོད་འདི་འདྲ་ཤིག་བྱས་འདུག་ཅིང་།་ཅི་མི་སྙམ་པར་ད་དུང་དྲ་ཚིགས་འདིའི་སྟེང་དུ་བཞག་འདུག་།་དེ་ལ་་ངེད་ཀྱི་་དགོངས་དག་བྱེད་པའི་རེ་བ་འདོན་རྒྱུ་ཡིན་།
ཛཱ་ཏི་ལགས་་་ད་ཁྱེད་རང་གིས་་ང་དེ་སྔ་རྡ་སར་ཡོད་དུས་ཇ་ཁང་དུ་ཇ་རིན་སྤྲོད་རྒྱུ་མེད་པར་དཀའ་ངལ་ཕྲན་བུ་འཕྲད་པ་ཡོད་པ་དང་་དེ།རྡ་སའི་ཇ་ཁང་གི་བདག་པོས་སྡུག་མོ་མང་བོ་བཏང་ཚུལ། པཱ་འགོ་ཁོ་ཇ་རིན་སྤྲོད་རྒྱུ་མེད་་མཁན་ཞིག་ཡིན་ཚུལ་གསལ་བོ་ཤིག་བཤད་དགོས་ཡོད་།་
་ང་བོད་ནང་སྐྱེས་ཤིང་།་ཨ་རི་ནས་སློབ་གཉེར་བྱས་ནས་་ད་ལྟ་དབྱིན་ཇིའི་སློབ་གྲ་ཆེན་མོ་ཞིག་ན་།་མི་རིགས་རིག་པའི་སྐོར་ལ་རབ་འབྱམས་པའི་སློབ་གཉེར་བྱ་བཞིན་ཤིག་ཡིན་།ད་ལ་ང་རྡ་སར་སྡོད་མྱོང་མེད་ལ་།་་ཇ་རིན་སྤྲོད་རྒྱུ་མེད་པ་ཞིག་གཏན་ནས་མིན་།་་ང་ལ་ང་ཚོའི་སློབ་གྲས་ལོ་གསུམ་གྱི་སློབ་ཡོན་དང་།་་ལྟོ་གོས་འདུག་གསུམ་གྱི་འགྲོ་གྲོན་ཆ་ཚང་སྤྲོད་ཀྱིན་ཡོད་།་ཐུབ་བསྟན་སྤྱིན་པའི་རྗེས་ནས་བོད་མི་ཞིག་གིས་སྙན་གྲགས་ལྡན་པའི་སློབ་གྲར་འདི་སློབ་གཉེར་བྱས་བཞིན་པ་རབ་འབྱམས་པའི་སློབ་གཉེར་བྱ་བཞིན་དང་པོ་དང་།་བོད་ནས་ཡོང་བ་ཐོག་དང་པོ་ཡིན་།
་
བློ་ངན་ལགས་སུ།
ཁྱོད་ཀྱི་སྤྱད་རྩོམ་དེ་མཐོང་དུས་ང་ལ་བྱུང་བའི་ཚོར་བ།
ཁྱོད་ཀྱི་དཔྱད་པའི་རིག་པ་དེ་ལྟར་ན་བོད་ཡིག་ནང་ཡོད་པའི་རྩོམ་ཆ་ཚང་སློབ་དཔོན་ཐུ་མི་ནས་རྐུན་མ་རྒྱབ་པ་ཡིན་པ་འདྲ།
རིག་པ་ཡིན་ན་སྔོན་འཇིག་རྟེན་འདིར་བྱུང་མ་མྱོང་བ་ཡིན་དགོས་པ་ཨི་རེད།
མཁས་འདོད་མིང་གྲགས་ལ་རེ་བ་དང་མངོན་པའི་ང་རྒྱལ་ཅན་བློ་ངན་པ་་་་་་་་་་་་་་་་་་་་་་་་ཁྱོད་འདྲ་བོ་མྱུར་དུ་ཤི་བར་ཤོག་་་་་་་་་་་་་་་་་་་་ཡོན་ཏན་ཆུང་ཆུང་ཉེན་ཁ་ཆེ
ཧུ་ཧུ་ཧུ། བློ་བཟང་། ཁྱོད་བོད་ནས་ཨ་རི་ལ་ཕྱིན། དེ་ནས་དབྱིན་ཡུལ་དུ་རབ་འབྱམས་པའི་སློབ་སྦྱོང་བྱེད་ཀྱི་ཡོད་ཨེ། ཨ་རོགས་ད་ལབ་མ་རྒྱག ཁྱོད་རྡ་སར་མེད་མུག་གིས་ཉི་མ་ཅི་འཁྱོལ་བྱེད་སྐབས། ངས་ཁྱོད་ལ་དབྱངས་སྒྲོན་ཟ་ཁང་གི་ནང་ནས་ཧིན་སྒོར་༥༠ཇ་རིན་སྤྲོད་བྱེད་དུ་སྦྱིན་མྱོང་བ་བརྗེད་སོང་ནི་མིན་ན། ད་དུང་ང་ཚོ་རྩེད་མོ་རྩེ་སྐབས་ང་ཚོས་ཁྱོད་ཀྱི་གདོང་གི་མདོག་དང་བཟོ་དབྱིབས་ལ་བལྟས་ཏེ་ནག་རིལ་ཁ་བུག་ཟེར་ནས་འབོད་ཀྱི་ཡོད་པ། ཧ་ཧ། ནག་རིལ་ཁ་བུག ད་ལབ་མ་རྒྱག
ཁྱོད་དགེ་ཆོས་ལ་མི་དགའ་ན་དེ་རང་གི་སྙིང་ན་སྤྱད་དང་། དེང་སང་ཇ་རིན་སྤྲོད་རྒྱུ་ཡོད་པའི་ཇ་རེ་རག་གི་ཡོད་ན་དེ་མི་ཞིམ་པའི་རྒྱུ་ཞིག་མ་གཏོགས་ཡོད་ནི་མ་རེད། དགེ་ཆོས་ནག་པོ་བཟོ་ཐུབ་ནི་མ་རེད། ཁྱོད་རང་གི་དུས་ཚོད་འཕྲོ་བརླག་གི་སྡུག་གྱོང་རེད། བོད་གཞུང་གིས་ཁུངས་སྐྱེལ་མ་ཐུབ་པའི་དངུལ་ལོ་རྫུན་མའི་གྱོད་གཞི་དེ་ད་ཁྱོད་ཀྱི་གཅིག་བྱས་ན་ཟེར་བའི་ཚིག་འདིས་ཁུངས་སྐྱེལ་ཐུབ་ནི་མ་རེད། དགེ་ཆོས་རང་གིས་ཀྱང་། གྲོགས་མཁར་གྱིས་ནི་སོགས་ཀྱི་ཚིགས་བཅད་དེ་ལ་དོ་སྣང་ཆེན་པོ་གནང་འདུག་པ་དང་། ཐེམ་པའི་ར་བ་བརྒལ་ལ་མ་ལྟོས་པར།། ལྷོ་ཕྱོགས་ཞིང་གི་ངོ་མཚར་ཀུན་མཐོང་བའི།། བདག་གི་དྲིན་གྱི་བུ་ལོན་ཁྱེད་ནས་ཁྱེད།། བདག་ལ་སླར་ཡང་གཤེ་བའི་བསྡིག་མོ་མཛོད།། ཅེས་བྲིས་པ་སོགས་ཀྱང་ཁྱོད་ལྟ་བུ་སྡིག་པའི་ཕྲུ་གུ་མ་ཡི་གཤེད་དུ་ལངས་བསྡད་པ་ཚོ་ལ་བྲིས་ནི་རེད། ད་དེ་ལས་དེང་སང་ནུབ་ཕྱོགས་སུ་སླེབས་པའི་དྲིན་གྱིས་གྲོད་ཁོག་ལྟོགས་ཀྱི་མེད་ན་སྐྱིད་པོ་བྱས་ནས་སྡོད་ལོ། དེ་ཡག་གི་རེད།
དངོས་གནས་ཡིན། ང་ཚོ་བོད་པ་སང་གི་མི་འདི་ཚོ་ངོ་མ་བྱ་རྩོག་གི ཕྲག་དོག་དགོས་ས་རྒྱལ་ཁབ་གཞན་གྱི་མི་དང་། ཁྱད་པར་དགྲ་བོ་རྒྱའི་མི་རིགས་ཀྱི་ཤེས་འཇོན་ཅན་ཚོར་ཕྲག་དོག་མི་བྱེད་པར་བོད་རང་གི་ནང་ནས་འབུར་དུ་ཐོན་པའི་མི་ཚོའི་མཚན་སྙན་ཅུང་ཙམ་རེ་ཡིན་ན་ཡང་མར་གཅོག་ཨེ་ཐུབ་ཀྱི་སྡུག་རུས་འདྲ་ཞིག་བྱེད་ཀྱིན་འདུག སྐབས་དེ་དུས་གཉིད་ཀྱང་དགོས་ཀྱི་མི་འདུག ཡ་མཚན་རེད། བློ་བཟང་། ད་ཁྱོད་ཀྱིས་དགེ་ཆོས་རིན་པོ་ཆེ་ལ་སྒྲོ་འདོགས་དང་སྐུར་འདེབས་ཀྱི་དེབ་ཕྲེང་བརྒྱ་ཐམ་པ་བྲིས་བཏང་རུང་དགེ་ཆོས་ཀྱི་མཚན་སྙན་མར་གཅོག་ཐུབ་ཀྱི་མ་རེད། དེ་ལས་རྡ་རམ་ས་ལར་སྡོད་སྐབས་ཧིན་སྒོར་སྟོང་ཕྲག་ཆ་རེ་གཡར་ཡོད་པའི་བུ་ལོན་ཚོ་སོད་ཐབས་བྱོས། ངས་ཁྱོད་ལ་བསམ་དཀར་ཡིན། གོ་བ་མ་ལོག་ཨ།
བློ་བཟང་ལགས་ཀྱིས་ “དེ་བཞིན་དྲ་ཚིགས་འདིའི་་དོ་དམ་པ་་ཚོ་ལ་ཡང་སྐད་ཆ་འདི་འདྲ་ཤིག་ཤོད་རྒྱུ་བྱུང་།་བོད་ཀྱི་ཁ་དཔེར་ལྟར་།་རྫ་ཕ་རོལ་ཕ་ནང་རིག་སོང་།་འབྲོང་མགོ་རྡོ་ཡིན་པ་ཤེས་སོང་།་ང་རང་སྒེར་ལ་དམོད་ཚིག་དང་འཕྱ་དམོད་འདི་འདྲ་ཤིག་བྱས་འདུག་ཅིང་།་ཅི་མི་སྙམ་པར་ད་དུང་དྲ་ཚིགས་འདིའི་སྟེང་དུ་བཞག་འདུག་།་དེ་ལ་་ངེད་ཀྱི་་དགོངས་དག་བྱེད་པའི་རེ་བ་འདོན་རྒྱུ་ཡིན་།” ཞེས་གསུངས་འདུག ཁྱེད་ལ་དམོད་ཚིག་ཅན་གྱི་མཆན་དེའི་ཨང་གྲངས་ཡང་གསུངས་ཐུབ་བམ།
ཁ་བརྡའི་ཐོག་མཆན་འབྲི་མཁན་མང་ཆེ་བ་འབྲོང་མགོ་རྡོ་མ་རེད། རྭ་རྩེ་རྣོན་པོ་རེད། ད་བར་དུ་གསོད་རེས་ལན་མང་བྱས་སོང་། བཀག་ནས་ཁོགས་པ་མི་འདུག ཡང་། བཀག་པ་དང་གློད་པ་ལ་ཡང་ལེགས་ཉེས་ཀྱི་བརྒྱ་ཆ་ཞིག་འབྱེད་རྒྱུ་འདུག མིང་ཚིག་འདི་དང་དེ་འགྲིག་གི་མི་འདུག་ཅེས་གསལ་པོར་གསུངས་རོགས།
སྐུ་ཞབས་བློ་བཟང་གིས་བཤད་པ་གནད་ལ་བབས་འདུག རིག་པ་གསར་བ་རེད། མུ་འཐུདན་ནས་གསུངས་དང། མྱིག་རྫོད་ཟེར་བ་སོགས་ནི་ཁྱི་འདྲ་བོ་རེད། ཟིག་གི་མེད་ས་ཞིག་ཡོད་ནི་མ་རེད།
བློ་བཟང་ལགས་ཀྱི་གསུང་ནི་དངོས་གནས་གནད་ལ་ཕིག་པོ་ཞིག་གསུང་འདུག་
གོང་དུ་དྲ་གྲོགས་ཤིག་གིས་དགེ་ལུགས་པ་ཚོ་དགེ་ཆོས་ལ་མི་དགའ་འདུག་ཅེས་པ་འདི་ནི་རྒྱུགས་པས་ལེབ་རྡུང་གི་སྐད་ཆ་ཞིག་རེད། དགེ་ལུགས་པའི་ནང་ན་དགེ་ཆོས་ལ་མི་དགའ་མཁན་བརྒྱ་དང་དགའ་མཁན་སྟོང་ཡོད། དེའི་དཔེ་མཚོན་གསལ་བོ་ཞིག་ནི་དགེ་ཆོས་གྲོངས་དུས་དགེ་ཆོས་ཀྱི་དགེ་རྒན་ཡིན་པར་བཤད་པའི་རྡོ་སྦིས་དགེ་བཤེས་ཀྱིས་སྤྱན་ཆབ་བཏང་སྟེ། མི་དཀྱུས་མ་སྟོང་གཅིག་ཤི་བ་ལས་དགེ་ཆོས་གྲོངས་པ་ཕངས་གསུངས་ལུགས་འདུག་པ་དང་། ངའི་བླ་མ་དགེ་ཆོས་དང་བཀྲ་ཤིས་འཁྱིལ་ནས་འཛིན་གྲྭ་གཅིག་པ་ཨ་ལགས་ཡོངས་འཛིན་ཚང་གིས་ཀྱང་ནམ་ཞིག་དགེ་ཆོས་ཀྱི་སྐོར་གསུང་དུས་དགེ་ཆོས་ལ་གདེང་འཇོག་ཅིག་མ་གཏོགས་མི་དགའ་བའི་གསུང་ཚིག་གཅིག་ནམ་ཡང་ཐོས་མྱོང་མེད། ལྷག་པར་དེང་སང་གི་དགེ་ལུགས་པའི་གྲྭ་གཞོན་ཤེས་རབ་ཅན་དག་གི་ཁྲོད་དུ་དགའ་ཆོས་ལ་དགའ་མཁན་ཁྲི་སྟོང་ཡོད་པར་ཁས་ལེན་ཐུབ། དགེ་ཆོས་འཚོ་བཞུགས་སྐབས་ཀྱི་དགེ་ལུགས་པའི་དབུ་ཁྲིད་ཨང་གསུམ་པ་དགའ་ལྡན་ཁྲི་བ་མི་ཉག་སྟོང་འདུས་དང་སྐབས་དེའི་དགེ་ལུགས་པའི་གསུང་ཆོས་ཀྱི་མགོ་ཁུངས་གཏུགས་ས་ཆགས་ཡོད་པའི་ཕ་བོང་ཁ་སོགས་དེ་དུས་ཀྱི་དགེ་ལུགས་པའི་བླ་ཆེན་གང་མང་ཞིག་གིས་དགེ་ཆོས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གདེང་འཇོག་བྱས་འདུག ཐ་ན་དགེ་ཆོས་བཙོན་ཁང་དུ་ཡོད་དུས་ཡོངས་འཛིན་ཁྲི་བྱང་ཚང་གིས་ཞབས་ཞུ་བརྒྱུད་དེ་དགེ་ཆོས་ལ་བཞེས་ལག་བསྐྱལ་བ་དང་། འབྲས་ཀླུ་འབུམ་ཁང་ཚན་ནས་དགེ་ཆོས་རྒྱ་གར་ནས་བསླེབས་མ་ཐག་ནས་བཟུང་སྟེ་མཐའ་མར་བཙོན་ནས་ལེན་དུས་དང་བཙོན་ནས་ཐར་བའི་རྗེས་ཀྱི་བཞུགས་གནས་སོགས་གང་ཅིའི་ཐད་ཅི་ཐུབ་ཀྱིས་རོགས་རམ་བྱས་འདུག་པས། དགེ་ལུགས་པ་དགེ་ཆོས་ལ་དགའ་གི་མ་རེད་ཅེས་པ་འདི་ནི་དགེ་ཆོས་ཀྱི་ལོ་རྒྱུས་དངོས་ལ་རྒྱུས་ཆུང་བ་དག་ལ་མཚོན་ན་མགོ་བོ་རྨོངས་ཤིང་དཀྲུགས་ཤིང་དུ་ཡང་མི་འགྱུར་བའི་ངེས་པ་མེད་ན། དྲ་གྲོགས་རྣམ་དཔྱོད་དང་ལྡན་པ་དག་གིས་དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་དང་རག་ར་ཚང་གི་དགེ་ཆོས་ཀྱི་རབ་བྱེད། ཧོར་ཁང་བའི་དགེ་ཆོས་ཀྱི་ལོ་རྒྱུས། མི་རྒན་ཤེར་རྒྱམ་པའི་དགེ་ཆོས་ལོ་རྒྱུས་སོགས་གུང་བསྒྲིགས་ནས་བལྟས་ཏེ་གཞི་ནས་དགེ་ལུགས་ཚང་དགེ་ཆོས་ལ་དགའ་དང་མི་དགའ་བའི་སྡོམ་ཚིག་ཅིག་བཞག་ན་ད་གཟོད་འཕྱིས་དྲགས་ཡོད་ཀྱི་མ་རེད་བསམས། དཔེར་ན་ཟླ་བ་བཟང་པོས་དགེ་ཆོས་སྐུ་བསྙུང་བཞེས་ནས་ཡོད་དུས་སུ་ཡང་རང་དོན་དཔེ་ཁྲིད་ཞུ་ཆེད་དུ་ཨ་རག་གཟན་འོག་ཏུ་བཅུག་ནས་ཡོང་སྟེ་ཁོང་ལ་བླུད་ནས་བསྙུང་གཞི་ཇེ་སྡུག་ཏུ་འགྲོ་བའི་ཉེར་ལེན་བསྒྲུབས་པ་འདིས་རྙིང་མ་ཚང་དགེ་ཆོས་མི་དགའ་བར་བསྒྲུབ་མི་ཐུབ་པ་བཞིན་ནོ།།
མགོན་པོ་ལགས་ནས་བློ་བཟང་ལགས་ལ་མཚན་སྨད་གནང་བ་ནི་དངོས་གནས་མི་འོས་པ་ཞིག་རེད། དེའི་ཐད་ཁྱེད་ནས་ངེས་པར་དགོང་དག་ཞུ་དགོས།
ཆད་པ།
དགེ་ཆོས་མི་དགའ་བར་
དགེ་ཆོས་ལ་མི་དགའ་བར་་
དེ་མིན་ལྟ་གྲུབ་ཀྱི་ཁྱད་པར་བྱུང་བའི་བར་ནས་ཚིག་གི་ཟུར་མདའ་འཕེན་རེས་བྱས་པ་ཙམ་གྱིས་དེ་ལྟར་ཟེར་བ་ཡིན་ན་ནི། རྒྱ་གར་འཕགས་པའི་ཡུལ་དུ་ཡང་མགོན་པོ་ཀླུ་སྒྲུབ་ཤྰ་རིའི་བུ་སོགས་ཐེག་དམན་པའི་དགྲ་བཅོམ་ཆེན་པོ་དག་ལ་མི་དགའ་བ་དང་། འཕགས་པ་ཐོགས་མེད་མགོན་པོ་ཀླུ་སྒྲུབ་ལ་མི་དགའ་བ་དང་། ཟླ་བ་གྲགས་པ་དང་ཞི་བ་ལྷ་སོགས་འཕགས་པ་ཐོགས་མེད་ལ་མི་དགའ་བ་དང་། བོད་དུ་འདུལ་བའི་བསྟན་པར་དག་ཐེར་བྱེད་མཁན་ཇོ་བོ་རྗེ་སློབ་དཔོན་པདྨ་འབྱུང་གནས་ལ་མི་དགའ་བ་དང་། ས་པཎ་བཀའ་བརྒྱུད་པའི་སྒོམ་ཆེན་སྐོར་ཞིག་ལ་མི་དགའ་བ་དང་། བཀའ་བརྒྱུད་པ་སྐོར་ཞིག་རྗེ་ས་པཎ་ལ་མི་དགའ་དང་། རྗེ་བླ་མ་བོད་སྔ་རབས་པ་རྔོགས་ལོ་ཡབ་སྲས་དང་ས་ཆེན་གོང་མ་སོགས་ལ་མི་དགའ་བ་དང་། གོ་ཤྰག་སྟག་གསུམ་དང་ཀརྨ་མི་བསྐྱོད་རྡོ་རྗེ་སོགས་རྗེ་ཙོང་ཁ་པར་མི་དགའ་བ་དང་། པཎ་ཆེན་བསོད་གྲགས་དང་འཇམ་བཞད་སོགས་གོ་ཤྰག་སྟག་གསུམ་ལ་མི་དགའ་དང་སོགས། སངས་རྒྱས་དང་བྱང་སེམས་འདི་དག་གཅིག་གིས་གཅིག་ལ་མི་དགའ་བའི་གང་ཟག་ཡིན་པར་ཁས་ལེན་དགོས་པས། དེ་ལྟར་ཡིན་པར་ང་ཚོ་སུས་ཀྱང་ཁས་ལེན་བྱེད་མི་ཐུབ། གོང་གི་མཁས་གྲུབ་འདི་དག་གིས་ལྟ་གྲུབ་མི་འདྲ་བས་གཅིག་གིས་གཅིག་ལ་དགག་གཞག་བྱེད་པ་མ་གཏོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་སྟེ་རང་དོན་ཁོག་བཅུག་གིས་གཅིག་གིས་གཅིག་ལ་མི་དགའ་བ་བྱས་པ་ཞིག་གཞར་ཡང་མ་ཡིན་ནོ།།ཡིན་ན་ཡང་དེ་ལྟར་ཡིན་པ་མ་ཤེས་ནས་བླུན་པོ་ཆགས་སྡང་གིས་སྨྱོས་པ་སྐོར་ཞིག་གིས་མཁས་གྲུབ་ཆེན་པོ་དེ་དག་ང་རྒྱལ་དང་ཞེ་སྡང་རང་མཚན་པའི་དབང་དུ་སོང་སྟེ་འཇིག་རྟེན་པས་རྒྱུ་ནོར་རྩོད་སྟངས་འདྲ་བོ་བྱེད་པ་ཞིག་ཏུ་མཐོང་ནས་ཅིག་ཅིག་ལ་དགའ་གི་མ་རེད། དེའི་རྐྱེན་གྱིས་ང་ཡང་ཁོ་ལ་མི་དགའ་ཞེས་ཡུལ་གཉན་པའི་སྐྱེས་བུ་དམ་པ་དག་ལ་སྐུར་བ་འདེབས་ཅི་ཐུབ་བྱེད་པ་ཡིན་ནོ།། ས་མཚམས་འདི་མ་ཤེས་ནས་རང་རང་གི་གྲུབ་མཐའ་དེར་མི་གཏོགས་པའི་གང་ཟག་དང་དགོན་སྡེ་ནི་ཕྱི་རོལ་པ་ཁ་ཆེའི་དགོན་སྡེ་དང་ཁ་ཆེའི་ཆོས་བྱེད་མཁན་ལྟ་བུར་བལྟས་ནས་ཆགས་སྡང་གིས་བོད་མི་ནང་ཁུལ་གཅིག་སྒྲིལ་ནམ་ཡང་མེད་པར་དགེ་ལུགས་ཚང་གིས་ག་རེ་བྱེད་ཀྱིན་འདུག རྙིང་མ་ཚང་གིས་ག་རེ་བྱེད་ཀྱིན་འདུག ཅེས་ཕར་ཕྱོགས་དེ་ནང་པ་སངས་རྒྱས་པ་ཞིག་ཡིན་པ་ངོས་ཟིན་དགོས་པའི་གཞི་རྩའི་རྨང་གཞིའི་ལྟ་གྲུབ་དེ་གཏིང་བརྗེད་དུ་སོང་ནས་ཆོས་ལུགས་ཕྱོགས་རིས་ཀྱི་འཐེན་འཁྱེར་བྱེད་པ་ཡིན་ནོ།།
ད་ལས་ཀ་མེད་མཁན་དེ་ཚོས་དགེ་ཆོས་ཤི་ས་ལའང་འདུག་བཅུག་གི་མི་འདུག མཚམས་ཤིག་ནས་ཁྱེད་ཚོས་དགེ་ཆོས་ནས་གཡུ་སྒྲོན་གཉིས་ལ་ཐེངས་ག་ཚོད་རྒྱབ་ཡོད་མེད། དེ་ཡང་ཟླ་ཚེས་དང་བཅསཨོལ་ཚོད་མི་བཤད་པའི་ངེས་པ་མི་འདུག་པས་ད་ནི་དགེ་ཆོས་ཤི་ས་བསྡད་བཅུག་ན་ཕན་ཐོག་ཆེ་ས་རེད་མ་གཏོགས་མང་པོ་བཤད་ན་ཁོང་ཅི་ཡང་མི་ཤེས་པའི་གྲོང་པའི་ཕལ་རྒན་ཞིག་ཏུ་བསྒྲུབ་ས་རེད། ཐུགས་རྗེས་གཟིགས། ད་མཚམས་འཇོག་རོགས།
བློ་བཟང་ལགས། ཁྱེད་རང་གི་གནས་སྟངས་གཞན་གྱིས་ཤེས་རྟོགས་བྱུང་བ་སེམས་པ་སྐྱོ་བོ་བྱུང་ཡོད་ས་རེད་དགོངས་དག ༼ཛཱ་ཏི་ལགས་་་ད་ཁྱེད་རང་གིས་་ང་དེ་སྔ་རྡ་སར་ཡོད་དུས་ཇ་ཁང་དུ་ཇ་རིན་སྤྲོད་རྒྱུ་མེད་པར་དཀའ་ངལ་ཕྲན་བུ་འཕྲད་པ་ཡོད་པ་དང་་དེ།རྡ་སའི་ཇ་ཁང་གི་བདག་པོས་སྡུག་མོ་མང་བོ་བཏང་ཚུལ། པཱ་འགོ་ཁོ་ཇ་རིན་སྤྲོད་རྒྱུ་མེད་་མཁན་ཞིག་ཡིན་ཚུལ་གསལ་བོ་ཤིག་བཤད་དགོས་ཡོད་།༽ གསལ་བཤད་ངས་ཞུ་མ་དགོས་པར་གཞན་གྱིས་ཁྱེད་རང་གི་གནས་ཚུལ་དང་མིང་ལ་ནག་རིལ་ཁ་བུག་ཅེས་འབོད་ཀྱི་ཡོད་པ་སོགས་གསལ་བོ་བཀོད་འདུག་པས་འཐུས་པར་འཚལ།
འགྱིག་གི་དགའ་མ་ཉར་བའི་དགེ་གཅིག །
མའོ་ལ་དད་པ་བྱེད་པའི་དུང་དཀར་གཉིས།།
དུ་བས་ཆུང་མ་སྲེག་པའི་དོན་རྒྱལ་གསུམ།།
མར་མའོ་རྗེས་འབྲང་འདི་གསུམ་བདུད་རིགས་ཡིན།
དགེ་གཅིག་་་་དགེ་ཆོས་གཅིག་ལ་བཅོས་རོགས
འགྱིག་གི་དགའ་མ་ཉར་བའི་དགེ་ཆོས་གཅིག །
མའོ་ལ་དད་པ་བྱེད་པའི་དུང་དཀར་གཉིས།།
དུ་བས་ཆུང་མ་སྲེག་པའི་དོན་རྒྱལ་གསུམ།།
མར་མའོ་རྗེས་འབྲང་འདི་གསུམ་བདུད་རིགས་ཡིན།
ཨ་རོགས། སྐུ་སྨྱོན། ཁྱོས་འབེན་མ་མཐོང་བའི་མདའ་གང་ལ་འཕེན་གྱི་ཡོད། སུ་ལ་འཕེན་གྱི་ཡོད་ན་དེའི་མིང་དང་དེའི་ཚིག་རེ་རེ་ནས་ལུངས་དྲངས་ཏེ་དེ་ནས་སྐད་ཆ་བཤད་རྒྱུ་གལ་ཆེ། ངས་སོ་གོ་ཤྰག་སྟག་གསུམ་དང་ཀརྨ་མི་བསྐྱོད་རྡོ་རྗེ་སོགས་ཙོང་ཁ་པར་མི་དགའ་བས་རྐྱེན་གྱིས་ང་ཡང་ཁོང་ལ་དགའ་གི་མེད་ཅེས་བཤད་ཀྱིན་མེད་དོ།། ངས་ཟེར་ན་འདས་པའི་ལོ་རྒྱུས་ཐོག་བོད་ནང་གི་ཆོས་ལུགས་འཐེན་ཁྱེར་དམག་འཁྲུག་གི་བརྒྱ་ཆའི་དགུ་བཅུ་གོ་དགུ་དང་། གྲངས་ཆུང་དགུ་བཅུ་གོ་དགུ་དགེ་ལུགས་པས་བྱས་འདུག ཅི་འདྲ་འདྲའི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་གསོན་པོར་སྐེ་བཅད་འདུག ད་དུང་སོག་པོ་ནང་ཁྲིད། གོ་མིན་ཏང་ནང་ཁྲིད། བཅིང་གྲོལ་དམག་མི་ནང་ཁྲིད་སོགས་རི་རབ་ལས་ཆེ་བའི་ནག་ཉེས་ཅི་ཙམ་བསགས་འདུག རྙིང་མ་ས་སྐྱ་སོགས་ལ་བལྟས་ན་དགེ་ལུགས་པ་འདི་བོད་ལ་བྱུང་ནས་ལོ་རྒྱུས་ཐུང་ཤོས་ཡིན་ཡང་། རྙོག་དྲ་ཆེས་མང་ཤོས་རེད་འདུག མཐའ་ད་དུང་མི་གསོད་ཁྲག་སྦྱོར་དང་། དམ་སྲི་བརྟེན་རྒྱུ། རྒྱ་ནག་དང་དཔུང་པ་མཉམ་སྒྲིལ་བྱས་ཏེ་བོད་འགྱེལ་བའི་རྒང་ལ་རྡོག་རྫིས་བྱེད་རྒྱུ་སོགས་མཚམས་འཇོག་གི་མི་འདུག ངོ་མ་ཅི་ཞིག་མ་འགྲིག་པ་ཡིན་ནམ། དགེ་ལུགས་པ་ཟེར་བ་འདི་བོད་ལ་བྱུང་བའི་རྒྱུ་དེ་དང་རྐྱེན་དེ་བྱུང་རྐྱེན་དེ་ལ་བརྟེན་ནས་ཆོས་ལུགས་དམག་འཁྲུག་སོགས་ཀྱི་སྐབས་སུ་མ་མཐའ་ཡང་ཤ་ཁྲག་གཅིག་པའི་བོད་མི་ཁྲི་གཅིག་གི་སྲོག་ངེས་པར་དུ་ཤོར་ཡོད་པ་རེད། དེ་ཡང་ལོ་རྒྱུས་ངོ་མ་ཚོ་ལ་བལྟས་ཡོང་དུས་བོད་ཡུལ་ཡོངས་རྫོགས་དགེ་ལུགས་ལ་བསྒྱུར་དགོས་ཞེས་བཤད་ནས་རྐང་བཙུགས་ཏེ་དམག་འཁྲུག་བྱས་པ་འབའ་ཞིག་རེད་འདུག ངས་རྒྱུ་མཚན་འདི་ཚོར་བལྟ་གི་ཡོད་མ་གཏོགས་གོ་ཤྰག་སྟག་གསུམ་དགའ་མ་དགའ་ལ་བལྟ་གི་མེད། ལོ་ཁ་ཤས་སྔོན་ང་འབྲུག་ཡུལ་དུ་ལན་གཅིག་ཕྱིན་པ་ཡིན། ཡུལ་དེ་ཁྱོན་ཡོངས་ནས་དགེ་ལུགས་ལ་དགའ་གི་མི་འདུག དགེ་ལུགས་ཟེར་ན་རྣ་བ་ལག་པས་འགེབ་ཀྱི་འདུག མི་ཚང་འགའ་ཞིག་གིས་ཕྲུ་གུ་རྒྱ་གར་གྱི་དགེ་ལུགས་དགོན་པ་རེའི་ནང་དུ་སློབ་སྦྱོང་ལ་སོང་བ་རེད་ཟེར་ནས་ཁྱིམ་ཚང་དེ་ལ་རྣམ་རྟོག་བྱེད་ཀྱི་འདུག ཁྱིམ་མཚེས་ཚོ་དང་མཉམ་དུ་ཇ་འཐུང་རེས་མེད་པ་ཆགས་འདུག ངས་ཡུལ་མི་འགའ་ལ་རྒྱུ་མཚན་འདྲི་དུས་དགེ་ལུགས་པས་མི་གསོད་ཀྱི་རེད། དཔུང་པ་མན་ཆད་ཁྲག་གི་དམར་པོ་ཡིན་ནི་རེད། འབྲུག་ཡུལ་དུ་དགེ་ལུགས་པ་ཞིག་བྱུང་ན་བཀྲ་ཤིས་པའི་ཡུལ་ལུང་འདི་ཚར་སོང་བ་རེད་ཟེར། ཁར་ཉིན་ང་སིང་ག་པོར་ལ་ཡོད་དུས་རྒྱ་མི་ཁ་ཤས་རྒྱ་གར་དུ་གནས་སྐོར་ལ་ཕྱིན་པའི་སྐོར་ལས་འཕྲོས་ཏེ་གླེང་མོ་བྱས་དུས། ཁོང་ཚོས་ཟེར་ན་དགེ་ལུགས་པ་འདི་བོད་ཀྱི་ཁ་ཆེ་བ་རེད་ཟེར། སྟོན་པ་ཤཀྱ་ཐུབ་པས་ཆོས་གོས་གྱོན་ནས་མི་གསོད་དགོས་གསུངས་ཡོད་མ་རེད་ཟེར། འོ་དེ་འདྲ་རེད། འདི་ཚོས་ཀྱང་གོ་ཤྰག་སྟག་གསུམ་དགའ་མ་དགའི་སྐོར་གླེང་གི་མི་འདུག དེང་སང་འཛམ་གླིང་ཕྱོགས་ཡོངས་ནས་དགེ་ལུགས་ལ་མི་དགའ་མཁན་ཇེ་མང་དུ་འགྲོ་གི་འདུག་པ་དེ་མིས་རྒྱུ་མཚན་ཤེས་རྒྱུ་ཇེ་མང་ལ་འགྲོ་གི་ཡོད་པའི་རྟགས་རེད་བསམ་གྱི་འདུག
སྐུ་ཞབས་མྱིག་རྫོད་ལགས། ག་དུས་ཡིན་ཡང་དགེ་ལུགས་ཚང་གིས་ཅིག་བྱས་རབས་ཐུ་རབས་མ་གསུངས་པར་དུང་དཀར་བློ་ འཕྲིན་གྱིས་བོད་མི་དམར་ཕྱོགས་པ་ཞིག་ངོས་ནས་བྲིས་པའི་བོད་ཀྱི་ཆོས་སྲིད་ཟུང་ འབྲེལ་སྐོར་བཤད་པ་ཞེས་པའི་དེབ་དེ་ཚར་གཅིག་ཀློགས་དང་། དེ་ནས་ཁྱེད་ལ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་རྗེས་འཇུག་ཆེན་པོར་གྲགས་པ་ཁག་ཅིག་དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་ རེད་བསམ་པའི་ཕྱོགས་རིས་མེད་པའི་ལྟ་བ་ཞིག་རྒྱུད་ལ་སྐྱེ་ཁོ་ཐག་ཡིན། ལྷག་པར་དུ་ས་འབྲིའི་གཡུལ་འཁྲུག་སྐབས་ཏེ་འབྲི་གུང་སྡེ་གཟར་ཆེན་མོའི་སྐབས་སུ་ ཉི་མ་གཅིག་ལ་འབྲི་གུང་བའི་སྐྱ་སེར་བཞི་སྟོང་བསད་དེ་འབྲི་གུང་ཆོས་གྲྭ་ཡོངས་ རྫོགས་ཁྲག་ལ་བསྒྱུར་པས་མི་ཚད། འབྲི་གུང་ཐེལ་གྱི་གདན་ས་ཆེན་མོ་མེས་བསྲེགས་ནས་རྩ་མེད་བཟོས་པ། ཀརྨ་བསྟན་སྐྱོང་དབང་པོས་སྲིད་དབང་བཟུང་བའི་སྐབས་སུ་ཀར་ལུགས་པ་སྐོར་ཞིག་གིས་ དགེ་ལུགས་ མིང་མེད་དུ་གཏོང་རྩིས་ཀྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་ བྱེད་དུ་མ་བཅུག་པ་དང་། ལོ་ངོ་ཉི་ཤུའི་རིང་ལ་དགེ་ལུགས་པས་བཙུགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་ ལུགས་ཚང་ཕེབས་སུ་མ་བཅུག་པར་ལྷ་སའི་གཡས་གཡོན་གྱི་ས་དགེའི་གྲྭ་པ་བརྒྱ་སྐོར་ རེ་འཚོགས་ནས་བསྡད་པ་སོགས། ཁྱོས་དགེ་ལུགས་གཅིག་པོའི་སྟེང་ནས་མཐོང་བའི་ལོ་རྒྱུས་ཀྱི་གྲིབ་ནག་དེ་གྲུབ་ མཐའ་གཞན་པ་དེ་ཚོའི་རྗེས་འཇུག་ཏུ་ཁས་འཆེ་བའི་ཆེན་པོ་དག་གི་སྟེང་ནས་མཐོང་ཡོང་ གི་འདུག ཆོས་བརྒྱུད་གྲུབ་མཐའ་ཚོའི་ལོ་རྒྱུས་ལ་བལྟ་ན་དང་པོར་རང་ཉིད་གང་དུ་གཏོགས་པའི་ གྲུབ་མཐའ་དེའི་གྲས་ནས་ཟུར་དུ་བུད་དེ་རང་ཉིད་གྲུབ་མཐའ་གང་ལ་ཡང་མི་གཏོགས་པའི་ ལོ་རྒྱུས་ཞིབ་འཇུག་པ་ཞིག་ཏུ་ཚུལ་དུ་བསྡད་དེ་ཉམས་ཞིབ་བྱས་ན་ད་གཟོད་ཆོས་ལུགས་ གྲུབ་མཐའི་ལོ་རྒྱུས་ངོ་མ་དེའི་གདོང་རིས་མཐོང་གི་རེད་མ་གཏོགས། དང་པོ་ཉིད་ནས་རང་ཉིད་གང་ལ་གཏོགས་པའི་གྲུབ་མཐའ་དེ་ནི་སྐྱོན་ཀུན་ཟད་ཡོན་ཏན་ ཀུན་ལྡན་ཞིག་ཏུ་བསམས་ནས་ལོ་རྒྱུས་སྟེང་གི་ནག་ཐིག་ཡོད་ཚད་ཆོས་ལུགས་གཞན་པའི་ རྗེས་འཇུག་པ་ཚོའི་སྟེང་ནས་འཚོལ་ཅི་ཐུབ་བྱས་ན་ཕྱོགས་ལྷུང་མེད་པའི་ལོ་རྒྱུས་ ཞིབ་འཇུག་པ་ཞིག་ཡོང་རེ་ཡོད་ནི་མ་རེད། ཁ་སང་སྔོན་མར་ཁྱེད་ཅག་གིས་དགེ་ལུགས་པ་ངན་རབ་ཐུ་རབས་དང་། རང་ཉིད་གང་དུ་གཏོགས་པའི་ཆོས་བརྒྱུད་དེ་བཟང་རབས་རྒྱན་རབས་ཟེར་ནས་ངར་ངར་ཤོར་ ཤོར་གཉེན་ཉེ་བས་མཐོང་ན་མཆི་མ་ཤོར་དགོས་པ་ཞིག་དང་། སྡང་དགྲ་བོས་གོ་ན་ཐལ་མོ་རྡེབ་དགོས་པ་ཞིག་ལན་མང་བྱས་སོང་སྟེ། ང་ནི་རང་ཉིད་ནང་པ་ཞིག་ཡིན་པའི་འདུ་ཤེས་མ་གཏོགས་ཆོས་བརྒྱུད་བྱེ་བྲག་པ་གང་ ཞིག་གི་ཕྱོགས་ནས་ལངས་ཏེ་ལོ་རྒྱུས་སྟེང་གི་བླ་མ་དང་དཔོན་པོ་རེ་ཟུང་གི་བྱེད་ སྤྱོད་ལ་བརྟེན་ནས་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ནག་པོ་ནག་རྐྱང་བདུད་ཀྱི་ གྲུབ་མཐའ་རེད་ཟེར་ནས་དམྱལ་བའི་མེ་ནང་དུ་བསྐལ་བ་ཆེན་པོ་དུང་ཕྱུར་ནས་དུང་ ཕྱུར་དུ་སྡུག་བསྔལ་དོས་དྲག་པོ་མྱོང་བཞིན་སྡོད་མི་ནུས་ལ། ད་ནི་རང་ཉིད་ཀྱིས་སྤེལ་བའི་དགེ་ཆོས་ཚང་གི་ཁྱིམ་ཚང་གི་འབྲེལ་བའི་སྐོར་ཞིག་ གི་གླེང་བརྗོད་ཀྱི་བར་ནས་འདི་ལྟར་དགེ་ལུགས་པ་ཚོ་དགེ་ཆོས་ལ་དགའ་མི་དགའི་ འཐེན་འཁྱེར་གྱི་གླེང་སློང་གི་འདུག་པས། རང་གི་ལྟ་ཚུལ་ཙམ་ཞིག་བརྗོད་པ་ཡིན། གང་ལྟར་དུང་དཀར་ཚང་གིས་དམར་ཕྱོགས་པ་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ཚུལ་དུ་ཟུར་ ནས་བསྡད་དེ་བོད་པའི་ཆོས་བརྒྱུད་གྲུབ་མཐའ་ཚོའི་ལོ་རྒྱུས་སྟེང་གི་འགལ་འབྲེལ་ ཞིབ་ཕྲ་བྲིས་ཡོད་པའི་ཆོས་སྲིད་ཟུང་འབྲེལ་གྱི་དེབ་དེར་ཐེངས་གཅིག་གཟིགས་རོགས་ ཞུ་རྒྱུ་ཡིན་ལགས། བཤད་ན་སྐྱུག་བྲོ་བའི་ལོ་རྒྱུས་ཀྱི་སྐྱོ་གར་འདི་ཡང་སྐྱར་གླེང་གི་མིན། ལུས་ངག་ཡིད་གསུམ་གྱི་འགུལ་སྐྱོད་ཡོངས་རྫོགས་འཕྲོ་བརླག་རེད། ཆོས་སྤོང་གི་ལས་ངན་ཇེ་མང་དུ་གསོག་པའི་རྒྱུ་ཆ་རེད།
ཀླུ་སྨྱོན་གྱིས་ཡག་པོ་བཤད་འདུག “ཆོས་བརྒྱུད་གྲུབ་མཐའ་ཚོའི་ལོ་རྒྱུས་ལ་བལྟ་ན་དང་པོར་རང་ཉིད་གང་དུ་གཏོགས་པའི་གྲུབ་མཐའ་དེའི་གྲས་ནས་ཟུར་དུ་བུད་དེ་རང་ཉིད་གྲུབ་མཐའ་གང་ལ་ཡང་མི་གཏོགས་པའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཏུ་ཚུལ་དུ་བསྡད་དེ་ཉམས་ཞིབ་བྱས་ན་ད་གཟོད་ཆོས་ལུགས་གྲུབ་མཐའི་ལོ་རྒྱུས་ངོ་མ་དེའི་གདོང་རིས་མཐོང་གི་རེད་” ཟེར་བ་འདི་ལེགས་བཤད་ཅིག་རེད་འདུག འོན་ཀྱང་ངས་ག་དུས་ཡིན་ཡང་ཆོས་བརྒྱུད་གཞན་ཚོར་ལོ་རྒྱུས་སྡུག་པོ་གཅིག་ཀྱང་ཡོད་ནི་མ་རེད་ཟེར་གྱི་མེད། ལོ་རྒྱུས་སྡུག་པོ་མེད་ས་ཞིག་དཀོན་རུང་དགེ་ལུགས་ཚང་གི་ལོ་རྒྱུས་སྡུག་པོ་འདི་མང་དྲག་པ་དང་། ཧ་ཅང་ཐལ་ཆེ་འདུག་ཟེར་གྱི་ཡོད། དེར་བརྟེན་གོང་དུ་“རྙིང་མ་ས་སྐྱ་སོགས་ལ་བལྟས་ན་དགེ་ལུགས་པ་འདི་བོད་ལ་བྱུང་ནས་ལོ་རྒྱུས་ཐུང་ཤོས་ཡིན་ཡང་། རྙོག་དྲ་ཆེས་མང་ཤོས་རེད་འདུག མཐའ་ད་དུང་མི་གསོད་ཁྲག་སྦྱོར་དང་། དམ་སྲི་བརྟེན་རྒྱུ། རྒྱ་ནག་དང་དཔུང་པ་མཉམ་སྒྲིལ་བྱས་ཏེ་བོད་འགྱེལ་བའི་རྒང་ལ་རྡོག་རྫིས་བྱེད་རྒྱུ་སོགས་མཚམས་འཇོག་གི་མི་འདུག” ཅེས་བྲིས་པ་ཡིན། དཔེར་ན་བཀའ་བརྒྱུད་པའི་ནང་དུ་ཀརྨ་པ་གཉིས་བྱོན་པས་དཀའ་ངལ་མང་པོ་དང་འཕྲད་ཡོད་ཀྱང་། ད་དུང་མི་གསོད་ཁྲག་སྦྱོར་བྱེད་སོགས་འཇིགས་སྐུལ་རིང་ལུགས་པས་ལས་ཀ་བྱེད་ཀྱི་མི་འདུག་ག དགེ་ལུགས་ཚང་གིས་་་་་་་་་་་་་་་་་་་་་་་་་་་་་་།
ད་ངས་ཁྱོད་ལ་གནས་ལུགས་ངོ་མ་བཤད་ན་ངས་གྲུབ་མཐའ་གང་རུང་ཞིག་གི་ཚབ་བྱས་ནས་དགེ་ལུགས་ལ་སྡང་པོ་བྱེད་ཀྱི་མེད། ཁྱོད་ཀྱིས་ཟེར་བ་བཞིན་རང་ཉིད་གང་དུ་གཏོགས་པའི་གྲུབ་མཐའ་དེའི་གྲས་ནས་བུད་དེ། གྲུབ་མཐའ་གང་ལ་ཡང་མི་གཏོགས་པའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཏུ་ཚུལ་དུ་ཞིབ་འཇུག་བྱས་རུང་། རྒྱ་ནག་གི་རྙོག་དྲ་ཕར་ཕུད་པའི་བོད་ཀྱི་བཀྲ་མ་ཤིས་པའི་དོན་དག་བརྒྱ་ཆའི་དགུ་བཅུ་གོ་དགུ་དགེ་ལུགས་པའི་ནང་ནས་བྱུང་འདུག ད་དུང་མ་འོངས་པར་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་འདྲ་བྱུང་ན་སྐབས་དེར་དགེ་ལུགས་པའི་དགའ་ལྡན་དགོན་པ་གཉིས་སོགས་ཀྱི་བར་ལ་དོལ་རྒྱལ་སྐོར་གྱི་རྙོག་དྲ་ཅི་ཡོང་ལྟད་མོ་བལྟ་ཆོག་གི་རེད། ད་དུང་དགེ་ལུགས་ཚང་འདིས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ནས། བོད་གཞུང་དང་བསྡོངས། ༧སྐྱབས་མགོན་རིན་པོ་ཆེ་གར་ཕེབས་དང་བསྡོངས་ནས་མངའ་ཐང་རྒྱ་བསྐྱེད་བྱེད་ཀྱི་འདུག མངའ་ཐང་རྒྱ་བསྐྱེད་བྱེད་རྒྱུ་དེ་སོ་སོའི་འགན་ཡིན་ཡང་དེའི་ཞོར་ལ་ཡུལ་དེར་སྔ་མོ་ནས་དར་ཡོད་པའི་གྲུབ་མཐའ་གཞན་ཚོ་ཆོས་ལོག་ལྟ་ལོག་རེད་ཟེར་ནས་འགྲེལ་བཤད་དངུལ་ནག་ཐོན་ཐོན་བར་ཏུ་བྱེད་ཁུལ་བྱེད་ཀྱི་འདུག སྡུག་མཐའ་ན་གྲུབ་མཐས་བློ་ཁ་མ་བསྒྱུར་བའི་ཕྱི་གླིང་བ་ཞིག་རྡ་སའི་དཔེ་མཛོད་ཁང་གི་འཛིན་གྲ་དེར་ཕྱིན་ཡང་། སྒོར་བུད་དུས་དགེ་ལུགས་མ་གཏོགས་རྙིང་མ་བཀའ་བརྒྱུད་ཚོ་འདྲེ་འདྲ་ཞིག་ལ་བརྩི་སྡོད་མཁན་ཞིག་ཆགས་འདུག འདི་ཚོ་བཤད་ན་ལོ་རྒྱུས་ཞིབ་ཚགས་པོ་བཤད་རྒྱུ་ཡོིད་ཀྱང་། གློག་ཀླད་ལ་གཏགས་ཚོད་མི་འདུག འཐེན་ཁྱེར་མ་བཟོ་ཟེར་གིན་ཟེར་གིན་རང་ཉིད་ཀྱིས་མི་ཚེ་འཐེན་ཁྱེར་ལ་བསྐྱལ་བཞིན་ཡོད་པ་འདི་ངོ་མ་དཔྱད་མི་བཟོད་པ་ཞིག་རེད། དེ་འདྲ་ཨེ་རེད། ཀླུ་སྨྱོན་ལགས།
དོལ་ཚོགས་འདི་དགེ་ལུགས་པ་མ་རེད་ལ་བཀའ་གདམས་གསར་མ་ཡང་མ་རེད། ད་ལྟའི་རྒྱ་གར་དུ་ཡོད་པའི་དགེ་ལུགས་པ་ནི་ད་ལྟའི་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་འདི་ཚོ་རེད། དོལ་ཚོགས་ཀྱིས་དགེ་ལུགས་པའི་ཚབ་ནམ་ཡང་བྱེད་ཐུབ་ཀི་མ་རེད། དོལ་ཚོགས་ཀྱིས་དོལ་ཚོགས་རང་གི་ཚབ་མ་གཏོགས་ཅི་ཡང་བྱེད་ཐུབ་ཀི་མ་རེད། རྣམ་དཔྱོད་དང་ལྡན་པ་ཞིག་གིས་བལྟས་ན་འདི་ནི་ནམ་ལངས་ཉི་ཤར་རེད། བྱང་ཆུབ་ལམ་རིམ་བསྡུས་པ་ལས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་པ་འདི་ལག་ལེན་བྱེད་མཁན་གྱི་དགེ་ལྡན་པར་ཁས་འཆེ་བ་ཞིག་ཡིན་ན་དགེ་ལུགས་པར་བཞག་ཆོག་གི་རེད། དེ་མིན་དགེ་ལུགས་པའི་གྲུབ་མཐའི་རྗེས་འཇུག་ཏུ་ནམ་ཡང་འཚུད་ནི་མ་རེད། འདིའི་སྐོར་ཞིབ་ཏུ་བཤད་རྒྱུ་ཡོད་ཀྱང་དུས་ཚོད་མི་འདུག
ངས་ནི་བཀའ་ཐང་ལས། ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས༔ སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་ལྡན༔ ཞེས་པའི་ཚིག་དེ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་གསུངས་པ་ཞིག་ཏུ་ངོས་འཛིན་བྱས་ནས་རྗེ་བླ་མ་དང་ཨོ་རྒྱན་སངས་རྒྱས་གཉིས་པ་འདི་ཚོ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསམས་ནས་གསོལ་བ་རེ་འདེབ་ཀིན་ཡོད།
རྣམ་པ་ལྷན་རྒྱས་ཚོ་ལ་ཞུ་རྒྱུར། དེ་སྔ་བྱུང་ཚར་བ་ནི་ལོ་རྒྱས་རེད། ཕྱིས་སུ་རྩོད་རྙོགས་གསར་བའི་རིགས་མི་ཡོང་བར་གཙོ་འདོན་གྱི་ཆོས་ལུགས་བར་རྩོད་པ་མི་བྱེད་པར་ཐུགས་རྗེ་ཆེ། སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་པས་ཆོས་ལ་ཡག་སྡུག་ཅིག་ཡོད་པ་རེད་ཟེར་ན། ནང་པ་སངས་རྒྱས་པའི་བལྟ་སྤྱོད་ལས་འགལ་བ་མ་ཡིན་ནམ། ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ན་ང་རྒྱལ་ཁྱོས་ཤོར་མི་བཤད་པར། རང་ལས་གཞན་གཅེས་བར་འཛིན་དགོས་པ་མི་བརྗེད་པར་མཚམས་འཇོག་བྱས་ན་མི་ལེགས་སམ།
མྱིག་རྫོད་ལགས་།་་ངེད་ཁྱེད་རང་གིས་གང་ལབ་ཀྱིན་ཡོད་པ་རྩ་བ་ནས་ཧ་གོ་མ་སོང་།་ངེད་ཁྱེད་ལྟ་བུ་ཤིག་ངོ་ཤེས་ཤིག་ཡོད་རྩ་བ་ཉིད་ནས་དྲན་་མི་འདུག་།་་གཅིག་བྱས་ན།་ཁྱེད་ལ་ཚ་་རྒྱབ་་ཡོད་པར་ངེས་།་་ཁྱེད་གཏམ་གྱི་ནང་་དུ་ཧུ་ཧུ་དང་ཧ་ཧ་མང་པོ་འདུག་པས་།་གཅིག་བྱས་ན་རྩ་བ་ནས་མྱོས་ཡོད་པ་འདྲ།་དེ་མིན་་སྐད་ཆ་འདི་འདྲ་ཤིག་གང་ནས་ཡོང་བ་ཡིན་།་ གོང་དུ་བཤད་པ་བཞིན་།་ང་རྡ་ས་ནས་སྡོད་མྱོང་མེད་།་་ཧིན་སྒོར་སྟོང་ཕྲག་ཆ་རེ་་དེ་ནས་ཀྱང་གཡར་མེད་།་བུ་ལོན་གཅིག་ཀྱང་མེད་།་དེ་བས་ལྡོག་ཏེ་།་ཕྲན་ཨ་རིར་སྡོད་དུས་རང་ནུས་གང་ཚོད་ཀྱི་རྡ་ས་རུ་སྡོད་པའི་བོད་མི་འགའ་ཤས་ལ་སྒོར་ཁ་ཤས་བསྐུར་མྱོང་།་བོད་མི་ཁ་ཤས་ལ་སྤྱིན་བདག་ཀྱང་བཙལ་མྱོང་།་ངའི་མིང་ལ་རྡོ་སྤིས་བློ་བཟང་ཡོན་ཏན་ཟེར་།་རྡོ་སྤིས་ཀྱི་མི་ཤིག་ལ་བྲིས་ན་ཧ་གོ་གིན་རེད་།་
སྒེར་གྱི་ངོས་ནས་བཤད་ན་།་ང་དགེ་ཆོས་ལ་མི་དགའ་བའི་རྒྱ་མཚན་ཅི་ཡང་མེད།་ང་ཚོ་མི་ཐོག་གཅིག་གི་མི་མ་རེད་།་་གཅིག་བྱས་ན་ཁོང་དེང་དུས་ཡོད་རྒྱུ་ན་ངེད་གཉིས་གྲོགས་པོ་ཆགས་སྲིད་ཀྱི་རེད་།་་ཁོ་ཡང་མོ་ལ་དགའ་མཁན་ཞིག་དང་།་ཨ་རག་མཐུང་མཁན་ཞིག།་་ཚན་རིག་གམ་རིག་གསར་གྱི་གཞུང་ཡག་པོ་ཤིག་ཧ་གོ་གིན་མི་འདུག་ནའང་།་དེ་ལ་དགའ་མཁན་ཞིག་ཡིན་མདོག་ཁ་བོ་འདུག་པས་ངེད་གཉིས་ལ་ཐུན་མོང་བའི་གཞི་མང་པོ་འདུག་།་
ཁྱེད་ཀྱིས་བཤད་པའི་སྐད་ཆ་ཤིག་ལ་ང་འཐད་གིན་འདུག་།་ང་ཚོས་བོད་ཀྱི་མཁས་བ་དག་གིས་རྒྱབ་ཁབ་བཞན་གྱི་མཁས་བ་དང་རྒྱ་ནག་གི་མཁས་བ་ཚོར་འགྲན་ཡ་ཐུབ་ཀྱིན་མི་འདུག་།་དེར་ང་ལ་འཐད་ཀྱིན་འདུག།་བོད་མི་ནང་ནས་དབྱིན་ཇི་དང་།་རྒྱ་སྐད་ཐོག་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱ་མཁན་ཉུང་ཉུང་རེད་།་་དེ་འདྲ་ཤིག་ལ་དམིགས་ནས་་ལོ་སྔོན་མ་བཟུང་རང་ངོས་ནས་དབྱིན་ཇིའི་ཐོག་ནས་དཔྱད་རྩོམ་འགའ་ཤས་བྲིས་ཏེ་།་འཛམ་གླིང་ཐོག་གི་དུས་དེབ་འགའ་ཤས་ཐོག་ལ་བཀོད་པ་ཡིན་།་་དཔེར་ན་༢༠༠༦་ལོར་འཇར་མན་ནས་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཐོག་གི་ཆེད་རྩོམ་ཁ་བྱང་དུ་Tibet Charts the World: Tsanpo Nominhan’s “The Detailed Description of the World,” the first major scientific work in Tibet་་ཟེར་བ་ཤིག་་ད་ལྟ་དཔེ་དེབ་ཤིག་ནང་་འགོད་བཞིན་པ་དང་།་་ཆེད་རྩོམ་འདི་ལ་ཕྱི་རྒྱལ་གྱི་མཁས་བ་མང་པོས་དོ་སྣང་བྱ་བཞིན་འདུག་།་དེ་བཞིན་ཉེ་ལམ་ཡང་པན་ཆེན་དཔལ་ལྡན་བསྟན་པའི་ཉི་མས་བཙན་པོ་ཚང་ལ་་ཕུལ་བའི་ཡི་གེ་ཤིག་དབྱིན་ཡིག་ཏུ་བསྒྱུར་ཏེ་།་འགྲེལ་བཤད་དང་བཅས་དཔེ་ཆ་ཤིག་འགོད་རྩིས་ཡོད་།་་སྤྱིར་བཏང་ང་ཟིང་ཟིང་དང་སྙན་གྲགས་ལ་གཏན་ནས་དགའ་མཁན་ཤིག་མིན་།་༢༠༠༦་ལོར་བོད་དུ་ཡོད་དུས་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་ཐོག་ཕྲན་གྱིས་ཕ་རན་སིའི་འགྲུལ་བཞུད་ཅེས་བའི་རྩོམ་ཤིག་བཀོད་ཡོད་པ་ལས་།་བཞན་དུས་དེབ་སོགས་ཀྱི་སྟེང་ལ་རྩོམ་ཅི་ཡང་བཀོད་མེད་།་རྩོམ་འཆལ་ཞིག་འབྲི་མ་ཐུབ་པ་དང་།་ཆ་རྐྱེན་པ་ཡང་གཏན་ནས་མ་ཡིན་།་བསམ་པ་རྣམ་དག་གི་་ཁེངས་སྐྱང་དང་བློ་བཟུ་བོས་ཕྱི་ནང་རིགས་པའི་གཞུང་ལུགས་གང་མང་ཤིག་ལ་སློབ་གཉེར་བྱས་པ་ཡིན་།་་དགེ་ཆོས་ལ་མི་དགའ་བ་རྩ་བ་ཉིད་ནས་མེད་།་ཆུང་དུས་ནས་དགེ་ཆོས་ཀྱི་རྩོམ་ཡོད་ཚད་ཆ་ཚང་ཀློག་པ་ཡིན་།་དེ་དག་གི་ནང་དོན་ལ་བློ་ཞིབ་མོས་དཔྱད་པ་བྱས་མྱོང་བ་ཡིན་།་ཐ་ན་ཚིག་རེ་རེར་དཔྱད་པ་མང་པོ་བཏང་མྱོང་།་
་ཁྱེད་ཀྱིས་དགེ་ལུགས་དང་གྲུབ་མཐའི་བར་གྱི་་ཚིག་མང་པོ་ཤིག་ལབ་གིན་འདུག་།་་ངས་དགེ་ལུགས་དང་རྙིང་མའི་རྩོད་པ་དེ་ཤེས་ཀིན་མེད་།་ཤེས་ཡང་བསམ་གིན་མི་འདུག་།་ང་ནི་སྐྱ་བོ་སྐད་ཆ་དྲང་བོ་བཤད་མཁན་ཞིག་ལས།་་ཆོས་བ་ཁྲག་གི་འཁོར་ལོ་བསྐོར་མཁན་ཞིག་མིན།་་་མཐའ་སྡོམ་ངས་ཁྱོད་ལ་དགེ་ཆོས་ཀྱི་སྐད་ཆ་འགའ་ཞིག་དྲངས་ཏེ་།་ངེད་གཉིས་ཀྱི་རྩོད་པ་་མཇུག་བསྡུ་གིན་ཡིན་།་ཕྲག་དོག་ཁྲག་གིས་མྱོས་བའི་ཨུ་ཚུགས་སྟག་།་འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚང་ནང་།་གཅིག་པུ་ལུས་བའི་བདེན་པའི་བུ་ཆུང་ལ་།་ཤེས་རབ་ཅན་གྱི་སྙིང་རྗེ་ཡུལ་དུ་མཛོད་།་ཅེས་བ་དང་་།་མདོར་ན་ངས་ཀྱང་དུས་རྒྱུན་འདི་འདྲ་ཤིག་བསམ་གྱིན་ཡོད་།་བླུན་པོ་རང་གི་རྗེས་སུ་མི་འབྲངས་ཡང་།་རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ་།་འདི་ནི་མཁས་བའི་དམ་ཚིག་དང་པོ་སྟེ་།་རང་གི་སྲོག་ལ་འབད་ཀྱང་སྲུང་བར་གྱིས་།་་
དགེ་འདུན་རབ་གསལ་ལགས་།
མྱིག་རྫོད་ལགས་སོགས་ཀྱིས་ང་རྡ་ས་ན་སྤྲང་གི་ཡོད་ཚུལ་དང་་།་ང་ལ་བུན་ལོན་སྟོང་ཕྲག་ཁ་ཤས་ཡོད་ཚུལ་།་ཁོས་དངུལ་བྱིན་ཚུལ་སོགས་་བཀོད་ཡོད་པ་དང་ཁྱེད་རང་གི་མ་མཐོང་བ་ཡིན་ནམ།་འདི་ནི་ཁྱེད་ཚོས་རང་གིས་བཟོས་བའི་” སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན།”
འདི་དག་དང་ས་འགལ་ཡོད་པ་མ་ཟད་།་་དབྱིན་ཇིའི་སྟེང་ནས་བཤད་ན་་Defamationཟེར་བ་དེ་རེད་།་དེ་ནི་ཁྲིམས་འགལ་ཡིན།་ངས་རང་གི་མིང་གསལ་བོ་བཀོད།་ལོ་རྒྱུས་གསལ་བོ་བཀོད་ཡོད་།་་ཁོ་རང་གིས་རྫུན་ཤིག་བཟོས་་།་་ང་ལ་འཕྱ་སྨོད་བྱས་།་བརྙས་བཅོས་བྱས་།་དེ་ངའི་མགོ་ལ་གོན་།་་ཁྱེད་དྲ་ཚིགས་ཀྱི་མ་ཤེས་དང་་ཁུལ་དང་།་མ་རིག་མདོག་མདོག་བྱས་ནས་བསྡད་དགོས་བའི་རྒྱུ་མཚན་ཅི་རེད་།་འདི་ང་ལ་གསལ་བོ་བཟོ་དགོས་གིན་འདུག་།་་
gonpo་་ལགས་།་ང་མགྱོགས་པོ་ཤི་ན།་ཁྱེད་ལ་ག་རེ་འབབ་གིན་རེད།་་དངོས་ནས་སྐབས་རེ་ང་ཚོ་བོད་པ་ཚོ་ཡ་མཚར་བོ་འདུག་།་
མཐར་སྡོམ།་ངའི་དགེ་ཆོས་ཀྱི་སྐོར་གླེང་དོན་ནི།་དམིགས་ཡུལ་བཞན་པ་ཅི་ཡང་མེད་།་་དགེ་ཆོས་ཟེར་བ་དངོས་གནས་མི་ག་འདྲ་ཤིག་ཡིན་པ་།་ཁོ་ལ་གདེང་འཇོག་ག་འདྲ་ཤིག་བྱ་དགོས་བ་དེ་ཡིན་།་་རྒྱུ་མཚན་གསལ་བོ་བཤད་རྒྱུ་མེད་མོད་།་ད་ལྟ་མི་ཚང་མས་དགེ་ཆོས་བེད་སྤྱོད་གཏོང་བཞིན་འདུག་།་མ་ཧ་ཙི་ན་དག་གིས་དགེ་ཆོས་བཙོན་དུ་བཅུག་པ་དེ་།་བོད་མི་རྣམས་ནི་ཆེས་ཀླ་ཀློ་དང་།་བདུག་རྩི་།་མུན་ནག་ཡིན་པའི་སྒྲུབ་བྱེད་དུ་གཏོང་བཞིན་འདུག་།་རྙིང་མ་དག་གིས་དགེ་ཆོས་ཀྱི་རྩོམ་ཁ་ཤས་ཤིག་དརྔས་རང་གི་ལྟ་བ་རྣམ་དག་ཡིན་པའི་སྒྲུབ་བྱེད་དུ་བཟོ་བཞིན་འདུག།་་དགེ་ལུགས་པ་ཁ་ཤས་ཀྱིས་དགེ་ཆས་ཀྱིན་སློབ་གཉེར་བྱ་ས་དང་དགེ་ལུགས་གི་དགོན་པ་དང་།་དགེ་རྒན་རྣམས་དགེ་ལུགས་ཡིན་པའི་ཆ་ནས་་དགེ་ལུགས་པ་ཡོན་ཏན་ཡོད་རབས་ལབ་བཞིན་འདུག་།་མདོར་ན་ཐམས་ཅད་ཀྱིས་དགེ་ཆོས་ཚན་རིག་པ་ཤིག་དང་།་རིག་གསར་ལ་མཁས་བ་ཡ་མཚར་བ་བོད་དུ་སྔོན་ཆད་མ་བྱུང་བ་ཤིག་ཡིན་པ་སྒྲུབ་ཀྱིན་འདུག།་དངོས་གནས་དགེ་ཆོས་ག་འདྲ་ཞིག་ཡིན་ནམ།་་ངའི་རྩོམ་ནི་དེའི་སྐོར་ལ་དོགས་འདྲི་བྱས་བ་ཙམ་ཤིག་ཡིན་་།་བཞན་དམིགས་ཡུལ་ཅི་ཡང་མེད་།
ཨ་རོགས་ཡེ་ཤེས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་པ་འདི་ལག་ལེན་མི་བྱེད་མཁན་ཞིག་ཡིན་ན་དགེ་ལུགས་མ་ཡིན་པའི་ཁྱབ་ཀྱི་ཨེ་ཡོད། ཡོད་ན་དགེ་ལུགས་ཚང་གི་ཡིག་ཆ་འཛིན་པ་བཞིའི་ནང་གི་བདག་པོ་གཅིག་སྒོ་མང་མཁན་པོ་འཇམ་དབྱངས་བཞད་པ་དང་། ལམ་རིམ་གྱི་བསྟན་པའི་བདག་པོ་ཕ་བོང་ཁ་པ་སོགས་ཀྱང་དགེ་ལུགས་མིན་ནི་ཨེ་རེད། འཇམ་བཞད་ཀྱིས་སོག་དམག་བོས་ནས་བླ་ཆེན་ཅི་ཙམ་ཞིག་གི་སྐེ་བཅད་པ་དང་། ཕ་བོང་ཁ་པས་སློབ་དཔོན་རིན་པོ་ཆེའི་སྐུ་འདྲ་ཆེན་པོ་ཚོའི་མགུལ་ལ་གསོ་མ་ར་ཛའི་ཐག་པ་བཏགས་ནས་རྡུལ་ཚུབ་ཉི་ལེར་བརྫོགས་པ་སོགས་བྱས་རེད་ད། འོ་ན་ཁྱོད་ཀྱིས་ཁོང་ཚོ་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་ཞིག་ཡིན་ཟེར་གྱི་ཡིན་ནམ། ཡང་ན་ཁོང་ཚོ་དགེ་ལུགས་མ་རེད་ཟེར་གྱི་ཡིན། ཁྱོད་འདི་གཉིས་གྱི་གང་རུང་མ་གཏོགས་བཟུར་ས་ཡོད་ནི་མ་རེད། ཁྱེད་ལ་དུས་ཚོད་མེད་རུང་ལན་ཉུང་ཉུང་ཞིག་ཐོབས་དང་།
དོལ་ཚོགས་ཀྱིས་དགེ་ལུགས་པའི་ཚབ་བྱེད་ཐུབ་ཀྱི་མ་རེད་ཟེར་བ་དེ་ཡང་བདེན་པ་མ་རེད། ཁོང་ཚོས་ཟེར་ན་ཁོང་ཚོ་མ་གཏོགས་དོལ་རྒྱལ་མི་བརྟེན་མཁན་གྱི་དགེ་ལུགས་ཚོ་དགེ་ལུགས་དག་མ་མིན་ཟེར་གྱི་ཡོད་པ་རེད། གྲུབ་མཐའ་གཞན་གྱིས་བསླད་སྐྱོན་བྱུང་ཚར་བས་རྗེའི་བསྟན་པ་བསླད་མེད་ཅིག་འཛིན་ཐུབ་ཀྱི་མེད་པར་བརྩི་གི་ཡོད་པ་རེད། ཁྱེད་ཨ་རིའི་མི་སེར་ཆགས་ཚར་ན་ད་ཡེ་ཤེས་བོད་མ་རེད་ཟེར་ཨེ་ཐུབ་ཀྱི་ཨེ་རེད། མི་ཐུབ་ན་ཁོང་ཚོ་ལ་དགོན་པ་ལོགས་སུ་ཡོད་ཀྱང་དགེ་ལུགས་མ་རེད་ཟེར་ཐུབ་ཀྱི་མ་རེད། དགེ་ལུགས་ཡིན་མིན་དེ་དང་པོ་ཆོས་བརྒྱུད་སུ་ལ་གཏོགས། བླ་བརྒྱུད་དང་སློབ་བརྒྱུད་སུ་ས་ཐུག གདན་ས་གང་ནས་འཚར་ལོང་བྱུང་། དེ་རིང་ད་དུང་སུའི་ཆོས་བརྒྱུད་ལ་སློབ་སྦྱོང་དང་ཉམ་ལེན་བྱེད་ཀྱི་འདུག ཁོང་ཚོ་རང་གིས་རང་ཉིད་སུའི་ཆོས་བརྒྱུད་ཡིན་པར་ཁས་ལེན་གྱི་འདུག འོ་དེ་ལ་བལྟ་དགོས་པ་རེད། དེས་ན་དོལ་ཚོགས་དགེ་ལུགས་མིན་པར་སུས་ཀྱང་བཤད་ཐུབ་ཀྱི་མ་རེད། དགེ་ལུགས་རེད། འདག་རྫས་རྒྱ་མ་ཁྲི་གཅིག་གིས་བཀྲུས་རུང་མ་དག་པའི་དགེ་ལུགས་རེད། གནས་སྐབས་གདན་ས་ཁག་ནས་ཁོང་ཚོ་ལོགས་སུ་བཞག་ཡོད་པ་བདེན་པ་རེད་མོད། ནམ་ཞིག་བོད་ཀྱི་ཉི་མ་ནུབ་པའི་དུས་ཤིག་བྱུང་ན་གདན་ས་ཁག་གིས་ཁོང་ཚོའི་དགོན་པ་ལ་ཕར་མགོ་གཏུགས་སྲིད་ཀྱི་རེད། རྒྱུ་མཚན་ནི་ཁོང་ཚོས་གྲུབ་མཐའ་གཞན་གྱིས་མ་བསླད་པའི་རྗེའི་བསྟན་པ་གསེར་སྦྱངས་གཙོ་མ་ལྟ་བུར་བཟུང་ཡོད་ཅེས་ཤོད་ཀྱི་ཡོད་པས་རེད། ད་དུང་ལོ་ཤས་རྗེས་ནས་དགོན་པ་དེ་ནས་དགའ་ལྡན་ཁྲི་པ་གཅིག་ཐོན་གི་ཆུག་དང་། འཇོན་ཐང་དང་འབད་བརྩོན་གྱིས་གདན་ས་གསུམ་ཟིལ་གྱིས་མནན་ནས། གདན་ས་གསུམ་པོ་མེས་རྒྱལ་ཁྱིམ་ཚང་ཁྱིམ་ཚང་ཆེན་མོའི་ནང་དུ་ཕར་ལོག་དགོས་ཐུག་སྲིད་ཀྱི་རེད། ང་ཚོས་ག་ལེར་བལྟ་ཆོག
མྱིག་རྫོད་ལགས། ཁྱེད་རང་དོན་ངོ་མར་དགའ་ལྡན་ཁྲི་བ་སོགས་དགེ་ལུགས་པའི་བླ་མ་ཆེ་ཁག་ཚོས་དོལ་ རྒྱལ་ཚོགས་པ་དགེ་ལུགས་པའི་གྲས་ནས་གཏན་འཕུད་བཏང་བའི་ཁྱབ་བསྒྲགས་བྱས་པ་དེར་ ཡིད་ཆེས་ཡོད་དམ། དོལ་ཚོགས་ཀྱིས་ཁོ་ཚོ་དགེ་ལུགས་ཡིན་བཀའ་གདམས་གསར་མ་ཡིན་ཟེར་ནས་འཛམ་བུ་གླིང་ ལ་མགོ་སྐོར་གཏོང་གི་ཡོད་པ་དེ་ལ་ཡིད་ཆེས་ཡོད། དོལ་རྒྱལ་བ་ཚོ་སྐྱབས་གཏན་གྱི་སྐྱབས་གནས་འདྲེ་ལ་བཅོལ་ཚར་ནས་ནང་པའི་གྲས་ནས་ བུད་ཚར་བས། ནང་པ་མ་ཡིན་པ་ཞིག་དགེ་ལུགས་པ་ཇི་ལྟར་ཡིན། སོག་དམག་འབོད་མཁན་འཇམ་བཞད་ཡིན་པ་ཞིག་ལོ་རྒྱུས་གང་ནས་ཀྱང་མ་མཐོང་། སོག་དམག་འབོད་མཁན་དེ་སུ་ཡིན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་པཎ་ཆེན་བློ་ བཟང་ཆོས་རྒྱམ་པའི་རྣམ་ཐར། སྲིད་དོན་རྒྱལ་རབས་སོགས་སུ་གསལ་བོར་བྲིས་ཡོད་ཀི གལ་སྲིད་འཇམ་བཞད་ཀྱིས་སྲོག་དམག་བོས་ཡོད་ན་ཉི་མ་དེ་རིང་ནས་ནང་པའི་གྲས་ནས་ བུད་ཚར་བས་ནང་པ་མིན་པ་ཞིག་དགེ་ལུགས་པ་ཡིན་དོགས་མེད། དཔེར་ན་དོལ་རྒྱལ་བ་ཚོ་བཞིན། ཕ་བོང་ཁ་བ་དེ་གོང་ས་མཆོག་གིས་དགེ་ལུགས་པའི་བླ་མ་རྩ་ཆེན་ཞིག་ལ་རྩི་གནང་གིན་ འདུག་སྟེ། ངས་ནི་དེའི་མིང་གོ་ན་ཡང་རྣམ་རྟོག་ཟ་གི་ཡོད། ཐ་ན་ཡོངས་འཛིན་ཁྲི་བྱང་གི་མིང་གོ་ན་ཡང་ང་ཉི་མ་ཆ་རེ་མི་བདེ་གི གལ་ལྟར་དོལ་ཚོགས་འདི་ནི་ངོ་མ་ནང་པའི་ཚོགས་སྡེ་ཞིག་མ་རེད། ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན་པའི་དུས་ཚོད་ལ་བསླེབས་ཚར་བ་རེད། ཨོ། བཤད་རྒྱུ་གཅིག་ལ། ཁ་སྔོན་གྱི་སིང་ག་ཕོར་གྱི་རྒྱ་མི་དེ་ཚོར་ཁྱེད་ཀྱིས་དོན་དག་ཆེན་པོ་ཆུང་ཆུང་ བཟོས་ནས། དགེ་ལུགས་པ་ཞེས་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ཞིག་གི་ མིང་རེད། དགེ་ལུགས་པ་ཞིག་ཡིན་པའི་ཚད་དེ་འདི་རེད། དོལ་རྒྱལ་བ་ཚོས་སྐྱབས་གནས་འདྲེ་ལ་བཅོལ་བས་ནང་པ་མ་རེད། དེའི་ཕྱིར་དགེ་ལུགས་པ་མ་རེད། ཅེས་དོན་དག་རྙོག་དྲ་ཆེན་པོ་དེ་ཆུང་ཆུང་བཟོས་ནས་ཁོ་ཚོས་ཆོས་བརྒྱུད་ཅིག་ལ་ ལོག་ལྟ་བྱེད་པ་དེ་འགོག་དགོས་པ་གང་ཞིག་ལ་དེ་ལྟར་མ་གནང་བར། རྒྱ་མི་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ངོ་མ་དེ་མི་ཤེས་པར་གཡམ་རྒྱུགས་བྱེད་ མཁན་འགས་ཅིག་བཤད་པ་ལ། དེ་རྩ་ཆེར་བཟུང་ནས་དེ་ཚོའི་རྒྱབ་སྐྱོར་བྱེད་པ་འདི་ནི་ཕྱོགས་རིས་དང་ལྟ་ངན་ གྱིས་ཚོས་བསྡད་ཡོད་པ་ཞིག་གི་བྱེད་སྟངས་རེད་མ་གཏོགས་ཉིད་ལྟ་བུའི་ལོ་རྒྱུས་ དང་ཆོས་ལུགས་ལ་མཁྱེན་རྒྱ་ཡངས་པ་ཞིག་གི་བྱེད་སྟངས་མ་རེད། གོང་ནས་ཉིད་ཀྱིས་ཕྱི་གླིང་བ་ཞིག་གིས་རྡ་སའི་དཔེ་མཛོད་ནས་ཐོན་ཏེ་ཆོས་བརྒྱུད་ གཞན་པ་དག་ནང་པར་མི་བརྩི་བའི་ཚད་དུ་བསླེབས་འདུག་ཟེར་བ་དེ་འདྲ་མང་པོ་ཞིག་ལ་ང་ ཡང་ཐུག་མྱོང་། ང་ཐུག་ས་དེ་དག་ཕལ་མོ་ཆེ་ནི་ས་སྐྱ་དང་བཀའ་རྙིང་གི་ཕྱོགས་ནས་བླ་མ་དང་མཁན་ པོ་རེ་ཟུང་ཞིག་གིས་རྗེ་བླ་མར་སྐུར་འདེབས་བྱས་ཏེ་དགེ་ལུགས་ཚང་ཆད་ལྟ་བ་རེད་ ཟེར་བ་འདྲ་བོ། དོལ་ཚོགས་དང་དགེ་ལུགས་པ་གཅིག་པ་རེད་ཟེར་བ་འདྲ་བོ་མ་བརྟགས་པའི་སྐད་ཆ་བཤད་པ་ ལ་བདེན་པར་འཛིན་མཁན་དེ་འདྲ་རེད། སྐད་ཆ་འདི་ཚོར་ནང་པ་སྤྱི་དང་བོད་པ་སྤྱི་ལ་གནོད་ཀྱི་རེད་མ་གཏོགས་ཕན་པ་རྩ་བ་ ཉིད་ནས་ཡོད་པ་མ་རེད། དེ་ལས་དོལ་ཚོགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལས་འཕྲོས་རེ་ནང་པ་མ་ཡིན་པ། དགེ་ལུགས་པ་མ་ཡིན་པ། བཀའ་གདམས་གསར་བ་མ་ཡིན་པ་སྟེ། དོལ་ཚོགས་འདི་མ་ཡིན་པ་གསུམ་ཡིན་པར་དགེ་ཕྱོགས་དང་རྙིང་ཕྱོགས་ནས་བསྒྲུབས་དང་ སྒྲུབ་བཞིན་པ་འདིའི་རྒྱབ་སྐྱོར་བྱས་པ་ཡིན་ན། བསྟན་པའི་དར་ཐེར་དང་བསྟན་པ་དཀར་འཇམ་ཡུག་གཅིག་ཅེས་པ་དེ་ནི་དེ་རང་རེད་བསམ་གི ངས་བསམས་ན་ཁྱེད་རང་དོལ་ཚོགས་ཀྱིས་བཤད་པར་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། གངས་སྦལ་རྒྱ་བོས་བཤད་པར་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། སྡིག་བཤེས་སྐལ་རྒྱམ་པར་ཡང་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། དེ་མེད་ན་དེ་ཚོའི་ལྟ་སྒོམ་སྤྱོད་གསུམ་ལ་ཡིད་ཆེས་ཡོད་ཀྱི་མ་རེད་བསམས། དེ་མེད་ན་དེ་ཚོས་ཁོ་ཚོ་དགེ་ལུགས་པ་ཡིན་བཀའ་གདམས་པ་ཡིན་ཞེས་ཇི་འདྲ་ཞིག་བཤད་ རུང་དེ་ལ་ཡིད་ཆེས་ཤིག་གང་ནས་ཡོང་། དགེ་ལུགས་པ་ཡིན་མིན་དེ་རྗེ་བླ་མས་ལམ་རིམ་ནས་བཤད་པའི་ཆེ་བ་བཞི་དེ་ལག་ལེན་ བྱེད་མིན་ནས་འཇོག་དགོས་པ་རེད། དེ་མེད་ན་དགེ་ལུགས་པའི་ཚོགས་སྡེ་ན་ཡོད་པ་ཞིག་ཡིན་ཡང་དགེ་ལུགས་པ་ཞིག་རེད་ ཟེར་མི་ཐུབ། ཆོས་བརྒྱུད་གྲུབ་མཐའ་རེ་རེར་དེ་དང་དེ་ཡིན་མིན་གྱི་ས་མཚམས་རེ་ཡོད་པ་རེད། དེ་སྐུ་ཉིད་ཀྱིས་ཀྱང་མཁྱེན་གྱི་རེད།
ད་བདེ་མོ་བྱོས། འདིའི་སྐོར་བཤད་མཚམས་འཇོག་ན་འདོད། དོལ་ཚོགས་ཀྱི་སྐོར་གོ་བ་ཙམ་གྱིས་ངའི་ལུས་སེམས་གཉིས་ཀ་སྐྱིད་པོ་བདེ་བོ་མེད་པ་ཞིག་ཆགས་ཀྱི་འདུག སྐུ་མཁྱེན་ད་འདིའི་སྐོར་མི་འབྲི་ནི་བྱེད།
མྱིག་རྫོད་ལགས་།་
ཁྱེད་དངོས་གནས་ཁྱད་མཚར་པོ་ཅིག་འདུག།་ཁྱེད་ལ་གྲུབ་མཐའ་བཟང་ངན་དང་ང་ལ་བུ་ལོན་གྱི་ཡོད་མེད་ཀྱི་་སྐད་ཆ་ཞིག་ལས་བཞན་ཅི་ཡང་བཤད་རྒྱུ་ཅི་ཡང་མི་འདུག་གམ།་ག་རེ་ཡིན་ནམ་?་་་ད་ལྟ་དགེ་ཆོས་མི་འདུག་།་ཁོང་བཞུགས་ཡོད་རྒྱུ་ན་།་ཁྱོད་ལྟ་བའི་འདི་འདྲའི་ཁ་གྲགས་མ་ཐག་ཏུ་གྲུབ་མཐའི་བཟང་ངན་བཤད་མཁན་།་བཞན་ལ་དོན་མེད་དུ་སྐྱོན་འཛུགས་མཁན་ཞིག་ལ་གསུང་ག་འདྲ་ཤིག་འབུད་རྒྱུ་ཡིན་ནམ།་་དོན་གྱིས་ཁྱེད་ཚོས་དགེ་ཆོས་ནི་སྐྱོན་མེད་སྙོན་བཙུགས་དང།་གྲུབ་མཐའི་ཆགས་སྡང་གི་བཙོན་དུ་བཅུག་པ་རེད་ཅེས་བཤད་ཀིན་ཡོད་པ་མ་རེད་དམ་།་དེ་ན་ཁྱེད་རང་གིས་གྲུབ་མཐའི་ཆགས་སྡང་བཤད་།་་བཞན་ལ་སྐྱོན་བཙུགས་ན་།་དགེ་ཆོས་ཁྲིམས་ལ་འདོགས་མཁན་གྱི་་མི་དེ་ཚོའི་བྱ་སྤྱོད་ཇི་བཞིན་ཏུ་འཁྲབ་ཀྱིན་ཡོད་པ་མ་རེད་དམ།་
དངོས་གནས་སྐྱོ་བོ་རེད་།་ང་བོད་པ་ཚང་འདི་འདྲ་བའི་དུས་ཤིག་ལ་སླེབས་ཡོད་་།་་ངས་བཟུང་བའི་རྩ་བའི་དམ་བཅའ་དེ་ལ་ལན་ཐོབས།་ལན་འདེབས་ཐུབ་ན་།་དགེ་ཆོས་ཚན་རིག་དང་རིག་གསར་ལ་མཁས་བ་ཤིག་ཡིན་པ་སྒྲུབ་།་དེ་གལ་ཆེན་པོ་རེད་་།་འཛམ་གླིང་སྤྱིའི་མཁས་བ་དག་གིས་འགྲོ་སྲོལ་རེད་།་བོད་ལ་དེ་བཞིན་དར་ཡོད་པ་རེད་།་
ད་ནི་སོག་པོ་ཇུང་གར་བ་ཡོད་དུ་ཡོང་སྟེ་སྐབས་དེའི་དགེ་ལུགས་པར་ཞབས་འདེགས་ལ་ཁ་གཡར་ནས་སྔ་འགྱུར་རྙིང་མའི་གདན་ས་སྐོར་ཞིག་བཤིགས་པ་དང་། སྨིན་གླིང་གདུང་སྲས་པད་མ་འགྱུར་མེད་རྒྱ་མཚོ་སོགས་སྐུ་བཀྲོངས་པའི་སྐོར་གྱི་ལོ་རྒྱུས་ལ་དཔྱད་འདོད་ངོ་མ་ཞིག་ཡོད་ན། སྐབས་དེའི་ལོ་རྒྱུས་མི་སྣ་གལ་ཆེན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བྲིས་པའི་མི་དབང་རྟོགས་བརྗོད་དང་བཀའ་བློན་རྟོགས་གཉིས་ལ་གཟིགས་དང་། ཇུན་གར་སོག་དམག་ལ་དགེ་ལུགས་པས་ངན་སྐུལ་བྱས་པ་ཞིག་རེད་འདུག་གམ། ཡང་ན་སོག་པོ་དེ་ཚོ་ནི་དགེ་སྡིག་གི་བླང་དོར་མི་ཤེས་པར་གསོད་རྐྱང་གཏུབས་རྐྱང་བྱེད་མཁན་ཏག་ཏག་ཡིན་པ་ཤེས་ཀྱི་རེད། སྐབས་དེའི་དགེ་རྙིང་གི་འབྲེལ་བར་བསམས་ན་དགེ་ལུགས་པ་ཚོས་རྙིང་མའི་སྐྱེས་ཆེན་ཚོར་དེ་འདྲའི་བསམ་ནག་བྱེད་དགོས་པའི་རྩོད་རྙོག་ཅིག་སྐབས་དེར་བྲིས་པའི་ལོ་རྒྱུས་དག་ཏུ་རྙེད་རྒྱུ་མི་འདུག ངས་བསམས་ན་སོག་པོ་ཇུན་གར་བ་དེ་ཚོ་ནི་གདུག་རྩུབ་ཧ་ཅང་ཆེ་བས་རང་ཉིད་ཀྱི་རྐང་བ་ཞིག་གངས་ལྗོངས་ས་མཐོར་འཛུག་ཐུབ་པའི་ཆེད་དུ་དགེ་ལུགས་པ་ཚང་ལ་རྒྱབ་སྐྱོར་ཡིན་མདོག་གིས་དགེ་ལུགས་མིན་པའི་གྲུབ་མཐའ་གཞན་པར་སྡང་ཟུག་བྱས་པ་ཞིག་ཡིན་པ་ནི་ཧ་ཅང་གསལ་བོ་རེད་ལ། ཕྱོགས་གཅིག་ནས་གོང་ས་ལྔ་བ་ཆེན་པོའི་དུས་ནས་བཟུང་སྟེ་དགེ་ལུགས་དང་རྙིང་མ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་དེ་མེད་པར་མ་བཟོས་ན་གྲུབ་མཐའི་བར་འཁོན་འཛིན་མི་འབྱུང་ཞིང་། འཁོན་འཛིན་དེ་འདྲ་ཞིག་མེད་ཚེ་བོད་པའི་རྡོག་རྩ་གཅིག་སྒྲིལ་འདི་བཤིག་ཐབས་གཞན་མ་རྙེད་པའི་གདེང་ཚོད་ཅིག་ལོན་ནས་ཆོས་བརྒྱུད་གྲུབ་མཐའི་བར་དབྱེན་དཀྲུག་གི་ལས་ཀ་དེ་འདྲ་བྱས་པ་ཞིག་རེད་བསམས། གང་ལྟར་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་བཤད་ཡམས་ཙམ་ལ་ཡིད་ཆེས་མི་བྱེད་པར་སྐབས་དེའི་མི་སྣས་བྲིས་པའི་ལོ་རྒྱུས་ཀློག་རྒྱུ་འདི་ཧ་ཅང་གལ་ཆེ་གི ཞབས་དྲུང་ཚེ་རིང་དབང་རྒྱལ་ཁོང་ནི་ཨོ་རྒྱན་སངས་རྒྱས་གཉིས་པ་དང་རྗེ་ཙོང་ཁ་བ་གཉིས་ཀར་དད་པ་ཁྱད་མེད་དུ་བྱེད་མཁན་ཞིག་ཡིན་འདུག་པས། ཕྱོགས་རིས་ཀྱི་བསམ་བློས་བསླངས་ཏེ་ལོ་རྒྱུས་འཁྱོག་འབྲི་བྱས་ཡོད་ཀྱི་མ་རེད་བསམས། ངས་ཀྱང་མི་དབང་རྟོགས་བརྗོད་དང་བཀའ་བློན་རྟོགས་བརྗོད་གཉིས་སྐྱར་ཀློག་ཅིག་བྱེད་དགོས་མོད་ད་ལྟ་དེབ་དེ་གཉིས་འདི་ན་མེད་ཀི
སྐབས་དེའི་རྗེས་དེ་མ་ཐག་ཏུ་ཞྭ་དམར་པའི་ངན་སྐུལ་འོག་བལ་དམག་གམ་གོར་དམག་ཡོད་དུ་ཡོང་ནས་བོད་ཀྱི་རྫོང་ཁག་མང་པོ་བཙན་བཟུང་དང་བཀྲ་ཤིས་ལྷུན་པོར་འཕྲོག་བཅོམ་ཚད་མེད་སོགས་བྱས་པས། དུས་ད་ལྟ་ཡང་སྐྱིད་རོང་ཕྱོགས་སུ་བོད་ས་བལ་འོག་ཏུ་ལུས་ཡོད་པའི་ལོ་རྒྱུས་ཀྱི་སྐྱོ་གར་མ་ཤི་གསོན་པོར་ཡོད་ན་ཡང་། ལོ་རྒྱུས་སྟེང་གི་ནག་ཉེས་དེ་ཞྭ་དམར་བ་ཁོ་རང་གིས་འཁུར་དགོས་ཀྱི་རེད་མ་གཏོགས་སྐབས་དེའི་བཀའ་བརྒྱུད་པ་ཡོད་ཚད་ལ་ནག་ཉེས་བཀལ་ན་དེ་ལས་ལྷག་པའི་ཅོལ་ཆུང་བླུན་པོའི་བྱེད་སྟངས་ཤིག་གང་ན་ཡོད། གང་སྲིད་འཇམ་བཞད་ཀྱིས་སོག་དམག་བོད་དུ་ཁྲིད་ཡོང་བའི་ཁུངས་སྐྱེལ་ར་འཕྲོད་པ་ཞིག་ཡོད་པ་ཡིན་ན་ཡང་། ཞྭ་དམར་བས་གོར་བོད་དམག་འཁྲུག་གི་ནག་ཉེས་འཁུར་དགོས་པ་ཇི་བཞིན་འཇམ་བཤད་ཀྱིས་ཀྱང་ལོ་རྒྱུས་ཀྱི་ནག་ཉེས་དེ་འཁུར་དགོས་ཀྱི་རེད་ལ་ཁོ་ལ་བཀལ་ན་ཡང་འགྲིག་གི་རེད་མ་གཏོགས། འཇམ་བཞད་ཀྱི་ནག་ཉེས་དེ་དགེ་ལུགས་པའི་གྲུབ་མཐའི་མགོ་རུ་འགེལ་བ་འདི་ནི་རང་ཉིད་རྩ་བའི་ཆ་ནས་དགེ་ལུགས་པར་མི་དགའ་བའི་ནང་གི་བསམ་བློ་དེ་ཕྱིར་མངོན་ཐབས་བྱས་པ་ཙམ་ཞིག་མ་རེད་དམ། འདི་ནི་ལོ་རྒྱུས་བཤད་མཁན་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དག་གིས་ཤེས་དགོས་པའི་མ་མཐའི་ཆ་རྐྱེན་གལ་ཆེན་ཞིག་རེད། དེའི་ཕྱིར་ངས་ས་འབྲིའི་གླིང་ལོག་དང་ལྷ་ལྡན་སྨོན་ལམ་བཀག་འགོག ཇོ་ནང་དགེ་སྒྱུར། རྙིང་བླ་སྐུ་བགྲོང་སོགས་ལོ་རྒྱུས་སྟེང་གི་ནག་ཐིག་དེ་ཚོ་ལོ་རྒྱུས་དེ་རང་ལ་འབྲེལ་བ་ངེས་ཅན་ཁུངས་སྐྱེལ་ཐུབ་པ་ཡོད་པའི་མི་སྣ་དེ་དག་ལ་འགེལ་གི་ཡོད་མ་གཏོགས། མི་སྣ་དེ་གང་ལ་གཏོགས་པའི་ཆོས་བརྒྱུད་གྲུབ་མཐའ་ཧྲིལ་བོར་ལོ་རྒྱུས་ཀྱི་ནག་ཉེས་དེ་ནམ་ཡང་འགེལ་མི་ཐུབ་ལ་འགེལ་སྲོལ་ཡང་ག་ལ་ཡོད། འདི་འདྲ་ཞིག་མ་རེད་དམ།
ཡིག་ནོར།
ཡོད་དུ་ཡོང་ནས་
བོད་དུ་ཡོང་ནས་
ངས་ལོ་དྲུག་བདུན་གྱི་སྔོན་ལ་སྔ་འགྱུར་གླེང་སྟེགས་ཞེས་པའི་དུས་དེབ་ཅིག་ལས་དགེ་ལུགས་པས་རྙིང་མའི་བླ་ཆེན་དེ་དག་བགྲོངས་པས། རྙིང་མས་དེ་ནམ་ཡང་བརྗེད་ཀི་མ་རེད་ཟེར་བའི་ཚིག་འགའ་མཐོང་མྱོང་བས། ད་ལྟ་བསམས་ན་སྐུ་ཞབས་མྱིག་རྫོད་ལགས་ཀྱི་གསུང་གི་རྣམ་འགྱུར་དེ་ནི་དེ་དུས་ཀྱི་རྩོམ་ཡིག་འབྲི་མཁན་དེའི་བཤད་སྟངས་དང་གཅིག་འདྲ་ཞིག་ཏུ་མཐོང་སོང་། ད་ནི་ལོ་རྒྱུས་སྟེང་གི་མི་སྣ་རེ་ཟུང་གི་བྱ་སྤྱོད་དེ་ཚོ་ཆོལ་ཁ་རེ་དང་ཆོས་ལུགས་རེ་ལ་དཀྲི་བའི་མིག་རྒྱ་ཤེས་རྒྱ་ཆུང་ཆུང་གི་ལས་ཀ་དེ་དག་རིང་དུ་སྤངས་ནས་ཆོལ་གསུམ་དམ་ཚིག་ཆིག་སྒྲིལ་དང་། ནང་བསྟན་དཔུང་གདང་གཅིག་སྒྲིག་གི་ལས་ཀ་རེ་བརྩམ་ན་ལེགས་ཀི། ལོ་བཞི་བརྒྱ་ལྔ་བརྒྱའི་གོང་དུ་བྱུང་ཟིན་པའི་ལོ་རྒྱུས་རུལ་བ་དྲི་ངན་ཡང་ཁ་རྒྱུ་མེད་པ་ཞིག་དུས་རབས་གསར་བའི་དྲ་ཚིགས་ཁག་གི་ངོས་སུ་ཡང་ནས་སྐྱར་དུ་དྲུད་མ་ཡོང་ན་ལེགས་ཀི
ལོ་རྒྱུས་མགོ་རྙོག་ཚ་བོ་དེ་དག་ཕར་བཞག་ནས། ལོ་བཅུ་ཕྲག་གཅིག་གཉིས་ཀྱི་ནང་དུ་ཐེ་ཝན་བོད་སོག་ལས་ཁུངས་ཀྱིས་བོད་བཙན་བྱོལ་བའི་ཁྲོད་དུ་དཔལ་འབྱོར་གྱིས་དཀྲུགས་ཤིང་རབ་དང་རིམ་པ་ཞིག་རྒྱག་དུས། ཆོས་བརྒྱུད་ཁག་ཅག་དང་ཆོལ་ཁ་རེ་ཟུང་གི་མི་སྣ་གལ་ཆེན་འགའ་རེ་ཐེ་ཝན་དུ་སོང་ནས་ཐེ་ཕོགས་ཟོས་པ་རེད་དེ། མི་དེ་ཚོའི་བྱ་སྤྱོད་ཀྱིས་མི་དེ་གང་ལ་གཏོགས་པའི་ཆོལ་ཁ་དང་ཆོས་བརྒྱུད་དེ་ནག་ཉེས་ཅན་དུ་བསྒྱུར་མི་ཐུབ་ལ་བསྒྱུར་མེད་པ་དེ་ང་ཚོས་གསལ་བོར་ཤེས་པས། དཔེ་མཚོན་འདི་ལ་བརྟེན་ནས་མི་ཞིག་གིས་ནག་ཉེས་བསགས་དུས་མི་དེའི་ཁྱིམ་མི་ཚང་མ་ནག་ཅན་དུ་བརྩི་བའི་གནའ་བོའི་སྲོལ་རྒྱུན་ངན་པ་དེང་སང་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པ་དེ་རོ་ལངས་རྒྱག་རྒྱུར་སྐུལ་མ་མ་བྱས་ན་ལེགས་ཀྱི་རེད། མི་དེས་འགྲིགས་མེད་ན་མི་དེར་ཁ་རྡུང་ཐོངས། མི་དེ་གང་ལ་གཏོགས་པའི་ཆོས་ལུགས་དང་ཆོལ་ཁ་ཡིས་ཁྱོད་ལ་ཅི་ཞིག་བྱས་སོང་། དཔེར་ན་ཞི་མོ་ཆ་རེས་ཞི་ལི་ཞིག་གིས་འཇོག་མེད་བྱས་སོང་ན་དེ་རིང་ནས་བཟུང་ཞི་ལི་ཚོར་ཡིད་ཆེས་མེད་དུས་ང་ཚོས་ཇི་འདྲ་ཞིག་ལབ་ཀི་ཡོད། ཐག་ཉེ་ནས་བཤད་ན་དེ་དང་གཅིག་པ་རེད། ཞི་ལི་གཅིག་གིས་ཞི་ལི་ཚང་མའི་ཚབ་བྱེད་ག་ལ་ཐུབ། ཨ་མདོ་བ་གཅིག་གིས་ཨ་མདོ་བ་ཚང་མའི་ཚབ་བྱེད་ག་ལ་ཐུབ། གསལ་བོ་ཟིག་བཤད་ན་འདི་མོ་ཟིག་རེད།
བློ་བཟང་ལགས།
ཁྱེད་ཀྱིས་གསུང་བ་ལ་རྒྱུ་མཚན་འདུག མ་ཚད་ཁྱེད་ཀྱིས་གཞན་གྱི་སྐད་ཡིག་ཐོག་ཏུ་དཔྱད་རྩོམ་སོགས་སྤེལ་བཞིན་ཡོད་པ་ལ་ང་བོད་པ་ཞིག་ཡིན་པའི་ཆ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན། ང་ཚོ་བོད་མི་རིགས་འདིའི་ཡུལ་སྲོལ་གོམས་བཤིས་ཤིག་གི་ཡིན་དང་གང་ཡིན་མ་ཤེས། ཁྱེད་ནང་བཞིན་བླ་མ་སྤྲུལ་སྐུ་དང་མཁས་པ་སོགས་མང་པོ་ཞིག་གིས་ང་ནི་མིང་དང་སྙན་གྲགས་ལ་མི་དགའ་མཁན་ཞིག་ཡིན་ཞེས་རང་བཞིན་གྱིས་ལབ་ཀྱི་འདུག མིང་དང་སྙན་གྲགས་དོན་གཉེར་མི་བྱེད་མཁན་མང་པོ་ཞིག་ཡོད་རྒྱུ་རེད། མ་གཏོགས་མིང་དང་སྙན་གྲགས་ལ་མི་དགའ་མཁན་ཞིག་ཡིན་དང་མིན། དེ་ལ་དཔྱད་པ་ཞིག་བཏང་དགོས་གི གཞན་གྱིས་རང་ལ་བསྟོད་སྨད་སོགས་བྱེད་སྐབས་ཚོར་བ་གང་འདྲ་ཞིག་འདུག དངོས་གནས་མི་དགའ་མཁན་ཞིག་ཨེ་རེད།
འདི་ནི་མིང་དང་སྙན་གྲགས་ལ་མི་དགའ་མཁན་ཞིག་ཡིན་ཟེར་མཁན་ཕྲན་རང་དང་ཁྱེད་བཅས་ཀུན་ལ་ཕུལ་བ་ཡིན། གུས་བཅས།
གང་ལྟར་རང་ལ་གཏད་སོ་ཅི་ཡང་མེད་པར་འབྲུག་པས་ཅིག་ཟེར་གི རྒྱ་མིས་ཉིག་ཟེར་གི་ཞེས་གཞན་གྱིས་ཅི་ཟེར་རང་གི་རྒྱབ་རྟེན་དུ་མི་འཁྱེར་བར་བོད་མི་རང་གི་ལོ་རྒྱུས་ལ་མྱི་བུ་རང་གི་མིག་གིས་བལྟ་དགོས་ལ་བལྟ་ཡང་ཤེས་དགོས།
མཐའ་སྡོམ། དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །
རང་གི་སྲོག་ལ་བབས་ཀྱང་བསྲུང་བར་བྱ། །ཚིག་རྐང་མཐའ་མ་འདི་ཇི་བཞིན་མི་དྲན།
ཞེས་དང་ཡང་།
རྒྱུ་མཚན་མེད་པར་བརྗོད་ན་ཡིད་ཆེས་ཤིང་། །
རྒྱུ་མཚན་བཙལ་སྟེ་བརྗོད་ན་བརྙས་བྱེད་པའི། །
སྐྱེ་བོ་རྨོངས་པའི་སེམས་ཀྱི་གཤིས་ལུགས་འདི། །
ཚད་མའི་འཇུག་པ་ཀུན་ལས་འདས་པ་ལགས། །
ཞེས་པ་འདིས་སྙིང་ཉེ་བའི་དྲ་གྲོགས་ཚོར་བདེ་མོ་ཞིག་བཞག་པ་ལགས་སོ།།
རུ་དམ་ལུང་གི་བུ་ལ།
ཁྱེད་ཀྱིས་བཤད་པ་དེ་ལ་རྒྱུ་མཚན་འདུག་།་་ང་ཚོའི་བླ་མ་དང་མཁས་བ་དག་ལ་དེ་འདྲའི་གོམས་སྲོལ་ཞིག་འདུག་།་་་ཁ་ནས་བཤད་པ་དང་ལག་ནས་བྱེད་པ་གཉིས་ལ་བར་ཐག་ཤིན་ཏུ་ནས་རིང་པོ་འདུག་།་་དེ་འདྲ་ཤིག་ལ་དམིགས་ནས་ལོ་བཅུ་ཙམ་ལ་རྩོམ་གཅིག་ཀྱང་བྲིས་མེད་།་རང་གི་ག་རེ་ཤེས་བ་དེ་རང་གི་ཧ་གོ་ནི་རེད་།་ཆེན་པོ་ཤིག་།་ཧ་གོ་མཁན་ཞིག་བྱེད་ན་རང་གི་རང་ལ་མགོ་སྐོར་བཏང་བ་ཡིན་པ་ལས་གཞན་ཅི་ཡང་མེད་།་་རྩོམ་ཐུང་འདི་ཡང་བོད་དུ་ཡོད་དུས་བྲིས་པ་ཡིན་།་གྲོགས་པོ་འགའ་ཤས་ཀྱི་མཐོང་བྱུང།་བོད་ལྗོངས་ཞིབ་འཇུག་དང་།་གཞན་གྱི་དུས་དེབ་འགའ་ཤས་ཐོག་ལ་འགོད་རྒྱུ་རེ་བ་བཏོན་སོང།་དེ་དག་ལ་ཡང་མ་བཀོད་པ་ཡིན་།་་རྒྱུ་མཚན་ནི་བོད་ནང་དུ་གཏམ་གླེང་དང་།་རྩོད་པ་རྒྱག་རྒྱུའི་སྐལ་བ་ཡོད་རྒྱུ་མ་རེད་བསམ་ནས་བཞག་པ་ཡིན་།་ངས་རྩོམ་འདི་དྲ་ཚིགས་འདི་ལ་བཀོད་པ་ཡིན་།་རྒྱུ་མཚན་ཅང་མེད་།་རང་གི་མིང་དང་ལོ་རྒྱུས་གསལ་བོ་བཀོད་བྲིས་ཡོད་པ་འདི་རེད་།་རྒྱུ་མཚན་ནི་རང་གི་བྲིས་བ་ལ་རང་གི་འགན་ཁུར་བ་དང་་།་དཔྱོད་ལྡན་དྲང་མི་ཤིག་བྱ་བསམ་པ་དེ་ཡིན་།་ད་ལོ་བཟུང་རིམ་གྱིས་ཕྲན་གྱི་བྲིས་བ་མང་པོ་ཤིག་རིམ་གྱིས་བོད་དབྱིན་གཉིས་ཀྱི་ག་ལེར་ཐོན་ཡོང་གིན་རེད་།་རྒྱུ་མཚན་ཡོད་མེད་དང་།་ངའི་རང་གི་དམིགས་ཡུལ་གང་འདྲ་ཡིན་པ་རིམ་གྱིས་ཁྱེད་ཚོས་ཤེས་ཡོང་གིན་རེད་།
དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་སོགས་ཀྱི་ནང་ཁོང་གི་ལྗགས་རྩོམ་མིན་པ་ཡོད་མེད་ལ་ཞིབ་འཇུག་གིས་དབྱེ་འབྱེད་ཡག་པོ་བྱེད་རྒྱུ་དེ་དངོས་གནས་གལ་ཆེན་པོར་མཐོང་།
དེ་མིན་དགེ་འདུན་ཆོས་འཕེལ་མཁས་པ་ཡིན་མིན་དང་རྣམ་དཔྱོད་ཡོད་མེད་སྐོར་སྐད་ཆ་བཤད་ན་ང་གད་མོ་རྐུབ་ནས་ཤོར་གི་འདུག གཞན་རྩོམ་བརྐུ་དགོས་མཁན་དེ་འདྲ་དགེ་འདུན་ཆོས་འཕེལ་ཡིན་རྒྱུ་མ་རེད་འདོད།
དགེ་འདུན་ཆོས་འཕེལ་གྱིས་བརྒྱ་ལོར་རྫུན་མ་བཟོས་པ་རེད་ཟེར་བ་འདིའང་དགེ་ཆོས་ཀྱི་ལོ་རྒྱུས་ཁག་ཚང་མར་བལྟས་པ་ཡིན་ན་ཕལ་ཆེར་གསལ་བོ་རེད་བསམས།
དགེ་ཆོས་བོད་གཞུང་གིས་དོ་དམ་བཙོན་འཇུག་གནང་སྐབས་ཀྱི་སྣང་རྩེ་ཤག་གི་མི་དཔོན་སྐུ་ངོ་བཀྲ་ཤིས་དཔལ་ར་བ་ལ་ཨ་ལགས་ཀིརྟི་ཚང་གིས་བཅར་འདྲི་བྱས་པའི་ནང་ཡང་། ་་རྩ་བའི་དོན་དག་དེ་མ་རེད། དེ་མིན་པའི་རྒྱུ་མཚན་ཡོད་པ་རེད་ཅེས་བཀའཤག་བཀའ་གནང་སོང་་ ངས་འདུག་ག ད་འདི་འདྲ་འདི་འདྲ་ལོ་རྒྱུས་ཀྱི་གཞི་འཛིན་ས་བྱེད་ན་མ་གཏོགས་གཞན་གང་ཞིག་གཞི་འཛིན་དགོས་རེད། བརྒྱ་ལོར་རྫུན་མ་བཟོ་མཁན་དེ་སོག་པོ་ཞིག་ཡིན་པ་རྗེས་ནས་ཧ་གོ་བ་མ་རེད་དམ།
འོ་། དེ་རིང་ཡེ་ཤེས་ལགས་ཞེ་རྒོད་གཏིང་ནས་འཁྲུག་འདུག་པས་ངོ་མ་སྐྲག་ནི་ཟིག་རེད། ཆུ་ཚོད་གཉིས་གསུམ་ཞིག་གི་ནང་ལ་མཆན་བཅུ་ཁ་ཞིག་བྲིས་འདུག དེ་ཚོ་རེ་རེ་བཞིན་ཞིབ་མོ་རྣམ་འཐག་བྱེད་ཚོད་མེད། འོན་ཀྱང་གནད་འགག་ཁ་ཤས་ཤིག་བཤད་ན་འཇམ་བཞད་ཀྱི་སོག་དམག་བོས་པ་དེ་ལོ་རྒྱུས་མང་པོའི་ནང་དུ་གསལ་བོར་ཡོད་མེད་མི་ཤེས། ཡོད་ས་གཙོ་བོ་དེ་ཁོ་རང་གི་རྣམ་ཐར་རེད། ལོ་བརྒྱད་དགུ་ཞིག་གི་སྔོན་པེ་ཅིན་ཡིན་ནམ་ཅིག་ནས་ཞིབ་འཇུག་སློབ་མ་ཞིག་གིས་བྲིས་པའི་འཇམ་བཞད་སྐོར་གྱི་དཔྱད་རྩོམ་ལྡེབ་དྲུག་བདུན་ཅན་ཞིག་འདུག ཁོས་རྣམ་ཐར་བཙན་པོ་མ་མཐོང་འདུག་པས་དེའི་ནང་གི་ལུང་འདྲེན་མང་པོ་བྱས་འདུག སོག་དམག་བོས་པ་དང་། སྡེ་སྲིད་དཀྲོངས་པ་སོགས་གསལ་བོ་ཞེ་དྲག་རེད། ངས་པར་སློག་ཅིག་རྒྱག་བསམ་དཔེ་བདག་གིས་ཅོལ་ཆུང་བྱས་ནས་རྒྱག་ཏུ་བཅུག་མ་སོང་། གཅིག་དེ་རེད།
གཉིས་པ་དེ་བོད་སོགས་ལས་ཁུངས་ནས་སྒོར་མོ་ཟོས་མ་ཟོས་ཀྱི་རྙོག་གླེང་མང་པོ་ངས་མི་ཤེས། ངས་གཅིག་ཤེས་པ་དེ་སྔོན་ཀུན་བཟང་བླ་མས་ཁྲིམས་གཏུག་བྱས་པའི་སྐོར་རེད། དེ་ངས་གསལ་བོར་ཤེས་ཀྱི་ཡོད། དགེ་ལུགས་ཡིན་པའི་གཞུང་ཞབས་འགའ་ཞིག་གིས་འདི་ལྟར་བཤད་རྐྱེན་སེ་རས་གྲ་དམག་གིས་རྣམ་གྲོལ་གླིང་ལ་རྒྱག་རྩིས་བྱས་པ་རེད། གྲུབ་དབང་རིན་པོ་ཆེའི་བཀའ་བཞིན་རྣམ་གྲོལ་གླིང་གི་གྲ་བ་ཚོ་དགོན་པའི་རྒྱབ་ནས་མར་བྲོས་འདུག དེ་རྗེས་ཀུན་བཟང་བླ་མས་ཁྲིམས་གཏུགས་བྱས་པ་རེད། ཀུན་བཟང་བླ་མས་ཐེ་ཝན་གྱི་སྦྱིན་བདག་དད་ལྡན་འགའ་ཞིག་གིས་རོགས་སྐྱོར་བྱས་པ་བདེན་ཡང་། དེ་བོད་སོགས་ལས་ཁུངས་ཀྱི་དངུལ་མིན་པའི་ཁུངས་སྐྱེལ་ཡིག་ཐོག་ནས་གསལ་བོར་བྱས་པ་རེད།
ཡང་ཁུངས་སྐྱེལ་གཅིག་ལ་ཀུན་བཟང་བླ་མར་སྐྱོན་འཛུགས་བྱེད་མཁན་གྱི་གཞུང་ཞབས་ཆེན་པོ་འགའ་ཞིག་ལ་གཞུང་རྒྱུ་ཟོས་པའི་ཁུངས་སྐྱེལ་བྱས་སྟབས། བཀའ་བློན་འགའ་ཞིག་(འདིར་མི་དོན་མེད་ཀྱི་མིང་ནས་འཛིན་འདོད་མེད་)གི་གོ་གནས་ཤོར་བ་དང་། སྐབས་དེའི་བཀའ་བློན་ཁྲི་པ་འཇུ་ཆེན་ཐུབ་བསྟན་གྱིས་གཤམས་འོག་གི་བཀའ་བློན་ཚོ་ལ་སྟངས་འཛིན་བྱས་ཐུབ་མི་འདུག་ཅེས་རང་ངོས་ནས་རྩ་དགོངས་ཞུས་པ་རེད། འཇུ་ཆེན་ད་སྐབས་གསོན་པོར་ཡོད་པས་དྲིས་དང་། མེ་ཕར་བུས་ན་སྨྲ་ར་ཚུར་ཚིག་པའི་ལོ་རྒྱུས་དེ་བྱུང་བ་རེད། དེ་རྗེས་གཙོ་བོ་གྲུབ་དབང་རིན་པོ་ཆེའི་ཐབས་མཁས་དང་བཟོད་སྲན་ལ་བརྟེན་ནས་རྣམ་གྲོལ་གླིང་དང་སེ་ར་གཉིས་འཆམས་པོ་བྱུང་འདུག
དེས་ན་བོད་སོགས་ལས་ཁུངས་ཀྱི་སྒོར་མོ་ཟེར་བ་དེ་གླེང་གཞི་དེ་ལ་ཟེར་གྱི་ཡོད་ན་དེ་ནི་དགེ་ཆོས་སང་ལ་དངུལ་ལོ་རྫུན་མ་བཟོས་པ་དང་ཉུལ་མ་བྱས་པ་སོགས་ཀྱི་བསྙོན་འཛུགས་བྱས་པ་ལྟ་བུ་ཞིག་ལས་གང་ཡང་བྱུང་མེད། གཙོ་བོ་ཁྲིམས་ཐོག་ནས་བདེན་དོན་གྱི་རྒྱལ་ཁ་བརྒྱ་ཆ་བརྒྱ་ཐམས་པ་ཐོབ་པ་རེད། ཁྲིམས་ཐོག་ལས་ལྷག་པའི་ཁུངས་སྐྱེལ་ས་ཞིག་ད་བར་ས་སྒང་འདིའི་མེད། མ་འོངས་པར་མི་ཤེས།
གཞན་སྔ་འགྱུར་གླེང་སྟེགས་ཟེར་བ་དེའི་ནང་ཅི་ཞིག་བྲིས་ཡོད་ངས་མི་ཤེས། ངས་ནི་མཐོང་མ་མྱོང་། གང་ལྟར་ཁྱོད་ཀྱིས་ཕ་བོང་ཁ་པ་སོགས་ལ་མི་དགའ་རབས་བཤད་པ་དེས་ཁྱོད་མི་དྲང་མོ་ཞིག་ཡིན་ས་རེད་བསམ་གྱི་ཡོད།
དེ་ནས་བློ་བཟང་ཟེར་བ་ཁྱོད་ངས་ངོ་ཤེས་པའི་བློ་བཟང་དེ་ཡིན་མ་རེད། ཁྱོད་ཀྱིས་རྡོ་རྦིས་བློ་བཟང་ཡོན་ཏན་ཟེར་བ་ཞིག་ཡིན་ཟེར་བ་དེ་བདེན་གི་ཆུག འོན་ཀྱང་ངས་ཁྱོད་ལ་དགོངས་དག་ཞུ་གི་མིན། གང་ཡིན་ཟེར་ན་དྲ་ཐོག་འདིར་ངས་ངོ་ཤེས་པའི་བློ་བཟང་ཟེར་བ་ཞིག་སྔ་མོ་ནས་ཡོད། ཁོས་གུ་རུ་རིན་པོ་ཆེ་རྒྱུ་མ་མཁན་རེད་ཟེར་བ་དང་། ཟམ་གདོང་རིན་པོ་ཆེ་རྒྱལ་བཙོང་པ་ཡིན་ཚུལ་སོགས་མང་པོ་འབྲི་གི་རེད། མཆན་རྙིང་ཚོ་ལ་བལྟས་ན་མཐོང་ངེས། ངས་དེ་ཁྱོད་རེད་བསམ་པ་ཡིན། ཁྱོད་ཀྱིས་མི་གཞན་གྱི་མིང་སྔ་མོ་ནས་འདིར་བཀོལ་བཞིན་པ་ཞིག་བེད་སྤྱོད་བྱས་འདུག་པ་ཁྱོད་རང་གིས་ནོར་བ་རེད། དེར་བརྟེན་དགོངས་དག་ཞུ་གི་མིན། རྗེས་མ་ནས་རང་གིས་མིང་ཆ་ཚང་བཀོལ་ན་ཡག་གི་མ་རེད་དམ། དེ་མིན་མཚན་སྙན་ལ་མི་འགའ་ཟེར་བ་དང་། རྡ་ས་ནས་འཚོ་བ་ལ་དཀའ་ངལ་འཕྲད་ཚུལ་ཞིག་གོ་ཙམ་གྱིས་བློར་མ་ཤོངས་བར་མགོ་འགད་རྩིས་བྱེད་བཞིན་སོགས་ནང་འགལ་མང་ཡང་དོན་དག་མེད་པས་གཡུག་ཞོག མཚན་སྙན་ལ་དགའ་གི་མེད་རྒྱུ་བྱོས།
མིང་འདྲ་པོ་ཡོད་པའི་མི་བསད་ན་ཡང་གསོད་ས་དེའི་ཁྲིམས་འགལ་རེད་མ་གཏོགས་གསོད་མཁན་ལ་ཁྲིམས་འགལ་གང་ཡང་ཡོད་པ་མ་རེད། དེ་གསོད་ས་དེའི་ནག་ཉེས་རེད། གསོད་མཁན་དེའི་ནག་ཉེས་མ་རེད། འདི་ངོ་ནས་ཁྲིམས་ཐོག་ནས་གསོད་མཁན་དེ་ལ་རྒྱལ་ཁ་ཐོབ་ཀྱི་རེད།
མགོན་པོ་ཕྱག་གཉིས་བ་ལགས་།་་ངས་དགེ་ཆོས་མཁས་བ་མ་རེད་ཟེར་མ་མྱོང་ལ།་རྣམ་དཔྱོད་ཡོད་པ་མ་རེད་ཅེས་ཅིས་ཀྱང་བཤད་མ་མྱོང་་།་ངས་རྩ་བའི་དམ་བཅའ་ནི་ངའི་རྩོམ་གྱི་ནང་གསལ་བ་ལྟར་།་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་མཁས་བ་རྙིང་བ་ཞིག་་ལས་ཚན་རིག་དང།་་དེང་དུས་ཀྱི་རིག་གནས་ལ་སྤྱོང་ཡོད་པའི་མཁས་བ་ཆེན་པོ་ཤིག་མ་རེད་ཅེས་བཤད་པ་ཡིན་།་འདི་ལ་ལྟོས་།་་”བོད་ཀྱི་སྔོན་གྱི་མཁས་བ་ལྟར༌།་་བོད་ཀྱི་ཆོས་དང༌།་རིག་གཞུང༌།་དེ་དག་ལ་དཔྱད་པའི་གླེགས་འགའ་བརྩམས་ཡོད་པ་ལས༌།་་སྔོན་གྱི་མཁས་བ་ཆེན་པོ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ལྟར་།་བོད་དུ་རིག་པའི་གཞུང་གསར་བ་རང་རྐྱ་ཐོན་པ་ཤིག་གསར་ཏུ་བཏོན་མེད༌།་་དེ་བས་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ༌།” ་དེ་བས་ཁྱེད་རང་བགད་ནས་རྐུབ་ཤོར་ནའང་དེ་རང་གིས་རང་ལ་བལྟས་ནས་དགོད་ཤོར་བ་ལས་གཞན་ཅི་ཡང་མ་ཡིན་།་་་གཞན་་དགེ་ཆོས་ཀྱིས་མི་གཞན་གྱིས་རྩོམ་ཞིག་རང་གི་བྲིས་བའི་རྩོམ་གྱི་་ནང་བཞག་ནས་།་མཐར་བོད་ཀྱི་གཅམ་བུ་དག་གིས་དཔྱད་བརྟག་དཔྱད་ཅི་ཡང་མེད་པར་་ཁ་གཅིག་གྲགས་ཀྱིས་དགེ་ཆོས་ལས་བཞན་པའི་མཁས་པ་སུས་ཀྱང་འདི་འདྲ་འབྲི་སྲིད་ཀྱི་མ་རེད་ཅེས་བཤད་དང་ཤོད་བཞིན་པ་དང་་།་ཐ་ན་དཔར་སྐྲུན་ཡན་འཛམ་གླིང་ཏུ་བཀྲམས་དེ་ལྟར་རེད་།་ཡང་ཁ་ཅིག་གིས་་དགེ་ཆོས་གཅིག་པོ་དཔུང་དུ་ཁུར་ནས་སྔོན་གྱི་མཁས་བ་རྣམས་ལ་བླུན་པོ་དང་།་རྙིང་ཞེན་པ།་ཅོལ་ཆུང་ཞེས་འཕྱ་སྨོད་བཏང་བཞིན་པ་འདི་དག་ལ་དམིགས་ནས་བོང་བུ་དར་གྱི་དེད་པ་གཅིག་ཡིན་།་་ཁྱེད་ཀྱི་བཤད་པ་དེ་བཞིན་རེད་།་་ང་ཡང་དེའི་སྐོར་ལ་་དོགས་གཞི་མང་པོ་སྐྱེས་བ་ཡིན་།་་ཐོག་མར་ངས་ཀྱིས་ནུབ་བྱང་ཚང་གི་གཅམ་བུ་ཚོ་དང་།་མགོ་ལོག་གི་སྤྱིན་བདག་དེ་ནོར་ནས་རྩོམ་དེའི་ནང་དུ་ཁོའི་གསུང་ནང་དུ་བཀོད་པ་རེད་བསམ་པ་མ་གཏོགས་།་དགེ་ཆོས་རང་གིས་དེ་ལྟར་བྲིས་ཡོད་ཀྱིན་མ་རེད་ཅེས་བསམ་པ་ཡིན།་དེའི་ཕྱིར་ཕྲན་ཆེད་དུ་་རེབ་གོང་བ་རྡོ་རྗེ་རྒྱལ་ལ་དོགས་གཞི་བཅར་འདྲི་ཞུས་བ་ཡིན། ཁོང་གིས་འདི་ལྟར་གསུང་བྱུང་། “དགེ་ཆོས་ཀྱིས་ངག་བཅོལ་ལྟར་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་།མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།”་
འདི་དོན་དག་ཆུང་ཆུང་ཞིག་མ་རེད་།་དགེ་ཆོས་ཀྱིས་གཞན་གྱི་རྩོམ་ཤིག་རང་གི་བྲིས་བའི་ཅི་ཕྱིར་བཅུག་པ་ཡིན་།་དེ་ནི་ང་ཚོས་དུས་རྒྱུན་ཐོས་བཞིན་པའི་དགེ་ཆོས་ཡང་མ་རེད་།་་ག་རེ་ཡིན་ནམ་།་ང་ཚོ་བོད་པ་རྣམས་ནི་གཞན་གྱི་མགོ་སྐོར་ས་ཆགས་བསྡད་ཡོད་ནི་རེད་དམ་།་་་བཙོན་ཏུ་བཅུག་པའི་་སྐོར་ལ་ད་དུང་ཞིབ་དཔྱད་བྱ་དགོས་བའི་གནད་དོན་མང་པོ་ཡོད་པ་རེད་།་དངུལ་ལོ་བཟོ་མཁན་མིན་ཀྱང་རུང་།་དེ་ན་ཕྱི་རྒྱལ་ལ་འབྲེལ་བ་བྱས་ནས་བོད་གཞུང་སྟོར་བའི་ཕྱི་རྒྱལ་གྱི་ཚོགས་པ་ཤིག་གི་་ནང་དུ་ཞུགས་ཡོད་དམ་མེད།་ཚོགས་པ་དེའི་དྲག་ཤུགས་བེད་སྤྱོད་གཏོང་བའི་དམིགས་ཡུལ་ཡོད་དམ་མེད།་དྲི་ཚིག་འདི་དག་་ལ་བསམ་བློ་གཏོང་དགོས་ཀྱིན་རེད་།་ཁྱེད་ཅག་གིས་་གནད་དོན་འདི་རྣམས་ཁུངས་སྐྱེལ་བྱ་ཐུབ་ན་།་ངས་དགེ་ཆོས་ནི་མ་ཉེས་ཁ་་གཡོག་གི་བཙོན་དུ་བཅུག་པ་རེད་ཅེས་ཅི་ལ་བཤད་མི་ཐུབ་།་དེའི་བར་དགེ་ཆོས་ནི་ཉེས་ཅན་རེད་དང་མ་རེད་ཅེས་བརྗོད་མི་འདོད་དོ་།
མྱིག་རྫོད་པ་ལགས་།་
ང་དངོས་གནས་ཁྱེད་ལ་ཡ་མཚར་གྱིན་འདུག་།་་ཁྱེད་རང་གི་ནོར་འཕྲུལ་དེ་ཡང་ང་རང་ལན་པ་རེད་དམ།་་ངས་་ཐོག་དང་པོ་ནས་ལབ་པ་མ་ཡིན་ནམ།་ལྟོས་དང་།་ངས་མིང་གསལ་བོ་བཀོད་པའི་རྗེས་ནས་ཁྱོད་ཀྱི་ང་ལ་སྐྱོན་བཙུགས་པ་མ་ཡིན་ནམ་།་ཨ་ཙི་ཁྱོད་རང་གི་འདི་ལྟ་བའི་རྫུན་་ཞིག་ག་རེ་བྱས་ནས་བཤད་ཕོད་དམ་།་་་ངེད་ཐོག་མ་ཉིད་ནས་མིང་གསལ་བོ་བཀོད་ཡོད་།་་
ཡང་ཁྱེད་རང་གི་ཡ་མཚར་བོ་ཞིག་བཤད་ཀྱིན་འདུག་།་ངས་ང་རང་དག་འདོན་དང་།་དགེ་ཆོས་ཀྱི་གསུང་ལ་དོགས་གཞི་སློང་བ་ནི་་སྐད་ཆ་དྲང་་བོ་ཤིག་བཤད་རྒྱུའི་ཆེད་དུ་ཡིན་པ་་མ་གཏོགས་་ང་མིང་དུ་གྲགས་འགྲོ་བསམ་པ་ཞིག་གཏན་ནས་སྐྱེས་མ་མྱོང་།་་ཁྱེད་དེ་གཉིས་ཀྱི་ཁྱད་པ་ཤེས་བ་འདྲ་།་
བློ་བཟང་ལགས་ལ་ཞུ་རྒྱུ། ཁྱེད་རང་གིས་རྩོམ་ཡིག་སྐོར་མུ་མཐུད་དུ་འདོན་རྩིས་ཡོད་པ་རྗེས་སུ་ཡི་རེངས་ཡོད། རིན་ཐང་ཡོད་པ་རེད།
ཁྱེད་དེ་གཉིས་ཀྱི་ཁྱད་པར་མ་ཤེས་བ་འདྲ་།་ཞེས་བཤད་འདོད་པ་ཡིན།་
གསོད་ས་ལ་སེམས་མེད་ས་ཆ་ཞིག་ལ་ཁྲིམས་འགལ་དང་ནག་ཉེས་ག་འདྲ་སེ་ཡོང་གི་རེད། གསད་བྱ་ལ་དེ་འདྲ་ཡོང་མ་སྲིད་པའང་མ་རེད།
རེད་རེད། གསོད་ས། གསད་བྱ། གསོད་མཁན།
ཁྲིམས་འགལ་གྱི་ས་ཆ་མང་པོ་ཡོད་པ་རེད་ཡ། རྡ་ས་གཅིག་བུ་ན་ཁྲིམས་འགལ་གྱི་ས་ཆ་རེད་ཟེར་ནས་ཁང་པ་བཟོ་འཕྲོ་བཅད་ནས་ཡོད་པ་ག་ཚོད་ཡོད་པ་རེད། མ་གཞི་དམིགས་ཡུལ། དམིགས་ས། དམིགས་དོན། དམིགས་གཞི། འདི་ཚང་མ་དོན་གཅིག་རེད་མོ། དག་བཅོས་ཁྱོང་མི་འདུག་ཡ།
འོ་ཡ། བློ་བཟང་། ངས་དང་པོ་ཁྱེད་ཀྱི་རྫུན་བཤད་ཀྱི་འདུག་བསམ་སོང་། དེ་རྗེས་སྐད་ཡིག་གཞན་པའི་ནང་དུ་རྩོམ་བྲིས་ཚུལ་མཐོང་བས་གཞི་ནས་ཡིད་ཆེས་པ་ཡིན། ངས་རྫུན་མིན། དགེ་ཆོས་སྐོར་ལ་མང་པོ་བཤད་འདོད་ཡོད་ཀྱང་ད་བཤད་བསམ་གྱི་མི་འདུག
ཨ་རོ། རྒད་པོ་ཚོ། ད་ཁྱེད་ཚོའི་དེ་ྐློག་ྐློག་ནས་ང་ན་སོང་། སྨན་ཁང་ལ་འགྲོ་གི་ཡིན།
བདུན་ཁ་ཤས་ལ་སྨན་ཁང་དུ་འདུག་གི་ཡིན།
རིག་འབྱུང་། སྨན་ཁང་ནས་རོགས་པ་དགོས་ན་ང་ཡོང་ཡ། ང་ལ་གཏམ་སྙན་མོ་མང་པོ་བཤད་རྒྱུ་ཡོད་ཡ།
ཅིག་རེད་མ་རེད་ཟེར་བ་དེ་ཚོ་མི་ར་བཟི་བ་ནང་བཞིན་སྐད་ཆ་བཤད་ན་ཆོ་མི་འདུག དཔང་རྟགས་གསོན་པོ་ཞིག་དགོས་པ་རེད། ཁོ་ཚོགས་པ་འདི་འདྲ་ཞིག་ནང་ཡོད་པ་རེད་ཟེར་ནས་དཔང་རྟགས་རྩ་ནས་རྙེད་ཡོད་པ་མ་རེད། ། ཁོང་རང་ནས་ཁས་ལེན་རྩ་བ་ནས་བྱས་ཡོད་པ་མ་རེད།
དེ་འདྲ་སོང་ཙང་ཁོང་ལོ་གསུམ་ལ་བཙོན་འཇུག་བྱས་པ་དེ་མ་ཉེས་ཁ་གཡོགས་རེད།
སྦོམ་མདས་སྒོར་མོ་བཞི་བརྒྱ་སྐུར་གི་ཡོད་པ་ཙམ་དང་། རོག་ཧིལ་སོགས་དམར་ཤོག་པ་འགའ་རེ་མཉམ་པར་ཡོད་པ། དམར་ཤོག་གི་གཞུང་ལུགས་སྐོར་དེབ་ཡོད་པ་ཙམ་གྱིས་ཚོགས་པ་དེ་དང་དེའི་ཁོངས་ཞུགས་ཡོད་པའི་དཔང་རྟགས་ཉན་གི་མ་རེད། མིན་འགྲོ། ཡིན་འགྲོ་ཟེར་བའི་སྐད་ཆ་བཤད་བསྡད་ན་སྟོན་ནུབ་རྟ་བོས་ཆོད་གི་མ་རེད། སྐད་ཆ་དེ་འདྲ་བཤད་བསྡད་ན་བླུན་པོ་ཚོ་འདྲོགས་ལངས་སྲིད་ཀྱང་མཁས་པ་ཞིག་ཡིན་ཕྱིན་ཁྲེལ་བའི་རྒྱུ་ཙམ་ལས་མི་འདུག ང་ཚོས་རྣམ་རྟོག་རེད་ཟེར་བ་ཞིག་ཡོད་པ་དེའང་དེ་འདྲ་ལ་བཤད་གི་ཡོད་པ་རེད།
ཕྱག་གཉིས་པ་ལ།
རྩ་བའི་ཆ་ནས་དགེ་ཆོས་ལ་ནག་ཉེས་ཡོད་ན་ཆོག་གི ནག་ཉེས་མེད་ན་ཆོག་གི བོད་སྡེ་གཞུང་ཁོ་ལ་དོགས་པ་ཟས་བ་རེད། དོགས་པ་ཟས་ཆོག་གི་རེད་དམ་མ་རེད། དོགས་པ་ཟས་ནས་བཙོན་ལ་འཇུགས་ཆོག་གི་རེད་དམ་། རྒྱལ་ཁབ་སུ་ཞིག་ཡིན་ཡང་མི་ལ་དོགས་པ་ཟས་ནས་བཙོན་ལ་འཇུགས་མི་ཆོག་པ་ཞིག་ཡོད་པ་མ་རེད། ཁོ་ལ་མ་ཉེས་ཁ་གཡོགས་བྱས་ཡོད་པའི་སྒྲུབ་བྱེད་ག་རེ་ཡོད། ཁོ་ལ་ཉེས་བ་མེད་པ་སུས་ཤེས་ནི་རེད། ངོ་མས་བཤད་ན་དུང་ཞེན་གྱི་དབང་གིས་་ཁོ་ལ་ཉེས་བ་ཡོད་པ་མ་རེད་ཟེར་བ་ལས་གཞན་ཅི་ཞིག་ཡོད་དམ།
མགོན་ཕྱག་དང་ཀླུ་སྨྱོན་གཙོ་བྱས་པའི་དྲ་གྲོགས་ཡོངས་ལ་གུས་བརྩི་ཞུ། མུ་མཐུད་ནས་བསམ་ཚུལ་ལྷུག་བརྗོད་གནང་རོགས།
ལྕང་ཅན་བསོད་ནམས་རྒྱལ་པོ་དང་སྤོམ་མདའ་ཨ་ཕོ་རབ་དགའ། སྐུ་བཅར་ཐུབ་བསྟན་ཀུན་འཕེལ་སོགས་ཀྱི་ཚོགས་པ་སྟེ་ནུབ་བོད་ལེགས་བཅོས་ཚོགས་པ་དེའི་ནང་དུ་དགེ་ཆོས་ཡོད་པ་ནི་སྐབས་དེའི་ལོ་རྒྱུས་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་ལོ་རྒྱུས་དེབ་ནང་ཁོ་རང་ཚོགས་པ་དེའི་ཚོགས་མིར་འཛུལ་རྒྱུར་སྐུལ་སློང་བྱས་པའི་སྐབས་སུ་ཧ་ཅང་གསལ་བོར་བྲིས་འདུག་ལ། ཚོགས་པ་དེའི་ལས་རྟགས་ནུབ་བོད་བཅོས་སྐྱིད་སྡུག་ཅེས་པའི་ལས་རྟགས་དེ་ཡང་དགེ་ཆོས་ཀྱིས་གསར་བཟོ་འམ་གསར་དུ་བྲིས་པ་ཞིག་ཡིན་ལུགས་ཡོངས་སུ་གྲགས་ཤིང་དགེ་ཆོས་ཀྱི་རི་མོ་ཕྱོགས་བསྡུས་ཀྱི་ཁྲོད་དུ་ཡང་རི་མོ་དེ་དུས་རྟག་པར་མཐོང་རྒྱུ་ཡོད་པ་ཞིག་རེད།
ད་རུང་དགེ་ཆོས་འཛིན་བཟུང་སྐབས་ཁོང་གི་ཡིག་ཆའི་ཁྲོད་ནས་བོད་གཞུང་གི་གནད་ཡོད་ལས་ཁུངས་ཚང་མ་དང་དེ་དག་གི་ནང་དུ་ལས་ཀ་བྱེད་མཁན་ཡོངས་སུ་རྫོགས་པའི་མིང་ཐོ་འཁོད་པའི་ཡིག་ཆ་ཞིག་རྙེད་སོན་བྱུང་འདུག་པ་ནི་བོད་གཞུང་གི་དོགས་པ་ཟ་སའི་མི་སྣ་ཞིག་ལ་མཚོན་ན་ཡིག་ཆ་དེའི་རྒྱབ་ལྗོངས་སུ་རྒྱལ་ཁབ་ཆེན་པོ་ཞིག་གམ་ཡང་ན་ཚོགས་པ་སྟོབས་ཆེན་ཞིག་ལོས་ཡོད་བསམ་པའི་བསམ་བློ་མི་འཁོར་རང་འཁོར་ཞིག་རེད། དཔེར་ན་ད་ལྟ་རྒྱ་གཞུང་གིས་བོད་པ་ཞིག་འཛིན་བཟུང་བྱས་པ་དང་མི་དེའི་ལག་ཁྱེར་ཁ་པར་རམ་གློག་ཀླད་ལས་རྒྱ་ནག་རྒྱལ་ཁབ་ཀྱི་གཞུང་འཛིན་ལས་ཁུངས་ཚང་མ་དང་དེ་ཚོའི་ནང་གི་ལས་བྱེད་དག་གི་མིང་ཐོ་རིང་པོ་ཞིག་ཐོན་པ་ཡིན་ན་མི་དེ་ལ་དོགས་པ་ག་ཚོད་ཅིག་ཟ་གི་རེད། སྐབས་དེའི་བོད་གཞུང་གི་ལས་བྱེད་དག་ཀྱང་དབྱིན་གཞུང་སྐུ་ཚབ་རིས་ཆར་སོན་གྱི་སྙན་ཞུ་དང་དགེ་ཆོས་ཀྱི་ཤག་ནས་རྙེད་པའི་ཐོ་གཞུང་དེ་གཉིས་ཀྱིས་དགེ་ཆོས་ལ་འཛིན་པའི་རྣམ་འགྱུར་དེ་ཚད་ངེས་ཅན་ཞིག་ལ་བསྐྱལ་ཡོད་ཀྱི་རེད་སྙམ།
དྲ་གྲོགས་རྣམས་པ། དགེ་ཆོས་ཀྱི་སྐོར་ལ། ང་ལ་གཤམ་གྱི་གནས་ཚུལ་ཐུང་ཐུང་ཞིག་འབུལ་རྒྱུ་ཡོད། སྐུ་མཁྱེན། ཆགས་སྡང་གི་རྒྱུག་པ་ཁྱེར་ནས། ལམ་གསེང་མགོ་ལ་མ་རྒྱག་རོགས། སྐར་མ་བཅུ་འདི་ཀློག་ནས་བསམ་བློ་ཞིག་གཏོང་རོགས། དཔྱད་གཞིའི་ཚུལ་དུ་ཡིན།
༡༩༩༦ལོར་གོང་ས་མཆོག་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་ཕེབས་དུས། ཁོང་ནས་༡༩༥༠གོང་ལ་བོད་ལ་ཕེབས་མྱོང་མཁན་གྱི་ཕྱི་རྒྱལ་བ་རྣམས་ལ་གསོལ་ཚིགས་ཤིག་འབུལ་གྱི་ཡིན། དེས་ན་ཕྱི་རྒྱལ་ལ་ཡོད་པའི་ད་ལྟ་འཚོ་བཞུགས་ཀྱི་བོད་ཀྱི་གྲོགས་པོ་རྣམས་གདན་འདྲེན་ཞུ་དགོས་ཅེས་དབྱིན་ཇིའི་དོན་གཅོད་ཁང་ལ་བཀའ་གནང་འདུག སྐབས་དེ་དུས། ང་རང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་གྲོགས་པོ་ཞིག་གི་ནད་གཡོག་ལ་ཡོད། བོད་ཀྱི་དོན་གཅོད་ནས་སྐུ་ཞབས་ཧུ་རི་ཅར་སི/(Hugh Richardson) ཞུ་བ་དེ་ཡང་གསོལ་སྟོན་དེ་ལ་གདན་འདྲེན་ཞུས་འདུག་སྟབས། ཁོང་ནས་གསོལ་སྟོན་རྗེས་ངའི་གྲོགས་པོར་གཟིགས་པར་ཕེབས་པ་དང་སྐབས་དེ་དུས་ངེད་གཉིས་ལོན་ཌོན་ལ་མཇལ་བྱུང་།
སྐུ་ཞབས་ཁོང་སུ་ཀ་ལན་ཌི་ལ་བཞུགས་ཤིང་། སྔོན་མ་བོད་ནང་ལ་དབྱིན་ཇིའི་གཞུང་ཚབ་ཀྱི་ལས་བྱེད་མཐོ་ཤོས་དང་མཐའ་མ་དེ་རེད།
སྐབས་དེ་དུས་ཁོང་ནས་བོད་ལ་བཞུགས་ཡུན་རིང་གི་གནས་ཚུལ་རྣམས་སྐྱར་དྲན་གནང་ནས་ང་ལ་ངོ་སྤྲོད་གནང་བྱུང་།
དེའི་སྐབས་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཞར་ལ་འཕྲོས་བྱུང་། ཁོང་ནས་དགེ་ཆོས་སྐོར་ལ་འདི་ལྟར་གསུངས་བྱུང་།
“དགེ་འདུན་ཆོས་འཕེལ་ནི་རིག་པ་རྣོ་ལ། ཤེས་བྱའི་རྣམ་གྲངས་ལ་སྐོམ་པ་ཆུ་འདོད་ཀྱི་འདུན་པ་ཡོད་མཁན། སྐྱེ་བོ་ཤེས་འདོད་དྲག་པོ་ཅན་སྟེ། དབྱིན་ཇིའི་སྐད་ཀྱི་ནང་ལ་Curious ཞིག་རེད། ཁོང་གི་རྒྱབ་ལྗོངས་དེ་ཆོས་ལུགས་ཀྱི་ཤེས་བྱ་དང་འབྲེལ་བ་དམ་པོ་ཡོད་སྟབས། དང་པོ་ཆོས་ཕྱོགས་ལ་དོ་སྣང་ཆེན་པོ་ཡོད་པ་དང་། དེ་ཡང་ཆོས་ཁུངས་དེ་རྒྱ་གར་ལ་ཡོད་པ། དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་སྟབས། ཁོང་རྒྱ་གར་ལ་ལེགས་སྦྱར་གྱི་སྐད་སློབ་པར་ཕེབས་འདོད་ཆེན་པོ་ཡོད། སྐབས་དེ་དུས་སྟབས་མ་ལེགས་པ་ཞིག་ལ། ཨུ་རུ་སུས་བོད་ནང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ། ཨུ་རུ་སུས་རྒྱ་གར་ནང་ལ་དམར་པོའི་ཚོགས་པ་བཙུགས་ཡོད་པ་དང་དེ་ལ་བཀོད་འདོམས་བྱེད་པོ་རོ་རིག་དང་ཞར་ལ་རྒྱ་གར་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པའི་མི་ར་ཧུལ་ཟེར་བ་ཁ་ཤས་ཡོད། ཁོང་ཚོས་དགེ་འདུན་ཆོས་འཕེལ་ལག་སྦྲེལ་པ་ཡག་པོ་ཞིག་ལ་མཐོང་ནས་ཕྱི་ལྟར་ན་ཁོང་ལ་རོགས་པ་ལྟ་བུ། ནང་ལྟར་ན་ཁོང་བརྒྱུད་ནས་བོད་ཀྱི་གནས་ཚུལ་ཡག་པོ་ལེན་པ་དང་མ་འོངས་པ་ན་ཨུ་རུ་སུའི་རྡོ་ཀྱག་ཤིག་ཡོང་བའི་རེ་བ་བྱས་ནས་ཁོང་ལ་སྔ་ཕྱི་བར་གསུམ་དུ་གཅིག་ནས་བསམ་བློའི་སློབ་གསོ་སྤྲད་པ་དང་གཉིས་ནས་གསར་རྗེའི་ལྟ་བ་སོགས་ངོ་སྤྲོད་བྱས་ཡོད། རྗེས་མ་ཨུ་རུ་སུའི་རྒྱ་གར་ནང་གི་ལས་འགུལ་གང་སྤེལ་སྐོར་ལ་གསང་བའི་ཡིག་ཆ་དེ་ཚོ་ཐོན་གྱི་རེད། དེ་དུས། ཨུ་རུ་སུའི་KGBཟེར་བའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་དེ་ཚོའི་ནང་དགེ་འདུན་ཆོས་འཕེལ་གྱི་སྐོར་མང་པོ་ཐོན་གྱི་རེད། དོ་སྣང་བྱེད་དང་ཟེར།
“ང་ཚོ་དགེ་འདུན་ཆོས་འཕེལ་ལ་དོ་སྣང་ཡོང་ས་འདི་བོད་གཞུང་གིས་ང་ཚོར་རེ་བ་བཏོན་ནས་ང་ཚོས་དགེ་ཆོས་ལ་རྙི་བརྒྱབ་པ་མ་རེད། དབྱིན་ཇིའི་གསང་བའི་ལས་ཁུངས་ལ་དགེ་ཆོས་ཀྱི་སྐོར་མང་པོ་ཞིག་རོ་རིག་དང་ཁོང་ཚོའི་གསང་བའི་ལས་འགུལ་གྱི་སྐོར་ལ་མྱུལ་ཞིབ་བྱེད་སྐབས་ཐོན་པ་རེད། “འོ། དེང་སང་ཨུ་རུ་སུའི་གསང་བའི་ལས་ཀ་བྱེད་མཁན་དེ་ཚོའི་འབྲེལ་བ་བྱེད་ཡུལ་བོད་པའི་མི་ཞིག་འདུག དབྱིན་ཇི་ཡང་ཤེས་ཀྱི་འདུག སྤྲུལ་སྐུ་ཞིག་མིན་འགྲོ། སྐུ་དྲག་གི་ཕྲུ་གུ་མ་རེད། ཁོ་པ་ཨུ་རུ་སུའི་སོ་བའི་དོ་སྣང་དང་བློ་འདྲིས་བྱེད་ས་འགལ་ཆེ་ཤོས་ཤིག་རེད། ཅེས་ཡང་ཡང་དབྱིན་ཇིའི་གསང་བའི་མྱུལ་ཞིབ་ཀྱི་སྙན་ཞུའི་ནང་དགེ་ཆོས་ཀྱི་སྐོར་ཐོན་གྱི་ཡོད། དེར་བརྟེན་དབྱིན་ཇིས་བོད་གཞུང་ལ་འབྲེལ་བ་བྱས་ནས། དགེ་ཆོས་འདི་སུ་རེད། ཁུངས་གང་འདྲ་རས་ཅེས་བརྩད་གཅོད་གཏོང་སྐབས། གཞི་ནས་བོད་གཞུང་ལ་དོ་སྣང་བྱུང་ནས་དགེ་ཆོས་ལ་དོ་སྣང་སླེབས་པ་རེད།”
“དགེ་ཆོས་ལ་སྤྱི་ཚོགས་རིང་ལུགས་དང་གསར་རྗེའི་བསམ་བློ་གཙོ་བོ་འདི་ཚོ་ཨུ་རུ་སུ་དང་རྒྱ་གར་གསར་རྗེའི་ལས་འགུལ་བ་ཚོས་ཞར་དང་ཞོར་ལ་སློབ་གསོ་སྤྲད་ནས་བྱུང་བ་དང་། གསང་བའི་སྙན་ཞུ་འདི་ཚོའ་ནང་། ཨུ་རུ་སོའི་མྱུལ་མས་དབྱིན་ཇི་སློབ་ཁུལ་གྱིས་དོན་དམ་དགེ་ཆོས་ལ་གསར་རྗེའི་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་གཞག་སོགས་ཁྲིད་པ་དབྱིན་ཇིའི་གསང་བའི་ལས་ཁུངས་ལ་ཉིན་རེ་བཞིན་སྙན་ཞུ་འབྱོར་གྱི་ཡོད། ཨུ་རུ་སུས་སྔོན་མ་མའོ་ཙེ་ཏུང་ཡང་འདི་ལྟར་བྱས་ནས་བདག་པོ་རྒྱབ། གསོ་སྐྱོང་བྱས་པ་རེད་”ཟེར།
ཁོང་གི་ད་དུང་གསུངས་པར། “དབྱིན་ཇིའི་གསང་བའི་མི་སྣས། དགེ་འདུན་ཆོས་འཕེལ་དབྱིན་ཇིར་འགྲོ་འདོད་ཆེན་པོ་འདུག ང་ཚོས་གོ་སྐབས་འདི་དང་བསྟུན་ནས་ཁོང་དབྱིན་ཇི་ལ་གདན་འདྲེན་ཞུས་ནས། ཨུ་རུ་སུའི་རྒྱ་གར་གྱི་ལས་འགུལ་རྣམས་ཞིབ་དཔྱོད་བྱེད་དགོས་ཅེས་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་བགྲོ་གླེང་བྱས། དབྱིན་ཇིའི་ས་གནས་ཀྱི་སོ་བས། ཀ་བློན་སྦུག་ལ་ཡོད་པའི་དབྱིན་ཇིའི་སོ་བའི་ལག་སྦྲེལ་བོད་པ་ཁ་ཤས་ལ་ལས་འགན་སྤྲད་ནས། དགེ་འདུན་ཆོས་འཕེལ་དང་འབྲེལ་བ་བྱེད་སྐབས། ང་ཚོས་ཤེས་འཚོར་བྱུང་བར། དགེ་ཆོས་ཨུ་རུ་སུའི་མྱུལ་མ་ལྟ་ཅི། དགེ་འདུན་ཆོས་འཕེལ་གྱིས་རོ་རིག་དང་ར་ཧུལ་སོགས་ཨུ་རུ་སུའི་སོ་བ་ཡིན་བ་རྩ་བ་ནས་ཤེས་ཀྱི་མེད་པ་རྟོགས་པ་རེད། ད་དུང་དགེ་ཆོས་ཀྱིས་ཨུ་རུ་སུའི་ལས་འགུལ་སྐོར་ལ་གང་ཡང་ཤེས་ཀྱི་མེད་པ་འདི་གསལ་པོ་ཆགས་སྟབས། རེ་ཞིག་དགེ་ཆོས་ལ་དོ་སྣང་ཡལ་བ་རེད། ”
“རྗེས་སུ་བོད་པའི་ཚོང་པ་ཁ་ཤས་ཀྱིས་བོད་ཀྱི་གསར་རྗེའི་ཚོགས་པ་ཞིག་ཀ་བློན་སྦུ་ལ་བཙུགས་ནས། དགེ་ཆོས་ལ་འདིའི་ནང་བཞུགས་དགོས་པའི་རེ་བ་བཏོན་སྟབས། དགེ་ཆོས་ཀྱིས་ཀྱང་དེའི་ནང་ལ་བཞུགས་ནས། ཁོང་ཚོར་རི་མོ་འབྲི་བ་དང་རྩོམ་སྒྲིག་གི་ལས་ཀ་བྱས་པ་རེད། ད་གསར་རྗེའི་ཚོགས་པ་འདི་རྒྱ་གར་ས་ཐོག་ལ་བཙུགས་ཡོད་པ་དང་། རྒྱ་གར་སྐབས་དེ་དུས་དབྱིན་ཇིའི་འོག་ལ་ཡོད་སྟབས། དབྱིན་ཇིས་ཚོགས་པ་འདི་ལ་དེ་བས་དོ་སྣང་ཆེན་པོ་བྱས་ནས། ལྷ་ས་བདེ་སྐྱིད་གླིང་གར་ཉིན་ལྟར་གློག་འཕྲིན་བསྐུར་ནས། གསར་རྗེ་ཚོགས་པའི་མི་དེ་དག་གི་ལོ་རྒྱུས་བསྡུ་རུབ་བྱེད་ཀྱི་ཡོད་སྟབས། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་སྔར་བས་ལྷགས་པའི་དོ་སྣང་བྱས་ནས་བོད་གཞུང་གི་ཕྱི་རྒྱལ་ལས་ཁུངས་ལ་དགེ་ཆོས་ཀྱིས་བོད་ནང་ལ་སུ་དང་འབྲེལ་བ་ཡོད་མིན་སོགས་བརྩད་གཅོད་བྱེད་རོགས་ཅེས་མངགས་པ་རེད། ཡིན་ནའི་བོད་གཞུང་གིས་གསང་བ་འདི་ཁྲི་བྱང་བླ་མར་ཤོར། ཁོང་དགེ་ཆོས་ལ་རྙོག་འདྲ་ཞིག་ཡོང་རྒྱུ་ཡིན་པ་འཚོར། དགེ་ཆོས་ངོ་ཤེས་ལ་ཉེ་པོ་ཡོད་སྟབས། ཁོང་ལ་སེམས་ཁྲལ་བྱུང་ནས། ལམ་གསེང་ཡི་གེ་བཏང་ནས་དགེ་ཆོས་བོད་ལ་གདན་འདྲེན་ཞུས་ནས་རྙོག་འདྲ་འདི་ནས་བཏོན་ཐུབ་ཐབས་བྱས་པ་རེད།”
“དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་ལྐོག་ཉན་བྱས་པའི་ཡིག་ཆ་ཁ་ཤས་ནང་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་རྒྱ་གར་ས་གནས་ཀྱི་སོ་བ་ལ་དགེ་ཆོས་སྐོར་བ་ཡིག་འགྲུལ་ཁ་ཤས་བྱས་པ་རྟོགས་ནས་སེམས་ཚབ་ཆེན་པོ་བྱུང་ཡོད། དེ་ཚོ་ཨུ་རུ་སུའི་ཡིག་ཚགས་ལས་ཁུངས་ནང་ཉར་ཡོད་ཀྱི་རེད།”གསུངས་། ད་དུང་ཁོན་གིས་གསུངས་པར། “ང་རང་འགྱོད་པ་ཆེ་ཤོས་ཤིག་ལ། དགེ་འདུན་ཆོས་འཕེལ་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཆེ་ཞིང་། དེང་རབས་ཀྱི་ཤེས་བྱ་དང་། ཚན་རིག་གི་གཞུང་ལ་དོ་སྣང་ཆེན་པོ་ཡོད་པས། གལ་ཏེ་དབྱིན་ཇིས་སྐབས་དེ་དུས་དགེ་ཆོས་དབྱིན་ཡུལ་ལ་ལེན་ཐུབ་ཚེ། ཁོང་ནས་དབྱིན་ལན་ལ་བོད་ཀྱི་རིག་གཞུང་སྐོར་ལ་སློབ་གཉེར་གྱི་མ་རྩ་ཆེན་པོ་ཞིག་འཇོག་ཐུབ་ཀྱི་རེད།”
“ཁོང་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་ཕྱག་ལས་གནང་བ་སོགས་དཔང་རྟགས་གཅིག་ཀྱང་མེད་ལ། ལྷག་པར་དུ་བོད་གཞུང་ལ་ཁ་གཏད་ལངས་པའི་སྐུལ་སློང་ཡེ་ནས་མིན་འདུག ཡིན་ནའི་སྐབས་དེ་དུས་ཀྱི་སྤྱི་ཚོགས་དང་དུས་བབ་དེ་གཏན་ལྷིང་དང་ཞི་བདེ་ཞིག་མིན་སྟབས། མི་ཚང་མ་འཇིགས་སྣང་དང་མཁྱོག་བཤད་ཀྱིས་བློ་སྣ་ཁྲིད་སྟབས། ཁོང་ལ་དངུལ་ལོར་བརྫུན་མ་བཟོས་པའི་མིང་བཀལ་ནས་བཙོན་འཇུག་བྱས་པ་རེད། ཤིན་དུ་བློ་ཕམ་པོ་རེད།”གསུངས།
ལྭ་བ་དཀར་པོའི་གསུངས་ལྟངས་ལ་བསམ་ན
དགེ་ཆོས་ནི་རྒྱལ་སྤྱིའི་གནས་བབ་དང་སྲིད་དོན་གྱི་གཡོ་ཁྲམ་ལ་གང་ཡང་མི་ཤེས་པའི་བླུན་པོ་དྲང་རྐྱང་གི་རྒན་པོ་ཞིག་ཡིན་པ་འདྲ། སྐད་ཆ་གསར་བ་མང་པོ་གསུངས་པར་བཀའ་དྲིན་ཆེ། ལྭ་བ་དཀར་པོ་ལགས། རྗེས་མ་ང་ཚོས་དགེ་ཆོས་སྐོར་ལ་ཤེས་རྒྱུ་མང་པོ་ཡོད་ས་རེད།
དྲྭ་གྲོགས་ཚོ་མང་ཆེ་བས་དཔྱད་བརྗོད་ཡག་པོ་བྲིས་འདུག ད་ཆོས་ལུགས་སྐོར་མང་པོ་མ་གླེང་ན་དགེ་མཚན་ཆེ་བར་འདོད། དྲང་མོ་བཤད་ན་དོལ་ཚོགས་པ་འདི་ནང་པའི་གྲལ་ནས་སྔར་ནས་བུད་ཚར་བ་རེད་མོད། ད་རུང་དགེ་ལུགས་པའི་མིང་ཁུར་ཏེ་ཞབས་འདྲེན་བྱེད་ཀྱིན་ཡོད་པ་རེད།
དེ་ནས་འཇམ་བཞད་ཀྱི་སྐོར་རེད། བླ་རྒན་དེས་དེས་བོད་གཞུང་དགའ་ལྡན་ཕོ་བྲང་ལངས་རྒྱུ་མེད་པ་བཟོས་པ་ལ་ཁུངས་སྐྱེལ་ཏན་ཏན་ཡོད། ལྷག་དོན་སོག་པོ་ལྷ་བཟང་ཁང་དང་མཉམ་རུབ་བྱས་ཏེ་སྡེ་སྲིད་མི་ཡི་དབང་པོ་ཕམ་ཉེས་བཏང་བ་རེད། བོད་སྤྱི་པའི་དོན་དང་དགའ་ལྡན་ཕོ་བྲང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་དེ་ལས་བློ་ཕང་བ་ཞིག་མེད། དེས་རྗེས་སོག་པོ་ཇུར་གར་བ་དེ་ཡང་ལྷ་བཟང་ཤོག་ཁག་གི་ཁ་གཏད་ནི་ཏན་ཏན་རེད། འཇམ་བཞད་དང་འབྲེལ་བ་ཆགས་སྟངས་ཡག་པོ་ཞིག་མི་ཤེས། འདི་སྐོར་མི་དབང་རྟོགས་བརྗོད་སོགས་སྐབས་དེ་དུས་ཀྱི་གནད་ཡོད་མི་སྣ་དག་གི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ན་གསལ་བོ་ཤེས་ཀྱི་རེད་དེ་ཡིན་ན་ཡང་དེ་ལ་དགོས་པ་ཆེར་མི་འདུག
དེ་རྗེས་དགེ་ཆོས་ཀྱི་སྐོར་རེད། དགེ་ཆོས་རྙིང་མ་པ་ཡིན་མིན་ཤེས། བོད་སྔ་རབས་པའི་ལྟ་བ་འཛིན་མཁན་དང་སངས་རྒྱས་ཀྱི་དགོངས་པ་ངོ་མ་ཤོད་མཁན་ཞིག་ཏན་ཏན་རེད། ཁོང་གསོད་རྐྱེན་གྲུབ་མཐའི་ཆགས་སྡང་རེད། གནད་དོན་དེ་དགེ་རྙིང་བར་གྱི་གནད་དོན་ཞིག་མ་རེད་བསམ་ཡོད། དེང་སང་མང་པོ་ཞིག་གིས་དགེ་ཆོས་ལ་དགག་པ་རྒྱག་རྐྱང་དང་ནག་པོ་བཟོ་ཐབས་ཀྱི་བློ་གཏོང་གིན་ཡོད་པ་དེ་དགེ་ལུགས་པའི་ནག་ཉེས་སྐྱེན་འགེབ་ཐབས་ཙམ་ཞིག་རེད།
སྔོན་མ་དགེ་ལུགས་པའི་བླ་མ་་་མཚན་དྲན་མ་སོང་་་་་ཞིག་གིས་ཨ་རིའི་གསར་ཤོག་ཅིག་གི་ཐོག་དགེ་ཆོས་བོད་གཞུང་ལ་མི་དགའ་ཚུལ་དང་རྒྱལ་ཚོང་བ་ཡིན་རབས་ཤིག་ཁྱབ་བསྒྲགས་བྱས། དེ་རྗེས་བོད་ནང་ཡོང་སྟེ་བོད་པ་ཚོ་མགོ་གཡོག་སྟེ་ཨ་རིའི་གསར་ཤོག་ཏུ་དགེ་ཆོས་མི་ནག་ཉེས་ཅན་ཡིན་ཚུལ་འཁོད་ཡོད་ཁུལ་བཤད། དོར་ཞི་ཟེར་བས་ཨ་རིའི་ཚག་ཤོག་གི་ལུང་དྲངས་ཏེ་དགེ་ཆོས་ལ་དགག་པ་བྱས་པ་སོགས་ཆབ་སྲིད་ཀྱི་འཁྲབ་སྟོན་སྐྱུག་བྲོ་བ་མང་པོ་བཤད་ན་རྫོགས་མེད་ཅིག་ཡོད་རེད།
ལྭ་བ་དཀར་པོ་ལགས་།་
ཁྱེད་རང་གི་བྲིས་བ་དེ་ཞེ་དྲགས་ཡག་པོ་རེད་།་བློ་གཟུ་བོ་གནས་བའི་མཚོན་རྟགས་རེད་།་དགེ་ཆོས་མཁས་བ་ཡིན་མིན་དེ་རྩོད་ཀྱིན་ཡོད་པ་མ་རེད་།་ངས་རྩ་བའི་དམ་བཅའ་དེ་མིན།་་གོང་དུ་ཡང་མང་པོ་བཤད་སོང།་་འདིར་བསྐྱས་བཟློས་བྱ་གིན་མིན་།་་ངའི་རྩ་བའི་དམ་བཅའ་དེ་ལ་ད་དུང་ལན་གཅིག་ཀྱང་རྒྱག་གིན་མི་འདུག་།་་མདོར་རྩ་འཛམ་གླིང་རྒྱས་བཤད་དང་།ཁོས་མ་ཤེས་ཤེས་མདོག་དང་།་ཚན་རིག་ཡིན་མདོག་གི་ལྟ་བ་འགའ་རེ་བཀོད་ནས་།་མཐར་དེང་དུས་ཀྱི་བོད་ཀྱི་གཅམ་བུ་བ་དག་གི་དེ་དག་ཅི་མི་སྙམ་པར་དཔུང་ཏུ་བཀོད་ནས་དཔྱད་པ་ཅི་ཡང་མེད་པར་སྔོན་གྱི་མཁས་བ་རྣམས་ལ་འཕྱ་སྨོད་དང་བརྙས་བཅོས་བྱས་བ་དེ་རེད་།་་ང་ད་དུང་སྒུག་བསྡད་ཡོད་།་ངས་བཏོན་པའི་རྩ་དོན་དེ་དག་ལ་ལན་གསལ་བོ་༷ཞིག་མ་བཏབ་བར་ཏུ་ངའི་བདེན་ཁ་སྤྲོ་དགོས་བའི་རྒྱུ་མཚན་ཅི་ཡང་མེད།་
ཁྱེད་རང་གི་སྐུ་ཞབས་ཧུ་རི་ཅར་སི་ལ་བཀའ་མོལ་བྱུང་བ་དེ་ཡག་པོ་དང་།་འདིར་ང་ཚོ་ལ་སྟོན་བ་ཐུགས་རྗེ་ཆེ་ཞུ་གིན་ཡིན་།་་ཡིན་ནའང་འདིས་ཀྱང་དགེ་ཆོས་ཉེས་མེད་ཡིན་པ་ཅིག་སྒྲུབ་ཐུབ་ཀྱིན་མི་འདུག་།་་ཕྱོགས་གཅིག་ནས་སྐུ་ཞབས་ཧུ་རི་ཅར་སི་ནས་འདི་ལྟར་གསུང་བ་རེད་།་་“ཁོང་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་ཕྱག་ལས་གནང་བ་སོགས་དཔང་རྟགས་གཅིག་ཀྱང་མེད་ལ། ལྷག་པར་དུ་བོད་གཞུང་ལ་ཁ་གཏད་ལངས་པའི་སྐུལ་སློང་ཡེ་ནས་མིན་འདུག ཡིན་ནའི་སྐབས་དེ་དུས་ཀྱི་སྤྱི་ཚོགས་དང་དུས་བབ་དེ་གཏན་ལྷིང་དང་ཞི་བདེ་ཞིག་མིན་སྟབས། མི་ཚང་མ་འཇིགས་སྣང་དང་མཁྱོག་བཤད་ཀྱིས་བློ་སྣ་ཁྲིད་སྟབས། ཁོང་ལ་དངུལ་ལོར་བརྫུན་མ་བཟོས་པའི་མིང་བཀལ་ནས་བཙོན་འཇུག་བྱས་པ་རེད། ཤིན་དུ་བློ་ཕམ་པོ་རེད།”
སྤྱིར་ད་དུང་བཀའ་ཤག་གི་དེའི་སྐོར་གྱི་ཡིག་ཆ་ཐམས་ཅད་མ་རྙེད་པར་བོད་གཞུང་གི་ལངས་ཕྱོགས་ངོ་མ་དེ་རྟོགས་དཀའ་ལ་།་ལྷག་པར་སྐུ་ཞབས་ཧུ་རི་ཅར་སིས་དགེ་ཆོས་ཀྱི་གློག་བརྙན་ནང་དུ་ཁྱེད་ཀྱི་གསུང་ཚུལ་དང་མི་འདྲ་བ་ཤིག་གསུང་སོང་སྙམ་མོ་།་་གློག་བརྙན་དེ་ལ་ཐེངས་གཅིག་མ་གཏོགས་བལྟ་མ་ཐུབ་པས་།་་ཡང་བསྐྱར་དེ་ལ་ཞིབ་དཔྱད་བྱ་ངེས་ཡིན་།་་་བོད་ག༷༷ཞུང་གིས་ཁོང་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་ཕྱག་ལས་གནང་བ་དང་བོད་གཞུང་ལ་ཁ་གཏད་ལངས་པའི་དབང་རྟགས་རྙེད་ཡོད་རྒྱུ་མ་རེད་ཟེར་བ་་ལ་ཡ་མཚར་་རྒྱུ་ཅི་ཡང་མི་འདུག་།་་ཡིནའང་ཁོང་ལ་དོག་པ་ཟོས་ཡོད་པ་ནི་དངོས་གནས་རེད་།་ལྷག་པར་ཏུ་སྐུ་ཞབས་ཧུ་རི་ཅར་སི་ཡིས་“ཁོང་ཚོས་དགེ་འདུན་ཆོས་འཕེལ་ལག་སྦྲེལ་པ་ཡག་པོ་ཞིག་ལ་མཐོང་ནས་ཕྱི་ལྟར་ན་ཁོང་ལ་རོགས་པ་ལྟ་བུ། ནང་ལྟར་ན་ཁོང་བརྒྱུད་ནས་བོད་ཀྱི་གནས་ཚུལ་ཡག་པོ་ལེན་པ་དང་མ་འོངས་པ་ན་ཨུ་རུ་སུའི་རྡོ་ཀྱག་ཤིག་ཡོང་བའི་རེ་བ་བྱས་ནས་ཁོང་ལ་སྔ་ཕྱི་བར་གསུམ་དུ་གཅིག་ནས་བསམ་བློའི་སློབ་གསོ་སྤྲད་པ་དང་གཉིས་ནས་གསར་རྗེའི་ལྟ་བ་སོགས་ངོ་སྤྲོད་བྱས་ཡོད། རྗེས་མ་ཨུ་རུ་སུའི་རྒྱ་གར་ནང་གི་ལས་འགུལ་གང་སྤེལ་སྐོར་ལ་གསང་བའི་ཡིག་ཆ་དེ་ཚོ་ཐོན་གྱི་རེད། དེ་དུས། ཨུ་རུ་སུའི་KGBཟེར་བའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་དེ་ཚོའི་ནང་དགེ་འདུན་ཆོས་འཕེལ་གྱི་སྐོར་མང་པོ་ཐོན་གྱི་རེད། དོ་སྣང་བྱེད་དང་“་ཟེར།་སྐད་ཆ་དེ་བློ་གཟུ་བོ་རྟགས་རེད་།་དེ་ན་དྲི་ཚིག་ནི་ཁྱེད་ཚོ་སུས་”ཨུ་རུ་སུའི་KGBཟེར་བའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་དེ་ཚོའི་ནང་དགེ་འདུན་ཆོས་འཕེལ་གྱི་སྐོར་མང་པོ་ཡོད་པ”་དེ་དག་ཀློག་པ་ཡིན།་་་དེ་དག་གི་ནང་དུ་ག་རེ་གསུང་འདུག་།་དེ་གལ་ཆེན་པོ་རེད་།་དེ་དག་གི་དགེ་ཆོས་ལ་དག་འབུད་བྱ་ཐུབ་།་་དེ་བར་ཏུ་ད་དུང་དགེ་ཆོས་ཁོ་ཚོའི་སོ་བ་མ་་རེད་ཅེས་ལབ་ན་སྔ་དྲགས་པ་རེད་།་་བོད་གཞུང་གིས་གནས་ཚུལ་དེ་འདྲའི་འོག་དགེ་ཆོས་བཟང་བཙོན་བཀག་སྡོམ་བྱས་ན་།་ཧ་ལས་དགོས་བའི་ནག་ཉེས་ཆེན་པོ་ཤིག་མ་རེད་བསམ་བཞིན་ཡོད་།་ད་ལྟ་ཨ་རི་དང་རྒྱབ་ཁབ་མང་པོ་ཤིག་གིས་དེ་འདྲ་བྱེད་བཞིན་ཡོད་པ་མ་རེད་དམ་།་་ལྷག་པར་ཏུ་” ཨུ་རུ་སུས་སྔོན་མ་མའོ་ཙེ་ཏུང་”འདྲ་བ་བོད་ཀྱི་མོའི་ཙེ་ཏུང་ཤིག་”གསོ་སྐྱོང་བྱས་པ་རེད་”བསམ་པ་མིན་ནམ་།་དེ་ནི་ཀུ་རེ་ཡིན།་
གེ་སེར་རྒྱལ་བོ་།་ཁྱེད་ཚོས་མྱོས་སོང་ནི་མིན་ནམ་།་
གྲུབ་མཐའི་རྩོད་གླེང་འདི་ག་རེ་བྱས་ནས་ཁྱེར་ཡོང་གིན་ཡོད་།་་་མི་འཐད་ན་ངའི་བྲིས་བའི་དྲི་ཚིག་རེ་རེ་ལ་ལན་ཐོབས།་་་་སྐབས་འགར་ངས་ཚན་རིག་དང་དེང་དུས་ཀྱི་རིག་གནས་ཕྱོགས་ལ་དགེ་ཆོས་ལས་དགུ་རོང་རྒྱལ་སྲས་ཚང་མཁས་བ་རེད་བསམ་གིན་ཡོད་།་་ཁོང་རྙིང་མ་རེད་།་་འདི་ལ་་ཁྱེད་ག་རེ་ཟེར་གིན་།་ང་དགེ་ལུགས་ལ་དགའ་གིན་མ་རེད་ཟེར་གྱིན་ཡིན་ནམ་།་ང་སྐྱ་བོ་ཤིག་ལ་ཆོས་ཀྱི་གྲུབ་མཐའ་བཟང་ངན་རྩོད་པ་བསམ་པ་མེད་།་སྐད་ཆ་དྲང་བོ་ཤིག་བཤད་བསམ་པ་དེ་ཡིན་།་སྐབས་འགར་ངེད་རང་གིས་མི་ཁྱེད་རང་འདྲ་བོ་ངོ་ཚ་མེད་པ།་བླང་དོར་མི་ཤེས་བ་།་་སྙིང་ནད་དང་ཁོང་ཁྲོ་དང་།་ས་ཕྱོགས་ཡུལ་ཕྱོགས་ཀྱི་་ལྟ་བས་ཁྱབ་པའི་མི་དག་གིས་བོད་མི་ཞོ་ཆགས་ཆགས་ཡོད་པ་དེ་དཀྲུགས་པ་རེད་བསམ་གྱིན་ཡོད་།་ད་སྐབས་གྲུབ་མཐའི་བཟང་ངན་རྩོད་པའི་སྐབས་མ་རེད་།་
བློ་བཟང་། གོང་གི་ཁྱེད་རང་གི་ཉོག་བཤད་རིང་པོ་དེ་ཀློག་ཐུབ་མ་སོང་། མར་ཅུང་ཟད་ཅིག་ཀློག་པ་ཡིན་ཏེ་ཉོབ་ནས་གཉིད་ཁུག་ཡོང་གི་འདུག དེ་ནས་མཆོངས་རྒྱག་བྱེད་གི་བྱེད་གི་ཕྱིན་པ་ཡིན། ཁྱེད་རང་གིས་ངའི་རྩོམ་ཟེར་ནས་ངོམ་སོ་བྱེད་གི་འདུག་སྟེ་ངས་དེ་རྩོམ་ལྟ་བུ་ཞིག་ཏུ་མཐོང་མ་སོང། རྩོམ་ཟེར་ན་མགོ་ཡོད་པ་མཇུག་ཡོད་པ། གོ་རིམ་དང་ལྡན་པ། ཚིག་ཉུང་ལ་དོན་འདུས་པ་ཞིག་ཡིན་ན་དེ་ལྟར་བརྗོད་ཀྱང་མི་ཆོག་རྒྱུ་ཅི་ལ་ཡོད། མ་གཞི་ཁྱེད་རང་གིས་འཛམ་གླིང་རྒྱས་བཤད་དགེ་ཆོས་ཀྱི་རྩོམ་མིན་པ་སྒྲུབ་གི་ཡོད་པ་འདྲ་སྟེ། དེ་མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།
དང་འབྲེལ་མེད་ཀྱི་ཚིག་ལྷག་མང་པོས་མགོ་ནས་མཇུག་བར་ཁེངས་འདུག་པས་སུ་ཞིག་གིས་ཀློག་པར་སྤྲོ།
དགོངས་དག། གཏོང་ཉེས་བྱས་སོང་། དེ་དང་འབྲེལ་མེད་ཀྱི་ཚིག་ལྷག་མང་པོས་མགོ་ནས་མཇུག་བར་ཁེངས་འདུག་པས་སུ་ཞིག་གིས་ཀློག་པར་སྤྲོ། ཟེར་ནས་བཅོ་རོགས།
དེ་ནས་ ་་མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་་་ ཞེས་དགེ་ཆོས་ཀྱི་མིང་ཟུར་ཙམ་ཡང་མི་འདུག་ན་བླུན་པོ་མ་བརྟག་གཡམ་རྒྱུག་བྱས་པ་མཚང་རེ་ཆེ།
ཨ་ལེ་དང་པོར། ་་ཁོས་མ་ཤེས་ཤེས་མདོག་དང་།་ཚན་རིག་ཡིན་མདོག་གི་ལྟ་བ་་་ གང་ན་བཀོད་འདུག དེ་གསལ་བོ་བཟོས། དེ་ནས་ཁོའི་གཤིས་ཀ་དེ་མ་ཤེས་ཤེས་མདོག་བྱེད་མཁན་ཞིག་རེད་དང་མ་རེད་དེ་གསལ་བོ་བཟོས། མི་ཤེས་ཤེས་མདོག་ཟེར་བ་དེ་གཙོ་བོ་ཁྱེད་རང་དང་ང་ལྟ་བུ་ཅང་མི་ཤེས་པ་ཚོས་བྱེད་རྒྱུ་ཞིག་ལས་མཁས་པ་ཞིག་གིས་བྱེད་དགོས་པ་ཞིག་མ་རེད། ཅང་མི་ཤེས་པ་ཞིག་ནས་འབུམ་རམས་པ་ཐེངས་མ་ལྔ་དྲུག་ཅིག་ལ་བཏོན་པ་ཡིན་ནའང་དེ་ལ་ཡར་རྒྱས་ཅང་ཡོད་པ་མ་རེད། ཁྱེད་རང་ཧ་མི་གོ་བ་ན་ཅང་མེད་གི སྔོན་དུང་དཀར་ཚང་དང་དོན་འགྲུབ་རྒྱལ་སོགས་ཀྱིས་ཅང་ཤེས་གི་མ་རེད་ཟེར་མཁན་གྱི་འབུམ་རམས་པ་ཞིག་ཡིན་ན་འབུམ་རམས་པ་གློའུ་རྒན་དེ་རེད།
མགོན་ཕྱག་ལགས་ཀྱིས་སྡིགས་ས་བོ་འདི་ཁོ་རང་གིས་ངོ་ཤེས་ཀི་ཡོད་པ་འདྲ་བོ་ཞིག་བཤད་ཀི་འདུག དེས་ན་རང་གིས་ཁོང་སྐགར་གྱི་ཀ་བྱང་ནང་དུ་སྡིགས་ན་ཅུང་སྟབས་བདེ་བི་རང་མི་འདུག་གམ། འདིར་མང་མང་གི་མིག་ལ་གཤམ་བདེ་བོ་རང་མེད་པ་འདྲ་འདུག་ག
དྲ་གྲོགས་རྣམ་པས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་དཔྱད་བརྗོད་སྤེལ་བར་ཐུགས་རྗེ་ཆེ་ཞུ། ཨུ་རུ་སུའི་རྗོར་རྗེ་རོལ་རིག་འདི་མི་མགོ་བདེ་བོ་ཞིག་རེད། དགེ་ཆོས་ཀྱིས་ཁོ་ལ་དེབ་སྔོན་དབྱིན་སྒྱུར་ཐད་རོགས་རམ་དགའ་རབས་ཤིག་བྱས་ཡོད་ཀྱང་དེའི་གླེང་བརྗོད་ནང་དགེ་ཆོས་ཀྱི་རོགས་རམ་ཐད་ས་བཅད་མ་སྟོང་ཙམ་ཞིག་ལས་བྲིས་མི་འདུག ཡང་སྔོན་མ་ཞིག་ལ་ར་ཧུལ་འཇུ་བཟུང་སྐབས་ལག་ལྕགས་བརྒྱབ་ཡོད་པའི་འདྲ་པར་ཞིག་མཐོང་བ་ཡིན་ཏེ་གང་ནས་མཐོང་མི་དྲན་གི
ཕྱག་གཉིས་པ་ལགས། དུང་དཀར་ཚང་དང་དོན་འགྲུབ་རྒྱལ་སོགས་ཀྱིས་ཅང་ཤེས་གི་མ་རེད་ཟེར་མཁན་གྱི་འབུམ་རམས་པ་ཞིག་ཡིན་ན་འབུམ་རམས་པ་གློའུ་རྒན་ཡིན་དགོས་པའི་རྒྱུ་མཚུན་ཅི་རེད། མ་གཞི་ང་ཉིད་མར་ལེ་དང་མའོ་ཡི་གད་སྙིགས་ནང་སྐྱེས་བ་ཡིན་པས་དུང་དཀར་དང་དོན་རྒྱལ་སོགས་དམར་ཕྱོགས་པ་གཞན་ཚང་མ་མཁས་པ་ཡིན་ནི་མ་རེད། དེའི་ཕྱིར་ཁྱོའི་མགོ་ལ་རྡ་ས་ནས་རྡོ་ཉོས་པ་མ་རེད་དམ།
ད་མང་པོ་བཤད་རྒྱུ་མེད། རྣམ་པ་ཚོ།
དགེ་ཆོས་ཀྱི་རྩོམ་དང་སེང་རྡོར་གྱི་རྩོམ་གཉིས་ལས་གང་ལྷག་པ་འདུག ངས་སེང་རྡོར་ནི་དགེ་ཆོས་ཀྱི་མདུན་དུ་རྒྱུག་གི་འདུག་ཟེར་ནས་ལབ་པ་ཡིན། གཞན་པ་ཞིག་གིས་སེང་རྡོར་དགེ་ཆོས་ལས་ལྷག་པ་རེད་ཟེར་ན་མི་ཤེས་ཀྱང་ཁོ་གཉིས་གཅིག་པ་རེད་ཟེར།
སེང་རྡོར་གྱི་རྩོམ་དེ་ཚོ་ངོ་མ་མཚར་མོ་རེད།
འབུམ་རམས་པ་གློའུ་རྒན་ཞིག་ཏན་ཏན་རེད། ཁོའི་སྐད་ཆ་སྔ་ཕྱི་ཚང་མར་བལྟས་ཡོང་ན་གློའུ་གློའུ་ནག་ཅིག་རེད། ངའི་མགོ་ལ་རྡོ་ཡི་དངོས་གྲུབ་ཅིག་ཐོབ་པ་དེ་བདེན་པ་རེད། ཨ་མའི་བུ་ཞིག་གིས་ང་རིལ་བ་ཡིན་དང་རྫོག་པ་ཡིན་མ་ཤེས་པ་ཞིག་བཟོས་པ་རེད།
ལྭ་བ་དཀར་པོ་ལགས་སུ་ཐུགས་རྗེ་ཆེ་ཞུ་གི་ཡོད།
རྒྱུ་མཚུན་་་་་་་རྒྱུ་མཚན་ལ་བཅོས
མགོན་པོ་ཕྱག་གཉིས་བ་ལགས་།་ངའི་བྲིས་བ་དེ་རྩོམ་མ་རེད་ཟེར་ཀྱང་ཆོག་གིན་རེད་།་དེ་ལ་མི་འགྲིག་རྒྱུ་ཅི་ཡང་ཡོད་པ་མ་རེད་།་ངའི་བྲིས་བ་དེ་རྩོམ་ཡིན་མེད་དེ་ངའི་རྩོད་གཞི་བྱ་གིན་མེད་།་་སྤྱིར་བཏང་ངེད་ཁྱེད་ལ་ལན་འདེབ་མི་འོས་།་ག་རེ་རེད་ཟེར་ན་།་ཁྱེད་ཀྱིས་ང་རང་གིས་བྲིས་ཡོད་པ་དེར་་ཆ་ཚང་མ་ཀློག་པར་ང་ལ་ལན་རྒྱག་གིན་འདུག་།་སྐད་ཆ་མང་པོ་ཤིག་བཤད་ཀིན་འདུག་།་འདི་ནི་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རིག་པ་ལ་དགའ་མཁན་དག་གིས་་འགྲོ་སྲོལ་ཅིག་མ་རེད་།་གཅིག་བྱས་ན་དགེ་ཆོས་ལ་དོན་མེད་ཀྱི་བསྟོད་པ་བོད་ཀྱི་གཅམ་བུ་དག་གི་འགྲོ་སྲོལ་ཡིན་ཤས་ཆེ་།་ང་དགེ་ཆོས་ཡིན་རྒྱུ་ན་།་སྐྱུག་བྲོ་ནས་གཉིད་ཡང་ཐུབ་ཀྱིན་མ་རེད་།་་ཁྱེད་ལ་ཕོག་ཐུག་བཏང་ཡོད་ན་དགོངས་འགལ་མེད་པ་ཞུ།་
ཁྱེད་ཀྱིས་ང་ལ་ལན་ཤིག་བཀོད་འདུག་།་་”ཁོས་མ་ཤེས་ཤེས་མདོག་དང་།་ཚན་རིག་ཡིན་མདོག་གི་ལྟ་བ་་་ གང་ན་བཀོད་འདུག དེ་གསལ་བོ་བཟོས།”་་འདི་ཡག་པོ་རེད་།་་དགེ་ཆོས་ཀྱིས་འདི་ལྟར་གསུང་ཡོད་ནི་རེད་།གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་དུ༌།འོད་ཀྱི་རླབས་མིག་འཛུམ་གཅིག་ལ་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་འཆར་ཞིང།་བཞི་བརྒྱ་གཡོ་བ་ལ་སེར་པོའི་སྣང་བ་སོགས་འཆར་བ་ལས༌།་ཁ་དོག་ཙམ་གཞིའི་ཕྲ་རབ་རྣམས་ལ་ཁ་དོག་གི་ཁྱད་ཅི་ཡང་མེད་པར་མཐོང༌།་་༷ཅེས་དང་།་་”་དགེ་ཆོས་ཀྱིས་གྷི་རིག་གི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་ Alexander Greatསྐོར་གླེང་སྐབས༌།་དམག་དཔོན་དེའི་དགེ་རྒན་གྷི་རིག་གི་མཁས་བ་ཆེན་པོ་ཨིས་ཏོལ་Aristotle.གྱི་ཡིན་པ་་སྐོར་གང་ཡང་གླེང་མི་འདུག་པ་མ་ཟད༌།་་ཁྱད་མཚར་བ་ཞིག་ལ༌།་་གྷི་རིག་གི་སྟོན་པ་ཨིས་ཏོལ་ནི་སངས་རྒྱས་ཀྱི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་གི་གོང་རོལ་ན་སྐྱེས་བ་དང༌།་རྒྱུ་སྐར་ཉེར་བརྒྱད་དང།་ཁྱིམ་བཅུ་གཉིས།་སྒྲ་གཅན༌།་དུས་མེ་ལ་སོགས་པའི་གཟུགས་དང།་རྒྱུ་སྟངས༌།་དབང་ཐང།་སྐར་འབྲས་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་ཞེས་གཞན་དུ་མ་གྲགས་པ་ཞིག་གསུང་ཡོད་མོད༌།་གྷི་རིག་གི་ལོ་རྒྱུས་ཅུང་ཟད་ཤེས་མཁན་ཞིག་ཡིན་ན༌།༌།སྟོན་པ་ཨོས་ཏོས་ནི་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་གྱི་སློབ་དཔོན་ཡིན་པ་དང༌།་འཁྲུངས་ལོ་ཡང་སྟོན་པ་མ་སྐྱེས་བའི་སྔོན་གྱི་ལོ་སྟོང་དང་བརྒྱ་ཕྲག་ཅིག་མ་ཡིན་པར།་བདག་ཅག་གི་སྟོན་པ་འཁྲུངས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་ཞིག་གི་རྗེས་སུ་འཁྲུངས་བ་དང།་་སྤྱིར་རྒྱ་གར་འཕགས་ཡུལ་གྱི་སྐར་རྩིས་ལ་གྷི་རིག་དང༌།་བ་བྷེ་ལོན་གྱི་ཤན་ཞུགས་པ་ངེས་པར་ཏུ་ཡོད་མོད༌།རྒྱ་སྐར་ཉེར་བརྒྱད་སོགས་སྟོན་པ་ཨོས་ཏོལ་གྱི་ལུགས་ཡིན་པ་དགེ་ཆོས་རང་གི་རང་བཟོ་དང༌།་གྷི་རིག་དང་དང་སྐར་རྩིས་ལོ་རྒྱུས་སོགས་ལ་མཁྱེན་རྒྱ་ཆུང་བའི་རྟགས་ཡིན༌།་”་་ཞེས་ངས་གསལ་བོ་བཀོད་ཡོད་།དེ་ལྟ་བུ་ཤིན་ཏུ་མང་པོ་རེད་།་་དེ་དག་ལ་ཞིབ་དཔྱོད་བྱས་དང་།་དགེ་ཆོས་གྱི་རིག་གསར་དང་།་ནུབ་ཕྱོགས་ཀྱི་ལོ་རྒྱུས་ལྟ་གྲུབ་སོགས་ག་འདྲ་གཏོགས་ཡོད་མེད་ཤེས་ཡོང་གིན་རེད།་་འོ་།་ངས་བརྗེད་འདུག་།་ཁྱེད་རང་གིས་གཞན་གྱིས་བྲིས་བ་སོགས་ཀློག་མི་དགོས་བར་གཞན་ལ་དགག་པ་རྒྱག་གིན་རེད་།་དེ་ན་ང་ལ་ལན་འདེབས་རྒྱུ་མེད་།་་
མཐའ་མ།་ཁྱེད་རང་ལ་མཁྲིས་ནད་བྱུང་ཡོད་ལས་ཆེ།་་ཡང་བསྐྱར་ངས་བྲིས་བ་འདི་ཀློག་དང།་་”་འོ་ན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་ན༌།་སུས་བྲིས་བ་རེད་དམ་ཟེར་ན༌།་་དགེ་ཆོས་མ་ཡིན་པའི་མཁས་བ་ཆེན་པོ་བོད་ཀྱི་ཡི་གེ་དང༌།་ཁྱད་པར་ནུབ་ཀྱི་ལྟ་གྲུབ་ལ་མཁས་བ་ཞིག་གིས་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་བརྩམས་པར་ངེས་མོད༌།་ཉེ་ལམ་མཐའ་ཅིག་ཏུ་འདིའོ་ཞེས་དཀའ་བ་ཤིག་ཏུ་སྣང་ཡང༌།་་གོང་ཏུ་ཁྱེད་བོད་པ་ཚོར་ཞེས་བོད་མ་ཡིན་པ་འདྲ་བོ་ཤིག་དང༌།་རྗེས་སུ་ཡང་རྨའི་༼་ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གི་པར་ཏུ་བཀོད་པའི་་དགེ་ཆོས་ཀྱི་གསུང་རྩོམ་ནང་གི་འཛམ་གླིང་རྒྱས་བཤད་ཀྱི་མཇུག་ཏུ་རྨའི་ཞེས་འདུག༽་མིང་ཅན་གྱིས་སོགས་བྲིས་ཡོད་སོགས་ལ་བརྟེན་ན་བོད་རིགས་མ་ཡིན་པའི་མཁས་བ་ཆེན་པོ་ཡིན་ནམ་སྙམ༌།་ཡིན་ནའང་དེའི་སྐོར་ཕྲན་གྱིས་༢༠༠༧ལོའི་དབྱར་ཁར་དེབ་དེའི་ཐོག་མའི་རྩོམ་སྒྲིག་པ་རྣམ་དཔྱོད་ཅན་རེབ་གོང་བ་རྡོ་རྗེ་རྒྱལ་ལ དོགས་གཞི་བཅར་འདྲི་ཞུ་སྐབས། ཁོང་གིས་འདི་ལྟར་གསུང་བྱུང་། དགེ་ཆོས་ཀྱིས་ངག་བཅོལ་ལྟར་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་།མཇུག་བྱང་དུའང་བྷ་མ་མིང་ཅན་༼ཕྱག་བྲིས་ངོ་མའི་ནང་དུ་་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག༽་ཅེས་གསུང་སོང།་་
ཡང་འདི་ནའང་མོ་བ་གཅིག་འདུག་།་ངས་ད་བར་ཏུ་དུང་དཀར་རིན་པོ་ཆེ་དོན་རྒྱལ་གྱི་སྐོར་ལ་སྐད་ཆ་གཅིག་ཀྱང་བཤད་མེད་།་ལར་ཏུ་དགེ་ཆོས་ལས་དུང་དཀར་རིན་པ་ཆེའི་ཚན་རིག་དང་།་ནུབ་ཀྱི་ལྟ་གྲུབ་སྐོར་ཧ་གིན་རེད་བསམ་གིན་ཡོད་།་་དོན་རྒྱལ་སྐད་ཆ་མང་པོ་ཤིག་བཤད་རྒྱུ་ཡོད་ཀྱང་།་ད་ལྟ་མི་བཤད་།་བཤད་ན་ཁྱེད་ཚོ་ཧ་ལས་ཡོང་གི་རེད་།
འོག་ན་ཡོད་པའི་གསུང་འདི་ནི་པན་ཆེན་བསྟན་པའི་ཉི་མས་བཙན་པོ་ནོ་མོན་ཧན་ལ་གནང་བའི་ཕྱག་འཕྲིན་རེད་།་ནམ་བྲིས་བ་གསལ་བོ་མི་འདུག་ཀྱང་ཕལ་ཆེར་༡༨༢༠་་ཅིག་ལ་བྲིས་བ་འདྲ་།་དགེ་ཆོས་ཀྱི་གསེར་ཐང་མ་བྲིས་བའི་ལོ་བརྒྱ་ཙམ་གྱི་སྔོན་རེད་།་ལྟོས་དང་ག་རེ་ལབ་གིན་འདུག་།་གོ་རྒྱུ་ཅན་ག་རེ་གསུང་གི་འདུག་།་དོན་མེད་པར་དགེ་ཆོས་ཀྱི་ཚིག་སྟོང་ཁ་ཤས་ལ་མགོ་མགོར་ནས་དངོས་གནས་གསུང་ཡ་མཚར་ཅན་མིང་ཙམ་ཡང་གོ་གིན་ཡོད་པ་མ་རེད་པ་བསོད་ཟད་རེད་།་འདི་ལ་ལྟོས་།་རྡོ་སྤིས་བློ་བཟང་ཡོན་ཏན་བཀའ་དྲིན་ཅན་གསུང་འདི་འདྲ་ཤིག་ངེད་ཅག་གི་མིག་ལམ་དུ་་སྟོན་པ་ཐུགས་རྗེ་ཆེ་ཞེས་ཐལ་མོ་སྤྱོར།་་་ནང་དོན་ཧ་མི་གོ་ན་།་ཁ་བཏགས་ལག་ཏུ་བཟུང་།་མིག་ཆུ་ཤལ་ལེ་ཐོངས་།་་ཀུན་དཀའ་བོས་ཇི་ལྟར་སྟོན་པ་ལ་ཞུས་བ་་པུས་བཙུགས་བྱས་ནས་དྲིས་དང་།་དེ་དེ་བ༷ཞིན་དུ་ལན་འདེབས་ངེས་ཡིན་།་རྩེད་མོ་ཡིན་།་
རབ་འབྱམས་རྒྱལ་བའི་་ཡབ་གཅིག་འཇམ་པའི་ དབྱངས།
གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་བ།
བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་གྱི།
འདྲེན་མཆོག་ཟླ་བྲལ་མཆོག་དེས་བདག་སྐྱོངས་ཤིག།
.ཁོད་ཀྱི་མཁྱེན་རབ་མཐའ་མེད་ནམ་མཁའི་གདུགས་།
ཀུན་བཟོད་རིན་ཆེན་འབྱུང་ལྡན་ཡོངས་ལ་ཁྱབ།་
གསང་གསུམ་རྩེ་དགས་བཤད་སྒྲུབ་བསྟན་པའི་ཚུལ།
ཁྱབ་བྲལ་ཡུལ་གྱིས་དབེན་འདི་སྐལ་བ་བཟང་།་
ཡབ་རྗེ་བླ་མའི་ལུང་རྟོགས་བསྟན་པའི་ཁུར།
ཤིན་ཏུ་ལྕི་བའི་ལྕིད་དག་བདག་གིས་བཞེས་།
བཀའ་གདམས་རྣམ་ཐར་གཙང་མའི་བརྟུལ་ཞུགས་ཅན།་
དམ་པ་ཁྱོད་ཀྱི་གསུང་ལན་གུས་འབུལ་སྤྲོ།་
དེ་ལ་འདིར་རབ་འབྱམས་ཞིང་གི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་ལུང་བསྟན་གྱི་ཅོན་པན་ནི་སྤྱི་བོར་བཅིངས་།་སྔོན་བྱོན་དམ་པ་ཕལ་ཆེར་གྱིས་ཡལ་བར་དོར་བོར་ཏེ་བཏང་སྙོམས་སུ་བཞག་པའི་།་བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བའི་ཁུར་བཟོད་པར་དཀའ་བ་ལྷག་བསམ་གྱིས་ཕྲག་པར་འཁྱེར་ཏེ་རྩོད་དུས་ཐ་མའི་འགྲོ་བ་བསོད་ནམས་ཀྱི་བགོ་སྐལ་ཤིན་ཏུ་དམན་པ་འདི་དག་ལ་།ཕྱིན་དྲུག་བསྡུ་བཞིའི་གཏེར་སྒོ་བྱེ་བ་བརྒྱ་ཕྲག་ཅིག་ཅར་ཏུ་ཕྱེ་སྟེ་གནས་སྐབས་མཐར་ཐུག་གི་རེ་བ་སྐོང་བར་མཛད་པའི་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངོན་བཞེངས་ཁྱེད་ཀྱི་བློ་གྲོས་ཀྱི་ཡུལ་དུ་མ་གྱུར་པ་ཞིག་ཁོ་བོ་ཅག་གི་རྣམ་དཔྱོད་ཀྱིས་འབྱེད་པའི་གནས་མ་མཆིས་མོད་།་་འན་ཀྱང་བསམ་བཞིན་དུ་བྱོན་པའི་བདག་ཉིད་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་དྲིས་པའི་དོན་ལ་རྗེས་སུ་ཡི་རང་གི་དགའ་བ་བསྒོམས་ཏེ།་རང་བློས་དཔོག་པར་གང་ནུས་འདྲི་བར་སྐབས་སུ་བབས་།་
་དེ་ལྟར་དྲི་བ་དང་པོའི་ལན་ནི་།་ཕེ་རེ་ཀི་་པ་རྣམས་ཀྱི་གོ་ལའི་འཆར་གཞི་ལ་བྱུང་བའི་རུམ་གྱི་མཚམས་སུ་གནས་བའི་ཨེ་ཀ་རུ་པ་ཟེར་བའི་ཡུལ་དེ་ཡང་ཤམྦྷ་ལ་མ་ཡིན་།་ཡུལ་དེ་ལ་རྒྱལ་ཁབ་མང་པོ་ཡོད་པས་དེ་དག་ལས་བྱེ་བྲག་པ་ཞིག་ཀྱང་ཤམྦྷ་ལ་མ་ཡིན་ལགས་།་་དེ་ནས་ཀྱང་བྱང་ཕྱོགས་སུ་དཔག་ཚད་དུ་མའི་བར་དུ་ནགས་ཀླུང་ཆེན་པོ་སོགས་མི་དང་མི་མིན་གྱི་གནས་གྲངས་མེད་པ་བརྒལ་ཏེ་ཕྱིན་པའི་ས་ན་མཐའ་ཀེ་ལ་ཤའི་ཕྲེང་བས་བསྐོར་ཅིང་།་ལོངས་སྤྱོད་ཆུ་མཚོ་སོགས་ཆོས་དང་དཔལ་གྱི་འབྱོར་པ་སུན་རྩེན་གྱི་གནས་ཀུན་ལ་འགྲན་པར་བཟོད་པའི་གྲོང་ཁྱེར་ཆེན་པོ་ཤམྦྷ་ལ་ཞེས་བྱ་བ་མི་ཡུལ་གྱི་མཁའ་སྤྱོད་ལྟ་བུ་དེ་ཡོད་པ་ཡིན་ལགས་།་དེ་དེས་དྲི་བ་དང་པོའི་ལན་ཕུལ་ཟིན་།་
གཉིས་བ་ལ་།་ཡང་སུམ་པ་མཁན་ཆེན་གྱིས་མུ་སིག་གི་ཡུལ་གྱི་བྱང་མཐའ་ཉི་མ་རིང་བ་མཚན་ཐུང་བ་ཡིན་གསུངས་འདུག་པས་སྐྱེ་བོ་ཕལ་ཆེ་བས་བཞད་གད་གྱི་གནས་སུ་བྱེད་ཀྱིན་འདུག་པ་ལ་།་ཕོར་ཐུ་ཀཱ་ལི་ཡ་དང་།་ཨ་ཤཾ་བྷ་ལི་ཡཱ་དང་།་ཕེ་རེཾ་ཀྵ་ཡ།་རོ་སི་ཤི་ཡཱ་སོགས་ཕེ་རེཾ་ཕལ་ཆེ་བས་བྱས་གོ་ལའི་ཁ་བྱང་ན་འཛམ་གླིང་ཆེན་པོའི་ནུབ་བྱང་གི་མཐའ།་ཡོ་རུ་པའི་གླིང་ན་དབྱར་ཉི་མ་ཐུང་མཐར་ཐུག་གི་ཚེ་མཚན་མོ་ཤིན་ཏུ་ཐུང་བར་བཤད་འདུག་་པ་དང་།་གླིང་འདིའི་ཤར་ལྷོའི་མཐའི་རྒྱ་མཚོའི་ནང་གི་ནས་གླིང་དང་།་ནགས་གླིང་སོགས་སུ་དབྱར་དགུན་མེད་པར་ཉི་མ་ཕལ་ཆེར་རགས་རྩིེས་བྱས་ན་འཕེལ་འགྲེབ་ཆེར་མེད་པར་བཤད་འདུག་པས་ཆོས་མངོིན་མཛོད་དང་མི་མཐུན་པ་འདྲ་ཡང་།་དུས་ཀྱི་འཁོར་ལོའི་ལུགས་དང་མཐུན་མི་མཐུན་དང་ཞེས་བའི་མདོར་བསྡུས་ཙམ་དུ་བརྗོད་པ་ནི་།་སུམ་པ་མཁན་ཆེན་ལ་སོགས་པ་དམ་པའི་བཞེད་པ་མང་དུ་བྲིས་འདུག་པ་།་འདི་དག་ཀྱང་མཐུན་མིན་ལྟ་བུར་སྣང་བ་དང་།་ཉིན་མཚན་རིན་ཆ་འབྱེད་ཀྱང་མཐུན་མིན་ལྟ་བུར་སྣང་བ་འགའ་མཆིས་མོད་ཀྱང་།་དོན་ལ་དེ་དག་འགལ་བའི་གནས་སུ་མི་འགྱུར་ཏེ།་དེ་ཐམས་ཅད་ངེས་དོན་བཤད་པའི་སྐབས་ལ་ཡུལ་ཕྱོགས་དང་ས་ཕྱོགས་དེ་དང་དེ་ན་གནས་པའི་ཟག་རྣམས་ཀྱི་སྤྱི་མཐུན་ལས་ཀྱི་བྱེད་ལས་སྣ་ཚོགས་སུ་གྲུབ་པ་དང་།་ནང་གི་རྩ་ཁམས་རླུང་གསུམ་གྱི་བྱེད་ལས་སྣ་ཚོགས་སུ་གྲུབ་པ་རྣམས་ལ་ཇི་ལྟར་བསྣོན་མེད་དུ་སྣང་བ་རྣམས་དེ་ལྟར་གོ་ལོའི་གཟུགས་སུ་བཀོད་དེ་།་ཉི་ཟླ་རྒྱུ་སྐར་གྱི་འཆར་ནུབ་ཅི་འབྱུང་དང་།་ཡུལ་གྱི་ཆགས་ཚུལ་དུ་བཀོད་པ་ཡིན་པས་འགལ་བར་གྱུར་པའི་གནས་སུ་མ་མཆིས་པར་མངོན།་དཔེར་ན་དུས་འཁོར་ལོ་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱིས་རི་རབ་ཀྱང་དབྱིབས་ཟླུམ་པོ་རྩ་བ་རྒྱ་ཆུང་ལ་།་རྩེ་མོ་རྒྱ་ཆེ་བའི་དོན་དང་མཚུངས་པར་བསམས་ལ་།་ཚུལ་འདི་རྣམས་དུས་ཀྱི་འཁོར་ལོའི་དགོངས་པ་དང་ཅུང་ཟད་མི་མཐུན་པ་འདྲ་བ་སྣང་རུང་།་ཕེ་རེཾ་ཀི་པ་ལ་སོགས་པ་རྣམས་ཀྱིས་རང་རང་གིས་ལུགས་སྲོལ་རྩོད་མེད་དུ་བཟུང་སྟེ་གོ་ལའི་རྣམ་བཞག་བཀོད་པ་ལ་ཁོ་པ་རང་ལུགས་སོར་བཞག་གི་ལོ་ཟླ་ཞག་འཕྱུག་མེད་འཛིན་ཐུབ་པ་འདུག་པས་འདི་ཡང་གོལ་སར་མ་བཟུང་པར་སྒྲོ་འདོགས་གཅོད་པའི་གནས་སུ་ཁྱེར་དགོས་བ་ལགས་།་
དེ་ནས་ཡང་ཕེ་རེཾ་ཀི་པ་རྣམས་ཀྱིས་ཨཱ་ཤི་ཡ་སྟེ་རང་རེའི་གླིང་དང་།་ཨེ་ཀ་རུ་པ་སྟེ་ཁོང་ཚོའི་གླིང་།་ཨ་སྤེ་རི་ཁ་སྟེ་ཤ་མདོག་ནག་པོ་ཅན་གྱི་གླིང་།་ཨ་མི་རི་ཁ་སྟེ་ཤ་མདོག་སེར་པོ་ཅན་གྱི་གླིང་སྟེ་།་དེ་བཞི་གླིང་བཞིའི་གྲངས་འདྲེན་ན་བགྲངས་ཀྱང་གླིང་དེ་དག་ལ་ཤར་གླིང།་ལྷོ་གླིང་།་ནུབ་གླིང་།་བྱང་གླིང་གི་ཐ་སྙད་མེད་།་རང་གླིང་གང་ན་ཡོད་པའི་གླིང་དེ་ལྷོ་གླིང་དུ་བྱས་ནས་གཞན་མ་རྣམས་རིམ་གྱིས་ཤར་གླིང་དང་།་ནུབ་གླིང་།་བྱང་གླིང་སོགས་སུ་བྱེད་པ་ཡིན་ལགས་།་མངོན་པ་ལས་།་ཤར་དང་བ་ལང་སྤྱོད་དང་ནི་།་བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད་།་ཅེས་བ་དང་མི་མཐུན།་ཅོ་ནེ་མཁན་ཆེན་གྲགས་པ་བཤད་སྒྲུབ་པའི་དུས་འཁོར་གྱི་ལུགས་ལྟར་ཞིབ་རྩིས་བྱས་ན་བོད་ཡུལ་འཛམ་བྱའི་གླིང་གི་གླིང་གཡོག་ཏུ་སོང་བ་བདེན་མོད་ཀྱང་།་དོན་དུ་འཛམ་བུའི་གླིང་ཆུང་ངུ་འདི་ལྷོ་བྱང་དུ་དཔག་ཚད་སྟོང་ཕྲག་ཉེར་ལྔར་ཡོད་པ་ཆ་མཉམ་དྲུག་ཏུ་བགོས་བའི་ཆ་རེ་རེ་ནི་ཕྱི་རོལ་ནས་རིམ་པ་བཞིན་།་རྒྱ་གར་དང་།་བོད་དང་།་ལི་དང་།་རྒྱ་ནག་དང་།་རྒྱ་ནག་ཆེན་པོ་དང་།་ཀེ་ལ་ཤའི་དུམ་བུ་སྟེ་དྲུག་པོ་ཐམས་ཅད་ཀྱི་དཀྱུས་ཚད་གླིང་འདིར་ཤར་ནུབ་ཏུ་མཉམ་ཞིང་།ཞེང་ཚད་རེ་རེར་དཔག་ཚད་སྟོང་ཕྲག་བཞི་བརྒྱ་དང་དྲུག་ཅུ་ཕྱེད་རེ་བདུན་རྒྱ་ངག་གིས་ཕྱེད་།་གཞུ་འདོམ་སུམ་བརྒྱ་དང་སོ་གསུམ་ཁྲུ་གང་སོར་བརྒྱད་མཉམ་པར་ཡོད་པའི་ཀེ་ལ་ཤའི་དུམ་བུ་དེའི་རྒྱབ་ལྷུན་པོའི་ཕྱོགས་ལ་བསྟན་པ་དང་།་མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟན་པའི་གཡས་ཕྱེད་མ་དེ་ཤམྦྷ་ལའི་ཡུལ་ཆེན་པོ་ཡིན་ནོ།་
་ཚུལ་འདི་ལ་ངེས་པ་རྙེད་ན་བོད་འཛམ་བུའི་གླིང་གི་གླིང་གཡོག་ཡིན་འཕྱང་མོ་ཉུག་གི་ཕྲང་ལས་བདེ་ཐར་འབྱུང་བས་རྣམ་དཔྱོད་ཟབ་པར་རིགས་།་དེ་བཞིན་དུ་དུས་འཁོར་རང་ལུགས་ལ་གླིང་བཞིའི་མིའི་ཚེ་དང་གཟུགས་ལ་ཚད་མི་འདྲ་བ་ཡོད་ཀྱང་འདི་ཞེས་མཐའ་གཅིག་ཏུ་མ་ངེས་སྟེ་སྒྲ་མི་སྙན་པ་ལྟ་བུ་ལ་ཡང་ཚེ་ལོ་སྟོང་དུ་ངེས་པའི་ཐ་སྙད་བཤད་ཀྱང་དོན་དུ་རགས་པ་ཙམ་ལས་དེ་ལ་ཡང་ཚེ་འཕེལ་འགྲིབ་འབྱུང་བའི་ཕྱིར་ཉམས་པ་གསོ་ཐབས་ཚེ་སྒྲུབ་སོགས་མང་དུ་བཤད་པའི་ཕྱིར་དང་།་གཞན་ཡང་དེས་མཚོན་ནས་གླིང་གཞན་གསུམ་ལ་འཕེལ་འགྲིབ་དེ་བས་ལྷག་པ་འབྱུང་བར་བཤད་པའི་ཕྱིར་རོ་།་གཟུགས་ལ་ཚད་མི་འདྲ་བ་ཡང་དུ་མ་ཡོད་དེ་རིགས་དྲུག་ལམ་རྒྱུད་ལྔའི་འགྲོ་བ་ཐམས་ཅད་ལས་ཀྱིས་ཇི་འཕངས་ལས་གཞན་དུ་མ་མཆིས་པས་གླིང་བཞིའི་འགྲོ་བ་ཐམས་ཅད་ལས་སྣ་ཚོགས་པ་རིགས་མི་གཅིག་པ་དུ་མ་དུ་མས་སྐྱེ་བ་ལེན་དགོས་ཕྱིར་གཟུགས་ཀྱི་ཚད་སོགས་ལ་ཡང་མི་གཅིག་པ་དུ་འབྱུང་བ་ཚད་མ་གཉིས་ཀྱིས་རྗེས་སུ་དཔོག་པར་ནུས་པར་ཕྱིར་རོ།་དཔེར་ན་འཛམ་བུ་གླིང་པ་ལྟ་བའི་མི་ལའང་གཟུགས་ཚད་མི་གཅིག་པ་དུ་མ་ལ་མདོག་ཀྱང་དེ་མཚུངས་འབྱུང་བ་བཞིན་དུ་གླིང་གཞན་ལ་ཡང་ལས་ཀྱི་དབང་གིས་དེ་དང་ཆ་འདྲ་ཤ་སྟག་འབྱུང་ངམ་སྙམ་པས་
འདི་དག་ཕྱི་ནང་གཞན་གསུམ་སྤྱོར་ཚུལ་བླ་མའི་མན་ངག་གི་ཟུར་རྒྱན་དང་བཅས་གཏིང་མཐའ དཔག་པར་དཀའ་བའི་བློ་གྲོས་རྣམ་དཔྱོད་ཟབ་མོས་ཞིབ་ཏུ་དཔྱད་པར་མཛོད་ཅིག།་ཚུལ་འདི་རྣམས་ལ་མཁས་མཆོག་དཔའ་བོ་ཁྱོད་ཀྱི་ཡེ་ཤེས་འདྲེན་བྱེད་ཀྱི་སྒྲིབ་བྱེད་དུ་གྱུར་བའི་ཡུལ་ནམ་མཁའི་པདྨོ།་མོ་གཤམ་གྱི་བུ།་རི་བོང་གི་ར་རྣམས་ཀྱིས་དཔེར་འས་བས་གསར་ཏུ་སྒྲོ་འདོགས་ཀྱི་མ་ཆོད་པ་མེད་མོད་།་འན་ཀྱང་བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བའི་ཚུལ་ལ་འཇུག་ཚུལ་ལ་འདི་ལྟ་བུའ་ཞེས་བསྐུལ་བའི་བཞེང་བ་དོན་ཡོད་པར་བྱ་བའི་ཕྱིར།་མདོར་བསྡུས་ཏེ་སྨྲས་པས།་་རྒྱལ་བ་གཉིས་བའི་བཤད་སྒྲུབ་བསྟན་པ་ཕྱོགས་བརྒྱར་རྒྱས་བའི་རྒྱུར་སྨོན་འདེབས་འཚལ་ལོ་།་དེས་དྲི་བ་གཉིས་བའི་ལན་ཕུལ་ཟིན་།་
འཇམ་མགོན་བློ་བཟང་གྲགས་པའི་རྣམ་དཔྱོད་ཀུན་།་ཁྱོད་ཀྱི་མགྲིན་པར་ཆགས་པའི་དགེ་མཚན་གྱིས་།་ཕྱི་ནང་གཞན་གསུམ་ལུང་རྟོགས་བསྟན་པའི་ཚུལ་།་ཡུལ་གཅིག་སྟེང་དུ་གསལ་གཟིགས་ངོ་མཚར་ཆེ།་དེ་ལྟར་རྩོད་མེད་རྒྱལ་བའི་བསྟན་པའི་ཁུར།་མ་ལུས་ཁྱེར་བའི་ཇོ་འབྲོམ་གཉིས་བ་ཁྱོད།་རྟོགས་པ་དབྱངས་སུ་བསྒྲགས་ལ་ལན་དཀའ་ཡང་།་རང་བློར་བག་ཆགས་འཇོག་ཕྱིར་ཅི་ནུས་བྲིས།་་འདི་བགྱིས་རྣམ་དཀར་དགེ་བ་རྒྱ་ཆེན་གྱིས།་ཐུབ་བསྟན་སྙིང་བོ་ཞ་སེར་ལུང་རྟོགས་བསྟན་།་ནོར་འཛིན་གོས་སུ་ཡོངས་ཁྱབ་རྒྱས་བ་དང་།་དེ་འཛིན་སྐྱེས་བུས་སྲིད་གསུམ་ཁྱབ་གྱུར་ཅིག།
་ཅེས་དབང་ཕྱོགས་ཞ་སེར་བསྟན་པའི་བདག་པོ་ཆེན་པོ་རིང་མོ་ཞིག་ནས་གོང་མའི་སར་གཤེགས་ནས་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་བཙན་པོ་ནོ་མོན་ཧན་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་བསྐུལ་་མ་མཛད་པ་བཞིན་༧་ཤཱ་ཀྱའི་དགེ་སློང་བློ་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྤྱར་བའ།་
ཨ་དྲིན་ཆེན་དགའ་ལྡན་ནོ། ཁྱོད་ཀྱིས་བྲིས་པའི་ཚིག་ཉོག་འདི་ཚོ་ཀློག་མི་ཐུབ་གི བྲོ་བ་ཡོད་པ། དོན་འདུས་པ་ཞིག་ཁྱོད་ཀྱིས་འབྲི་མི་ཤེས་པ་རེད་དམ་ཅི།
དགེ་ཆོས་ལ་ནོར་བ་ཡོད་རྒྱུ་རེད། ཁོ་དུས་རབས་སྔོན་མར་བྱུང་བའི་མི་ཞིག་རེད། ཚན་རིག་ཡིན་ནའང་སྔོན་མ་སྔོན་མ་ལ་རྗེས་མ་རྗེས་མས་ཞུ་དག་བཏང་འགྲོ་གི་ཡོད་པ་རེད། ད་ལྟ་མི་ཕལ་ཆེ་བས་ཤེས་པའི་དོན་དག་ཅིག སྔོན་མ་དགེ་ཆོས་ཀྱིས་ནོར་བ་ཅིག་ལ་ལག་པ་འཆང་ནས་ཤེས་མདོག་བྱེད་རྒྱུ་ཅང་ཡོད་པ་མ་རེད། དེའི་ཐོག་ན་ཁྱེད་ལ་མཁས་མིང་འཐོབ་རྒྱུ་གང་ཡང་ཡོད་པ་མ་རེད། གློའུ་བཤད་ལས་མ་འདས། འབྲི་ན་གནས་ལུགས་རྒྱུ་མཚན་མང་ཞིག་ཕྲིས། དོན་མེད་ཚིག་ལྷག་ཉུང་དུ་བསྐྱུངས།
དགེ་ཆོས་ཀྱིས་རྩོམ་རིག ལོ་རྒྱུས། ཐང་ག་དང་རི་མོ་སོགས་ཀྱི་འབྲི་ཐབས་ལ་གསར་བཏོད་ཀྱི་སྒོ་མོ་གསར་བ་ཞིག་ཕྱེ་ཡོད་པ་རེད། དེ་ཚོ་དངོས་གནས་ཡི་རང་བྱེད་དགོས་པ་ཞིག་རེད། ད་ལྟ་ཕྱི་ནང་གི་མཁས་པ་སུ་ཞིག་ཡིན་ན་ཕལ་ཆེ་བ་ཞིག་ནས་དགེ་ཆོས་ཀྱི་གསུངས་ལུང་འདྲེན་དགོས་པ་ཞིག་ཆགས་ཡོད་པ་འདིའང་དངོས་དོན་ཞིག་རེད།
དེ་མིན་དགེ་ཆོས་རྩ་ནས་ནོར་མེད་འཁྲུལ་མེད་ཅིག་ཏུ་སྒོམ་ན་ངས་མི་ཤེས།
མགོན་པོ་ཕྱག་གཉིས་བ་ལགས།་ད་ངས་ཧ་གོ་སོང་།་་ད་ནས་བཟུང་ང་ཁྱོད་ཀྱི་རྗེས་སུ་འབྲངས་ཏེ་རྩོམ་འདི་འདྲ་འབྲི།
དགེ་ཆོས་ནི་སྔར་བྱུང་མ་མྱོང་ཤིང་།་ཕྱིས་ཀྱང་མི་འབྱུང་བའི་མཁས་བ་ཆེན་པོ་།་སྐད་སྟོང་སྨྲ་བའི་ལོ་ཙ་བ་ཆེན་པོ་།་་ཙོང་ཆུ་ནང་ལ་ཤོག་བུ་གྲུ་གཟིངས་བཏང།་་དེའི་ནང་དུ་ཉིན་རེར་་མི་ལྔ་བརྒྱ་རེ་བཅུག་ནས་་ཀ་ཆུ་མཁར་ཏུ་འགྲོ་ཐུབ་པ་བཟོས་བའི་་བཟོ་སྐྲུན་པ་ཆེན་པོ་།་ཁོང་གི་ཨ་ཡན་སི་ཐན་གྱི་གྱི་དུས་རྟེན་འབྱུང་ལས་ལྷག་པའི་ཚན་རིག་གི་གི་ལྟ་བ་ཡ་མཚར་བ་ཤིག་སྔོན་དུ་བོད་དུ་མ་གྲགས་པ་ཤིག་།་ལྕགས་སྒམ་ནག་་པོ་མི་ཁྲི་བརྒྱད་ཀྱིས་མ་ཐེགས་པ་ཞིག་གི་ནང་བཅུག་ཏེ་།་བོད་དུ་ཁྱེར་ཡོང་མོད་།་བོད་ཀྱི་བླུན་པོ་ཕ་གསོད་།་མ་གཡབ་དག་གིས་ལག་ཏུ་ལྕགས་ཀྱུ་ཐོགས་།་ཐག་པས་བསྡམས་།་ཧ་ཧ་དང་ཧི་ཧིའི་་སྲིན་སྒྲ་སྒྲོག་བཞིན་་ཁོ་ཉེས་མེད་ཀྱི་བཙོན་དུ་བཅུག་པ་རེད་།་ཁོང་གིས་བུ་མོ་ཆུང་ཆུང་ལ་བཙན་གཡེམ་བྱས་པའི་དཔེ་ཆ་བྲིས་བ་ཡང་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་།་ཕྲུ་གུའི་བདེ་སྲུང་ཆེད་དུ་ཡིན་།
་འདི་ལྟར་བྲིས་ན་འགྲིག་གི་འདུག་གམ།
བདེན་གི་ཡ་་་་་མགོན་པོ་ཕྱག་དམར་བའི་བཤད་པ་བདེན་གི་ཡ། དགེ་ཆོས་ཀྱིས་་་་་ལོ་རྒྱུས་ལ་ལོ་སྟོང་སྐོར་རེ་གི་ནོར་བ་གསར་བཤད་དང་། བུ་མོ་ལོ་བཅུ་གཉིས་པའི་མན་དང་ཡན་བྱེས་ནས་བཙན་གཡབ་བྱེད་ཚུལ་བཤད་པ་ནི་སྔར་བཤད་མ་མྱོང་བའི་གསར་བཏོད་ཀྱི་སྒོ་མོ་གསར་བ་ཞིག་ཕྱེ་ཡོད་པ་རེད། ད་དུང་དེའི་ག་ལ་ཚད་དམར་པོའི་ལྟ་བ་བོད་ལ་བཤད་པ་ཡང་གསར་བཤད་རེད། འགྱིག་གི་བུ་མོར་རྒྱོ་བརྒྱགས་པ་ཡང་བོད་པར་མཚན་ན་གསར་བཏོད་་རེད།
ཧ་ཧ་། བློ་བཟང་ཟེར་བ་ཁྱེད་ཀྱིས་མགོན་ཕྱག་དེ་འདྲ་བྱས་ནས་གསོད་མི་ཉན་ཡ། དམར་ཕྱོགས་ཚོར་ངོ་ཚ་རྒྱུ་ཡོད་ནི་མ་རེད། ད་འདི་ཚོས་དོན་ལ་རྩོད་མ་ཐུབ་པར་ཚིག་རྩོད་གི་འདུག ཧ ཧཧཧཧ
གོང་གི་མཆན་འགའ་རེ་བྐླགས་ཤིང་། མཆན་འགའ་རེ་བྐླགས་མེད། ཡིན་ན་ཡང་། དགེ་འདུན་ཆོས་འཕེལ་གྱིས་རིག་གསར་མཁྱེན་མིན་དང་། འཛམ་གླིང་རྒྱས་བཤད་མཛད་ཡོད་མེད་མི་ཤེས། ངས་ནི་རིག་གསར་ནི་སྦྱངས་མ་མྱོང་། འཛམ་གླིང་རྒྱས་བཤད་ནི་བྐླགས་མ་མྱོང་། དགེ་འདུན་ཆོས་འཕེལ་ཚང་མཁས་པ་མ་རེད་སྙམ་པའི་དོགས་པ་རྨི་ལམ་དུའང་འཁོར་མ་མྱོང་། ཡིན་ནའང་། སྔོན་ཆད་རོང་བོ་དགོན་པའི་གྲ་བ་ཁ་ཤས་ཀྱིས་ྐླུ་སྒྲུབ་དགོངས་རྒྱན་ལ་དགག་དེབ་ཅིག་བྲིས་འདུག དེབ་ཀྱི་ྐླད་དུ་དེང་སང་མཁས་པར་གྲགས་པའི་དོར་ཞི་རིན་པོ་ཆེས་གླེང་བརྗོད་ཅིག་བྲིས་འདུག་པ་དེའི་ནང་། དགེ་འདུན་ཆོས་འཕེལ་ནི་མཁས་པ་མིན་པའི་ཐོག དུ་ནགསྤྱོད་མཁན། ར་བཟི་བ་སྨྱོན་པ་ཡིན་རབས་སོགས་མང་པོ་ཞིག་བསྟར་ལ་བརྒྱུས་འདུག སེམས་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང་། སྐབས་དེར། དོར་ཞི་རིན་པོ་ཆེའི་མུན་འཇོམས་ནོར་བུའི་ཕྲེང་བ་ཞེས་པའི་དཔྱད་རྩོམ་དེབ་དེར་བྐླགས་པ་ཡིན། དེབ་དེའི་ནང་དུ་དོར་ཞིས་དགེ་ཆོས་ཚང་གི་གསུང་དུམ་མང་པོ་ཞིག་ལུང་འདྲེན་གྱིས་དགེ་ཆོས་ལ་ལྐོག་ནས་མཁས་བླངས་འདུག་པ་ཤེས་དུས། འདི་ནི་མཁས་པའི་ཕྲག་དོག་རང་རེད་སྙམ་པ་ཞིག་བྱུང་ལ། ཆོས་དར་ས་ན་བདུད་མང་ཞེས་པའང་དངོས་དོན་དང་མཐུན་པ་ཞིག་རེད་ཨང་དྲན།
དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་གང་མང་མང་བྐླགས་ཤིང་། ཁོང་གི་གསུང་རྩོམ་གསུམ་པོར་ཡང་ཡང་ཡང་མཇལ་བཞིན་ཡོད། ཁོང་གི་གསུང་རྩོམ་གང་ཞིག་བྐླགས་རྗེས་དང་། ཁོང་གི་ལོ་རྒྱུས་ཀྱི་ཟུར་གང་ཞིག་མཇལ་རྗེས། ངས་ནི་ཁོང་གི་གསུང་དུམ་‘‘ལུང་པ་ཞིག་གི་ནང་དུ་མེ་ཏོག་སྙིང་རྗེ་བོ་ཞིག་སྐྱེས་པ་རེད། དེ་ལ་ལྟ་མཁན་དང་། ཐ་ན་དེའི་དྲི་མ་སྣོམ་མཁན་ཀྱང་མ་བྱུང་བ་རེད། དེ་ནས་མེ་ཏོག་སྙིང་རྗེ་བོ་དེ་གྲག་མེད་ཚོར་མེད་ངང་སྐམ་པོར་གྱུར་བ་རེད་’’ཅེས་པའི་གསུང་འདི་ལྷང་ངེར་དྲན་འོང་གིན་འདུག
སྨྲས་པ།
ལམ་སྣེ་སྟོང་གི་འགག་སྒོ་གཤགས་པས་འཇིག་རྟེན་ཁམས་ལ་ལྟད་མོར་གཡེངས། །
མི་འདོད་ལྕགས་ཀྱི་རྭ་བ་གཏོར་པས་རེ་བའི་ཉི་མ་ཐོང་ལ་བསུས། །
མྱ་ངམ་ཐང་ཆེན་འགྲིམས་པས་མཐའ་མར་གསེར་གྱི་རི་མོ་རྙེད་གྱུར་པས། །
མི་ཕྱེད་དད་དང་དགའ་བའི་བདེ་སྣང་སུས་ཀྱང་འགོག་པར་ནུས་མ་ཡིན།
མཆན་བུ་སྔ་མ་དེ་ཚོ་བྐླགས་རྗེས། ངེད་ཀྱིས་དྲ་གྲོགས་ཚོར་ཚིག་འགའ་ཞུ་གི་ཡིན།
དྲ་ངོས་འདིའི་རྩོམ་ཡིག་རེ་ལ་མཆན་བུ་འདེབས་མཁན་མ་འདྲ་བ་རེ་ཡོང་གི་ཡོད་པ་དང་མཆན་བུ་འདེབས་མཁན་རེ་ལ་བསམ་ཚུལ་ཡང་མ་འདྲ་བ་རེ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
མཆན་བུ་འགའ་རེ་ནི་རྐང་བཙུགས་ནས་དཀྲུགས་ཤིང་སློང་བ་ལྟ་བུ་ཡང་འདུག གང་ལྟར། མཆན་བུ་མང་ཆེ་བ་བརྗོད་བྱའི་སྒང་ལ་འབབ་གི་འདུག་
ང་རང་སྒེར་གྱི་ངོས་ནས་། བརྗོད་བྱའི་སྒང་ལ་མཆན་བུ་རྒྱག་མཁན་ཚོར་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་། མི་སྒེར་དང་འབྲེལ་ནས་མཆན་བུ་བཏབ་པ་དེ་ཚོས་ངུ་སྐད་རྒྱག་ས་དེ་དྲ་དཔོན་བྱེད་ཀྱི་འདུག འདི་ཅུང་ཙམ་ནོར་བ་རེད་བསམ། དྲ་དཔོན་རབ་གསལ་སོགས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་དྲ་བ་འདི་འདྲ་ཞིག་སྒོ་ཕྱེས་བ་དེར། རྩོམ་འབྲི་བ་ཚང་མས་གཅེས་སྦྲས་བྱེད་དགོས་ཀྱི་འདུག་མ་གཏོགས་། ཅུང་ཙམ་འགྲིག་མིན་བྱུང་ན་དྲ་དཔོན་གྱི་སྒང་ལ་མཆོངས་འགྲོ་བ་འདི་དངོས་གནས་དྲང་གནས་ཡག་པོ་མི་འདུག ཁོང་ང་ཚོའི་ཕ་རེད་དམ་མ་རེད།
སྐུ་མཁྱེན། འདི་ལ་ཡང་མཚམས་ལན་རེར་ང་ཚོས་བསམ་བློ་ཅུང་ཙམ་གཏོང་དགོས་ཀྱི་འདུག དེ་ཙམ་ཞུ།
འཛམ་གླིང་རྒྱས་བཤད་དགེ་འདུན་ཆོས་འཕེལ་གྱིས་བརྩམས་མིན་སྐོར་ལ། རྡོ་སྦིས་བློ་བཟང་ཡོན་ཏན་ལགས་ནས་འགོ་མཇུག་ཚང་བ་ཞིག་་བྲིས་ནས་ྐློག་མཁན་ཚོའི་མདུན་ལ་འཇོག་ཐུབ་ན་ཡག་གི དེ་མིན་མཆན་བུའི་གསེང་ནས་ལྷག་བསྡད་ན་ངེད་ལ་ནི་ཕངས་སེམས་ཤིག་འདུག
དགེ་འདུན་ཆོས་འཕེལ་ལ་འུར་བསྟོད་བྱེད་མཁན་རྣམས་ལ་མི་དགའ་བ་དེ་བཞིན་དུ་དགེ་ཆོས་ཀྱི་ནོར་འཁྲུལ་རེ་ཟུང་རེ་རྙེད་ཚེ་གཞི་རྩ་ཆུང་ཆུང་རེ་ལ་བརྟེན་ནས་གཏམ་ནམ་མཁར་མི་ཤོང་བ་བཤད་མཁན་མཁས་པའི་མིང་ལ་རེ་འདོད་ཅན་གྱི་དབུགས་ཀྱིས་ཁེངས་པའི་མི་གཟུགས་དེ་ཚོར་ལྷག་ཏུ་ནས་ཀྱང་མི་འགའ།
དགེ་ཆོས་ཀྱིས་ལོ་བཅུ་གཉིས་ཡན་ལ་སླེབས་ན་འོ་བྱེད་ཆོག་པ་ཙམ་བཤད་ཡོད་པ་རེད། བཙན་གཡེམ་བྱེད་ཆོག་པ་ཞིག་བསྟན་ཡོད་པ་མ་ཤེས། ལོ་ཡི་ཆེ་ཆུང་དེ་གཙོ་བོ་རིག་གཞུང་གི་ཁྱད་པར་རེད། གོམས་སྲོལ་སོགས་འགྲིགས་མི་འགྲིགས་ཀྱི་གཞི་འཛིན་ས་ནུབ་ཕྱོགས་ཀྱི་རིག་གཞུང་ལ་ལྟོས་ཏེ་བཤད་རྐྱང་བྱེད་པ་འདིའང་རང་གི་ལུས་སྟེང་ན་རྩ་ཞིག་ཚང་མེད་པ་ལས་གཞན་གང་ཡང་མ་རེད།
དེ་མིན་དགེ་ཆོས་ཀྱི་འདོད་བསྟན་དབྱིན་ཡིག་ལ་བསྒྱུར་མཁན་དེས་ཀྱང་འདི་འདྲ་ཞིག་གསུངས་པ་དྲན། དགེ་ཆོས་འདོད་བསྟན་ལ་བུ་མེད་ཚོ་དམིགས་བསལ་གྱིས་དགའ་བོ་ཡོད་པ་རེད། རྒྱུ་མཚན་དེ་ནུབ་ཕྱོགས་ཀྱི་འདོད་པའི་བསྟན་བཅོས་དག་བཞིན་བུ་མེད་བེམ་གཟུགས་ཤིག་བཞིན་ལོངས་སུ་སྤྱོད་སྟངས་གཅིག་པོ་མ་ཡིན་པར། ཕ་རོལ་བོ་ལ་བརྩེ་བ་དང་དགའ་བ་ཞིག་གཞི་རྩར་བཞག་ནས་བཤད་ཡོད་པས་བུ་མེད་རྣམས་དམིགས་བསལ་གྱིས་དགེ་ཆོས་ཀྱི་འདོད་བསྟན་ལ་དགའ་བོ་ཡོད་པ་རེད་གསུངས་སོང་། བདེན་པ་རེད་འདོད། དགེ་ཆོས་ཀྱི་འདོད་བསྟན་དེ་འདོད་བསྟན་ཙམ་མ་ཡིན་པར་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་སྐོར་གང་ས་གང་ན་བྲིས་ཡོད་པས་ཁོང་ནི་བོད་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་པོ་དེ་རེད་ཆེས་བཤད་ནའང་མ་ཆོག་པ་མི་འདུག་སྙམ།
བློ་བཟང་ངམ་བོད། ཁྱེད་རང་ངས་གློའུ་རྒན་ཟེར་བ་ཡང་གཞི་རྩ་མེད་པའི་སྐད་ཆ། ་་དམར་པོའི་ལྟ་བ་བོད་ལ་བཤད་པ་་་ ་་བུ་མོ་ལོ་བཅུ་གཉིས་པའི་མན་དང་ཡན་བྱེས་ནས་བཙན་གཡབ་བྱེད་ཚུལ་བཤད་པ་་ ཟེར་བ་འདི་འདྲ་ཡང་སེ་བཤད་གི་ཡོད་པས་ངས་ཁྱེད་ལ་གློའི་རྒན་ཞེས་འབོད་གི་ཡོད། ཁྱེད་རང་གི་གློའི་རྟགས་འདི་མཚམས་མ་བཞག་དེ་སྲིད་དུ་ངས་འདི་ལྟར་འབོད་གི་ཡིན། དམར་ཤོག་གི་ལྟ་བ་ཟེར་ནས་སྡུག་པ་གང་ཡང་མ་རེད་དེ། དགེ་ཆོས་ཀྱིས་དམར་ཤོག་གི་ལྟ་བ་བོད་ལ་བཤད་པ་ཞིག་གང་ན་འདུག
སྲིད་དོན་སྐོར་གྱི་ཁོའི་ཚིག་བཅད་གཅིག་ཡོད་པ་ནི། ཞིང་ཆེན་སོ་སོས་བདམས་པའི་འཐུས་མི་ལས།། ཡིན་མིན་བརྟག་པའི་ཚུལ་བཞིན་འགྲིམ་བྱས་ནས།། གང་ཞིག་མང་པོའི་ཕྱོགས་སུ་ཐག་གཅོད་པ།། དབྱིན་ཇིའི་ལུགས་དང་མེ་གོའི་སྲོལ་ལུགས་ཉིད་་ འདི་ནི་ཁོས་དམངས་གཙོའི་གཞུང་གི་ངོ་སྤྲོད་རེད། ཚིགས་བཅད་ཁ་ཤས་ཤིག་ཡོད་པ་ལས་དང་པོར་བྲིས་ཡོད་པ་རེད།
དེ་ནས་དམར་ཤོག་ལ་ངོས་ཅི་ལྟར་བཟུང་ཡོད་པ་རེད་ཟེར་ན།
ཡུལ་གྱི་ཡོང་འབབ་གཞུང་ས་ཁོ་ནར་དབང་།། གཞུང་གི་དབང་ཐག་སྐྱེས་བུ་གཅིག་གིས་གཅོད།། དེ་ཡི་བསྐོས་བཞག་འབངས་ཀྱིས་བྱེད་པ་དེ།། ཨུ་རུ་སུ་དང་འཇར་མན་གཞུང་གི་སྲོལ་་་ ཟེར་ནས་བྲིས་ཡོད་པ་རེད།
རྒྱུ་ནག་དམར་ཤོག་པས་ཁོ་ལ་དགེ་རྒན་བྱེད་པའི་རེ་བ་ཞུས་སྐབས་ཀྱང་ཁོས་ངོས་ལེན་བྱས་མེད་པ་དེ་སྐབས་ཀྱི་མིས་བཤད་པའི་སྐད་ཆ་རེད།
མགོན་པོ་ཕྱག་གཉིས་བ་ལགས།་ཁྱེད་རང་གིས་ངེད་ཀྱི་བྲིས་བ་ཐམས་ཅད་ཀློག་ཡོད་ན་།་་ཁྱེད་རང་བཏོན་པའི་གནད་དོན་ཚང་མ་ལ་ལན་རྒྱབ་ཚར་ཡོད་།་་”བོད་ཀྱི་སྔོན་གྱི་མཁས་བ་ལྟར༌།་་བོད་ཀྱི་ཆོས་དང༌།་རིག་གཞུང༌།་དེ་དག་ལ་དཔྱད་པའི་གླེགས་འགའ་བརྩམས་ཡོད་པ་ལས༌།་་སྔོན་གྱི་མཁས་བ་ཆེན་པོ་བཙན་པོ་ནོ་མོན་ཧན་སོགས་ཀྱི་ལྟར་།་བོད་དུ་རིག་པའི་གཞུང་གསར་བ་རང་རྐྱ་ཐོན་པ་ཤིག་གསར་ཏུ་བཏོན་མེད༌།་་དེ་བས་དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ”་་ཞེས་གསལ་བོ་དག་པོའི་བཀོད་ཡོད་ལ་།་དེའི་མི་ཚད་ད་དུང་ངེད་ཀྱིས་ང་ཚོས་རྟོག་པའི་བཟོས་བའི་དགེ་ཆོས་དང་དགེ་ཆོས་ངོ་མ་གཉིས་ཀྱི་བར་་ལ་ཐག་རིང་པོ་ཆེན་པོ་ཤིག་འདུག་པས་ད་ནི་དེ་དག་ལ་ཞིབ་དཔྱད་བྱ་དགོས་བའི་སྐབས་སུ་ཆགས་འདུག་ཅེས་དང་།་ཡང་མ་ཧ་ཙི་ནས་་དགེ་ཆོས་བཙོན་དུ་བཟུང་བ་དེ་སྒྲུབ་བྱེད་དུ་བཀོད་ནས་བོད་འདི་ཀླ་ཀློ་དང་།་ཆེས་མུན་ནག་།་ཆེས་བདུག་རྩི་ཅན་ཤིག་ཏུ་སྒྲུབ་བཞིན་པ་དང་།་རྙིང་མ་འགས་དགེ་ཆོས་ཀྱི་གསུང་འགའ་ཤས་དཔུང་དུ་བཀོད་ནས་ཁོང་རྙིང་མ་ཡིན་པར་སྒྲུབ་བཞིན་པ་དང་།་་དེ་བཞིན་དགེ་ལུགས་བ་འགའ་ཤས་ཀྱི་དགེ་ཆོས་ཀྱི་སློབ་གསོ་དང་དགེ་རྒན་རྣམས་དཔུང་དུ་ཁྱེར་ནས་ཁོང་དགེ་ལུགས་ཡིན་པ་སོགས་།་མདོར་ན་ཐམས་ཅད་ཀྱི་དགེ་ཆོས་ནི་རིག་གསར་དང་ཚན་རིག་དང་་དེང་དུས་ལྟ་བའི་་ཁྱབ་པའི་མཁས་བ་ཆེན་པོ་ཞིག་ཡིན་པ་སྒྲུབ་བཞིན་པ་དེ་ལྟར་རེད་།་་དངོས་གནས་དགེ་ཆོས་མི་གང་འདྲ་ཤིག་ཡིན་མིན་།་་དགེ་ཆོས་ནི་རིག་གསར་དང་ཚན་རིག་ལ་གསར་བརྗེའི་ལྟ་བས་ཁྱབ་པའི་མཁས་བ་ཆེན་པོ་ཞིག་ཡིན་མིན་གཏན་ལ་འགེལ་རྒྱུ་ནི་གལ་ཆེན་པོ་ཤིག་ཆགས་བསྡད་ཡོད་པ་རེད་།་དེ་བས་ཕྲན་གྱིས་དོགས་གཞི་འགའ་ཤས་བཀོད་པ་དེ་ཡིན་།་་དེ་མིན་དམིགས་ཡུལ་གཞན་ཅི་ཡང་མེད།་་་ངའི་རྩ་བའི་དམ་བཅའ་ནི་འདི་ཡིན་།་་”དགེ་ཆོས་ནི་སུམ་རྟགས་དང།་ལོ་རྒྱུས༌།་རི་མོ་བཅས་ལ་མགོ་མཁོར་བའི་བོད་ཀྱི་མཁས་བ་རྙིང་བ་ཞིག་ལས་་རིག་གསར་གྱི་རྦ་ཀློང་འཕྱུར་བ་དང།་གསར་བརྗེ་ཡི་ལྟ་བས་ཁྱབ་པ༌།་མ་འོངས་བ་གཟིགས་པའི་མཁས་བ་ཤིག་ཅིས་ཀྱང་ཡིན་པ་མི་འདྲ”
གཏམ་འདིའི་ནང་དུ་དགེ་ཆོས་ནི་སེང་གེ་གཤོང་གི་ལྷ་བཟོ་བ་དགེ་འདུན་ལྟར་་རི་མོ་འབྲི་མཁན་ཤིག་དང་།་ཨ་ཁུ་གསུང་རབ་རྒྱ་མཚོ་ལྟར་སུམ་རྟགས་ལ་དོ་སྣང་ལ་བྱ་མཁན་ཤིག་།་རྩིས་སོགས་གསལ་བོ་མི་ཤེས་མཁན་ཤིག་ལ།་ལོ་རྒྱུས་ལ་དོ་སྣང་་ཡོད་མཁན་དཔེར་ན་ནོར་བྲང་ཨོ་རྒྱན་ལྟ་བུ་ཤིག་།་་ཁྱེད་ཀྱིས་གསུང་བ་ལྟར་།་རྩོམ་བྲིས་ན་སེང་རྡོར་ལྟ་བུ་ཤིག་ཡིན་པ་ལས་དམིགས་གསལ་གྱི་ཅི་ཞིག་རེད་ཅེས་དྲི་བ་བཀོད་པ་ཙམ་ཡིན་་།་་ཡང་ཁྱོད་ཀྱིས་དགེ་ཆོས་ཀྱིན་ལྕགས་སྒམ་ནག་་པོ་དེ་ངའི་མདུན་དུ་གཡུགས་ནས་སྒྲུང་ཤིག་བཟོས་ན་མ་གཏོགས་སྐད་ཅི་ཡང་ཡོད་པ་མ་རེད་།་མ་རེད་དམ།
འོ་དགེ་ཆོས་དང་བུད་མེད་ཀྱི་སྐོར་ལ་བཤད་རྒྱུ་མང་པོ་འདུག་མོད་ད་འདིར་མི་བཤད་།་རྗེས་མར་རིམ་གྱི་ཡོང་གི་རེད།་་ཁྱད་མཚར་བོ་ཤིག་ལ་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དག་གིས་དགེ་ཆོས་ཀྱི་ཚིག་འདི་འདྲ་བའི་ཟུར་ཙམ་ཡང་གླེང་གི་མི་འདུག་།་ག་རེ་ཡིན་ནམ་།་”བཅུ་གཉིས་ལོ་ཡི་འོག་ཏུ་གནས་པ་ཡི། །བུད་མེད་རྣམས་ནི་གཞོན་ནུ་མ་རུ་བརྗོད། །སོ་རྩི་ལ་དུ་ལ་སོགས་སྦྱིན་བྱ་ཞིང་། །འོ་བྱ་དགའ་བའི་གཏམ་ཡང་བརྗོད་པར་བྱ། །བཅུ་གསུམ་ནས་བཟུང་ཉེར་ལྔ་ལོན་གྱི་བར། །བུད་མེད་དར་མ་ཉིད་དུ་བརྗོད་པ་སྟེ། །འོ་དང་སེན་མོ་ལ་སོགས་གདབ་བྱ་ཞིང་། །ལྷན་ཅིག་འགྲོག་སྟེ་དགའ་བ་མྱང་བར་བྱ།”་
ཡང་ད་དུང་བུ་མོ་ཆུང་ཆུང་གི་བྷ་གའི་སྟེང་ལ་སྣུམ་སྤྱར་ཏེ་སྤྱོད་ཚུལ་ཤིག་བཀོད་ཡོད་པར་སྙམ་ཡང་།་ད་གསལ་བོ་དྲན་གིན་མི་འདུག་།་་ཡ་མཚར་།་་ཁྱེད་ཅག་གིས་དགེ་ཆོས་ཀྱི་ཚིག་དུམ་བེད་སྤྱད་ནས་།་དགེ་ཆོས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བཤད་མཁན་བརྩི་ན་།་ངས་ཚིག་འདི་འདྲ་བ་དྲངས་ཏེ་དགེ་ཆོས་ནི་བྱིས་མཛག་མཁན་།་་བུད་མེད་ཀྱི་ཐོབ་ཐང་ལ་རྡོག་རུལ་དུ་གཏོན་མཁན་ཤིག་ཏུ་སྒྲུབ་ན་ཅི་ལ་མི་ཆོག།
ང་བོད་པ་ཟེར་བ་དེ་མིན་།་དེ་ཕྱིར་ངས་དེ་ལ་ལན་རྒྱག་དགོས་དོན་མི་འདུག་།་
རེད། རྡོ་སྦིས་བློ་བཟང་། ད་ཁྱོད་ཀྱི་ཀུན་སློང་ངོ་མ་དེ་གསལ་བོར་ཤེས་སོང་། འདོད་པའི་བསྟན་བཅོས་ནང་གི་ཚིག་འགའ་ཞིག་དྲངས་ནས། དགེ་ཆོས་ནི་བྱིས་འཛག་མཁན་དང་། བུད་མེད་ཀྱི་ཐོབ་ཐང་ལ་རྡོག་རུལ་དུ་གཏོང་མཁན་ཤིག་ཏུ་སྒྲུབ་ཀྱི་འདུག་པ་དེ་ངོ་ཚ་རྒྱུ་མེད་པའི་ལས་ཀ་རེད། ཕལ་ཆེར་ཁྱོད་བཟི་བསྡད་ཡོད་ས་རེད་པ། བཙོང་བའི་་་་་་་་རིན་ཐང་ཅན།། ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད།། མེད་སོགས་ཅི་ལ་བྲིས་པ་རེད། བུ་མོ་གཞོན་ནུ་མ་འདུལ་སྦྱོང་བྱེད་ལུགས་ཤིག་བཤད་པ་དེ་གཞན་གྱི་བྱ་སྤྱོད་གླེང་བའི་སྐབས་རེད། གཞན་ཡང་བུ་མོའི་འདུལ་སྦྱོང་བཤད་པ་དག། རང་རེའི་ཡུལ་དུ་མཁོ་བ་མེད་ཕྱིར་བཞག། ཅེས་བྲིས་འདུག་པ་དེ་ཡང་དགེ་ཆོས་མིན་པར་ཁྱོད་ཀྱིས་བྲིས་པ་ཡིན་ཤས་ཆེ། ད་དུང་ཕྱི་གླིང་པའི་མི་ཞིག་གིས་ཅིག་བྲིས་ཤིང་དེ་དོར་ཞིས་ལུངས་དྲངས་པ་སོགས་ཀྱང་བཤད་རྒྱུའི་ཕོངས་པ་ཙམ་རེད། འདི་ལ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་སྐུ་སྒྲུབ་དགོངས་རྒྱན་གྱི་ཞལ་ཁྲིད་སྐབས་དགག་པ་ཚ་ཐག་ཆོད་བརྒྱབ་འདུག ད་དུང་ངོ་ཚ་མེད་པར་དགེ་ཆོས་དང་བུད་མེད་ཀྱི་སྐོར་ལ་ཅིག་ཟེར་རྒྱུ་ཡོད་མདོག་མདོག་ལ། སུས་ཁྱོད་ལ་དགེ་ཆོས་ཀྱིས་བཙུན་པ་ཡིན་མདོག་བྱེད་ཀྱི་རེད། སྡོམ་རྒྱུན་སྤེལ་གྱི་འདུག་ལབ་སོང་། ཁྱོད་ཀྱིས་སྐད་ཆ་དེ་ཀ་རང་གིས་ཁྱོད་ཀྱི་དགེ་ཆོས་ལ་བཅང་བའི་གསང་བའི་ཀུན་སློང་ཕྱི་ལོགས་ལ་དམར་རྗེན་དུ་སླེབས་སོང་། བརྐུ་ཤེས་རུང་སྐུང་མི་ཤེས་ཟེར་བ་དེ་རེད། ད་བསམ་བློ་བཏང་དུས་ཁྱོད་ཅི་ཁག རྡོ་སྦིས་དགེ་བཤེས་དང་དགེ་ཆོས་བར་གྱི་ཕག་ནད་དེ་ཁྱོད་ལ་ཕོག་པ་རེད་འདུག ད་དགེ་ཆོས་ནག་པོ་བཟོ་ཨེ་ཐུབ་བལྟས་མ་བལྟས་ཡོད་ནི་མ་རེད། དགེ་ཆོས་ཅི་འདྲ་ཞིག་ཡིན་རུང་ཁྱོད་ཚང་རྡོ་སྦིས་ལྷས་བྱིན། གོ་མིན་ཏང་དང་ཀུང་ཁྲན་ཏང་གི་རྒྱུགས་ཁྱི། མོའོ་ཙེ་ཏུང་སངས་རྒྱས་རེད་ཟེར་མཁན་རྒྱལ་བཙོང་ཁ་སེ། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་གཟུགས་ཀྱིས་འོངས་པ་དེས་དགེ་ཆོས་ཀྱི་གཅིན་པ་ཐིག་གཅིག་ཀྱང་དོ་ནི་མ་རེད། ད་སྙིང་གཟེར་རུང་བྱེད་ཐབས་དཀའ་ནི་རེད།
ཕྱག་དམར་བ་ཁོ་བོས་་་་་་་ དགེ་ཆོས་ཀྱིས་ལོ་བཅུ་གཉིས་ཡན་ལ་སླེབས་ན་འོ་བྱེད་ཆོག་པ་ཙམ་བཤད་ཡོད་པ་རེད། ཟེར་ནས་རྫུན་བཤད་དེ་་་་་དགེ་ཆོས་ལ་དུང་ཞེན་གྱིས་ཁོའི་ནག་ཉེས་ཡོལ་ཐུབ་འཐེན་གི་འདུག དགེ་ཆོས་ཀྱིས་་་་་་བཅུ་གཉིས་ལོ་ཡི་འོག་ཏུ་གནས་པ་ཡི། །བུད་མེད་རྣམས་ནི་གཞོན་ནུ་མ་རུ་བརྗོད། །སོ་རྩི་ལ་དུ་ལ་སོགས་སྦྱིན་བྱ་ཞིང་། །འོ་བྱ་དགའ་བའི་གཏམ་ཡང་བརྗོད་པར་བྱ། དེའི་དོན་ནི་རྫས་བྱིན་ནས་ཁ་ཡག་བཤད་དེ་མགོ་བསྐོར་བྱེད་ཚུལ་བཤད་པ་རེད། བཅུ་གསུམ་ནས་བཟུང་ཉེར་ལྔ་ལོན་གྱི་བར། །བུད་མེད་དར་མ་ཉིད་དུ་བརྗོད་པ་སྟེ། །འོ་དང་སེན་མོ་ལ་སོགས་གདབ་བྱ་ཞིང་། །ལྷན་ཅིག་འགྲོག་སྟེ་དགའ་བ་མྱང་བར་བྱ། ལོ་བཅུ་གསུམ་ནས་གཡབ་ལྟངས་མི་འདྲ་བ་ཞིག་བཤད་པ་རེད། འདི་ཚང་མ་བཙན་གཡབ་རེད། བཙན་གཡབ་ལ་ཤར་ནུབ་ཀྱི་ཁྱད་པར་ཡོད་པ་མ་རེད། དགེ་ཆོས་འདི་བྱིས་པ་ལ་ཉེས་བྱས་བྱེད་མཁན་ཞིག་ཡིན་པར་མ་ཟད་བུད་མེད་ལ་ཉེས་བྱས་བྱེད་མཁན་ཡང་གཏེ་བོ་ཞིག་རེད། ཕྱག་དམར་ལགས་་་་ཁྱེད་རང་དགེ་ཆོས་ཀྱི་རྗེས་འཇུག་ཡིན་ཟེར་ཁུལ་བྱས་ནས་བོད་ལ་སོང་ནས་བྱིས་འཛགས་བྱེད་ན་འདོད་གོ་ནི་མིན་ན། དེ་འདྲ་བྱོས་དང་ངས་ཁྱོའི་མཇེ་གཅོད་ཡོང།
དགེ་ཆོས་ཀྱིས་དམར་ལྟ་སྤེལ་ཡོད་མེད་ཁྱོ་ཁོ་ལ་དགའ་བ་དེས་གསལ་བར་མཚོན་ཐུབ་ནི་རེད། ཁྱོ་ཆོས་དང་རིགས་གཞུང་ལ་མི་དགའ་བ་ཚང་མས་ཤེས་གསལ་རེད། དེ་ན་དགེ་ཆོས་ཀྱི་དམར་ལྟ་ལ་དགའ་ནི་མིན་ན་གང་ཡིན།
ཕྱག་དམར་ལགས། གཅིག་བྱས་ན་ཁྱོ་རང་དགེ་ཆོས་ཀྱི་བྱིས་འཛགས་བྱེད་ལྟངས་བཤད་པ་དགའ་ནི་ཡིན་ན་ཐང་།
གྲོགས་པོ་ཚོ།
སྐུ་མཁྱེན་བསམ་བློ་རྒྱ་ཆེ་ཙམ་གཏོང་དང་། བློ་གུ་ཡངས་ཙམ་གྱིས། དགེ་ཆོས་ཀྱི་སྐོར་གླེང་དུས་ཕྱོགས་ཡོངས་ནས་གཟིགས་དང་། དགེ་འདུན་ཆོས་འཕེལ་ང་རང་ཚོ་དང་གཅིག་པ་རེད། སྐྱོན་ཡོད་ལ་དགེ་ཡོད། ཡོན་ཏན་ཡོད་ལ་ནོར་འཁྲུལ་ཀྱང་ཡོད། ཁོང་ཤེས་བྱའི་སྐོར་ལ་བརྟག་དཔྱད་བྱེད་པར་དགའ་བ་དང་དེའི་ཐབས་ཤེས་བཟང་པོ་ཡོད་སྟབས། ཁོང་གི་གསུངས་པའི་གནས་ལུགས་དེ་ཚོ་རྣ་བ་ལ་འགྲོ་པོ་འདུག
ང་ཟུར་ལ་སྡོད་མཁན་ཞིག་གིས་བལྟས་ན། དགེ་ཆོས། སྤྱང་པོ་རེད་ལ་ལྐུགས་པ་ཀྱང་རེད། སྤྱང་པོ་ནི་ཁོ་བོ་རིག་གནས་དང་ནམ་ཡང་ཁ་མ་བྲལ་བར་ཚེ་གཅིག་དེའི་ཐོག་ལ་དོན་གཉེར་གནང་བ་རེད། མ་ཟད་གཞན་གྱི་ཟེར་གྲོས་ལ་མི་ཉན་པར། བདེན་བཤེར་བྱེད་མཁན་གྱི་མི་བརྟན་པོ་ཞིག་རེད། ད་དུང་ཤེས་པ་དེ་ཡི་གེའི་ནང་བྱང་ཆུབ་པོས་བྲི་ཐུབ་ནས་གཞན་ལ་སྟོན་ཐུབ་ཡོད། དེ་ཚོ་དགེ་མཚན་རེད།
དགེ་ཆོས་ལྐུགས་པ་དེ་གང་རེད་ཅེས་ན། རིག་གནས་དང་རིག་པ་དེ་གཞན་ལ་ཁ་ནས་ཤོད་པ་ལས་རང་གིས་ལག་ལེན་བྱེད་མ་ཐུབ་མཁན་མི་གླེན་པ་ཞིག་རེད་སྙམ། དཔེར་ན། ཆོས་དང་འཇིག་བརྟེན། ཕྱི་དང་ནང་གི་བསླབ་བྱ། དེ་བཞིན་ཚན་རིག་དང་དེང་དུས་ཀྱི་ཤེས་བྱ་ཚང་མའི་ནང་དང་པོ་རང་གི་ལུས་དང་བདེ་ཐང་ལ་བདག་པོ་ཡག་པོ་རྒྱག་པའི་སྐོར་ལ་དབྱིན་ཇི་དང་། ལེགས་སྦྱར་དང་། བོད་ཡིག་ལ་སོགས་ནང་མང་པོ་ཡོད། དགེ་ཆོས་ཀྱིས་དེ་དག་གོ་བཞིན་དུ་ཐ་མག་ཚོད་མེད་འཐེན་པ། ཆང་རག་ཚོད་མེད་བཏུང་ནས་རང་གི་གཟུགས་པོ་མེད་པ་བཟོ་བ་དེ་བདུད་འགྲོ་ལས་ཐབས་སྐྱོ་བ་རེད། དཔེར་ན། བདུད་འགྲོ་ཞིག་གིས་ཟས་ཤིག་གིས་རང་ལ་གནོད་ཀྱི་ཡོད་པ་ཤེས་ན། ཉིན་ལྟར་དེ་ཟ་བ་དང་དེའི་དོན་དུ་རང་གི་སྲོག་བློས་གཏོང་བྱེད་ཀྱི་མ་རེད།
དེས་གང་མཐོང་ཐུབ་ཟེར་ན། དགེ་ཆོས་འདི་རྣམ་དཔྱོད་ཅན་ཞིག་མ་རེད། ངོ་མ་རྣམ་དཔྱོད་ཅན་ཞིག་ཡིན་ན། རང་གི་ལུས་པོར་བདག་པོ་རྒྱག་དགོས་རེད། ཐ་མག་དང་ཆང་རགས་ཀྱིས་གཟུགས་པོ་གནོད་ཀྱི་ཡོད་པ་དེ་མ་ཤེས་པའམ་ཤེས་བཞིན་དུ་དེ་ལྟར་སྤྱོད་ན། རྣམ་དཔྱོད་ཅན་རེད་ཟེར་ན་བདེ་པོ་མིན་འདུག འཇིག་རྟེན་འདི་ལ་རང་གི་བདེ་ཐང་ལ་དོན་མེད་རྒོལ་མཁན་གྱི་མི་དེ་ལ་རྣམ་དཔྱོད་ཅན་མ་གསུངས་རོགས།
དེ་བཞིན་དགེ་ཆོས་ཀྱི་ཡོན་ཏན་གཅིག་བརྗོད་ན། རང་གི་བསམ་བློ་བཏང་། དཔྱད་བརྟད་བྱས། བདེན་པ་ར་ཐུབ་ན། གཞན་ལ་ཤོད་ཕོད་པ་དང་། ཁ་རི་ཁ་ཐུག་གི་སྤྱོད་པ་ཞིག་ཡོད། སུས་བདེན་པ་ཤོད་ཀྱི་འདུག སུས་དྲང་པོ་བྱེད་ཀྱི་མིན་འདུག་བསམས་ནས་རྒྱུན་དུ་རྟག་དཔྱད་ལ་དགའ་བའི་ཨ་མདོ་བ་ཁོང་དང་ཁོང་གི་རིག་པ་དེ་ཚོ་ལ་མི་མང་པོ་སེམས་པ་ཤོར་མྱོང་ཡོད།
ཡིན་ནའི་ཁོང་ཚན་རིག་པ་དང་བསམ་བློ་བ་ཆེན་པོ་ཞིག་རེད་ཟེར་ན། བོད་པ་ཚོའི་སྣང་བ་ལ་འགྲོ་ཤས་ཆེ། ཡིན་ནའི་རྒྱ་རིགས་དང་། རྒྱ་གར། ཕྱི་རྒྱལ་བ་ཚོར་ཁོང་བསམ་བློ་བ་རེད་ཅེས་པའི་ཚིག་འདི་ལ་སྣང་བ་འགྲོ་ཨེ་མྱོང་སྙམ། རྒྱུ་མཚན་དང་པོ་ཁྱེད་ཚོས་བསམ་བློ་གཏོང་དང་། ངས་རྗེས་མ་བཤད་ཡོང་།
འབུམ་རམས་པ་གློའུ་རྒན།
དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་དེ་གནའ་བོའི་རྒྱ་གར་གྱི་འདོད་པའི་བསྟན་བཅོས་ཁག་གཞིར་བཟུང་ནས་བྲིས་པ་རེད། ལྷག་པར་དུ་ཡང་། ་་དེ་དག་རྣམས་ལས་མཆོག་ཏུ་གྱུར་པ་ནི།། དབང་ཕྱུག་ཆེན་པོའི་ཆགས་པའི་བསྟན་བཅོས་དང་།། བར་པ་ཡ་ནའི་འདོད་པའི་མདོ་གཉིས་ཡིན།། འདིར་ཡང་ཁོ་བོས་དེ་ལ་བརྟེན་ཏེ་བཤད་་ ཟེར་བ་ལྟར་དང་། ཡང་། ་་འདི་དག་ཕལ་ཆེར་འདོད་པའི་མདོ་ནས་བཤད།། ཡུལ་འདི་རྣམས་ཀྱང་རྒྱ་གར་ཁོ་ན་ཡིན།། དེ་ཡང་གནའ་བོའི་དུས་ཀྱི་ལུགས་ཡིན་ཕྱིར།། དེང་སང་དེ་ལྟར་འབྱུང་བའི་ངེས་པ་མེད་་ སོགས་ཀྱིས་ཁྱེད་ཀྱི་མ་བརྟག་པར་གཡོ་བར་དགའ་བའི་ལྕེ་ལེབ་དམར་པོ་མ་ནེའི་འོག་ནས་དྲུས་འདུག
གནའ་སྔ་མོའི་འདོད་པའི་བསྟན་བཅོས་འདིའི་ནང་ཡང་། ཁམས་དཀར་དམར་གྱི་གནས་སྟངས། མངལ་འཛིན་སྟངས་སོགས་ཀྱིས་མཚོན་དེང་སྐབས་ཀྱི་ཚན་རིག་གི་བཤད་ཚུལ་དང་དང་མི་མཐུན་པ་མང་པོ་ཞིག་འདུག་ན་སོང་ལ་འགྲིག་གི་མི་འདུག་ཟེར་ནས་དགག་པ་རྒྱོབས་ལ་གློའུ་རྟགས་སྟོན་དང་ཁྱེད་རང་ལ་གློའུ་རྟགས་སྟོན་ས་ག་ཚོད་དགོས་དགོས་རེད། བསམ་མེད་ཀྱི་བྱིས་པ་ཁྱེད་རང་འདྲ་བ་མཐོང་ན་ང་ངུ་ཤོར་གི་འདུག
བོད་པ་ཟེར་བ་འདིས་ཉིན་ཤས་གོང་ང་ལ་ཕྱག་འཚལ་གི་ཡིན་ཟེར། ད་དེ་རིང་མ་བསམ་ས་ནས་ངའི་ཚིག་གི་རྡོ་ལོག་ཅིག་ཞོར་ལ་ཕོག་པ་འདྲ། ཁ་ནས་སྨྲེ་ངག་བརྒྱུད་མར་འདོན་གི་འདུག
དང་པོར་གནའ་བོའི་འདོད་བསྟན་གྱི་ནང་གསལ་བ་གང་གང་རེད། དགེ་ཆོས་ཀྱི་དགོངས་ཚུལ་གང་གང་རེད། དེ་ལ་དབྱེ་བ་གསལ་བོ་ཞིག་ཕྱེ་ལ་དེ་ནས་དགེ་ཆོས་ཀྱི་བསམ་ཚུལ་དང་མི་མཐུན་པ་རྣམས་ལ་དགག་སྒྲུབ་བྱས་ན་བྱེད་སྟངས་ཤིག་རེད། དེ་མིན་ཁ་སང་ནང་བཞིན་མ་བརྟག་གཡམ་རྒྱུག་བྱས་ཏེ་དགེ་ཆོས་ཀྱི་དངོས་རྩོམ་ཡིན་མིན་ཧ་ཡག་པོ་ཞིག་མ་གོ་སྔོན་ཡིན་ཤག་གིས་དགེ་ཆོས་ལ་དགག་ཕྱིན་པ་ནང་བཞིན་གཅིག་པ་རེད། དེང་རབས་གྱི་མི་ཞིག ལྷག་པར་དུ་འབུམ་རམས་པ་ཡིན་ཟེར་མཁན་ཞིག་ནས་སྔོན་མའི་བྲིས་རྩོམ་དག་ཚན་རིག་དང་མཐུན་གི་མི་འདུག་ཟེར་ནས་དགག་ཁུལ་བྱེད་པ་དེ་ལས་ངོ་ཚ་བ་དང་གློའི་རྟགས་ཤིག་ཅི་ལ་ཡོད་དེ་མེད་དོ།
ཕྱག་དམར་ལགས། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་དེ་གནའ་བོའི་རྒྱ་གར་གྱི་འདོད་པའི་བསྟན་བཅོས་ཁག་གཞིར་བཟུང་ནས་བྲིས་པ་རེད།ཟེར་ དེ་འདྲ་ཡིན་ཐང། དེའི་ནང་ནས་ལེན་དགོས་པ་ཞིག་བླངས་ནས་དོར་དགོས་པ་ཞིག་དོར་དགོས་པ་མ་རེད་དམ། ཁོས་བྱིས་འཛགས་བྱེད་ལྟངས་ལེན་དགོས་པའི་རྒྱུན་མཚན་ཅི་རེད། ཁོ་ཨ་རིའི་དང་ཡོ་རུབ་ན་ཡོད་ཚེ་ལོ་བཅོ་ལྔ་ལྷག་ལ་བཙོན་ཁང་ནས་འདུག་དགོས་ས་རེད།
གསལ་བཤད་བྱེད་དགོས་པ་ཞིག་ལ་ང་རང་་་དཔྱད་བརྗོད་མཁས་པ་རྡོ་སྤོས་བློ་བཟང་ཡོན་ཏན་མིན་པ་ཤེས་དགོས།
བོད་པའམ་འབུམ་རམས་པ་གློའུ་རྒན་ལ་ཁག་མི་འདུག ངའི་མཆན་༢༥ བ་དེ་ཁོག་ལ་མ་ཤོང་བ་ཡིན་པ་འདྲ།
༢༤༽ བོད་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༣ གི་ཆུ་ཚོད་ ༢༡ སྐར་མ་ ༣༧
མགཽན་ཕྱག་ལ་ཕྱག་འཚལ་ལོ། མངའ་རུས་ན་འཇམ་མོ་ཡོད་ན་མངའ་རུས་འདི་ཆོལ་གསུམ་ནང་ན་ཡོད་པ་འདྲ།
༢༥༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༣ གི་ཆུ་ཚོད་ ༢༢ སྐར་མ་ ༣༡
ཡག་པོ་རེད། ལྷ་ཞིག་ལ་ཕྱག་འཚལ་བ་ལས་ང་ལ་ཕྱག་འཚལ་བ་ཡིན་ན་འབྲས་བུ་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་རེད། བྱིན་རླབས་ཟེར་ན་མི་འདྲ། དངོས་གྲུབ་ཟེར་ན་མི་འདྲ། གང་ལྟར་ཁྱོད་ལ་འཐོབ་བྱ་ཞིག་ཡོད་པ་རེད། དུས་ཚོད་ཀྱང་རིང་བོ་མི་དགོས་པར་འབྲས་བུ་ལམ་སང་སྨིན་གི་རེད།
མངའ་རིས་ཀྱི་དག་ཆ་འདི་ལྟར་ཕྲིས། འདི་ཡང་ངས་ཁྱེད་ལ་གནང་བའི་ཤེས་རབ་ཀྱི་ཁ་གསོས་ཆུང་ཆུང་ཞིག་ཡིན།
བློ་བཟང་ཡོན་ཏན་ལགས། རབ་བྱུང་ན་ཁ་བརྡ་ལ་ཕེབས་དུས། ཁྱེད་ཀྱི་མཚན་ངོ་མ་དང་། བྱུང་ཁུངས་ངོ་མ་སྟོན་མི་དགོས་བྱུང་ན་ལེགས་པོ་འདུག སྔོན་མ་ངས་རང་གི་མིང་ངོ་མ་བསྟོན་ནས་རྩོམ་ཁ་ཤས་བྲིས། དེ་རྗེས་མ་གཞན་གྱིས་ལོག་འགྲེལ་དང་ལྡོག་བཤད་བྱས་ནས། སྤྱི་ཚོགས་ནང་གང་བྱུང་གླེང་གི་འདུག ད་དུང་ཕ་ཡུལ་ཚང་གི་སྤྱི་བདེ་མི་སྣ་ཚོས་ཀྱང་ཁ་བརྡ་ཀློག་མུས་ལ་བརྟེན་དོན་མེད་དཀའ་ངལ་འཕྲད་ཀྱི་རེད།དེར་བརྟེན་རྗེས་མ་མིང་བརྗེས་ནས་རང་གི་ཁུངས་འདི་མ་ཤོར་བ་བྱེད་དགོས།
ཁོ་ཨ་རི་ན་ཡོད་པ་མ་རེད། ཁོ་རྒྱ་གར་ན་ཡོད་པ་རེད། རྒྱ་གར་ན་ད་ལྟའང་ལོ་བཅུ་ཡས་མས་སླེབས་ན་མནའ་མ་འགྲོ་མཁན་ཡོད་སྐད་འདུག ཨ་རི་ཨ་རི་རེད། རྒྱ་གར་རྒྱ་གར་རེད། བོད་བོད་རེད། ཨ་གློའུ་རྒན།
མགོན་པོ་ཕྱག་གཉིས་འདི་ཡང་སྲུང་མ་ཡག་པོ་ཞིག་མིན་པ་འདྲ། བོད་པ་ཟེར་བ་འདི་ཁོ་ལ་སྐྱབས་སུ་སོང་བའི་གྲུབ་འབྲས་སུ་ཤེས་རབ་ཀྱི་ཁ་གསོས་ཆུང་ཆུང་ཞིག་དངོས་གྲུབ་སུ་གནང་འདུག་ཀྱང་། ཕྱོག་གཅིག་ནས་ལྕེ་དྲུང་ནས་བཅད་དེ་ས་ལ་འཕང་འདུག ཅི་འདྲའི་སྲུང་མ་མཚར་པོ་ཞིག་ཡོད་རྒྱུ་རེད། ཨ་ཨ།
རྒྱ་གར་དུ་རྒྱ་གར་གྱི་འདོད་པའི་བསྟན་བཅོས་གཞིར་བཟུང་ནས་རྒྱ་གར་གྱི་ལུགས་སྲོལ་གོམས་སྲོལ་དང་མཐུན་པ་ཞིག་སྨྲས་པ་ཡིན་ན། དེ་ཨ་རི་དང་ཡོ་རོབ་ཀྱི་ཁྲིམས་དང་མཐུན་གྱི་མི་འདུག་ཟེར་ན་དེ་ལས་གློའུ་རྟགས་ཆེ་བ་ཞིག་གང་ན་ཡོད་ནི།
ཁ་ཆེའི་ཆོས་དེ་ནང་པ་སངས་རྒྱས་ཀྱི་ཆོས་དང་མཐུན་གི་མི་འདུག་ཟེར་ནས་སྐྱོན་བརྗོད་བྱས་པ་དང་གཅིག་པ་རེད།
ཨོ་ང་ཡང་དོལ་རྒྱལ་དང་འདྲ་སེ་ཡོད་པ་རེད། ཕྱག་འཚལ། བསྟོད་པ་བྱས་དེ་འདྲ་བྱས་ན་དངོས་གྲུབ་སྟེར་གི་རེད་མ་གཏོགས་གཞན་པ་གོམ་གསུམ་སྤོ་དབང་དང་ཚིག་གསུམ་བཤད་དབང་ཡོད་པ་མ་རེད།
རེད་ཡ། དགེ་ཆོས་ནི་རང་ཉིད་ཀྱི་ཆེད་ལས་མདོ་སྔགས་རིག་གནས་གསུམ་ལ་ནི་དུས་སྐབས་དེར་མཁས་པའི་གྲགས་པ་འབར་བ་ཞིག་རེད། དེ་མིན་གཏམ་རྒྱུད་གསེར་ཐང་དང་འདོད་པའི་བསྟན་བཅོས་གཉིས་ནི་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བ་ཞིག་ཅང་མིན་པར་གཞན་གྱིས་བྲིས་པའི་ལོ་རྒྱུས་དང་འདོད་བསྟན་ལས་སྒྲིག་སྒྱུར་བྱས་པ་ཞིག་རེད། དེ་བཞིན་སྐབས་དེར་ཁོ་རང་ཤྲི་ལིངྐར་ཕྱིན་པས་དེ་ཕྱོགས་ཀྱི་ཡུལ་སྐོར་ཟིན་ཐོ་བྲིས་པ་ངོ་མ་ཀློག་སྤྲོ་བ་ཞིག་འདུག དེ་མིན་རྒྱ་གར་གྱི་རྒྱལ་རབས་ནི་ཧིན་རྡུ་དང་ལེགས་སྦྱར་ལས་བསྒྱུར་པ་ཡིན་རྒྱུ་རེད། དེབ་དཀར་ནི་འགོས་ལོ་ཕུད་དེ་ཏུན་ཧོང་ཡིག་རྐྱང་མཇལ་སྔ་བའི་གྲས་ཡིན་པས་དེང་རབས་ལོ་རྒྱུས་སྨྲ་བ་ཚོས་མིག་ཅིག་ཕྱེས་ཡོད་ཀྱི་རེད་བསམས། རྒྱ་གར་གནས་ཡིག་དེས་ཀྱང་སྐབས་དེའི་གནས་སྐོར་བ་དང་ཐ་ན་དེང་སང་གི་གནས་སྐོར་བ་ཚོར་ཡང་ཕན་ཐོགས་དགའ་རབས་ཤིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཀླུ་སྒྲུབ་དགོངས་རྒྱན་ནི་ཟླ་བ་བཟང་པོས་ཟིན་བྲིས་བྱས་པ་ཞིག་རེད་མ་གཏོགས་དེབ་དཀར་ནང་བཞིན་དགེ་ཆོས་རང་གིས་ཕྱག་བསྟར་ནས་བྲིས་པ་ཞིག་མིན་པས། དེའི་ནང་དུ་དགེ་ཆོས་ཀྱི་འདོད་ཚུལ་དང་ཟླ་བཟང་གི་བསམ་ཚུལ་ཇི་ཙམ་ཞིག་ཕར་བསྲེས་ཚུར་བསྲེས་བྱས་ཡོད་མེད་ང་ཚོས་ནམ་ཡང་ཤེས་ཐབས་བྲལ། བོད་ལ་ཕན་ཐོགས་པའི་ལས་ཀ་ཞིག་མ་གཏོགས་གནོད་སྐྱེལ་བའི་ལས་ཀ་ཞིག་བསྒྲུབས་མེད་པ་ནི་དགེ་ཆོས་ལ་དགའ་མཁན་དང་མི་དགའ་གཉིས་ཀས་ཁས་ལེན་གྱི་རེད་བསམ། དོར་ཞིའི་ཁུངས་གཏུགས་ས་དགོད་སྒྲུ་སི་ཁྲན་རེད། འབྲུག་པ་ཀུན་ལེགས་ཀྱིས་འདོད་ཆགས་གྲྭ་ལོག་ཆེ་ཞེས་བརྗོད་པ་བཞིན་ཆང་དང་དུ་བ་བུད་མེད་གསུམ་ལ་ཞེན་ཆགས་ཆེ་བ་འདི་ནི་དགེ་ཆོས་གཅིག་པོའི་སྐྱོན་ཆ་ཅང་མ་རེད། རྒྱལ་ཁམས་མང་པོ་ཞིག་འགྲིམས་ན་སྔོན་མའི་ལུང་ཁུག་ནང་གི་འདུལ་ཁྲིམས་སྲུང་རྩི་བྱེད་མི་ཐུབ་པ་ནི་ང་ཚོ་ཀུན་ལ་མྱོང་བས་གྲུབ། འབའ་བ་ཕུན་དབང་དང་འདྲ་བར་ཕར་ཕྱོགས་འཛམ་གླིང་འགྱུར་འགྱུར་དེ་གཅིག་མཐོང་། ཚུར་ཕྱོགས་རང་ཡུལ་ན་སྐུ་དྲག་འགས་མི་སེར་ཚོའི་ཤ་ཁྲག་བཟའ་བཞིན་པ་དེ་མཐོང་། དེ་ལ་སྒྱུར་བཅོས་ཤིག་དགོས་པར་མཐོང་། དེའི་རྙོག་དྲའི་ཀློང་ནས་བཙོན་དུ་ཚུད། ངོ་ཤེས་བླ་མ་དང་སྐུ་དྲག་ཚོ་རང་རང་གི་ཉལ་ས་བདེ་བོ་དེ་འཆོར་བར་སྐྲག་ནས་རོགས་པ་ཞིག་བྱེད་འདོད་ཀྱང་བྱེད་མ་ནུས། བཙོན་ཁང་ནས་སེམས་མ་སྐྱིད་པར་སྒོར་རྡོག་འགའ་རེ་རག་པས་ཨ་རག་དང་ཐ་མག་ཉོས། བཙོན་ཁང་གི་གྲུ་ཟུར་ཞིག་ནས་བཙོན་མོ་མདོག་ཉེས་ཤིག་ལ་འདོད་པ་སྤྱད། མཐའ་མར་བཙོན་གྲོལ་ཆེན་མོའི་སྐབས་སུ་རང་དབང་ཕྲན་བུ་ཞིག་ཐོབ་ན་ཡང་། སྔར་བཞིན་སེམས་པ་ཕངས་སེམས་ཀྱིས་གདུངས་ཏེ་རྒྱལ་རབས་མཇུག་སྐྱོང་གི་རེ་བ་མེད་པར་གྱུར་ནས་སྐུ་དྲག་གི་སྲས་འཆལ་བོ་རྐུབ་ཀྱོག་འགའ་ལ་དཔེ་ཁྲིད་འདྲ་བྱས་ཏེ་ཉི་མ་བཏང་། དེ་ནས་ཁ་ཆེམས་འདི་བཞག་དེ་བཞག་གི་གསལ་ཁ་ཡང་མེད་པར་ལུས་སེམས་ནད་མནར་གྱིས་འཇིག་རྟེན་ཕྱི་མའི་ལྟད་མོར་གཤེགས་པ་རེད།
ཕྱག་དམར་བ་ལགས། ངས་ཁྱོ་ལ་སྔོན་མ་བཤད་ཡོད། དོན་ལ་མི་རྩོད་པར་ཚིག་ལ་རྩོད་གི་འདུག་ཅེས། ངས་འདིའི་་སྐོར་ལ་དོར་སྣང་བྱེད་ཀིན་མེད། མ་གཞི་ང་ལ་ཡི་གེ་དག་ཆ་ཡག་པོ་མེད། དེ་ལ་དེ་ཙམ་དོ་སྣང་ཡང་བྱེད་གི་མེད། དེ་ན་རྒྱལ་ཁ་ཞིག་ཡོད་ན་ཁྱོ་ལ་བྱིན་ནི་ཡིན། ཡོངས་གྲགས་ལ་མངའ་རུས་་ལ་མངའ་རིས་ཞེས་བྲིས་ཡོད་པ་བདེན་པ་རེད། ཡིན་ནའང་མངའ་རུས་བྲིས་ཡོད་པ་འང་རིག་མྱོང་། དེ་ལ་ཡང་གོ་རྒྱུ་མེད་པ་ཞིག་མ་རེད། རྒྱལ་བོའི་སྒེར་ལ་མངའ་བའི་རུས་རྒྱུད་ལ་མངའ་རུས་བཏགས་པ་ཡིན་སྲིད།
ཕྱག་དམར་ཁྱོས་། གུང་བྲན་ཏང་གིས་བཤད་བཤད་མ་བྱེད། མ་གཞི་ཁྱོ་གུང་བྲན་ཏང་ཡིན་པ། རྒྱ་གུང་བྲན་གྱིས་ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་མིའི་འགྲོ་བ་མིའི་ཐོང་ཐང་མི་འདྲ་ཟེར་གི་ཡོད་པ་རེད། དེ་ནི་གུང་ཇག་གི་གཡོ་ཁྲམ་ཡིན་པ་ཚང་མ་ཤེས་གསལ་རེད། འགྲོ་བ་མིའི་ཐོབ་ཐང་དང་། བུད་མེད་ཀྱི་ཐོབ་ཐང་། བྱིས་པར་བཙན་གཡབ་བྱེད་མི་ཆོག་པ་སོགས་ཀྱི་ཁྲིམས་གཞི་བརྩི་སྲུང་བྱེད་དགོས་བ་འཛམ་གླིང་གི་མི་ཚང་མར་ཁྱབ་ཡོད་པ་རེད། འདི་ནི་མིའི་རིགས་ལ་ཁྱབ་པ་ཞིག་རེད། འོ་ན། ཁྱོད་ལྟར་ན་་་་་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཀའི་བྱིས་འཛགས་ཚོར་སྡིགས་དགོས་དོན་མེད་ཁ། ཁྱོས་དངོས་གནས་མ་ཤེས་ནི་ཡིན་ན་ཁྱོས་ད་དུང་་རྨང་གཞིའི་ཤེས་བྱ་མང་པོ་ཞིག་སློབ་དགོས་ས་རེད།
མགོན་པོ་ཕྱག་གཉིས་བ་ལགས།་
སྤྱིར་བཏང་ངས་ཁྱེད་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མི་འདུག།་ཅི་ཡིན་ཟེར་ན་་ཁྱེད་ཀྱིས་ངས་དྲིས་བའི་དོན་གནད་དག་ལན་གཅིག་ཀྱང་བཏབ་ཡོད་པ་མ་རེད་།་གཅིག་བྱས་ན་ངས་བྲིས་བའི་ཚན་རིག་གི་གཞུང་དེ་ཚོ་དང་ནུབ་ཕྱོགས་ཀྱི་ལོ་རྒྱུས་སོགས་སྤྱོང་བ་མེད་པ་འདྲ་།་དེ་ཁྱེད་རང་གིས་སེམས་ལ་གསལ་ལེ་ཡིན་གིན་རེད་།་་་་ཁྱོད་དང་མྱིག་རྫོད་གཉིས་ཀྱིས་ངའི་རྩ་བའི་རྩ་དོན་དེ་བདེན་པ་ར་སྤྲོད་གསལ་བོ་བྱེད་གིན་འདུག་པས་།་ངས་ཁྱེད་ལ་རྩེད་མཚར་གྱི་ལན་འདེབས་ཀྱིན་ཡིན་།་རྒྱུ་མཚན་ཅི་ཡིན་ཟེར་ན་ཁྱེད་གཉིས་ཀྱི་རང་གི་སྐད་ཆ་ནང་ནས་དགེ་ཆོས་དངོས་དང་ཁྱེད་ཚོའི་སེམས་ལ་དྲན་པའི་དགེ་ཆོས་ཀྱི་བར་ཐག་གསལ་བོ་མཐོང་གི་འདུག་།་རང་ལ་ཕན་པ་ཡོད་ན་དགེ་ཆོས་བེད་སྤྱོད་ནས་ས་ལྡིང་གནམ་ལྡིང་བྱེད་ཀྱིན་རེད་་་།་་ཕན་ཐོགས་མེད་ན་ས་འདྲུ་རྡོ་་འདྲུ་བྱ་རྒྱུ་རེད་།་ཁྱེད་རང་གིས་ལྟོས་དང་།་ཁྱེད་རང་གིས་གསལ་བོ་བཤད་འདུག་།་་ཁྱེད་ཀྱིས་”དགེ་ཆོས་ཀྱི་འདོད་བསྟན་དེ་འདོད་བསྟན་ཙམ་མ་ཡིན་པར་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་སྐོར་གང་ས་གང་ན་བྲིས་ཡོད་པས་ཁོང་ནི་བོད་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་པོ་དེ་རེད་ཆེས་བཤད་ནའང་མ་ཆོག་པ་མི་འདུག་སྙམ”་་ཞེས་བཤད་འདུག་།་དགེ་ཆོས་ཀྱིས་འདོད་བསྟན་ནང་དུ་་ཨེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད་ཟེར་བའི་ཚིག་འདི་དག་ཐོས་འོང་དུས་།་་ཁྱེད་ཚོས་མཐའ་གཅིག་ཏུ་དགེ་ཆོས་བུད་མེད་ཀྱི་འདྲ་མཉམ་དང་།་ཐོབ་ཐང་རྩོད་མཁན་།་ཐ་ན”་བོད་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་པོ་དེ་རེད”་ཅེས་ཡ་མཚར་མདོག་དང་།་ཧ་ལས་མདོག་བྱ་གིན་རེད་།་དེ་ནས་ང་ལྟ་བུ་ཤིག་གིས་དཔེ་དེབ་གཅིག་གི་ནང་གི་་དགེ་ཆོས་ཀྱིས་ཚིག་འདྲ་།་”བཅུ་གཉིས་ལོ་ཡི་འོག་ཏུ་གནས་པ་ཡི། །བུད་མེད་རྣམས་ནི་གཞོན་ནུ་མ་རུ་བརྗོད། །སོ་རྩི་ལ་དུ་ལ་སོགས་སྦྱིན་བྱ་ཞིང་། །འོ་བྱ་དགའ་བའི་གཏམ་ཡང་བརྗོད་པར་བྱ། །བཅུ་གསུམ་ནས་བཟུང་ཉེར་ལྔ་ལོན་གྱི་བར། །བུད་མེད་དར་མ་ཉིད་དུ་བརྗོད་པ་སྟེ། །འོ་དང་སེན་མོ་ལ་སོགས་གདབ་བྱ་ཞིང་། །ལྷན་ཅིག་འགྲོག་སྟེ་དགའ་བ་མྱང་བར་བྱ།”་་དྲངས་ནས་དགེ་ཆོས་ནི་བྱིས་མཛག་གི་དཔེ་ཆ་འབྲི་མཁན་།་བུད་མེད་ཀྱི་ཐོབ་ཐང་རྡོག་རུལ་ཏུ་གཏོང་མཁན་ཤིག་རེད་དམ་ཞེས་དྲིས་ན་།་ཡང་ཆེས་ཡ་མཚར་མདོག་དང་།་གཞན་ལ་བླུན་པོ་སོགས་ཀྱི་མིང་ནས་བོས་ཏེ་།་སྐད་ཆ་འདི་འདྲ་བཤད་གིན་རེད་།་་”དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་དེ་གནའ་བོའི་རྒྱ་གར་གྱི་འདོད་པའི་བསྟན་བཅོས་ཁག་གཞིར་བཟུང་ནས་བྲིས་པ་རེད”་།་ག་རེ་ཡིན་ནམ་།་བུད་མེད་ཀྱི་ཐོབ་ཐང་བཤད་དུས་་འདོད་བསྟན་དེའི་དགེ་ཆོས་ཀྱི་ལྟ་བ་མཚོན་ཐུབ་པ་དང་།་་་བོད་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་པོ་རུ་མཇོག་དགོས་་བ་།་གཞན་བྱིས་མོ་ལ་གཡབ་ཚུལ་གླེང་དུས་བློ་བུར་ཏུ་།་འདོད་བསྟན་རྒྱ་གར་གྱི་བསྟན་བཅོས་ཤིག་ཏུ་འགྱུར་དགོས་བའི་རྒྱུ་མཚན་ག་རེ་རེད་།་དོན་ངོ་མ་་འདོད་བསྟན་ནང་བཞིན་བཤད་ན་།་དགེ་ཆོས་ནི་བུད་མེད་ཀྱི་ཐོབ་ཐང་ཡང་རྩོད་མཁན་།་བྱིས་མོ་ལ་བཙན་གཡེམ་བྱས་ཚུལ་འབྲི་མཁན་།་དེ་བས་བོད་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཨང་དང་པོ་དང་།་བྱིས་མོ་བཙན་གཡེམ་བྱ་ཚུལ་འབྲི་མཁན་དང་པོ་རེད་ཅེས་བཤད་ན་སྐད་ཆ་དྲང་མོ་རེད་།་ད་ལྟ་ནས་དགེ་ཆོས་ཀྱི་སྐད་ཆ་དྲངས་ནས་བུད་མེད་ཀྱི་ཐོབ་ཐང་གི་སྐད་ཆ་བཤད་དུས་།་བྱིས་མོ་ལོག་གཡེམ་བྱ་ཚུལ་གྱི་སྐད་ཆ་དེ་ཡང་མ་བརྗེད་པར་གྱིས་།་
་མྱིག་རྫོད་།་དངོས་གནས་དྲང་གནས་ཀྱི་ཁྱོད་ལ་ང་ལ་སྐད་ཆ་བཤད་རྒྱུ་ཤིག་་མི་འདུག་།་་ཁྱེད་ཀྱིས་རང་གིས་བྲིས་བའི་ཚིག་ཁ་ཤས་ལ་ལྟོས་དང།་ “ད་དུང་ངོ་ཚ་མེད་པར་དགེ་ཆོས་དང་བུད་མེད་ཀྱི་སྐོར་ལ་ཅིག་ཟེར་རྒྱུ་ཡོད་མདོག་མདོག་ལ། སུས་ཁྱོད་ལ་དགེ་ཆོས་ཀྱིས་བཙུན་པ་ཡིན་མདོག་བྱེད་ཀྱི་རེད། སྡོམ་རྒྱུན་སྤེལ་གྱི་འདུག་ལབ་སོང་།”་་དང་་” རྡོ་སྦིས་དགེ་བཤེས་དང་དགེ་ཆོས་བར་གྱི་ཕག་ནད་དེ་ཁྱོད་ལ་ཕོག་པ་རེད་འདུག ད་དགེ་ཆོས་ནག་པོ་བཟོ་ཨེ་ཐུབ་བལྟས་མ་བལྟས་ཡོད་ནི་མ་རེད། དགེ་ཆོས་ཅི་འདྲ་ཞིག་ཡིན་རུང་ཁྱོད་ཚང་རྡོ་སྦིས་ལྷས་བྱིན། གོ་མིན་ཏང་དང་ཀུང་ཁྲན་ཏང་གི་རྒྱུགས་ཁྱི། མོའོ་ཙེ་ཏུང་སངས་རྒྱས་རེད་ཟེར་མཁན་རྒྱལ་བཙོང་ཁ་སེ། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་གཟུགས་ཀྱིས་འོངས་པ་དེས་དགེ་ཆོས་ཀྱི་གཅིན་པ་ཐིག་གཅིག་ཀྱང་དོ་ནི་མ་རེད། ད་སྙིང་གཟེར་རུང་བྱེད་ཐབས་དཀའ་ནི་རེད།”་
ཨ་ཙི་ཁྱད་མཚར་བོ་།་་ཤེར་རྒྱན་དང་དང་དགེ་ཆོས་གཉིས་ཀྱི་བར་ན་ཕག་ནད་ཡོད་པ་ཁྱོད་ཁ་ནས་མ་གཏོགས་གོ་མ་མྱོང་།་ག་རེ་ཡིན་ནམ་།་་་ང་རྡོ་སྤིས་ནས་རེད་།་ཤེར་རྒྱན་ཡང་རྡོ་སྤིས་ནས་རེད།་ཁོ་ཆུང་དུས་ང་ཚོ་སྡེ་བ་ནས་མཚར་ལོངས་བྱུང་བ་རེད་།་་་་ཞོ་འཕོང་དང་རྡོ་སྤིས་གཉིས་ཀྱི་བར་ཆུ་ཚོ་གཉིས་ཙམ་གྱི་ལམ་ལས་ཡོད་པ་མ་རེད་།་རི་རྒྱུད་ཕར་་ནང་ཚུར་ནངརེད་།་་ཡར་ནང་མར་ནང་ཟེར་གིན་རེད་།་རྡོ་སྤིས་དགེ་བཤེས་དགེ་ཆོས་ཀྱི་དགེ་རྒན་རེད་།དེས་་དབང་གིས་རྡོ་སྤིས་ཀྱི་མི་རྣམས་དགེ་ཆོས་ལ་ཞེ་དྲགས་ནས་དགའ་བོ་ཡོད་པ་མ་ཟད་།་་ཁོང་ཚོས་དེ་བཟི་བརྗིད་ཅིག་ལ་བརྩི་གིན་ཡོད་པ་རེད་།་བདག་ཚོགས་པ་ནང་གི་མེ་ལྕེ་ཟེར་བ་དེ་རྡོ་སྤིས་ནས་རེད་།་་ལྟོས་དང་ཁོས་དགེ་ཆོས་ལ་བསྟོད་པ་ག་རེ་རྒྱག་གིན་འདུག་།་་ང་ཚོ་རྡོ་སྤིས་ལུང་པ་དགེ་ཆོས་ལ་མི་དགའ་མཁན་ཧ་ལམ་མེད་ཅེས་ལབ་ན་འགྲིག་གིན་ཡོད་།་རྡོ་སྤིས་དགེ་བཤེས་ཀྱི་དགེ་ཕྲུག་ཆོས་དཔལ་།་གྲགས་པ་སོགས་ལ་ཕྲིས་དང་།་ཁོ་ཚོས་ལབ་ཡོང་གིན་རེད་།་་ལྷ་དང་འདྲེ་ཡི་སྐོར་ང་ལ་ལབ་མ་ཡོང་།་ངས་ལོ་བཅོ་ལྔ་ཙམ་ལ་ལྷ་འདྲ་གང་ལ་ཕྱག་འཚལ་མ་མྱོང་།་་ལྷ་འདྲེ་རྩོད་པ་རྒྱག་མཁན་དེ་ཁྱེད་ཚོ་རེད་།་ང་མ་རེད་།་
ད་ངས་ཁྱེད་ལ་ལན་འདེབས་དགོས་པ་མི་འདུག ངས་ལན་དེ་ཁྱེད་རང་གིས་ལུང་དྲངས་ནས་ཁྱེད་རང་ལ་ལན་འདེབས་བྱས་འདུག
རེད། རྡོ་སྦིས་དགེ་བཤེས་ཀྱིས་ཨ་ཁུ་སྒེའུ་སྟེང་ཚང་ལ་དགག་ལན་བསྐལ་བའི་མེ་དཔུང་རྩོམ་དུས་ཁོའི་སློབ་མར་གྲགས་པའི་དགེ་འདུན་ཆོས་འཕེལ་རྩོམ་སྐུལ་ཞུ་མཁན་གཙོ་བོ་གཅིག་རེད། དེ་ནས་རྡོ་སྦིས་དགེ་བཤེས་ཀྱིས་དགེ་ཆོས་ཀྱི་དགག་ལན་མི་འཇིགས་སེང་གེའི་ང་རོ་རྩོམ་དུས་ཁོའི་སློབ་མ་ཁྲི་བྱང་སྤྲུལ་སྐུ་རྩོམ་སྐུལ་ཞུ་མཁན་གྲས་ཤིག་ཡིན་རབས་འདུག རྡོ་སྦིས་དགེ་བཤེས་ཚང་གི་དབུ་ཡང་སྐབས་ཤིག་ན་ཡོད་ཀྱི་རེད།
མཁས་པ་རྣམས་ལ།
མི་མང་པོ་ཞིག་གིས་དགེ་ཆོས་ལགས་ཀྱིས་རྗེ་རིན་པོ་ཆེའི་དབུ་མའི་ལྟ་བ་ལ་དགག་པ་གནས་ཐིལ་བ་རྒྱབ་འདུག་གསུངས་ཀྱི་འདུག ཡིན་ནའི་ངས་ཀླུ་སྒྲུབ་དགོངས་རྒྱན་ཐེངས་ཁ་ཤས་ཀློག་པ་ཡིན། རྗེས་ལ་རྗེ་ཙོང་ཁ་པའི་དབུ་མའི་འགྲེལ་བ་དགོངས་པ་རབ་གསལ་དང་། ད་དུང་ཁོང་གི་གནད་འགག་ཆེ་བའི་ལྟ་བའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་དེ་ཡང་མཇལ་བྱུང་། སྤྱིར་དབུ་མ་དགོངས་པ་རབ་གསལ་ནི་ཀླུ་སྒྲུབ་ཀྱི་གསུངས་ལ་འགྲེལ་བཤད་ལྟ་བུར་མངོན་ལ། ལེགས་བཤད་སྙིང་པོ་དེ་ནང་པའི་ཐེག་ཆེན་གྱི་ལྟ་བ་ཡོངས་ལ་དག་བཤེར་དང་། སྤྱི་སྡོམས། གདེང་འཇོག་ཆེན་པོ་ཞིག་ལ་མངོན། རྗེས་སུ་ཤེས་རྟོགས་བྱུང་བར་ལེགས་བཤད་སྙིང་པོ་དེ་རྗེའི་སྐུ་ཚེ་སྨད་ལ་བྲིས་པ་ཡིན་ཚོད།
དེ་ཚོ་བསྡུར་བའི་སྐབས་ལ། ང་ལ་ཀླུ་སྒྲུབ་དགོངས་རྒྱན་གྱིས་ཙོང་ཁ་བའི་གསུང་དེ་ཚོ་ལ་མཐར་ཕྱིན་བཀག་ཐུབ་པའི་གདེང་ཚོད་ཆེན་པོ་ཞིག་མཐོང་མ་སོང་། དཔེར་ན། ཀླུ་སྒྲུབ་དགོངས་རྒྱན་ཀློག་རྗེས། ལེགས་བཤད་སྙིང་པོ་ཡང་བསྐྱར་ཞིབ་ཀློག་བྱེད་སྐབས། ཕྱི་མ་དེས་སྔ་མ་དེའི་ལྟ་བ་བརྩོལ་མེད་བཀག་པའི་ནུས་པ་ཆེན་པོ་འདུག
དེར་བརྟེན་མཁས་པ་རྣམས་ཀྱིས་དོན་ཚན་ཆེན་མོ་གསུམ་ལ་བསྡུས་ནས་ཀླུ་སྒྲུབ་དགོངས་རྒྱན་གྱིས་རྗེའི་ལྟ་བ་དེ་ཇི་ལྟར་བཀག་ཡོད་ལུགས་གསུང་རྒྱུ་ཨེ་ཡོད།
ཡིག་ཚོགས་ཉུང་ཉུང་ཞིག་དང་དོན་རྡོག་སྒྲིལ་གྱི་ཐོག་ལ་འདི་གསུངས་ཐུབ་མཁན་ཡོད་ན་ཐུགས་རྗེས་གཟིགས་རོགས་པ་ཞིག་གནང་རོགས།
ཐོས་རྒྱ་ཆེ་རུ་གཏོང་བའི་དགོས་པ་ཡིན།
དགེ་ཆོས་ཀྱིས་བྲིས་བ་རེད་ཟེར་བའི་དབྱིན་རྩོམ་འགའ་འདི་ན་ཡོད། དེ་ྐློགས།
http://www.tibetwrites.org/?_Gendun-Choephel_
ཡ་མཚར་།་ད་མགོན་པོ་ཕྱག་གཉིས་བ་དང་།་་མྱིག་རྫོད་གཉིས་ལ་གང་ལ་སོང་བ་ཤེས་མ་སོང་།་ཁྱེད་གཉིས་གང་དུ་ཡོད་།་གཅིག་བྱས་ན་དགེ་ཆོས་ཀྱི་བཟོས་བའི་ཤོག་གྲུའི་ནང་སྟེང་དུ་བསྡད་དེ་།་ཀ་ཆུ་མཁར་ལ་སོང་བ་མིན་ནམ།་་ང་གློའུ་རྒན་ཤིག་གིས་ཇི་ཤེས།་ཁ་རོགས་བསྡད་ན་བཟང་།་་
ང་ཚོའོ་བོད་པ་རྣམས་ནི་་ཧ་ལས་བའི་དགོས་བའི་གཡམ་ལ་རྒྱུགས་དགའ་བ་དག་རེད་།་་དགེ་ཆོས་ལ་དཔེར་བཞག་ནའང་དེ་འདྲ་རེད་།་ཁོས་བླ་བྲང་དང་ལྷ་སར་ཡོད་དུས་རྩིས་སོགས་ལ་སྤྱངས་བ་གང་ཡང་མ་བྱས་།་དེ་ནས་རྒྱ་གར་ཏུ་སོང་།་་ས་གོ་ལ་རིལ་རིལ་ཤིག་མཐོང་།་ཧ་ལས་མདོག་གིས་།་ས་གོ་ལ་ནི་རིལ་རིལ་ཞིག་གོ་་ཞེས་འུད་སྒྲོག་བྱས་།་བོད་དུ་སྔོན་དུས་ནས་ལྟ་བ་དེ་འདྲ་ཡོད་པ་དེ་ཧ་མ་གོའམ་ཕར་བཞག།་རང་གིས་གསར་བ་ཞིག་རྟོགས་ཚུལ་གྱིས་བོད་པ་རྣམས་ལ་གྲོས་འདེབས་ཁུལ་བྱས་།་་ཐ་ན་དཔར་ཏུ་བཏབ་ནས་ཕྱོགས་མང་པོར་འགྲེམས་སྤེལ་བྱས་།་་རྗེས་སུ་བོད་ཀྱི་གཅམ་བུ་དག་གིས་་རྩོམ་འདི་འདྲ་བ་མཐོང་ནས་ཁོ་ཚན་རིག་པ་ཡིན་པའི་སྒྲུབ་བྱེད་དེ་བཀོད་ནས་།་་དགེ་ཆོས་ལ་་ཚན་རིག་བ་དང་རིག་གསར་པ་༷ཞེས་་མིང་རྫིག་པོ་ཤིག་བཏགས་།་དེ་ནས་་གྲུབ་ཆེན་ཁ་ཤས་་དེས་་ཀྱང་མ་ཚིམ་པར་།་དགེ་ཆོས་བླ་བྲང་དུ་ཡོད་དུས་ཤོག་བུའི་གྲུ་ཤིག་ལས་ནས་བསང་ཆུ་ཕ་རོལ་དུ་བཏང་༼དངོས་ལུགས་ཅུང་ཙམ་ཤིག་ཤེས་ན་སྐད་ཆ་འདི་འདྲ་བཤད་གིན་མ་རེད་༽་ཞེས་འུད་སྒྲོག་བྱས་།་ཁ་ཅིག་གིས་དེ་ལས་ཀྱང་ཡ་མཚར་མདོག་གིས་་དགེ་ཆོས་ཀྱི་ལྕགས་སྒམ་ནག་པོ་ཤིག་མདུན་དུ་གཡུགས་ནས་དེའི་ནང་ན་ཧ་ལས་བའི་ཚན་རིག་གཞུང་ཆེན་པོ་མང་པོ་ཤིག་བྲག་རི་ལྟར་བརྩིགས་པ་གཅིག་འབྲི་བཞིན་འདུག་།་་ད་ལྟ་དགེ་ཆོས་ཀྱིས་གནམ་གྲུ་བཟོ་བའི་ལོ་རྒྱུས་ཤིག་ཀྱང་བཤད་རྒྱུ་འདུག་།་
ད་དུང་དེས་ག་ལ་ཚད་།་དགེ་ཆོས་ཀྱི་གསུང་རྩོམ་དཔར་སྐྲུན་བྱས་པའི་དཔེ་ཆའི་མཚན་ཐོ་ནང་དུ་འཛམ་གླིང་རྒྱས་བཤད་དང་།་སྤྱོད་འཇུག་ཆེན་མོ་དབྱིན་བསྒྱུར་མ་།་་སྲིད་དོན་རྒྱལ་རབས་དང་།་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་།་་་ཁ་ཅིག་གིས་དགེ་ཆོས་ཀྱི་བརྩམས་པའི་དབྱིན་ཡིག་གི་སྙན་རྩོམ་ཞེས་མང་པོ་ལོ་རེར་་མང་པོ་ཡོང་གི་ཡོད་པ་དེ་བཞིན་རེད་།་་དེ་བཞིན་དགེ་ཆོས་རྗེས་དྲན་ཚོགས་འདུ་།་དགེ་ཆོས་བྱ་དགའ་།་་དགེ་ཆོས་སློབ་གྲ།་དགེ་ཆོས་དཔེ་མཛོད་ཁང་།་་ཡ་མཚར་བ་ཤིག་ལ་དགེ་ཆོས་བུད་མེད་ཚོགས་པ་ཤིག་ཀྱང་ཡོད་སྐད་འདུག་།་ཁོ་ཚོ་ག་རེ་བྱེད་ཀྱིན་ཡོད་ན་སྙམ་།་་དངོས་གནས་ཧ་ལས་ནས་མིག་ཆུ་ཤོར་གིན་མི་འདུག་གམ་།་
ང་ཚོས་རང་གི་རང་ལ་འདི་ལྟར་བའི་རྫུན་ཆེན་པོ་དག་བཤད་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ།་
གོང་གི་བཤད་པའི་སྐད་ཆ་དེ་དག་གི་ག་ལ་ཚད་།་་་བོད་ཀྱི་གཅམ་བུ་ཁ་ཤས་ཀྱིས་འདི་ལྟར་འབྲི་བཞིན་ཡོད་པ་རེད་།་འོ་དགེ་ཆོས་འཛིན་བཟུང་བྱ་དོན་གཅིག་ནི་།ཁོང་ཚུར་བོད་དུ་ལོག་དུས་མཚོ་སྣ་བརྒྱུད་ནས་ཕེབས་ཡོད་པ་དང་།དེ་ནས་ཡོང་དོན་བོད་ཀྱི་ས་ཁྲ་ཤིག་འབྲི་རྒྱུའི་ཆེད་རེད་།་ཨ་ཙི་།་གཏམ་་ག་འདྲ་ལབ་གིན་འདུག་ཡང་།་སྐད་ཆ་འདི་འདྲ་བའི་ལ་དོགས་འདྲི་ཙམ་ཤིག་བྱ་གིན་མི་འདུག་པ་ག་རེ་ཡིན་ནམ་།་ས་ཁྲ་ཟེར་བ་དེ་དགེ་ཆོས་ལྟ་བུ་ལྷ་བཟོ་དང་།་རི་མོ་བ་ཤིག་གིས་དོན་མེད་དུ་བྲིས་ན་ག་ལ་ཆོག་།་ས་ཁྲ་འབྲི་བ་དང་ལྷ་འབྲི་བ་གཉིས་ལ་ཁྱད་པར་མང་པོ་ཡོད་།་་འདི་ལྟ་བུ་ཤིག་རེད་།་་
རྡོ་སྤིས་ཞོ་འཕོང་བར་ནི་ཐག་རིང་སྟེ།་
བོད་དང་རྒྱ་གར་ལམ་ཡང་ཤིན་ཏུ་རིང་།་
ཡོ་རོབ་གླིང་དང་བོད་གཉིས་ཆེ་ཆེས་རིང་།་
ས་ཁྲ་དངོས་དང་ཐང་ཀ་དེ་བས་རིང་།་
་ས་ཁྲ་ཟེར་བ་འདི་གནས་བའི་ཡུལ་སྟེ་།་དཔེར་ན་།་ས་ཆ་དང་།་དགོན་པ་།་རི་ལུང་ཆུ་གསུམ་རྣམས་ཇི་བཞིན་དུ་།་སའི་གོ་ལའི་དཀྱིས་ཞག་དང་།་ཚངས་ཐིག་གནས་སུ་རྩིས་ཀྱི་ལམ་ནས་གསལ་བོ་བཀོད་ནས་རི་མོ་འབབ་དགོས་བ་ཤིག་རེད་།་་་སའི་གོ་ལའི་དཀྱིས་ཞག་དང་།་ཚངས་ཐིག་བཞལ་བ་ལ་རྩིས་ཀྱི་རྣམ་བཞག་མང་པོ་ཞིག་ཤེས་དགོས་ནི་རེད་།་དགེ་ཆོས་ཀྱིས་སྐུད་པ་བརྒྱད་ཀྱི་རྣམ་བཞག་རྩ་བ་ནས་སྤྱངས་མེད་ཁར་།་དེ་དག་གི་མིང་ཡང་གོ་ཡོད་ཀྱིན་མ་རེད་བསམ་གིན་ཡོད།་དེ་ན་ཁོས་ག་འདྲ་བྱས་ནས་ས་ཁྲ་བཟོས་བ་ཡིན་།་་དགེ་ཆོས་ཀྱི་ས་ཁྲ་བཟོ་བའི་ལོ་རྒྱུས་འདི་འདྲ་མི་གཞན་ལ་མ་བཤད་།་ཁོ་ཚོས་ང་ཚོ་ལ་གད་མོ་ཤོར་གིན་རེད་།་་
ཨ་རོགས་ཤོག་གྲུ་བཟོ་མཁན་ཚོ།་ད་ང་ལ་ལན་རྒྱག་མཁན་ཞིག་མེད་ནི་རེད་།་་ཡ་ཡ་ད་མཚམས་འཇོག་རམ་འདུག་།་་དགེ་ཆོས་ལྟར་ཇ་ཁྱེདམཁན་ཡོང་མཁན་དང་།་ཨ་རག་གཟན་གྱི་འོག་གི་འོག་ནས་ཁྱེར་ཡོང་མཁན་ཞིག་མེད་།་་ང་སྡོད་ས་འདི་ན་ལོ་༨༠༠་རིང་གི་དཔེ་མཛོད་ཁང་ཆེན་པོ་ཤིག་འདུག་་།་དེ་བས་དེ་ལ་སོང་ནས་དཔེ་ཆ་འདྲ་བལྟས་ནས་བསྡད་ན་ཡག་པོ་རེད་།་་གལ་སྲིད་དགེ་ཆོས་ཀྱི་ཤོག་གྲུ་ཤིག་གི་ནང་དུ་ལྕགས་སྒམ་ནག་པོ་མི་སྟོང་གི་མི་ཐེགས་པ་ཤིག་དབྱིན་ཇིའི་སླེབས་ཡོང་ན།་ངའི་ཡུལ་ཞེན་གྱིས་དབང་གི་ཁ་བཏགས་རེ་བཟུང་བ་།་ཁྱེད་ཚོའི་མདུན་ན་ཡོང་ཁོ་ཐག་ཡིན་།་དེ་མིན་གཞན་ཅི་ཡང་མེད་།་
སྐུ་ཞབས་བློ་བཟང་ལགས། ཁྱོད་ཀྱང་སྐབས་རེར་ཐལ་དྲགས་ཀྱི་མེད་འགྲོ་བསམ་པ་ཞིག་འདུག ས་ཁྲ་ཞིག་བཟོ་བར་ཁྱོས་བཤད་པའི་ཐིག་བརྒྱད་ཀྱི་རྣམ་གཞག་དེ་འདྲ་མང་པོ་ཞིག་ཤེས་དགོས་ནི་མ་རེད། དགེ་ཆོས་ཀྱིས་འཛམ་གླིང་ས་ཁྲ་བཟོས་པ་མ་རེད་ལ་གླིང་ཆེན་ཕར་ཚུར་བར་གྱི་ས་ཁྲ་བཟོས་པ་མ་རེད། དེ་བཞིན་རྒྱལ་ཁབ་ཅིག་གི་ས་ཁྲ་བཟོས་པ་ཡང་མ་རེད། དགེ་ཆོས་ཀྱིས་ས་ཁྲ་ཇི་འདྲ་ཞིག་བྲིས་པ་རེད་ཅེ་ན། སྔོན་མའི་སིམ་ལའི་ཆིངས་ཡིག་སྐབས་བཞག་པའི་ས་ཐིག་དེའི་ཆ་ཤས་ཤིག་སྟེ་འབྲུག་དང་འབྲས་ལྗོངས་ས་ཁུལ་གྱི་ཕར་ཕྱོགས་ཚུར་ཕྱོགས་ཙམ་ཞིག་བྲིས་པ་རེད་ཅེས་ཟེར་གི་འདུག འདི་འདྲ་རེ་དགེ་ཆོས་ཀྱིས་འབྲི་ལོས་ཤེས་ཏེ་རྒྱ་གར་གནས་ཡིག་རྙིང་བ་དེའི་ནང་དུ་རྒྱ་གར་གྱི་གནས་ཆེན་ཁག་གང་དུ་ཡོད་མེད་ཀྱི་ས་ཁྲ་སྙིང་རྗེ་བོ་ཞིག་བྲིས་ཡོད་པ་རེད། བོད་པའི་ས་ཁྲའི་ལོ་རྒྱུས་ལ་མཚོན་ན་དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་གི་ས་ཁྲ་འདི་ཡང་ང་ཚོས་བརྗེད་མི་ཉན་ཡ། ལར་ནས་དགེ་ཆོས་འདི་ཡུལ་སྐོར་བ་ཞིག་ཡིན་པས་ས་ཁྲར་ཞིབ་འཇུག་དང་དོ་སྣང་བྱས་ཡོད་མེད་ཐེ་ཚོམ་མི་དགོས་ཤིང་། དེའི་ཁུངས་སྐྱེལ་གཅིག་ནི་ཁོང་གིས་བྲིས་པའི་སྙན་རྩོམ་ཞིག་ཏུ། ཐང་ཆེན་ཕ་མཐའ་མེད་པའི་དུད་སྤྲིན་གྱི་སྤྲིས་མ། །རྐང་གླིང་སྐད་བརྡ་སྒྱུར་བའི་རྒྱུས་མེད་ཀྱི་གྲོགས་པོ། །ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག །སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ། །ཞེས་པའི་ཁྲོད་དུ་ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག་ཅེས་པ་ནི་སྐབས་དེའི་རྒྱ་གར་གྱི་ཞིང་ཆེན་སོ་སོའི་ས་ཁྱོན་གྱི་ཁ་དོག་མི་འདྲ་བར་བཀོད་པའི་ས་ཁྲ་ཞིག་ཡིན་པ་ནི་ཉིད་ཀྱིས་ལོས་མཁྱེན། གང་ལྟར་མི་ཞིག་ལ་སྐྱོན་བརྗོད་བྱེད་དུས་མི་དེའི་སྐྱོན་དེ་རང་མ་གཏོགས་མི་དེའི་ཡོད་ཚད་སྐྱོན་དུ་བལྟ་བ་ནི་ཤེས་ལྡན་པ་ཞིག་དང་མིག་རྒྱ་སེམས་རྒྱ་ཡངས་པ་ཞིག་གི་བྱེད་སྟངས་མིན་པས། ཉིད་ཀྱིས་གསུངས་པ་འདི་དག་ཀྱང་ཉིད་ཀྱི་ཞེ་འདོད་ངོ་མ་དེ་ཡིན་ན་ནི་ཉིད་ལྟ་བུའི་སྐུ་ཡོན་ཆེ་བའི་དེང་རབས་ཤེས་ལྡན་པ་དག་གིས་ཀྱང་མིའི་རིགས་རིག་པའི་སློབ་ཚན་རེ་ཟུར་དུ་བླངས་ནས་སློབ་སྦྱོང་གནང་དགོས་པ་ཞིག་ཏུ་ཁོ་བོས་མཐོང་ངོ་།།ཨ་ཁུ་པད་མ་འབུམ་ལགས་ནས་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཞེས་པའི་རྩོམ་ཡིག་དེའི་ནང་དུ། མི་ཞིག་གི་སྐྱོན་གཅིག་གིས་མི་དེའི་ཡོད་ཚད་ནག་སྲུབ་གཏོང་རྩིས་བྱེད་པ་ནི་དམར་ཕྱོགས་པ་དང་ཆོས་བྱེད་མཁན་ཚོའི་བྱེད་སྟངས་ཤིག་རེད་ཅེས་བྲིས་ཡོད་པས། ཁོ་བོས་ཞིབ་ཏུ་དཔྱད་ན་དེ་ལ་ཡང་དེང་སང་ངོ་མ་བདེན་ཁ་རེ་སྟེར་དགོས་པ་མིན་འགྲོ་ཡང་བསམ་གི གལ་སྲིད་ཉིད་ལ་ཀིརྟི་ཚང་གིས་བསྒྲིགས་པའི་དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་དེ་ཡོད་ན་དེའི་ནང་དུ་དགེ་ཆོས་ཀྱིས་བྲིས་པའི་རྒྱ་གར་གནས་ཆེན་ཁག་གི་ས་ཁྲ་དེ་ཡོད་ཀི
ལར་ནས་དགེ་ཆོས་ཁོང་ནི་འདི་ལྟ་བུའི་རིགས་འབྲི་དུས་སྐུ་ཚེགས་ལ་རྩ་ནས་མི་འཛེམ་མཁན་ཞིག་ཡིན་པ་ནི་ཁོང་གིས་བྲིས་པའི་རྒྱ་གར་གནས་ཡིག་དེས་བདེན་དཔང་བྱེད་ཐུབ་ཀི་འདུག དཔེར་ན་གནས་ཡིག་དེ་ལས། དེ་ཡང་དང་པོར་འཆར་ཅན་གྱི་ལམ་བར་བཀའ་བློན་སྦུག་དང་། རྡོ་རྗེ་གླིང་ལྟ་བུ་ལ་དང་པོར་སླེབས་པའི་དབང་དུ་བྱས་ན། བཀའ་བློན་སྦུག་ནས་ཤི་རི་གུ་རི་བར་མི་རེ་ལ་མོ་ཊར་གླ་ཆ་སྒོར་ལྔ་ཙམ་རེ་སྤྲོད། ཤི་ལི་གུ་རི་ནས་ཀ་ལི་ཀ་ཏ་ལ་སྒོར་་་་ཨ་ན་་་དང་། ཀ་ཏ་ནས་ག་ཡ་ལ་སྒོར་་་ཡིན། དེ་མིན་ཤི་ལི་གུ་རི་ནས་རྡོ་རྗེ་གདན་ལ་འགྲོ་ན་དང་པོ་ཤི་ལི་གུ་རི་ནས་གྰ་ཡའི་ཊི་ཀ་ཉོ་དགོས་ཤིང་སྒོར་་་སྤྲོད། ཤི་ལི་གུ་རི་ནས་རེལ་ལི་ལ་ཞུགས་ཏེ་པར་ཝ་ཏི་པུར། དེ་ནས་རེལ་ལི་བརྗེས་ཏེ་ཀ་ཊ་ཧར། དེ་ནས་རེལ་ལི་བརྗེས་ཏེ་རེལ་ལི་གཞན་པ་ལ་ཞུགས་ནས་གངྒྰ་བར་དང་། ཞེས་ཧ་ཅང་ཞིབ་ཚགས་པོའི་སྒོ་ནས་རྒྱ་གར་གནས་ཡིག་འདི་བྲིས་ཡོད་པས། གནས་ཡིག་འབྲི་བ་དང་ས་ཁྲ་འབྲི་བ་གཉིས་ལས་རིགས་གཅིག་པའི་རྐྱེན་གྱིས་དགེ་ཆོས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཆ་ཚང་ཡང་མ་ཡིན་པར་འབྲུག་གི་གཡས་གཡོན་ལྟ་བུའི་ས་རྒྱུ་ཆུང་ཆུང་ཞིག་གི་ས་ཁྲ་འབྲི་མི་ཐུབ་ཅེས་པ་འདི་ངོ་མ་དགེ་ཆོས་ལ་བརྙས་བཅོས་ཐེངས་ཤིག་རེད། འདི་འདྲ་རེ་མཐོང་དུས་ངས་ཚད་མའི་རྣམ་གཞག་དུས་ཀྱི་མེ་ལོང་རྩོམ་པ་པོ་སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ཚང་གིས་ཁོང་གི་ཚད་མའི་དེབ་ནང་དུ་ལྟ་བའི་སྐོར་དགག་གཞག་གི་རྣམ་གྲངས་འགའ་བྲིས་རྗེས། ངས་དེབ་འདིའི་ནང་དུ་དགེ་ཆོས་ལ་དགག་པ་རེ་བརྒྱབ་ཡོད། རྒྱུ་མཚན་ནི་དེང་སང་ཁོང་སྐུ་མི་བཞུགས་པས་ཡིན། གལ་སྲིད་ཁོང་ད་ལྟ་ཡང་སྐུ་བཞུགས་ཡོད་ན་ང་ལྟ་བུ་བརྒྱ་ཡིས་ཀྱང་ཁོང་གི་རིགས་པ་གཅིག་གི་ཁ་གཏད་མི་ཆོག་ངེས་ཅན་ཡིན་ཞེས་གསུངས་སོང་ཞེས་རྒྱུས་ཡོད་དག་གིས་བརྗོད་མྱོང་བ་ཡང་དྲན་ཡོང་གི་ཡ།
འོ། སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ཞུ་བ་དེ་དངོས་གནས་ཐུགས་གཟུ་བོར་གནས་པ་ཞིག་ཡིན་ས་རེད། ཁོང་གི་གསུང་འདིས་ཁོང་རང་ཉིད་སྐྱེས་བུ་དམ་པ་ཡིན་པ་དང་། རིགས་པའི་གནད་གསང་མཁྱེན་པའི་ཤེས་རབ་ཅན་ཞིག་ཡིན་པ་གསལ་སྟོན་བྱས་པ་རེད། འདི་ལྟར་རིགས་པའི་གནད་གསང་དང་རིགས་པའི་རིན་ཐང་མཁྱེན་པ་ཞིག་ཡིན་ན་དགེ་ཆོས་བསྡུར་སར་སླེབས་ན་བལྟ་རྒྱུ་ཞིག་ཡོད་པ་རེད། དེ་མིན་རིགས་པའི་རིན་ཐང་མི་ཤེས་པ་ཞིག་གིས་ཆེན་པོ་དག་དང་། ཆེན་པོ་དག་གི་ལེགས་བཤད་ལ་གཤེ་ཁུལ་བྱེད་པ་ནི་ཞོགས་དུང་གིས་སངས་རྒྱས་ལ་དགག་པ་རྒྱག་ཁུལ་བྱས་པ་དང་། སྣང་རའི་ཨ་ཡེ་གཡུ་སྐྱིད་ཟེར་བས་བཀའ་འགྱུར་གྱི་སྟེང་དུ་གཅིན་བཏང་ནས་མཆོག་གསུམ་ཟེར་བ་ཞིག་མེད་ཚུལ་བཤད་པ་དང་། བློ་བཟང་གིས་དགེ་ཆོས་ལ་ཅིག་ཟེར་ཁུལ་བྱས་པ་ལྟ་བུ་རེད། འདིའི་རིགས་ཀྱིས་རང་ཉིད་རྩ་མི་ཚང་བ་ཞིག་ཡིན་པ་མིའི་མདུན་ལ་བཤམས་ཀྱི་ཡོད་པ་རེད། མར་མེའི་འོད་ལ་འཛིང་པ་ཡི།། བྱེ་མ་ལེབ་དེ་རྒྱལ་ལམ་ཅི།། ཟེར་བ་ཡང་འདི་ཚོར་གོ་དགོས་པ་ཡིན།
མྱིག་རྫོད་ཟེར་ཁྱོས་་་ཁ་སང་དགེ་ལུགས་དྲག་སྤྱོད་པ་ཡིན་ཚུལ་བཤད། དེ་རང་དགེ་ཆོས་ལ་དགའ་(སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ཞུ་བ་དེ་དངོས་གནས་ཐུགས་གཟུ་བོར་གནས་པ་ཞིག་ཡིན་ས་རེད། ཁོང་གི་གསུང་འདིས་ཁོང་རང་ཉིད་སྐྱེས་བུ་དམ་པ་ཡིན་)མཁན་རེ་ཡོད་ན་སྐྱེས་བུ་དམ་རེད། སྙིང་རྗེ་དགེ་ཆོས་ལ་དུང་ཞེན་གྱི་དབང་གིས་རང་གི་སྙིང་ནད་པའི་འགྲོ་རྒྱུ་རེད་ཡ།
བོད་པའམ་བློ་བཟང་།
དགེ་ཆོས་ལ་དུང་ཞེན་ཅན་ཚོ་སྙིང་ནད་ལ་འགྲོ་དགོས་དོན་མེད་ཀྱང་། སྐུ་སྒྲུབ་དགོངས་རྒྱན་ལ་བརྟེན་ནས་དགེ་ཆོས་ལ་དགྲ་ལྟར་བལྟ་མཁན་ཚོ་ངོ་མ་སྙིང་ནད་པ་ཆགས་ཀྱི་རེད། གང་ཡིན་ཟེར་ན་དགེ་ཆོས་ཀྱི་མཚན་སྙན་ནམ་མཁར་མི་ཤོང་བའི་རྐྱེན་གྱིས་རེད།
མྱིག་རྫོད་ད་མྱིག་རྫོད་རང་རེད། འདི་སྙན་ངག་མ་རེད། བདེན་པ་དང་གནས་ལུགས་འབྲི་ས་རེད། དེའི་ཕྱིར་་་་དགེ་ཆོས་ཀྱི་མཚན་སྙན་ནམ་མཁར་མི་ཤོང་བའི་རྐྱེན་གྱིས་རེད། ཟེར་བ་འདི་ནི་འུར་བསྟོད་རང་རེད། འཇིགས་རྟེན་ན་བྱ་དངོས་གང་ཞིག་ནམ་མཁར་མི་ཤོང་བ་ཞིག་ཡོད་པ་མ་རེད། ཁྱོད་ཚོས་འདི་ལྟར་འུར་བརྗོད་དང་རྫུན་ཆེན་པོ་བཤད་ནས་དགེ་ཆོས་ཀྱི་ལོ་རྒྱུས་བདེན་པ་རྫུན་པར་བཟོས་པ་རེད། ཁྱེད་ཚོས་དགེ་ཆོས་ལ་བསྟོད་ཁུལ་བྱས་ནས་སྨད་པ་བྱས་པ་རེད། བློ་བཟང་ང་མིན་ལོ་ལོ་འོ
སྐུ་སྨྱོན་ལགས།་ངེད་གསལ་བོ་ཤིག་བཤད་ཡོད་མོད་།་གཅིག་བྱས་ན་ཁྱོད་ཀྱི་ནང་དོན་མ་གོ་བ་འདྲ་།་
གོང་དུ་བཤད་པ་དེ་བཞིན་རེད་།་ས་ཁྲ་ཟེར་བ་འདི་དོན་མེད་ཀྱི་ལྷ་བཟོ་བ་ཤིག་གིས་བྲིས་ཆོག་ཆོག་ཅིག་མ་རེད་།་་དེ་ལ་སའི་གོ་ལའི་དཀྱིས་ཞག་དང་།་ཚངས་ཐིག་ཧ་གོ་དགོས་ནི་རེད་།་་དཔེར་ན་་ང་སྐྱེས་སྡེ་བ་དེའི་ཤར་ལམ་དང་ལྷོ་ལམ་གཉིས་ཀྱི་ས་ཐིགས་འདི་འདྲ་བ་ཤིག་ཏུ་བབས་ཡོད་པ་རེད་།་35.634070 102.646122 དེ་བཞིན་རྡོ་སྤིས་ཀྱི་ངའི་ཨ་མ་སྐྱེས་སའི་སྡེ་བ་དེ་གཉིས་ཀྱི་བར་ན་35.645440;102.623119་རྐང་ཐང་གི་སྐར་ཉི་ཤུ་མ་གཏོགས་ཙམ་གྱི་ལམ་ཡོད་པ་མ་རེད་།་ཡིན་ནའང་གོང་གི་དཀྱིས་ཞག་དང་།་ཚངས་ཐིག་གི་ཨང་གི་ལ་ལྟོས་དང་།་ཁྱད་པར་ག་རེ་འདུག་།་་དེ་ཤིན་ཏུ་གལ་ཆེན་པོ་རེད་།་ལྷག་པར་ཏུ་ས་ཆ་ཆུང་ཆུང་ཡིན་ན་ས་ཚུགས་བཞལ་དཀའ་བོ་ཆགས་བསྡད་ཡོད་པ་རེད་།་གླིང་ཆེན་དང་གླིང་ཆེན་བར་དང་།་་རྒྱལ་ཁབ་བར་ཡིན་ལས་སླ་བོ་ཡོད་པ་རེད་།་་དགེ་ཆོས་དངོས་གནས་དྲང་གནས་སུ་མཚོ་སྣ་སོགས་སུ་ས་ཁྲ་བ་འབྲི་བར་ཕེབས་ཡོད་ན་་།་ཁོས་སྐུད་པ་བརྒྱད་ཀྱི་རྣམ་བཞག་དང་།་ས་ཚུགས་དང་།་དཀྱིལ་ཞག་།་ཚངས་ཐིག་།་གོ་ལའི་ཏུའུ་།་སེར་ལམ་དམར་ལམ་སོགས་ཤེས་དགོས་ནི་རེད་།་དགེ་ཆོས་ས་དེར་འགྲོ་དུས་སྤྱིའི་ས་ཚིགས་ཐམས་ཅད་གསལ་བོ་བཟོས་ཚར་ཡོད་པས་སྤྱིའི་ས་ཚུགས་ནི་བཟོ་དགོས་ཀྱི་མི་འདུག་།་དཔེར་ན་བཤད་སྒྲ་དང་།་མེན་ཧུང་གི་ས་ཁྲ་ལས་ཤེས་ཐུབ་པ་རེད་།་ས་མཚམས་ཀྱི་སྡེ་བ་ཆུང་ཆུང་རེ་ས་ཁྲ་བཟོ་དགོས་ན་།་གོང་བཤད་བཞིན་སྐུད་པ་བརྒྱད་ཀྱི་རྣམ་བཞག་སོགས་ཤེས་དགོས་ནི་རེད་།་དེ་མིན་ས་ཁྲ་བཟོ་ཐབས་ཡོད་པ་མ་རེད་།་་དེའི་ཕྱིར་ས་ཁྲ་བཟོ་ཤེས་མིན་ཚན་རིག་དང་འབྲེལ་བ་གལ་ཆེན་པོ་ཤིག་ཆགས་བསྡད་ཡོད་པ་རེད་།་ཡིན་ནའང་།་དཔེར་ན་ངས་ང་ཚོའི་རྡོ་སྤིས་ཡུལ་གྱི་ས་ཁྲ་ཤིག་ལག་ཏུ་བཟུང་།་དེ་ནས་ལམ་བར་གྱི་སྡེ་བ་དང་།་དམག་སྡེ་།་བཙན་རྫོང་སོགས་ཀྱི་གནས་ཚུས་གསལ་བོ་བཀོད་།་དེ་དག་པར་སོགས་་བརྒྱབ་ནས་།་ཇི་བཞིན་ཏུ་ས་ཚིགས་སྟེང་དུ་བཀོད་པ་ཡིན་ན་།་གནས་ཚུལ་དེ་དག་གི་བཀོལ་ཡུལ་གྱི་དབང་གིས་མིང་ཤིག་འདོགས་ཀྱིན་རེད་།་གནས་ཚུལ་དེ་ཚུལ་ཆབ་སྲིད་དང་དམག་དོན་ལ་འབྲེལ་བ་ཡོད་ན་།་ང་མིང་ལ་སོ་བ་ཞེས་འདོགས་གིན་རེད་།་་སྤྱིར་བཏང་གི་རིག་ག༷ཞུང་གི་ལམ་འགྲུལ་སོགས་ཀྱི་ཐད་ལ་དམིགས་པ་ཤིག་ཡིན་ན་།་ས་རྒྱུས་བ་ཞེས་འདོགས་གིན་རེད་།་
དགེ་ཆོས་ཀྱི་ག་རེ་དོན་དུ་སོང་བ་ཡིན་།་རིག་གཞུང་གི་དོན་དུ་སོང་བ་ཡིན་ནམ་།་ཆབ་སྲིད་ཀྱི་དོན་དུ་སོངབ་ཡིན་ནམ།་ཆབ་སྲིད་ཀྱི་་དོན་དུ་སོང་བ་ཡིན་ན་།་ཁོ་མྱུལ་མ་ཤིག་ཡིན་པ་མ་སྒྲུབ་རང་སྒྲུབ་རེད་།་ལྷག་པར་ཏུ་ཁྱེད་རང་གིས་གསུངས་བ་ནང་བཞིན་་”སྔོན་མའི་སིམ་ལའི་ཆིངས་ཡིག་སྐབས་བཞག་པའི་ས་ཐིག་དེའི་ཆ་ཤས་ཤིག་སྟེ་འབྲུག་དང་འབྲས་ལྗོངས་ས་ཁུལ་གྱི་ཕར་ཕྱོགས་ཚུར་ཕྱོགས་ཙམ་ཞིག་བྲིས་པ་རེད་ཅེས་ཟེར་གི་འདུག”་
་ཕྱོགས་གཅིག་ནས་དགེ་ཆོས་ཉེས་མེད་ཀྱི་ལོ་རྒྱུས་གང་མང་མང་ཅིག་བཤད་།་ཕྱོགས་གཅིག་ནས་དགེ་ཆོས་ཀྱི་ཆབ་སྲིད་ཀྱི་ས་ཁྲ་ཡན་བྲིས་ཡོད་པ་ཤིག་སྒྲུབ་གིན་འདུག་།་དོན་གྱིས་དགེ་ཆོས་ཉེས་ཅན་ཡིན་ནི་མིན་།་་་ཧ་ཧ།་ཤོག་གྲུ་བཟོ་མཁན་ཚོ་ལ་དངོས་གནས་ཧ་ལས་གིན་མི་འདུག་གམ།་་དེ་རྩེད་མོ་ཡིན་།་
་ཀི་རྟིའི་དཔེ་དེབ་ནང་གི་ས་ཁྲ་དེ་དགེ་ཆོས་ཀྱིས་ས་་བཟོས་བ་མ་རེད་།་་དགེ་ཆོས་ཀྱི་སྔོན་ཡོད་ཀྱི་ས་ཁྲ་དེ་ཐོག་ལ་ལྷམ་ཤིག་བརྒྱབ་ནསབཀོད་པ་དེ་རེད་།་ལྷམ་བཙེམས་པ་ནང་བཞིན་རེད་།་ལྷམ་བཟོ་སྐྲུན་མཁན་དང་།་ལྷམ་བཟོ་མཁན་མ་རེད་།་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ན་རིག་གཞུང་དེ་ཚོའི་ཁྱད་པར་གསལ་བོ་ཕྱེ་ཡོད་པ་རེད་།་
ཁྱེད་རང་གིས་ཨ་ཁུ་པད་མ་འབུམ་ལགས་ནས་བྲིས་བའི་དཔེ་ཆ་ཤིག་གི་མིང་གསུང་སོང་།་དཔེ་ཆ་དེར་བལྟས་མ་མྱོང་།་ཡིན་ནའང་ཁོ་རང་གི་དཔེ་ཆའི་མིང་དེར་ང་དགའ་བོ་མི་འདུག་།་་གསར་བ་དང་རྙིང་བའི་སྐོར་ཅིག་ལབ་གིན་ཡོད་ས་རེད་།་་རེད་ལགས་།་དགེ་ཆོས་ནས་བཟུང་སྟེ་།་བོད་ལ་གསར་སྙིང་རྩོད་པའི་དུས་ཤིག་སླེབས་སོང་བ་རེད་།་མོའི་ཡིས་དེའི་རྗེས་སྐྱོང་བ་རེད་།་དོན་རྒྱལ་གྱིས་དེ་གླུ་རུ་བླངས་བ་རེད་།་་ཁོང་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་།་མི་རིག་གནས་།་མི་རབས་དང་བཅས་བ་།་ཚིག་གསུམ་གྱི་ནང་བསྡུས་ནས་སྐད་ཆ་བཤད་བཞིན་ཡོད་པ་རེད་།ད་མང་པོ་མི་བཤད་།་ངའི་ལྕེ་བཅད་ཡོང་།
ངས་བཤད་པ་ཡང་དེ་ཡིན་།་དེང་དུས་དགེ་ཆོས་ཡོད་རྒྱུ་ན་།་་དངོས་གནས་དྲང་གནས་ཀྱི་ཁོ་རང་གིས་ཁོ་རང་་མི་ག་འདྲ་ཞིག་ཡིན་པ་དེ་ང་ཚོའི་མིག་ལམ་དུ་འཕེན་པ་ང་ལ་ཡིད་ཆེས་ཡོད་།་ཁོའི་བཤད་ཚུལ་ལ་ཁོ་བདེན་པ་དགའ་མཁན་ཤིག་ཅེས་ལབ་བཞིན་མང་པ་ཐོས་སོང་།་དེང་སང་ཁོང་སྐུ་མི་བཞུགས་པ་རེད་།་དེ་བས་མངོན་སུམ་རྟགས་ཀྱི་བདེན་པ་ངོ་སྤྲོད་ཡང་།་ངམ་ནག་བཞིན་གྱི་གཉེར་པ་མི་སངས་ཤིག་ཡོང་གིན་ཡོད་པ་དང་།་ད་ཤོག་གྲུ་དང་།་གནམ་གྲུ།་ས་ཁྲ་སོགས་ཀྱི་ལོ་རྒྱུས་ཡང་ཡོང་གི་ཡོད་པ་རེད་།་
མྱིག་རྫོད་་ངས་ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་ལ་སྐད་ཆ་གཅིག་ཀྱང་ལབ་བསམ་གིན་མི་འདུག་།་།་གོང་དུ་ཡང་བློ་གཟུ་བོ་ཤིག་གིས་དྲི་བ་ཤིག་བཀོད་སོང་ཡང་།་དེ་ལ་ལན་བཏབ་མེད་།་ཅི་ཡིན་ཞེ་ན་།་ཁྱེད་ཚོས་ཀླུ་སྒྲུབ་དགོངས་རྒྱན་རྩོད་གིན་མི་འདུག་།་་ཀླུ་སྒྲུབ་དགོངས་རྒྱན་་ཁ་བཞག་ནས་གཞན་ཞིག་རྩོད་གིན་འདུག་།་ང་དེ་ལ་དགའ་བོ་དངོས་གནས་མེད་།་ཁྱེད་རང་གི་་ཀླུ་སྒྲུབ་དགོངས་རྒྱན་རྩོད་བསམ་ན།་་གོང་གི་ལྭ་བ་དཀར་པོ་་ཡིས་ཁྱེད་ལ་དྲི་ཚིག་བཀོད་འདུག་།་ངས་རྒྱང་བལྟ་བྱེད་ནས་འདུག་།་དེ་མ་རེད་དམ་།་་སྣང་རའི་ཨ་ཡེ་གཡུ་སྐྱིད་སྙིང་རྗེ།་་ཅི་ཁག་།་ཁྱེད་་ཤོག་གྲུ་་ལ་ཡིད་ཆེས་ནས་དགེ་ཆོས་དང་།་དེ་བཞིན་བོད་ཀྱི་མཁས་བ་ཐམས་ཅད་ཀྱི་་ཐོག་ལ་གཅིན་གཏོན་གིན་འདུག་།་ཡ་རྩེད་མོ་ཡིན་།་་ད་དགོངས་དག་ཞུ་མ་གཏོགས་།་དེ་མིན་དགེ་ཆོས་བཟོས་བའི་ཤོག་གྲུའི་སྟེང་དུ་ཕྱག་གཉིས་བའི་དགེ་ཆོས་ཀྱི་ལྕགས་སྒམ་ནག་པོ་དེ་བཞག་།་དེའི་ཐོག་ལ་དམར་ཆེན་གྱི་གཏོར་མ་ཤིག་བཞག་ནས་།་་ངའི་ཐོག་ལ་འཕེན་གིན་རེད་།་
ད་དུང་འདི་ཙམ་གྱི་ག་ལ་ཚད།་དགེ་ཆོས་ཀྱི་དེབ་ཐེར་དཀར་པོ་དང་།་ཁོང་གི་གསུང་རྩོམ་ཕྱོགས་སྒྲིག་གི་ནང་དུ་དགེ་ཆོས་ཀྱིས་བརྩམས་པ་དང་།་བསྒྱུར་བ་ཡིན་ཟེར་བའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནའ་བོའི་རྒྱའི་ཡིག་རྙིང་རྩོམ་དུམ་ཁ་ཤས་ཡོད་པ་རེད་་དེ་དག་དངོས་གནས་དགེ་ཆོས་ཀྱིས་བསྒྱུར་བ་རེད་དམ་།་དགེ་ཆོས་ཀྱིས་ས་གང་ནས་རྒྱ་ཡིག་སྤྱངས་བ་རེད་།་ས་གང་ནས་རྩོམ་དེ་དག་བསྒྱུར་བ་རེད་།་ཁྱེད་ཚོ་ལ་དོགས་པ་དེ་འདྲ་བ་དག་འཁོར་ཡོང་གིན་མི་འདུག་གམ།་དགེ་ཆོས་ཀྱི་མ་བྲིས་བ་དང་།་མ་བསྒྱུར་བ་ཡིན་ན།་དགེ་ཆོས་རང་གི་བྲིས་བ་ཡིན་མདོག་མདོག་གིས་ཁོང་གི་རྩོམ་གྱི་ནང་བཅུག་པ་ཅི་རེད་།་་ལན་ཤིག་ཐོབས་དང་།་ངེད་དངོས་གནས་དྲང་གནས་ཀྱི་ཤེས་བསམ་གིན་།་
ཤོག་གྲུ་བཟོ་མཁན་ཚོ་།་ད་ཤོད་ཡ་།་ཧེ་ཧེ་།་
འོ་དེབ་སྔོན་དབྱིན་སྒྱུར་གྱིས་སྐོར་ལ་།་དགེ་ཆོས་ཀྱིས་རང་གི་མིང་མ་བཀོད་པ་ལ་སེམས་པ་སྐྱོ་བའི་རྩོམ་ཤིག་ཀྱང་བྲིས་ཡོད་པ་རེད་མོད་།་དེས་ཁོ་ལ་ཤིན་ཏུ་ནས་ཕན་ཆེན་པོ་ཐོགས་ཡོད་པ་རེད་།་ལྷག་པར་ཁྱེད་ཚོ་ཤོག་གྲུ་བཟོ་མཁན་་ཚོས་་དགེ་ཆོས་དབྱིན་ཇིའི་སྐད་བསྒྱུར་བ་ཆེན་པོ་ཤིག་སྒྲུབ་བཞིན་པ་ལ་ཕན་ཆེན་པོ་ཐོགས་ཡོད་པ་རེད་།་དེ་མིན་དབྱིན་སྒྱུར་མ་དེ་།་འགྱུར་ཤིན་ཏུ་ནས་བཙོག་པ་ཤིག་ཡོད་ཕྱིར་།་ཕྱི་རྒྱལ་གྱི་མཁས་བ་དག་གིས་”unreadble” ་ཞེས་ད་བར་ཏུ་བསྐྱུར་ཡོད་པ་དང་།་ངའི་གོ་ཐོས་ལ་ད་ལྟ་བསྐྱུར་ཏུ་བསྒྱུར་བཞིན་འདུག་ཟེར་།་
དགེ་ཆོས་ཀྱི་སྐུ་པར་མཐའ་མ་ཟེར་བ་འདི་པར་དུ་སྒྲོན་མཁན་སུ་ཡིན་མིན་ལ་དྲ་གྲོགས་ཚོའི་ཁྲོད་དུ་གསལ་ཁ་ཞིག་ཡོད་དམ།
ཧ་ཧ། བློ་བཟང་ངམ་བོད་པ། དགེ་ཆོས་ཀྱིས་གང་ནས་སྦྱངས་པ་རེད། གང་དུ་བསྒྱུར་བ་རེད་ཨེ། ད་ཁ་དྲོ་ཁས་མི་ཚད་རྐུབ་གད་མོ་ཤོར་དགོས་པ་དེ་འདྲ་མ་བཤད་རོགས། མཚམས་སྦྱོར་ལྔ་བའི་རི་མོ་ཙམ་ཡང་མི་འགྲོ་བའི་ཁྱེད་སང་གི་རྡོ་ཤེར་ཁ་སེ་གཅོས་ཐོས་ཀྱང་། ཚིག་དང་ཚིགས་ཀྱི་སྐད་དོད་མ་ཤེས་པར་སྤྲེའུས་རྐུབ་ངོམ་པ་བཞིན་ངོ་ཚ་རྒྱུ་མེད་པར་ལོ་ཙཱ་བ་ཆེན་པོ་ཁོང་ལ་དྷརྨཱ་པ་ད་ཟེར་བའི་ཐོགས་ནས་ཅིག་བཤད་ཁུལ་བྱེད་ལུགས་ལ་ལྟོས་དང་། ངོ་མ་ཡིན། རྡོ་སྦིས་ཟེར་བ་འདིའི་མི་ཞིག་ཡིན་ན་ངོ་ཚ་རྒྱུ་མེད་མཁན་ཞིག་ཡིན་པས་ཁྱབ་ཀྱི་མེད་འགྲོ། ཤི་ཤི་ཤི། ཞབས་འདྲེན། སྐྱུགས་རྫོགས།
བློ་བཟང་ལགས། དེང་སང་བོད་ལུགས་ཐང་ཀ་འབྲི་མཁན་གང་མང་ཞིག་གིས་ཀྱང་ཐིག་རྩ་གཞིར་བཟུང་མི་བྱེད་པར་རྒྱ་ནག་དང་ནུབ་ཕྱོགས་པའི་ལུགས་སྲོལ་བཞིན་དང་པོར་སྨྱུ་གུ་ནག་པོ་དང་སྐྱ་བོས་བྲིས། དེ་ནས་ཚོན་གཏོང་གིན་འདུག་པས། ས་ཁྲ་ཞིག་འབྲི་བར་ཡང་ཡིན་གཅིག་མིན་གཅིན་གཞན་གྱི་ལུགས་སྲོལ་བཞིན་ཐིག་བརྒྱད་སྔོན་ལ་སྦྱོང་དགོས་པའི་གནས་ལུགས་ཤིག་གང་ན་ཡོད། ས་ཁྲ་ནི་ཡུལ་གྲུ་ཞིག་གི་མཐའ་སྐོར་རམ་ཡང་ཡུལ་གཉིས་ཀྱི་ས་མཚམས་ལྟ་བུ་ཆེ་ཆུང་དང་ཚད་གཞི་མ་ངེས་པའི་ས་རིས་འབྲི་སྟངས་ཤིག་ཡིན་པས། འདི་ལ་སའི་གོ་ལའི་འཕྲེད་གཞུང་གི་མཚམས་ཐིག་དེ་ཤེས་དགོས་པའི་ངེས་པ་ཡོད་པ་མ་རེད། དཔེར་ན་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་ས་ཁྲ་འབྲི་མཁན་མང་པོ་ཞིག་གིས་ཐིག་བརྒྱད་དང་པོར་སྦྱངས། དེ་ནས་ས་ཁྲ་བྲིས་པ་ཡིན་ཟེར་གིན་མེད་པར། ས་ཆ་རེ་ལ་བསླེབས་ཚེའི་དེའི་ཡུལ་བཀོད་ཀྱི་ཆགས་ལུགས་བྲིས། དེ་ནས་ཡང་ས་ཆ་གཞན་པ་ཞིག་ཏུ་བསླེབས་ཚེ་དེ་བཞིན་བྲིས། རྗེས་མར་དེ་དག་བསྡོམས་ནས་ལུང་བ་ཞིག་གི་ས་ཁྲ་ཆགས་འགྲོ་གིན་ཡོད་པ་རེད། ཉིད་ཀྱི་ལུགས་སྲོལ་འདི་ནི་དེང་སང་ཨ་རི་བ་སྐོར་ཞིག་གིས་གློག་ཀླད་ཀྱི་སློབ་གྲྭར་མ་སོང་བར་གློག་ཀླད་ལ་བཟོ་བཅོས་རྒྱག་མི་ཤེས་པར་འདོད་པ་དང་གཅིག་མཚུངས་ཤིག་ཏུ་མཐོང་། ལར་ནས་དགེ་ཆོས་ཀྱིས་བྲིས་པའི་ས་ཁྲ་དེ་ངེས་པར་དུ་གཞུང་གིས་བྲིས་པའི་ས་ཁྲ་ལྟ་བུའི་ཚད་དང་ལྡན་པ་ཞིག་ཡིན་དགོས་ཀྱི་མེད་པར། ཡུལ་སྐོར་བ་ཞིག་གིས་ས་མཚམས་ཆུ་མཚམས་ག་འདྲ་འདུག་མཐོང་བའི་བརྗེད་ཐོའི་རང་བཞིན་ཅན་གྱི་ས་ཁྲ་ཞིག་ཡིན་པས། ཁྱེད་ཀྱིས་དགེ་ཆོས་ཀྱིས་ཐིག་བརྒྱད་མ་སྦྱངས་པས་ས་ཁྲ་འབྲི་ཤེས་ཀྱི་མ་རེད་ཟེར་ནས་འབུར་འཇོམས་བྱེད་རྩིས་མ་བྱེད། ངས་བསམས་ན་དགེ་ཆོས་ཀྱིས་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་གི་ཕྱོགས་ནས་པར་སྐྲུན་བྱས་ཚར་བའི་ས་ཁྲ་མི་འདྲ་བ་གཉིས་བཟུང་ནས་དེ་དག་གི་ནང་དུ་སིམ་ལའི་ས་ཐིག་དང་མི་མཚུངས་པ་ཇི་ཙམ་ཞིག་ཡོད་མེད་ཀྱི་ཞིབ་འཇུག་ཅིག་བྱས་པ་ཡིན་རྒྱུ་རེད་བསམས། དེ་ལྟར་བྱེད་དུས་སིམ་ལའི་ས་ཐིག་གི་ནང་དུ་འདི་འདྲ་ཞིག་བཀོད་སྟེ་ད་ལྟ་འདི་ལྟར་ཆགས་འདུག་ཅེས་ས་ཁྲ་དེ་གཉིས་ཀྱི་ངོས་སུ་རྟགས་དམར་དང་སེར་བོ་རེ་རྒྱག་རྒྱུ་མ་གཏོགས་ས་ཁྲ་གསར་བ་བཟོ་རྒྱུའི་ལས་འགན་ཅང་ཡོད་ནི་མ་རེད། འདི་ལྟར་ཞིབ་ཏུ་བསམ་ཐུབ་ཚེ་དགེ་ཆོས་ཀྱིས་ས་ཁྲ་བཟོས་པ་རེད་ཟེར་བའི་གཏམ་འུར་པོ་ཆེ་དེའི་རྒྱབ་ལྗོངས་ཀྱང་ཇེ་གསལ་དང་ཇེ་ཞིབ་ཡིན་ནི་རེད། དེ་ནས་དགེ་ཆོས་ལ་དོན་མེད་སྡང་ཟུག་བྱེད་བློ་ཡང་སྔོན་དང་མི་འདྲ་བར་དབུགས་སྒང་ལ་ཨི་ཁུང་བརྡོལ་བ་བཞིན་ཇེ་ཆུང་དང་ཇེ་ཆུང་ཡིན་ནི་རེད།
ནོར་བཅོས།
ཡིན་གཅིག་མིན་གཅིན།
ཡིན་གཅིག་མིན་གཅིག
རྟགས་དམར་དང་
རྟགས་དམར་པོ་དང་
དབུགས་སྒང་།
དབུགས་ལྒང་།
ཡང་ཡུལ་གཉིས་ཀྱི་
ཡང་ན་ཡུལ་གཉིས་ཀྱི་
འབུམ་རམས་པ་གློའུ་རྒན་འདིས་ད་རུང་གློའུ་རྟགས་བསྟན་ཚར་མེད་པ་དེ་ཅི་རེད། མ་གཞི་ཁོས་སུ་ཞིག་ལ་རྩོད་གླེང་བྱེད་གི་ཡོད་པ་རེད།
རང་གིས་རང་ལ་སྒྲུང་ཞིག་བཟོས།། དེ་ལ་སྐྱོན་འདོགས་འདྲ་བྱེད་ཁུལ་བྱས། མི་རྩམི་ཚང་བ་ཟེར་ན་ཁྱེད་རང་རེད། དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་ནང་དྭོགས་གཞི་ཡོད་ན་འབྲེལ་ཡོད་ཀྱི་མི་ལ་སྐད་ཆ་དྲིས། དགེ་ཆོས་དབྱིན་ཇིའི་སྐད་སྒྱུར་བ་ཆེན་པོ་རེད་སུས་ལབ་རེད་དེ་ལ་རྩོད་གླེང་བྱོས། དགེ་ཆོས་ཚན་རིག་པ་རེད་ཟེར་མཁན་སུ་རེད། དེ་ལ་རྩོད་གླེང་བྱོས། མ་གཞི་ཁྱེད་རང་འདི་གནས་ཚུལ་གསལ་བོ་མ་བཟོས་པར་རྩོད་གླེང་བྱེད་རྒྱུར་དགའ་མཁན་ཞིག་རེད།
ཁྱེད་རང་ལྟར་བྱས་ན་ཁྱེད་རང་གི་དྲི་བ་དེ་ཚོ་སླར་ཁྱེད་རང་ལ་འདྲི་ཆོག་པ་འདུག
ཨ་བློ་བཟང་གློའུ་རྒན་ཤོག་གྲུ་མཟོ་མཁན་ད་ཤོད་དྲ། ཁྱེད་རང་དབྱིན་ཇི་ལ་དགེ་ཆོས་ཀྱི་ཤོག་གྲུའི་ནང་ཡོང་བ་ཡིན་ནམ།
གེ་སྤ་མགོ དགེ་ཆོས་དབྱིན་ཇིའི་སྐད་སྒྱུར་བ་ཆེན་པོ་ཡིན་པར་ཁྱེད་རང་ཁུངས་སྐྱེལ་ག་རེ་ཡོད། དཔེ་ཆ་དེ་འདྲ་མིག་བསྟན་ཡ་ཡོད་པས།
ཧ་གོ་སོང་ངེ། ཀེ་དགེ་ཆོས་ཀྱིས་རྒྱ་ཡིག་གང་ནས་སྦྱངས་པ་རེད། ལན་ཐོབ་ར། ལན་འདེབས་རྒྱུ་མེད་ན་ཁྱེད་རང་ཕམ་ཚར་བ་རེད།
ཨོ་ཁྱེད་རང་གི་དྲི་བ་དེ་ཚོ་དམིགས་ནས་འདྲི་ས་ཞིག་མེད་ན་སུས་ལན་རྒྱག་གི་རེད།
ཁྱེད་རང་གིས་སྐད་ཆ་བཤད་བཤད་ཚང་མ་དགེ་ཆོས་ལ་བྱིས་པར་གཡབ་མཁན་ཟེར་བའི་སྐད་ཆ་དེ་དང་ཕྱོགས་མཚུངས་རེད། གནས་ཚུལ་གསལ་བོ་བཟོ་དགོས་པ་མི་འདུག ཁུངས་དགོས་པ་མི་འདུག ག་རེ་བཤད་བཤད་རེད་འདུག
དགེ་ཆོས་ཀྱིས། འདི་དག་ཕལ་ཆེར་འདོད་པའི་མདོ་ནས་བཤད།། ཡུལ་འདི་རྣམས་ཀྱང་རྒྱ་གར་ཁོ་ན་ཡིན།། དེ་ཡང་གནའ་བོའི་དུས་ཀྱི་ལུགས་ཡིན་ཕྱིར།། དེང་སང་དེ་ལྟར་འབྱུང་བའི་ངེས་པ་མེད།། ཅེས་དང་མཇུག་ཏུའང། དཀའ་བའི་གཞུང་བཤད་བྲམ་ཟེ་རྒན་པོས་བྱས།། མྱོང་བའི་དམར་ཁྲིད་ཁ་ཆེ་བུ་མོས་བཏབ།། བཤད་པའི་རྩ་བ་རྒྱ་གར་གཞུང་ལ་གཏུགས།། གོ་སླའི་ཚིགས་བཅད་བོད་ཀྱི་ལུགས་སུ་བསྡེབས།། ཟེར་ནས་གསལ་བོར་གསུངས་འདུག མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་། ངམ་ནག་བཞིན་གྱི་གཉེར་མ་མི་སངས་བ།། རྩ་མི་ཚང་བའི་གློའུ་རྒན་འདི་འདྲ་ལ།། བདེན་པའི་ཚིག་ལས་རྫུན་གཏམ་ངོ་སོ་ཆེ།། ཡང་མོ་རྩྭ་འདྲ་འདི་འདྲའི་ཁ་ཀློང་ནས།། ལྗིད་མོ་གསེར་འདྲའི་དུས་ཚོད་བརླག་ན་ཕངས།། མཁས་མང་བགྲོ་གླེང་འཁྲུགས་པོ་བྱེད་པའི་སར།། རྣ་བའི་བུ་ག་ཡང་ཡང་གཟེད་དགོས་ལྟར།། མ་བརྟག་གཡམ་རྒྱུག་བྱེད་པའི་ཁྱི་གུ་ཚོར།། ཚིག་གི་རྡོ་ལོག་རེ་ཡང་འཕེན་ལ་དགའ།། ཇ་ཤིང་ལྕག་ཡུ་མགོ་ལ་བསྐོར་ནས་ཁྱི་རྒན་སྣ་དཀར་གང་མང་བརྫོགས།། འུར་ཆ་ཕྲ་མོ་ཀླད་ལ་བསྐོར་ནས་ཁྱི་ཚོགས་ལུག་ཁྱུ་བཞིན་དུ་དེད།། རུས་དུམ་དགོས་ན་རུས་དུམ་དང་ནི་རྡོ་ལོག་དགོས་ན་རྡོ་ལོག་སྟེར།། ཨ་ཁུ་འབྲོག་པ་ལས་ཀྱིས་བསྐོས་རེད་ཁྱི་ངན་རྣམས་ཀྱི་མགོ་གནོན་ལ།།
འདི་ལྟར། དྲང་མོ་བཤད་ན།
རི་མཐོན་པོ་སྒང་ནས་ཐང་ཆེན་མོར་བལྟ་དུས།།བང་དྲག་ཏུ་འགྲན་པའི་རྟ་རྒོད་པའི་ཁྲོད་ན།།
རྒྱུཌ་དབུཌ་སྣ་ཐུང་བའི་རྟ་རྩལ་མེད་འགའ་རེས།།ལམ་དྲང་བོར་མི་རྒྱུཌ་ཟུར་གཡོན་ལ་དཀྱོག་ཐལ།།
རིགས་སྣ་བརྒྱ་འཛོམས་པའི་སྤང་མེ་ཏོག་དཀྱིལ་ནས།།སྐད་རབ་ཏུ་སྙན་པའི་བྱིའུ་འཇོལ་མོའི་ཁྲོད་ན།།
སྒྲ་རྣ་ལ་གཟན་པའི་བྱ་ཕོ་རོགས་འགའ་རེས།།གདངས་དབྱངས་སུ་མི་གྱེར་ངག་རྩུབ་མོ་སྒྲོག་ཐལ།།
ཀྱེ་རྣམ་དཔྱོད་ཅན་གྱི་ཀླུ་སྨྱོན་ལགས།་ཁྱེད་རང་གི་རི་མོ་འབྲི་བ་དང་།་ས་ཁྲ་བཟོ་བ་གཉིས་ཀྱི་ཁྱད་པར་མ་ཤེས་པ་འདྲ་།་གཅིག་བྱས་ན་དགེ་ཆོས་ཀྱིས་ཀྱང་དེ་ལྟར་བསམ་ཡོད་ཀྱིན་རེད་།་རི་མོ་ཡག་པོ་ཤིག་འབྲི་ཤེས་ན་ས་ཁྲ་ཡག་པོ་ཤིག་ཀྱང་འབྲི་བསམ་གྱིན་རེད་བསམ་ནས་དོན་མེད་དུ་མཚོ་སྣ་སོགས་ལའང་སོང་སྲིད་ཡོད་ཀྱིན་རེད་།་་་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ནི་རེད་།་་ངས་གོང་དུ་ཁྱེད་ལ་་ཨང་གི་དང་བཅས་འགྲེལ་བཤད་རྒྱག་ཁུལ་བྱས་ནས་བཤད་ཡོད་མོད་།་ཁྱེད་ཀྱིས་འདི་ལྟར་།”ས་ཁྲ་ཞིག་འབྲི་བར་ཡང་ཡིན་གཅིག་མིན་གཅིན་གཞན་གྱི་ལུགས་སྲོལ་བཞིན་ཐིག་བརྒྱད་སྔོན་ལ་སྦྱོང་དགོས་པའི་གནས་ལུགས་ཤིག་གང་ན་ཡོད། ས་ཁྲ་ནི་ཡུལ་གྲུ་ཞིག་གི་མཐའ་སྐོར་རམ་ཡང་ཡུལ་གཉིས་ཀྱི་ས་མཚམས་ལྟ་བུ་ཆེ་ཆུང་དང་ཚད་གཞི་མ་ངེས་པའི་ས་རིས་འབྲི་སྟངས་ཤིག་ཡིན་པས། འདི་ལ་སའི་གོ་ལའི་འཕྲེད་གཞུང་གི་མཚམས་ཐིག་དེ་ཤེས་དགོས་པའི་ངེས་པ་ཡོད་པ་མ་རེད”་ཅེས་གསུང་བ་དེ་ལས་།་ད་དུང་ས་ཁྲ་བཟོ་བའི་རྣམ་བཞག་གི་སྐོར་ལ་ཐུགས་ཉམས་མ་བཞག་པ་འདྲ་།་་ ས་ཁྲ་བཟོ་བ་དང་རི་མོ་འབྲི་བ་གཉིས་ཀྱི་ཁྱད་པར་ཆེན་པོ་རེད་།་དཔེར་ན་་ཁྱེད་རང་པོ་ཏ་ལའི་ཡང་སྟེང་དུ་སོང་ནས་།་ལྷ་སའི་གཙུག་ལག་ཁང་དང་།་སྲང་ལམ་།་ཁང་ཆེན་སོགས་ག་འདྲ་བྲིས་ཀྱང་དེ་ས་ཁྲ་ལ་བརྩི་གིན་མ་རེད་།་ས་ཁྲ་ནི་འོག་གསལ་གྱི་དྲ་རྒྱ་ལས་གསལ་བ་བཞིན་་ས་ཚིགས་དང་་ས་ཚིགས་གཉིས་ཀྱི་ཁྱད་པར་བཏོན་ནས་།་དཀྱིས་ཞག་དང་།་ཚངས་ཐིག་བཀོད་ནས་་བྲིས་བ་དེ་ལ་ཟེར་གྱིན་ཡོད་པ་རེད་།་་ཡང་ཁྱེད་ཀྱིས་”ས་ཆ་རེ་ལ་བསླེབས་ཚེའི་དེའི་ཡུལ་བཀོད་ཀྱི་ཆགས་ལུགས་བྲིས།དེ་ནས་ཡང་ས་ཆ་གཞན་པ་ཞིག་ཏུ་བསླེབས་ཚེ་དེ་བཞིན་བྲིས། རྗེས་མར་དེ་དག་བསྡོམས་ནས་ལུང་བ་ཞིག་གི་ས་ཁྲ་ཆགས་འགྲོ་གིན་ཡོད་པ་རེད།”་དེའི་རི་མོ་འབྲི་རྒྱུ་ཡོད་པ་མ་རེད་།་དཀྱིས་ཞག་དང་།་ཚངས་ཐིག་བཞལ་གྱིན་ཡོད་པ་རེད་།་ཁ་ཅིག་གི་ཟུར་གསུམ་གྱི་རིག་པ་ཡང་ཟེར་གིན་ཡོད་པ་རེད་།་འོག་གི་དྲ་རྒྱ་འདི་ལ་གཟིགས་དང་།་གཅིག་བྱས་ན་ཁྱེད་ཀྱིས་ངའི་ག་རེ་ལབ་པ་ཧ་གོ་ཡོང་གི་རེད་།་
http://en.wikipedia.org/wiki/Map
“A map is a visual representation of an area—a symbolic depiction highlighting relationships between elements of that space such as objects, regions, and themes”་
ཡང་ཁྱེད་ཀྱིས་”ཡུལ་སྐོར་བ་ཞིག་གིས་ས་མཚམས་ཆུ་མཚམས་ག་འདྲ་འདུག་མཐོང་བའི་བརྗེད་ཐོའི་རང་བཞིན་ཅན་གྱི་ས་ཁྲ་ཞིག་ཡིན་པས། ཁྱེད་ཀྱིས་དགེ་ཆོས་ཀྱིས་ཐིག་བརྒྱད་མ་སྦྱངས་པས་ས་ཁྲ་འབྲི་ཤེས་ཀྱི་མ་རེད་ཟེར་ནས་འབུར་འཇོམས་བྱེད་རྩིས་མ་བྱེད། ངས་བསམས་ན་དགེ་ཆོས་ཀྱིས་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་གི་ཕྱོགས་ནས་པར་སྐྲུན་བྱས་ཚར་བའི་ས་ཁྲ་མི་འདྲ་བ་གཉིས་བཟུང་ནས་དེ་དག་གི་ནང་དུ་སིམ་ལའི་ས་ཐིག་དང་མི་མཚུངས་པ་ཇི་ཙམ་ཞིག་ཡོད་མེད་ཀྱི་ཞིབ་འཇུག་ཅིག་བྱས་པ་ཡིན་རྒྱུ་རེད་བསམས། དེ་ལྟར་བྱེད་དུས་སིམ་ལའི་ས་ཐིག་གི་ནང་དུ་འདི་འདྲ་ཞིག་བཀོད་སྟེ་ད་ལྟ་འདི་ལྟར་ཆགས་འདུག་ཅེས་ས་ཁྲ་དེ་གཉིས་ཀྱི་ངོས་སུ་རྟགས་དམར་དང་སེར་བོ་རེ་རྒྱག་རྒྱུ་མ་གཏོགས་ས་ཁྲ་གསར་བ་བཟོ་རྒྱུའི་ལས་འགན་ཅང་ཡོད་ནི་མ་རེད།”་
དེ་ན་ངའི་གོང་དུ་བཤད་ཡོད་པ་བཞིན་།་དགེ་ཆོས་ས་ཁྲ་བཟོ་གིན་སོང་བ་མ་རེད་།་མྱུལ་མ་བྱས་གིན་སོང་བ་རེད་།་ཚིག་དེའི་བློ་ངོར་མི་བདེ་ན།་ཁོས་རིག་གཞུང་རྟོག་དཔྱོད་དང་རི་མོ་འབྲི་ཀིན་ཕེབས་པ་རེད་ཅེས་བརྗོད་པར་ཞུ།་་ཁོམ་པ་རེ་ཡོད་ན་།་འདི་ལ་གཟིགས་དང་།་་གཅིག་བྱས་ན་ཁྱེད་ཕན་ཐོགས་ཡོང་གི་རེད་།་
http://www.youtube.com/watch?v=3Bn6rSdc7zg
ཡང་སྐུ་ཉིད་ཀྱིས་”དཔེར་ན་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་ས་ཁྲ་འབྲི་མཁན་མང་པོ་ཞིག་གིས་ཐིག་བརྒྱད་དང་པོར་སྦྱངས། དེ་ནས་ས་ཁྲ་བྲིས་པ་ཡིན་ཟེར་གིན་མེད་པར།”་་ཁྱེད་རང་གིས་འདི་ལྟར་གསུང་ན་ངས་ཁྱེད་རང་དགེ་ཆོས་ཀྱི་ཤོག་གྲུའི་སྟེང་དུ་ཕེབས་པར་་བྱ་ཞེས་ཞུ་བྱ་རྒྱུ་ལས་།་ཐབས་ཤེས་ཅི་ཡང་མི་འདུག་།་་དེ་ཁྱེད་རང་གི་ས་ཁྲའི་དར་ཚུལ་གྱི་ལོ་རྒྱུས་ལ་ཐུགས་སྣང་མ་བཞག་པ་ཤིག་རེད་བསམ་གིན་འདུག་།་དུས་རབས་བཅུ་བཞི་བ་ནས་།་ཡོ་རོབ་པའི་སྐུད་པ་བརྒྱད་ཀྱི་རྣམ་བཞག་གི་ལམ་ནས་ས་ཁྲ་བཟོ་བའི་མགོ་བརྩམས་ཡོད་པ་དང་།་ཐ་ན་བོད་ཀྱི་་ས་ཁྲ་ཐོག་དང་པོ་བཟོ་མཁན་ཡང་དགེ་ཆོས་མ་སྐྱེས་བའི་ལོ་ཉིས་བརྒྱ་ཙམ་ཤིག་སྔོན་དུ་གོང་མ་བདེ་སྐྱིད་རྒྱལ་བོ་དུས་སུ་པེ་ཅིང་དུ་སྡོད་པའི་བོད་ཀྱི་མཁས་བ་ཆེན་པོ་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་བཟང་པོ་ཤིག་དང་།་ཁོང་དང་གཞན་གཉིས་དགེ་འདུན་པ་གཉིས་ཀྱིས་བཟོས་བའི་ས་ཁྲ་ཤིག་ལ་ཏིང་གི་སྐད་དུ་བསྒྱུར་ནས་།་ང་ཚོའི་སློབ་གྲའི་དཔེ་མཛོད་ཁང་ནང་དུ་ཡང་མཐོང་རྒྱུ་འདུག་།་དགེ་ཆོས་ལྟར་མ་ཡིན་པར་།་ཁོང་གཉིས་ཀྱི་ཡི་ཤེས་ཆོས་སྤེལ་བ་དག་གི་མདུན་ནས་སྐུད་པ་བརྒྱད་ཀྱི་རྩིས་རིག་མཐར་ཕྱིན་པ་ཞིག་སྤྱངས་།་བོད་ས་ཡོངས་སུ་ལོ་བཞི་ཙམ་ལ་བརྒྱུད་ནས་ས་ཁྲ་བྲིས་བ་ཤིག་རེད་།་
ཡ་རེད་།་ད་ཁྱེད་རང་གིས་དགེ་ཆོས་ཀྱི་ས་ཁྲ་བཟོས་བ་ཐག་བཅད་འདུག་།་ད་དགེ་ཆོས་ཀྱིས་ཤོག་སྒོར་བཟོ་བའི་ལོ་རྒྱུས་དེ་ནམ་བཤད་རྒྱུ་ཡིན་།་ཧི་ཧི།་
་མྱིག་རྫོད་དང་མགོན་པོ་ཕྱག་གཉིས་ལགས་།་་ད་ཁྱེད་གཉིས་དགེ་ཆོས་ཀྱི་ཤོག་གྲུ་ནང་དུ་བསྡད་ནས་ཡངས་བའི་རྒྱལ་ཁམས་མང་པོ་འགྲིམས་།་་མཚམས་སྦྱོར་ལྔ་བའི་རི་མོ་ལམ་ནས་ས་ཁྲ་མང་པོ་བྲིས་།་མ་བརྟག་གཡམ་རྒྱུག་བྱེད་པའི་ཁྱི་གུ་རྗེས་སུ་ཁྲིས་།། རྡོ་ལོག་རེ་ཡང་འཕངས་།། “ཇ་ཤིང་ལྕག་ཡུ་མགོ་ལ་བསྐོར་ནས་ཁྱི་རྒན་སྣ་དཀར་གང་མང་བརྫོགས།། འུར་ཆ་ཕྲ་མོ་ཀླད་ལ་བསྐོར་ནས་ཁྱི་ཚོགས་ལུག་ཁྱུ་བཞིན་དུ་དེད།། རུས་དུམ་དགོས་ན་རུས་དུམ་དང་ནི་རྡོ་ལོག་དགོས་ན་རྡོ་ལོག་”་བྱིན་ནས་དཀའ་ལས་མང་པོ་རྒྱབ་ཡོད་ཀྱིན་རེད་།་་དེ་ཕྱིར་ཀླུ་སྨྱོན་གྱི་རུ་ནང་སོང་།་རྩམ་པ་རེ་ཟོས་ན་ག་རེ་འདུག་།་་དེ་མིན་ན་ཁྱེད་གཉིས་ཨ་ཁུ་འབྲོག་པ་ཆང་མཐུང་རུ་ཉུལ་བྱེད་པ་དང་འདྲ་བོ་གཉིས་འདུག་།
མྱིད་རྫོད་ལགས། འདི་ན་རྡོ་ཤེར་གྱིས་མཚམས་སྤྱོར་ལྔ་བ་ཤེས་མིན་དེ་ནི་གནས་ཚུལ་གཞན་ཞིག་རེད། འདི་བགྲོ་གླེང་གནང་བཞིན་པ་དགེ་ཆོས་སྐོར་རེད།
ཀྱེ་རྣམ་དཔྱོད་ཅན་གྱི་ཀླུ་སྨྱོན་ལགས།་ཁྱེད་རང་གི་རི་མོ་འབྲི་བ་དང་།་ས་ཁྲ་བཟོ་བ་གཉིས་ཀྱི་ཁྱད་པར་མ་ཤེས་པ་འདྲ་།་གཅིག་བྱས་ན་དགེ་ཆོས་ཀྱིས་ཀྱང་དེ་ལྟར་བསམ་ཡོད་ཀྱིན་རེད་།་རི་མོ་ཡག་པོ་ཤིག་འབྲི་ཤེས་ན་ས་ཁྲ་ཡག་པོ་ཤིག་ཀྱང་འབྲི་བསམ་གྱིན་རེད་བསམ་ནས་དོན་མེད་དུ་མཚོ་སྣ་སོགས་ལའང་སོང་སྲིད་ཡོད་ཀྱིན་རེད་།་་་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ནི་རེད་།་་ངས་གོང་དུ་ཁྱེད་ལ་་ཨང་གི་དང་བཅས་འགྲེལ་བཤད་རྒྱག་ཁུལ་བྱས་ནས་བཤད་ཡོད་མོད་།་ཁྱེད་ཀྱིས་འདི་ལྟར་།”ས་ཁྲ་ཞིག་འབྲི་བར་ཡང་ཡིན་གཅིག་མིན་གཅིན་གཞན་གྱི་ལུགས་སྲོལ་བཞིན་ཐིག་བརྒྱད་སྔོན་ལ་སྦྱོང་དགོས་པའི་གནས་ལུགས་ཤིག་གང་ན་ཡོད། ས་ཁྲ་ནི་ཡུལ་གྲུ་ཞིག་གི་མཐའ་སྐོར་རམ་ཡང་ཡུལ་གཉིས་ཀྱི་ས་མཚམས་ལྟ་བུ་ཆེ་ཆུང་དང་ཚད་གཞི་མ་ངེས་པའི་ས་རིས་འབྲི་སྟངས་ཤིག་ཡིན་པས། འདི་ལ་སའི་གོ་ལའི་འཕྲེད་གཞུང་གི་མཚམས་ཐིག་དེ་ཤེས་དགོས་པའི་ངེས་པ་ཡོད་པ་མ་རེད”་ཅེས་གསུང་བ་དེ་ལས་།་ད་དུང་ས་ཁྲ་བཟོ་བའི་རྣམ་བཞག་གི་སྐོར་ལ་ཐུགས་ཉམས་མ་བཞག་པ་འདྲ་།་་ ས་ཁྲ་བཟོ་བ་དང་རི་མོ་འབྲི་བ་གཉིས་ཀྱི་ཁྱད་པར་ཆེན་པོ་རེད་།་དཔེར་ན་་ཁྱེད་རང་པོ་ཏ་ལའི་ཡང་སྟེང་དུ་སོང་ནས་།་ལྷ་སའི་གཙུག་ལག་ཁང་དང་།་སྲང་ལམ་།་ཁང་ཆེན་སོགས་ག་འདྲ་བྲིས་ཀྱང་དེ་ས་ཁྲ་ལ་བརྩི་གིན་མ་རེད་།་ས་ཁྲ་ནི་འོག་གསལ་གྱི་དྲ་རྒྱ་ལས་གསལ་བ་བཞིན་་ས་ཚིགས་དང་་ས་ཚིགས་གཉིས་ཀྱི་ཁྱད་པར་བཏོན་ནས་།་དཀྱིས་ཞག་དང་།་ཚངས་ཐིག་བཀོད་ནས་་བྲིས་བ་དེ་ལ་ཟེར་གྱིན་ཡོད་པ་རེད་།་་ཡང་ཁྱེད་ཀྱིས་”ས་ཆ་རེ་ལ་བསླེབས་ཚེའི་དེའི་ཡུལ་བཀོད་ཀྱི་ཆགས་ལུགས་བྲིས།དེ་ནས་ཡང་ས་ཆ་གཞན་པ་ཞིག་ཏུ་བསླེབས་ཚེ་དེ་བཞིན་བྲིས། རྗེས་མར་དེ་དག་བསྡོམས་ནས་ལུང་བ་ཞིག་གི་ས་ཁྲ་ཆགས་འགྲོ་གིན་ཡོད་པ་རེད།”་དེའི་རི་མོ་འབྲི་རྒྱུ་ཡོད་པ་མ་རེད་།་དཀྱིས་ཞག་དང་།་ཚངས་ཐིག་བཞལ་གྱིན་ཡོད་པ་རེད་།་ཁ་ཅིག་གི་ཟུར་གསུམ་གྱི་རིག་པ་ཡང་ཟེར་གིན་ཡོད་པ་རེད་།་འོག་གི་དྲ་རྒྱ་འདི་ལ་གཟིགས་དང་།་གཅིག་བྱས་ན་ཁྱེད་ཀྱིས་ངའི་ག་རེ་ལབ་པ་ཧ་གོ་ཡོང་གི་རེད་།་
ཡང་ཁྱེད་ཀྱིས་”ཡུལ་སྐོར་བ་ཞིག་གིས་ས་མཚམས་ཆུ་མཚམས་ག་འདྲ་འདུག་མཐོང་བའི་བརྗེད་ཐོའི་རང་བཞིན་ཅན་གྱི་ས་ཁྲ་ཞིག་ཡིན་པས། ཁྱེད་ཀྱིས་དགེ་ཆོས་ཀྱིས་ཐིག་བརྒྱད་མ་སྦྱངས་པས་ས་ཁྲ་འབྲི་ཤེས་ཀྱི་མ་རེད་ཟེར་ནས་འབུར་འཇོམས་བྱེད་རྩིས་མ་བྱེད། ངས་བསམས་ན་དགེ་ཆོས་ཀྱིས་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་གི་ཕྱོགས་ནས་པར་སྐྲུན་བྱས་ཚར་བའི་ས་ཁྲ་མི་འདྲ་བ་གཉིས་བཟུང་ནས་དེ་དག་གི་ནང་དུ་སིམ་ལའི་ས་ཐིག་དང་མི་མཚུངས་པ་ཇི་ཙམ་ཞིག་ཡོད་མེད་ཀྱི་ཞིབ་འཇུག་ཅིག་བྱས་པ་ཡིན་རྒྱུ་རེད་བསམས། དེ་ལྟར་བྱེད་དུས་སིམ་ལའི་ས་ཐིག་གི་ནང་དུ་འདི་འདྲ་ཞིག་བཀོད་སྟེ་ད་ལྟ་འདི་ལྟར་ཆགས་འདུག་ཅེས་ས་ཁྲ་དེ་གཉིས་ཀྱི་ངོས་སུ་རྟགས་དམར་དང་སེར་བོ་རེ་རྒྱག་རྒྱུ་མ་གཏོགས་ས་ཁྲ་གསར་བ་བཟོ་རྒྱུའི་ལས་འགན་ཅང་ཡོད་ནི་མ་རེད།”་
དེ་ན་ངའི་གོང་དུ་བཤད་ཡོད་པ་བཞིན་།་དགེ་ཆོས་ས་ཁྲ་བཟོ་གིན་སོང་བ་མ་རེད་།་མྱུལ་མ་བྱས་གིན་སོང་བ་རེད་།་ཚིག་དེའི་བློ་ངོར་མི་བདེ་ན།་ཁོས་རིག་གཞུང་རྟོག་དཔྱོད་དང་རི་མོ་འབྲི་ཀིན་ཕེབས་པ་རེད་ཅེས་བརྗོད་པར་ཞུ།་་ཁོམ་པ་རེ་ཡོད་ན་།་འདི་ལ་གཟིགས་དང་།་་གཅིག་བྱས་ན་ཁྱེད་ཕན་ཐོགས་ཡོང་གི་རེད་།་
ཡང་སྐུ་ཉིད་ཀྱིས་”དཔེར་ན་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་ས་ཁྲ་འབྲི་མཁན་མང་པོ་ཞིག་གིས་ཐིག་བརྒྱད་དང་པོར་སྦྱངས། དེ་ནས་ས་ཁྲ་བྲིས་པ་ཡིན་ཟེར་གིན་མེད་པར།”་་ཁྱེད་རང་གིས་འདི་ལྟར་གསུང་ན་ངས་ཁྱེད་རང་དགེ་ཆོས་ཀྱི་ཤོག་གྲུའི་སྟེང་དུ་ཕེབས་པར་་བྱ་ཞེས་ཞུ་བྱ་རྒྱུ་ལས་།་ཐབས་ཤེས་ཅི་ཡང་མི་འདུག་།་་དེ་ཁྱེད་རང་གི་ས་ཁྲའི་དར་ཚུལ་གྱི་ལོ་རྒྱུས་ལ་ཐུགས་སྣང་མ་བཞག་པ་ཤིག་རེད་བསམ་གིན་འདུག་།་དུས་རབས་བཅུ་བཞི་བ་ནས་།་ཡོ་རོབ་པའི་སྐུད་པ་བརྒྱད་ཀྱི་རྣམ་བཞག་གི་ལམ་ནས་ས་ཁྲ་བཟོ་བའི་མགོ་བརྩམས་ཡོད་པ་དང་།་ཐ་ན་བོད་ཀྱི་་ས་ཁྲ་ཐོག་དང་པོ་བཟོ་མཁན་ཡང་དགེ་ཆོས་མ་སྐྱེས་བའི་ལོ་ཉིས་བརྒྱ་ཙམ་ཤིག་སྔོན་དུ་གོང་མ་བདེ་སྐྱིད་རྒྱལ་བོ་དུས་སུ་པེ་ཅིང་དུ་སྡོད་པའི་བོད་ཀྱི་མཁས་བ་ཆེན་པོ་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་བཟང་པོ་ཤིག་དང་།་ཁོང་དང་གཞན་གཉིས་དགེ་འདུན་པ་གཉིས་ཀྱིས་བཟོས་བའི་ས་ཁྲ་ཤིག་ལ་ཏིང་གི་སྐད་དུ་བསྒྱུར་ནས་།་ང་ཚོའི་སློབ་གྲའི་དཔེ་མཛོད་ཁང་ནང་དུ་ཡང་མཐོང་རྒྱུ་འདུག་།་དགེ་ཆོས་ལྟར་མ་ཡིན་པར་།་ཁོང་གཉིས་ཀྱི་ཡི་ཤེས་ཆོས་སྤེལ་བ་དག་གི་མདུན་ནས་སྐུད་པ་བརྒྱད་ཀྱི་རྩིས་རིག་མཐར་ཕྱིན་པ་ཞིག་སྤྱངས་།་བོད་ས་ཡོངས་སུ་ལོ་བཞི་ཙམ་ལ་བརྒྱུད་ནས་ས་ཁྲ་བྲིས་བ་ཤིག་རེད་།་
ཡ་རེད་།་ད་ཁྱེད་རང་གིས་དགེ་ཆོས་ཀྱི་ས་ཁྲ་བཟོས་བ་ཐག་བཅད་འདུག་།་ད་དགེ་ཆོས་ཀྱིས་ཤོག་སྒོར་བཟོ་བའི་ལོ་རྒྱུས་དེ་ནམ་བཤད་རྒྱུ་ཡིན་།་ཧི་ཧི།་
་མྱིག་རྫོད་དང་མགོན་པོ་ཕྱག་གཉིས་ལགས་།་་ད་ཁྱེད་གཉིས་དགེ་ཆོས་ཀྱི་ཤོག་གྲུ་ནང་དུ་བསྡད་ནས་ཡངས་བའི་རྒྱལ་ཁམས་མང་པོ་འགྲིམས་།་་མཚམས་སྦྱོར་ལྔ་བའི་རི་མོ་ལམ་ནས་ས་ཁྲ་མང་པོ་བྲིས་།་མ་བརྟག་གཡམ་རྒྱུག་བྱེད་པའི་ཁྱི་གུ་རྗེས་སུ་ཁྲིས་།། རྡོ་ལོག་རེ་ཡང་འཕངས་།། “ཇ་ཤིང་ལྕག་ཡུ་མགོ་ལ་བསྐོར་ནས་ཁྱི་རྒན་སྣ་དཀར་གང་མང་བརྫོགས།། འུར་ཆ་ཕྲ་མོ་ཀླད་ལ་བསྐོར་ནས་ཁྱི་ཚོགས་ལུག་ཁྱུ་བཞིན་དུ་དེད།། རུས་དུམ་དགོས་ན་རུས་དུམ་དང་ནི་རྡོ་ལོག་དགོས་ན་རྡོ་ལོག་”་བྱིན་ནས་དཀའ་ལས་མང་པོ་རྒྱབ་ཡོད་ཀྱིན་རེད་།་་དེ་ཕྱིར་ཀླུ་སྨྱོན་གྱི་རུ་ནང་སོང་།་རྩམ་པ་རེ་ཟོས་ན་ག་རེ་འདུག་།་་དེ་མིན་ན་ཁྱེད་གཉིས་ཨ་ཁུ་འབྲོག་པ་ཆང་མཐུང་རུ་ཉུལ་བྱེད་པ་དང་འདྲ་བོ་གཉིས་འདུག་།
གོང་གི་་༡༥༠༽མཆན་བུ་ད་དུང་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད། དེ་ལ་དག་མཆན་ཐོབ་ན་།་་༡༥༢༽ མཆན་བུ་འདི་བསུབ་རོགས་མཛོད་།་དྲ་ཚིགས་འགའ་ཤས་ཀྱི་དྲ་བྱང་ལས།་འདི་གཉིས་དོན་གྱི་གཅིག་པ་རེད་།་
ང་ཚོའི་བགྲོ་གླེང་འདི་ནས་ང་ལ་བློ་སྐྱེད་མི་ཉུང་བ་ཞིག་ཐོབ་དང་འཐོབ་བཞིན་འདུག འདི་མོ་བགྲོ་གླེང་བསོར་མོ། འདི་མོ་བགྲོ་གླེང་ཐག་ཉེ། ཞི་ལིའི་ཤ་གོ ཨོ། ང་ཞི་ལི་ཟིག་ཡོད་ནི་མ་རེད། ངའི་གཉའ་ཁ་འདི། ད་ཡ་གསར་བུ་ཆོའི་གཅིག་གིས་ཤོད་དྲ།
བོད་མི་མང་པོས་དོ་སྣང་དེ་འདྲ་མི་བྱེད་པའི་བྱ་ཚིག་ཅིག་སྟེ།
རྒྱག
འདས་པ། བརྒྱབ།
མ་འོངས་པ། རྒྱག
ད་ལྟ་བ། རྒྱག
སྐུལ་ཚིགས། རྒྱོབས།
ཁ་སང་དཀའ་ལས་བརྒྱབ་པ་ཡིན།
སང་ཉིན་དཀའ་ལས་རྒྱག་གི་ཡིན།
ད་ལྟ་དཀའ་ལས་རྒྱག་གིན་ཡོད།
ནམ་རྒྱུན་དཀའ་ལས་རྒྱོབས་ཤིག་ཀྱེ།
བློ་བཟང་ངམ་བོད་པ། གོང་གི་མཆན་༡༥༠པ་དེ་ངའི་མཆན་རེད། ཨ་རོགས། ད་ཤེར་རྒྱམ་མཐོ་རིས་བོ་དེའི་རྣམ་ཤེས་ཀྱི་སྙིང་སྒུལ་ནས་ཡང་དགེ་ཆོས་ཀྱི་ཐོག་ལ་སྡང་རྒྱུ་མང་སོང་བས་སྨྱོ་གྲབས་ཡོད་ནི་མ་ར། མ་འཚབ། མ་འཚབ།
ནོར་བཅོས། ང་ལ་བྲིས་པའི།
སྐུ་ཞབས་མྱིག་རྫོད་ལགས་།་
སྐུ་ཞབས་དང་མྱིག་རྫོད་གཉིས་མཉམ་དུ་སྤྱར་ན་དངོས་ན་བདེ་མོ་ཞིག་མི་འདུག་།་ཡིན་ནའང་ང་ནི་མི་གཉོམ་ཆུང་།་ཡ་རབས་གུས་ཞབས་ལྡན་པ་།་ལྷག་པར་ཏུ་་ཤོག་གྲུ་བཟོ་མཁན་བརྩི་མཁན་ཞིག་ཡིན་པས་།་སྐུ་ཞབས་ཞེས་མི་འབོད་ཐབས་མེད་རེད།་་ཁྱོད་ལྟོས་དང་།་ང་ནི་དྲང་མི་ཞིག་ཡིན་པས་ཁྱེད་ཀྱིས་བཏོན་པའི་གནད་དོན་གལ་ཆེན་ཅན་གྱི་ཨང་རྟགས་ཀྱང་ནོར་སོང་བ་རེད་།་ངས་ཀྱིས་ཐོག་མར་ངའི་མདུན་གྱི་མེ་ལོང་དེ་ལ་cmd ཅིག་”རྒྱབ”དེ་ནས་v ཤིག་སྤྱར་ནས་།་་ཡིག་ཁུང་དེའི་ནང་དུ་བཏང་བ་ཡིན་མོད་།་་་དེ་ཇི་བཞིན་ཏུ་མ་ཡོང་བ་འདྲ་།་དེ་ལ་དངོས་གནས་དྲང་གནས་ཀྱི་དགོངས་བ་ཞུ།་་འོ་ཁྱོད་རང་གི་གྲོགས་པོ་ད་དུང་རུ་ཉུལ་སོང་ནས་མ་ཡོང་བ་འདྲ་།་གཅིག་བྱས་ད་དུང་”“ཇ་ཤིང་ལྕག་ཡུ་མགོ་ལ་བསྐོར་ནས་ཁྱི་རྒན་སྣ་དཀར་གང་མང་བརྫོགས།། འུར་ཆ་ཕྲ་མོ་ཀླད་ལ་བསྐོར་ནས་ཁྱི་ཚོགས་ལུག་ཁྱུ་བཞིན་དུ་དེད།། རུས་དུམ་དགོས་ན་རུས་དུམ་དང་ནི་རྡོ་ལོག་དགོས་ན་རྡོ་ལོག་སྟེར་”གིན་ཡོད་པ་འདྲ།་་ཁྱོད་ཁོ་སྐྱོར་གིན་སོང་ན་ཅི་འདྲ་རེད་།་་ད་ལོ་དགེ་ཆོས་ཀྱི་ཤོག་གྲུ་མ་གཏོགས་མི་འདུག་མོད་།་ལོ་རྗེས་མར་དགེ་ཆོས་ཀྱི་གནམ་གྲུ་ཡང་འགྲུབ་་བསྡད་ཡོད་པས་།་ཁྱེད་གཉིས་རུ་ཉུལ་ལ་འགྲོ་རྒྱུ་སྟབས་བདེ་༷ཞེ་དྲགས་ཡོད་པ་རེད་
འོ་་ཤེར་རྒྱམ་གྱི་རྣམ་ཤེས་ཟེར་ན་ཧ་གོན་མེད་།་ཁོ་ལ་སྤྲུལ་སྐུ་ཤིག་ཡོད་རབ་འདུག་།་སྙིང་རྗེ་།་སློབ་གཉེར་ལ་ཡང་ཡག་པོ་ཡོད་པ།་ཚུལ་མཐུན་།་ཞི་དུལ་བག་ཡོད་ཅིག་རེད་ཟེར་བ་གོ་མྱོང་།་་དེ་ན་དེ་ལ་དགའ་བ་སྒོམ་གིན་ཡོད་།་བུ་རྒོད་པོ་།་སློབ་གཉེར་ཡག་པོ་བྱོས་།་ལྷག་པར་ཏུ་གཞུང་ཆེན་པོ་རྣམས་ཀྱི་གནད་རེ་རྟོགས་ཐབས་བྱོས་།་ཤོག་གྲུ་སྐོར་བ་དང་།་རུ་ཉུལ་བྱ་རྒྱུའི་བསམ་བློ་མ་གཏོང་།་་རྩོམ་ཐུང་རེ་འབྲི་རྒྱའི་བསམ་བློ་ཡེ་ནས་མ་གཏོང་།་རྩོམ་རྙོག་དེ་འདྲ་འབྲི་མཁན་ས་སྟེང་ན་ཁེངས་བསྡད་ཡོད་ནི་རེད་།་་དོན་གྲུབ་རྒྱལ་ཟེར་བ་ཞིག་གིས་རྩོམ་རྙོག་མང་པོ་བྲིས་ཡོད་པ་དེ་འདྲ་རེད་།་རྡོ་སྤིས་མི་ཚང་མ་ཟེར་བ་མི་ཤེས་ཡང་།་མི་མང་ཆེ་བ་ཁྱེད་ལ་རེ་བ་ཆེན་པོ་འདུག་།་་རེ་བ་ཆུད་ཟོས་སུ་མ་གཏོང་།་ཆོས་སྡེ་ཆེན་པོ་དེ་འདྲ་ཤིག་གི་སློབ་གཉེར་བྱ་རྒྱའི་གོ་སྐབས་བྱུང་ན་སྐལ་བ་བཟང་བོ་རེད་།་་སེམས་མ་ཕམ་།་བློ་མ་ཞུ་།་འདི་དང་གི་ངའི་བསམ་པ་རྣམ་དག་གི་སྐད་ཆ་ཡིན་།་དེ་མིན་གཞན་ཞུ་རྒྱུ་ཅང་མེད་།་
བློ་བཟང་ཁྱོད་ལ། འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ཀྱི་བརྩམས་མིན་སྐོར་ནས་འགོ་མཇུག་ཚང་བ་ཞིག་ཕྲིས་ཤོག་ལབ་ན། འགོ་སྔ་ཚང་ལ་མ་ཚང་ལ་ཞིག་མ་གཏོགས་བཤད་རྒྱུ་མི་འདུག
གཞན། དགེ་ཆོས་ཀྱིས་་བརྩམས་པ་དང་བྲིས་བ་དེ་ཚོའི་སྐོར་ལ་ནི་ཁྱེད་རང་གིས་བསམ་བློ་ཁབ་ཀྱི་ཨི་ཁུང་འདྲ་ཞིག་འཁྱེར་ཡོང་ནས་བསམ་ཚུལ་བཤད་ཀྱི་འདུག
གོང་གི་མཆན་༡༥༧པ་དེ་བྐླགས་ན་ཁྱེད་རང་དངོས་གནས་དྲང་གནས་ར་བཟི་འདུག་བསམ་སོང་། ར་བཟི་མེད་ན་མཚན་གྱི་ཆུ་ཚོད་༣པ་བར་དུ་གཉིད་མ་ཁུག་པར་འདུག་གི་མ་རེད་འདོད།
ཡང་མིན་ན་། ཁྱོད་འདི་འདྲེ་ཞིག་ཡིན་ས་རེད། ཨ་ལ་ཀུ་རེ་ཡིན།
གཤམ་ནས་བློ་བཟང་ལྟ་བུའི་བོད་རིགས་ཤེས་ཡོན་ཅན་ཚོ་སྡེ་ཚན་བདུན་ལ་བགོ་བྱ་རྒྱག་གི་ཡིན།
དང་པོ། འབྲི་ྐློག་རང་རྐྱ་འཕེར་བ་ཡོད་པ་གང་ཞིག་ལ་བསམ་བློའི་ཆུ་ཚད་དམའ་བའམ་བློ་སྒོ་མ་ཕྱེས་བའི་རིགས།
གཉིས། ཤེས་ཡོན་སྣ་གཅིག་ཤེས་བ་གང་ཞིག་ལ་ཕྱོགས་མང་པོར་བལྟ་རྒྱ་དང་མཐོང་རྒྱ་མེད་མཁན་གྱི་རིགས།
གསུམ། བརྩོན་འགྲུས་ཡོད་པ་གང་ཞིག་ལ་གཅིག་ཤེས་ཀུན་གྲོལ་གྱི་བསམ་བློ་མེད་མཁན་གྱི་རིགས།
བཞི། མང་པོ་མང་པོ་ཞིག་བྐླགས་པ་གང་ཞིག་ལ་། བརྗོད་པ་བདེ་ཞིང་ཚིག་སྦྱོར་སྙན་པ། དོན་ལ་འཁེལ་བ་ཞིག་འབྲི་མིཐུབ་མཁན་གྱི་རིགས།
ལྔ་། ཕྱི་རྒྱལ་ཡུལ་གྲུ་ཁག་ཁ་ཤས་ལ་འགྲིམས་མྱོང་བ་གང་ཞིག་ལ་འགྲོ་འདུག་སྤྱོད་གསུམ་ཕྱོགས་ནས་ད་དུང་རྗེས་ལུས་ཡིན་པའི་རིགས།
དྲུག སོ་སོས་གང་ཤེས་བ་དེ་ལ་གཞན་གྱིས་ཆེ་བསྟོད་མ་བྱས་ན་སོ་སོ་སོ་སོའི་སྒང་ལ་ཁོང་ཁྲོ་ཟ་མཁན་གྱི་རིགས།
བདུན། ང་ལ་མིང་དང་གྲགས་པ་མི་དགོས་ཟེར་བཞིན་ཟེར་བཞིན་ངའི་མིང་ལ་འདི་ཡིན་ཟེར་མཁན་གྱི་རིགས་བཅས་སོ།
ཨ་ལ་། ཀུ་རེ་ཡིན་ད། དོ་དགོང་ཁྱེད་ཚོ་ར་བཟི་འདུག་པས། ངས་ཀྱང་སེམས་ལ་གང་དྲན་ཞིག་བྲིས་བ་ཡིན། ད་བདེ་མོ་བྱོས།
དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་ས་ཁྲ་འདི་རེད་ཟེར་བ་ཞིག་མཐོང་རྒྱུ་མེད་ནའང་ཁོས་བྲིས་པའི་ས་ཁྲ་ནས་འཕྲོས་ཏེ་དགེ་ཆོས་སྨྱོན་པས་དུར་ཁུང་ནང་ནས་བཀའ་བཀྱོན་ཞེ་དྲག་རེག་སོང་། མྱི་རྩ་མི་ཚང་བ་བློ་བཟང་ཟེར་བ་ཞིག་གིས་མི་ཤི་བོ་ཤི་ས་ནས་མ་བཞག་པར་མཁས་དབང་ཁོང་ལ་གཤེ་གཤེ་མི་འབབ་སར་གཤེ་གཤེ་བཏང་སོང་། བླ་མ་རྩ་མི་ཚང་བ་ཀླུ་སྨྱོན་ཟེར་བ་ཞིག་གིས་དགེ་ཆོས་ཀྱིས་ས་ཁྲ་འབྲི་ཤེས་པའི་རྒྱུ་མཚན་བཤད་ནས་ད་ཁོ་གཉིས་བར་དགེ་ཆོས་ཀྱིས་ས་ཁྲ་འབྲི་ཤེས་མི་ཤེས་སྐོར་ལ་རྩོད་པ་མེ་སྟག་མཆེད་མཆེད། ད་ང་དགོད་ཤོར་ནས་རིལ་གྲབས་རིལ་གྲབས་བྱེད།
ད་དེ་འདྲ་མ་བྱེད། དང་པོ་ང་ཚོ་དགེ་ཆོས་ཀྱིས་བཟོས་པའི་ཤོག་གྲུའི་ནང་བསྡད་ནས་དགེ་ཆོས་ཀྱི་ས་ཁྲ་འཚོལ་གི་འགྲོ། ཁོས་བྲིས་པའི་ས་ཁྲ་དེ་ལག་ལ་ཡོང་ཚར་བའི་རྗེས་སུ་དེ་ཡག་པོ་བྲིས་ཡོད་མེད་ཁྱེད་གཉིས་ཀྱིས་རྩོད་པ་རྒྱབ་ན་ག་འདྲ་འདུག དེ་མིན་གླ་བྲག་ནང་དུ་བཞག གླ་རྩི་རྒྱ་ནང་དུ་གཏམ་ཟེར་བ་ལས་མི་འདུག གླ་བྲག་ནང་ན་ཡོད་མེད་ཀྱང་སུས་ཤེས།
གཞན་འབུམ་རམས་པ་གློའུ་རྒན་གྱིས་དགེ་ཆོས་ཀྱི་ལོ་རྒྱུས་ཁུངས་ཡོད་ལ་མེད་པ་དེ་ཚོ་ཁྱེར་ཡོང་ནས་དགག་པ་ནམ་ལངས་པ་འདྲ་བ་གསུམ་དང་ས་རུབ་པ་འདྲ་བ་གསུམ་བྱས་ནས། ངའི་རྩ་བའི་དམ་བཅའ་འདི་ཡིན། ད་ཁྱེད་ཚོས་ལན་རྒྱོབས་དང་ཟེར་ན་སུ་ཞིག་གིས་ལན་རྒྱག་དགོས་རེད།
ཨོ་དགོངས་དག དྲ་གྲོགས་ཚོ། ངེད་ཚོ་ཨ་མདོར་འདི་འདྲ་མྱི་རྩ་མི་ཚང་བ་མང་པོ་ཡོད་པ་རེད། འདིའི་གྲས་ཀྱིས་འབུམ་རམས་པ་དགུ་བརྩེགས་བཏོན་པ་ཡིན་ནའང་རང་གཤིས་ལ་བཅོས་རྒྱུ་དང་ཡར་སྐྱེད་ཡོད་པ་མ་རེད། ཡང་ང་འདྲ་བོ་དུང་སོ་སུམ་ཅུ་མདུང་གི་ལོག་བསྡད་ཡོད་པ། ལྕེ་ལེབ་དམར་པོ་གྲི་ཡི་ལོག་བསྡད་ཡོད་པ་འདི་འདྲ་རང་ཁ་རང་གིས་བདག་པོ་རྒྱག་མི་ཐུབ་ནི་ཡང་མང་པོ་ཡོད་པ་རེད། དེ་ལའང་ལུས་སྟེར་གྱི་ཕ་མ་སླེབས་ནའང་འདྲ། ཆོས་སྟེར་གྱི་བླ་མ་སླེབས་ནའང་འདྲ། བཅོས་ཐབས་མེད་པ་མ་ཟད་ཇེ་སྡུག་དང་ཇེ་ཐུ་རེད།
ད་ཁྱེད་ཚོར་ལྟད་མོ་ཅུང་ཟད་རེ་ཡོད་ན་དགའ་ནི་ཡིན་མ་གཏོགས་དེ་མིན་ས་བཤིག་གི་ཨ་བྲ་ཆུང་ཆུང་ཞིག་བསད་ན་རོ་ལ་ལྟ་ས་མེད། པགས་པ་ལ་ལྟ་ས་མེད་དེ་ཅི་བྱེད།
རྟག་པར་མིག་ཆུ་གཏོང་གི་གཏོང་གི་མྱི་གློའུ་རྐྱང་རྐྱང་གི་ཁ་གཏད་བཀྱག་ནས་འདུག་དགོས་པ་དེ་རང་རང་སོ་སོའི་ལས་འདྲ་ཞིག་ཡིན་པ་འདྲ།
ད་བར་དུ་དགེ་ཆོས་ཀྱི་ས་ཁྲའི་སྐོར་གླེང་ནས་བསྡད་པ་རེད། ད་ནི་གླེང་གཞི་གཞན་ཞིག་སྟེ། དགེ་ཆོས་དང་ཕ་བོང་ཁ་བ་གཉིས་ཀྱི་འབྲེལ་བའི་སྐོར་ཞིག་རག་ར་རིན་པོ་ཆེས་གསུངས་པ་ཀིརྟི་ཚང་གི་དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་དང་ཕ་བོང་ཁ་བའི་ལོ་རྒྱུས་གཉིས་སུ་སུ་གསལ་བ་དེ་འདིར་གླེང་གཞིར་འཇོག་གི་ཡིན།
ཞབས་བཏགས་མ་ལས། “དགེ་བཤེས་ཤེས་རབ་རྒྱ་མཚོ་དེ་དུས་སྐྱབས་རྗེ་ཕ་བོང་ཁ་བ་ལ་དགོངས་ཚོམས་ཀྱི་བཟོ་འདྲ་བོ་ཡོད་པ་འདྲ། བཀའ་ཆོས་ཤ་སྟག་གནང་གི་ཡོད་ཙང་། དཔེ་ཆ་བ་མང་པོ་ཞིག་དཔེ་ཆ་མ་བལྟས་པར་ལམ་རིམ་དང་དེ་འདྲ་ཞུ་བར་ཕྱིན་པ་རེད། དེས་དགེ་བཤེས་ཤེས་རབ་ལགས་དགོངས་པ་ཚོམས་ནས། ཀླུ་འབུམ་ཁང་ཚན་ནས་གྲྭ་པ་དེ་འདྲ་ཕར་ཕྱིན་ནས་ཚུར་ཡོང་བའི་སྐབས་ཏན་ཏན་རྟ་ལྕགས་བརྒྱ་ཙམ་གཞུས་ཡོང་ཟེར། དགེ་འདུན་ཆོས་འཕེལ་ལགས་ལ་དམིགས་བསལ་ཡིན་གསུངས་པ་རེད། གཞན་པ་ཚོ་ལ་ཏན་ཏན་ཆད་པ་རེ་འགེལ་གྱི་རེད། དགེ་ཕྲུག་མིན་གསུངས་པ་རེད། ཕ་བོང་ཁ་བ་ལ་ཐུགས་དད་ཆེན་པོ་ཞེ་དྲགས་རེད། ཕ་བོང་ཁར་ཕེབས་དུས་ཕ་བོང་ཁ་བས་སྟོད་འགག་གི་གོང་བ་ནས་མར་ཕྱག་བརྒྱུས་ནས། དཔེ་ཆ་བ་འདི་ཚོ་ལ་ཤིག་བརྒྱབ་ཡོད་འགྲོ་གསུངས་ནས་ཕྱག་གིས་འཕུར་འཕུར་གནང་གི་རེད་གསུངས།” ཞེས་དང་། ཕ་བོང་ཁའི་བླ་རྒན་དེའི་ལོ་རྒྱུས་ཁྱུང་ཕྲུག་བློ་བཟང་དར་རྒྱས་པས་དགེ་ཆོས་ཀྱི་ལོ་རྒྱུས་འོ་མའི་བསང་གཏོར་དུ་དྲངས་པ་ལས། “འདི་སྐབས་ཤིག་ལ་ཨ་མདོའི་དགེ་འདུན་ཆོས་འཕེལ་གྱིས་རྗེ་(ཕ་བོང་ཁ་)ཉིད་ཀྱི་སྣང་བརྙན་འཕྲུལ་པར་གྱི་དབྱིབས་མཚུངས་འབྱོན་གཙང་ཞིག་ལག་བྲིས་མར་བཞེངས་ཏེ། རྒྱབ་ཡིག་ཏུ། བྱམས་བརྩེའི་དཀྱིལ་འཁོར་རྣམ་རྫོགས་པ། །བསྟན་འཛིན་བདེ་འབྱུང་གཙུག་གི་རྒྱན། །འཕྲིན་ལས་སྣང་བས་གསེར་ལྡན་འཕྱོ། །ཞེས་བྱ་བ་གསར་རྩོམ་གྱིས་བསྟོད་བསྔགས་བགྱིས་འདུག ”
སྤྱིར་ན་ང་ཕ་བོང་ཁའི་བླ་རྒན་དེའི་མིང་གོ་ན་རྣམ་རྟོག་ཟ་གི་ཡོད། ཡིན་ན་ཡང་དགེ་ཆོས་དང་ཁོ་གཉིས་ལ་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་མདོག་ཁ་བོ་འདུག་པས། འདིར་ཐེངས་གཅིག་མ་བྲིས་ཐབས་མེད་བྱུང་སོང་།
འོ་ན་་་་དགེ་ཆོས་ཁོ་དོལ་རྒྱལ་བ་ཞིག་རེད་དམ།
ཡ་་་་ཕྱག་དམར་བ་ལགས། དགེ་ཆོས་ཀྱིས་ས་ཁྲ་བྲིས་བ་རེད་ཟེར་བ་ལན་གཅིག་མིན་པར་ཡང་་ཡང་བྲིས་ཡོད་པ་མཐོང་རྒྱུ་ཡོད། ད་དུང་ཀིརྟི་ཚང་གི་དགེ་འདུན་ཆོས་འཕེལ་གྱི་ཞབས་བཏགས་མའི་དཀར་ཆགས་ནང་་་དགེ་ཆོས་གྱི་ཕྱག་བསྟར་མའི་ས་ཁྲའི་སྐོར་གྱི་འདྲ་བཤུས་ཁག་ཟེར་བ་དེ་ཅི་རེད། ཡིན་ནའང་འདི་ནི་ས་ཁྲའི་རི་མོ་ཡིན་ས་རེད།
བློ་བཟང་ལ་གསར་འགྱུར་ཅིག་ཡོད། རྡོ་སྦིས་ཚང་གི་དགོན་བདག་རྒྱ་མཁན་ཆེན་གྱི་སྤྲུལ་སྐུའི་ལྷ་རམས་དགེ་བཤེས་མཛད་སྒོ་དེ་ཟླ་འདིའི་ལྷ་བབས་དུས་ཆེན་ཉིན་ལ་རེད་འདུག ག་ས་གང་ནས་སྐུ་མགྲོན་མང་པོ་ཕེབས་ཡོད་རབས་འདུག
རྒྱ་མཁན་ཆེན་ཡིན་ས་མ་རེད་རྒྱན་མཁན་ཆེན་ཟེར་བ་ཡིན་ས་རེད།
ས་ཁྲ་བྲིས་པ་ཞིབ་ཚགས་ཡིན་མིན་ཟེར་ན་མ་གཏོགས་དགེ་ཆོས་ཀྱིས་ས་ཁྲ་བྲིས་ཡོད་པ་གཏམ་རྒྱུད་ཐང་གི་ནང་དུ་རེ་གཉིས་འདུག་གཱ རྒྱ་གར་གྱི་གནས་ཡིག་མཚོན་པའི་ས་ཁྲ་ཞིག་རེད་འདུག་སྙམ་སོང་།
ག༷ཞོན་ནུ་ཟླ་མེད་ལགས་།་གསར་འགྱུར་དེ་དཔེ་མི་སྲིད་པའི་་སྙན་པོ་འདུག་།་དེ་ལ་དགའ་བ་སྒོམ་གིན་ཡོད།སྐུ་ཕྲེང་སྔོན་མ་ཡང་སྲིད་དོན་གྱི་ནང་ལ་མ་ཚུད་གོང་དེ་འདྲ་རེད་།་་ལྟོ་གོས་གཏམ་གསུམ་ལ་གྱོང་བཏང་།་་སློབ་གཉེར་ཡག་པོ་བྱས་།་ཤེར་རྒྱམ་ཞེས་བོད་ཁྱོན་ཡོངས་ལ་གྲགས་པ་དེ་བྱུང་བ་རེད་།་ཐ་ན་ཤོག་གྲུ་བཟོ་མཁན་དགེ་ཆོས་ཚུན་ཆད་སློབ་མ་རུ་འདུས་ནས་འཕྲིན་ལས་རྒྱ་ཆེན་པོ་སྤེལ་བ་དེ་བཞིན་རེད་།་ཡིན་ནའང་མི་ཚེ་མཐའ་མཇུག་ལ་སྲིད་དོན་ནང་ལ་ལྷུང་ནས་།་མི་གཞན་གྱིས་བེད་སྤྱོད་བཏང་།་རང་གི་ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་ཤིག་ཧ་མ་གོ་བ་བྱས་།་མཐའ་མཇུག་བཙོན་དུ་གཤེགས་ནས་།་ཐ་ན་རྡོ་སྤིས་མི་མང་གི་ལག་ཏུ་ཁོང་གི་གདུང་རུས་ཙམ་ཡང་ལག་ཏུ་མ་ཡོང་བ་དེ་རེད་།་་་རྡོ་སྤིས་མི་མང་གིས་ཁོང་གི་ཆབ་སྲིད་རྣམས་ཡང་དག་པོ་ཤིག་ཧ་གོན་མེད་ནའང་།་ང་བརྒྱད་ལོ་བོད་ཀྱི་བསྟན་སྲིད་ལ་ཇི་ལྟར་འབད་པ་བྱས་ཚུལ་།་རེ་གཉིས་ལོ་ལ་པེ་ཅིང་དུ་མི་རིགས་ཚོགས་འདུ་སྟེང་དུ་རྒྱའི་དཔོན་པོ་རྣམས་ལ་རྩོད་པ་ཇི་ལྟར་བརྒྱབ་ཚུལ་།་པན་ཆེན་རིན་པོ་ཆེས་་ཡིག་འབྲི་ཁྲི་བདུན་མ་འབྲི་སྐབས་སུ་རོགས་པ་ཇི་ལྟར་བྱས་ཚུལ།་་ཟ་མ་དཀའ་ངལ་ལོ་་ལ་རྡོ་སྤིས་མི་མང་ལ་ཟས་སྤྱིན་ཇི་ལྟར་ཕབ་ཚུལ་།་མཐར་རིག་གསར་གྱི་སྐབས་སུ་འཐའ་རྩོད་ཇི་ལྟར་བྱས་ཚུལ་།་་འཇིགས་པ་མེད་པར་ཨ་མྱེས་གུར་ནི་གསོན་པོ་ཡིན་ཚུལ་སོགས་ད་དུང་གསལ་ལྷང་ལྷང་གི་བཤད་གིན་འདུག་།་
་དོན་གྲུབ་བཀྲ་ཤིས་ལགས་།་་སྐད་ཆ་མང་པོ་མི་བཤད་།ངའི་སྔོན་མ་ཚང་མ་བཤད་ཡོད་།་དེ་ལས་ལྷག་པ་ཅིག་ང་ལ་བཤད་རྒྱུ་མེད་།་་མགོ་སྔ་ཚང་ལ་མ་ཚང་མ་ཞིག་མ་གཏོགས་བཤད་ཡོད་མེད་དེ་།་བློ་གཟུ་བོ་ཡོད་པ་སྐད་ཆ་དྲང་བོ་དག་གིས་བཤད་རྒྱུ་ཅིག་རེད་།་ངའི་དེ་ལ་རྩོད་པ་རྒྱག་གིན་མེད་།་་ཐོག་མ་ནས་།་ང་རང་གིས་བཏོན་པའི་་སྐད་ཆ་དེ་དག་ལ་ལན་ཤིག་རྒྱག་རྒྱུ་རེ་བ་བཏོན་པ་ཡིན་ཡང་།་རེ་བ་ཚིམ་པའི་ལན་ཞིག་རྒྱབ་མ་སོང་།་སྐད་ཆ་གླེང་མ་ཐག་ཏུ་ངའི་མགོ་ལ་སྟ་གྲི་ཤིག་རྒྱག་རྒྱུའི་རེ་བ་མ་གཏོགས་།་དོན་གནད་ལན་གཅིག་ཀྱང་རྒྱབ་མ་སོང་།་མཐའ་མཇུག་ངས་ཀྱང་རྩེད་མོའི་ཚུལ་དུ་སྐད་ཆ་མང་པོ་བཤད་པ་དེ་བཞིན་རེད་།་
རེད་ལགས་།་ཁྱེད་རང་སྤྱི་དང་སྒེར་གྱི་ལམ་ནས་་རྩོམ་འདི་ཡག་པོ་ཤིག་བྲིས་ཏེ་།་ཁ་བརྡ་ཐོག་བཏོན་ན་ཞེས་རེ་བ་བརྒྱབ་སོང་།་་ང་ལ་དེ་འདོན་རྒྱུའི་རེ་བ་མེད་།་ཡང་བསྐྱར་འདི་འདྲ་མང་པོ་ཤིག་འབྲི་བའི་ཆུ་ཚོད་མི་འདུག་ལ་།་འབྲི་འདོད་ཀྱང་མི་འདུག་།་་དེ་བས་ཁྱེད་དར་ལག་རྫོང་གི་གོན་ནམ་ཅུས་ཀྱི་བན་ཏེ་ཅུས་ཀྲང་་༼རྟོག་བཟོ༽་འདྲ་བ་ཤིག་བྱས་ནས་ང་ལ་”་འགོ་མཇུག་ཚང་བ་ཞིག་ཕྲིས་ཤོག་ལབ་ན། འགོ་སྔ་ཚང་ལ་མ་ཚང་ལ་ཞིག་མ་གཏོགས་བཤད་རྒྱུ་མི་འདུག”་ཅེས་གཤེ་གཤེ་གཏོང་གིན་འདུག་།་ང་ཆུང་དུས་ནས་དཔོན་པོའི་རིགས་མཐོང་ན་དངོས་གནས་སྐྲག་འགྲོ་བ་ཤིག་ཡིན་།་་དེ་བས་་ད་ལྟ་རང་་གི་”བསམ་བློ་ཁབ་ཀྱི་ཨི་ཁུང་འདྲ”་བ་དེའི་་ནང་དུ་བསྡད་ནས་།་རང་ལ་བབས་པའི་ལས་སྐལ་ཤིག་སྒྲུབ་ན་མ་གཏོགས་།་་འགོ་མཇོག་་ཚང་ལ་མ་ཚང་ལ་ཞིག་བཤད་ནས་ག་རེ་ཕན་ཕོག་གིན་་འདུག།་ང་དྲུག་ལོ་ནས་བཟུང་།་བོད་ས་ཡོངས་རྫོགས་ལ་་མི་ལ་མི་ལ་རིམ་པ་བྱས།་མིང་ལ་གྲལ་རིམ་ཞེས་བཏགས་ནས་།་ས་རྙོག་རྡོ་རྙོག་མང་པོ་བྱས་པ་རེད་།་ངའི་ཚང་ཡབ་མེས་ཚོ་ཡང་་གྲལ་རིམ་འཐབ་རྩོད་འོག་ནས་དཀའ་ངལ་་མྱོང་བའི་ཞིང་པ་འགའ་ཡིན་།་དེ་བས་་མི་ཤིག་གིས་ཐོག་མར་ཉིད་ནས་།་”་བློ་བཟང་ལྟ་བུའི་བོད་རིགས་ཤེས་ཡོན་ཅན་ཚོ་སྡེ་ཚན་བདུན་ལ་བགོ་བྱ་རྒྱག་གི་ཡིན།”་ཞེས་སྒམ་ཆུང་ཞིག་གི་ནང་བསྡུ་ཁུལ་བྱས་།་ངས་ཀྱང་དེ་ལ་བསམ་བློ་གཏོང་ཁུལ་བྱེད་ན་རྩ་བ་ནས་བདེ་བོ་ཤིག་མི་འདུག་།་ང་རང་གིས་བསམ་ན་།་ང་ཁྱེད་རང་གིས་བྲིས་བའི་སྒམ་ཆུང་ནང་གི་སྡེ་ཚན་གང་དུ་འང་མི་གཏོགས་།་ཅི་ཕྱིར་ཞེ་ན་་ངས་ང་རང་ཤེས་ཡོན་པ་ཞིག་ཡིན་བསམ་མ་མྱོང་།་་དཔེ་ཆ་རེ་བལྟས་སྐད་ཆ་དྲང་བོ་བཤད་ལྟོ་ཤིག་རེག་བསམ་པ་མ་གཏོགས་གཞན་ཅི་ཡང་མེད་།་གོང་དུ་མི་གཅིག་གིས་བཤད་སོང་།་མིང་དུ་གྲགས་མི་འདོད་མིང་ཅི་ཕྱིར་བཀོད་པ་ཡིན་ཞེས་བཤད་སོང་།་ངས་འདི་བཞིན་བསམ་པ་ཡིན་།་་རང་གི་མིང་བཀོད་ན་གཞན་གྱིས་ནོར་དོགས་མི་ཡོང་བ་དང་།་རང་གི་སྐད་ཆ་ལ་རང་གིས་འགན་ཁུར་རྒྱུའི་ཆེད་ཡིན་།་དེ་མིན་གཞན་ཅི་ཡང་མེད་།་་འཛམ་གླིང་རྒྱས་བཤད་སྐོར་གྱི་དོགས་སློང་དེ་།་ང་རང་གི་ཟིན་ཐོ་རེད་།་་རྗེས་ཀྱི་སྐད་ཆ་ཚང་མ་ཐད་ཀར་ཁྱེད་ཚོ་ལ་ལན་བཏབ་པ་དེ་རེད་།་ཡིག་ནོར་མང་པོ་ཡོད་པ་ཡང་ཧ་གོ་ཡོད་།་དེ་དག་ལ་བསྐྱར་ཞིབ་མ་བྱེད་པར་ཐད་ཀར་བཀོད་པ་དེ་ཡིན།་དེ་བས་མིང་དགོས་མིན་གྱི་སྐད་ཆ་དེ་འདི་ནས་མཚམས་མཇོག་གིན་ཡིན་།་
མགོན་པོ་ཕྱག་གཉིས་པ་ལགས་།་་ད་ཐེངས་ཁྱེད་རང་གི་ཡག་པོ་ཤིག་གསུང་སོང་བསམ་བཞིན་ཡོད་།་་”དེ་མིན་གླ་བྲག་ནང་དུ་བཞག གླ་རྩི་རྒྱ་ནང་དུ་གཏམ་ཟེར་བ་ལས་མི་འདུག གླ་བྲག་ནང་ན་ཡོད་མེད་ཀྱང་སུས་ཤེས།”་་སྐད་ཆ་ད་དངོས་གནས་རེད་།་་ངས་ཐོག་དང་པོ་ནས་སྐད་ཆ་དེ་བཤད་ཀིན་ཡོད་།་ཁྱེད་རང་གིས་གསལ་བོ་ཀློག་ཡོད་ན་།་་
༼༡༽་དགེ་ཆོས་ཚན་རིག་པ་དང་རིག་གསར་སྨྲ་བ་ཡ་མཚར་བ་ཤིག་་ཡིན་ཟེར་མཁན་།་
༼༢༽་དགེ་ཆོས་ས་ཁྲ་བཟོ་མཁན་ཡིན་ཟེར་བ་།་
༼༣༽་དགེ་ཆོས་ཉེས་མེད་ཡིན་ཟེར་བ་།
༼༤༽་དགེ་ཆོས་ཤོག་བུ་དང་གནམ་གྲུ་ལས་ཟེར་བ་།་
༼༥༽་དགེ་ཆོས་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་པོ་ཡིན་ཟེར་བ་།
༼༦༽དགེ་ཆོས་བའི་སྔོན་དུ་བོད་དུ་ཚན་རིག་དར་མེད་ཟེར་བ་དང་།་སའི་གོ་ལ་རིལ་རིལ་ཡིན་པ་ཧ་གོ་གིན་མེད་ཟེར་བ།་
༼༧༽་དགེ་ཆོས་དབྱིན་ཇི་དང་རྒྱ་ཡིག་ལ་ཧ་ལས་བའི་མཁས་ཆེན་པོ་ཡིན་ཟེར་བ་།་
༼༨༽་དགེ་ཆོས་ཀྱིས་མི་གཞན་གྱི་རྩོམ་རྐུ་རྒྱུ་མ་རེད་ཟེར་བ་།་
༼༩༽་དགེ་ཆོས་བོད་དུ་བྱོན་མ་མྱོང་བའི་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་ཟེར་བ་།་
༼༡༠༽་དགེ་ཆོས་ཀྱིས་འཛམ་གླིང་གི་སྲིད་དོན་དང་།་མ་འོངས་བ་མཁྱེན་ཟེར
འདི་ཐམས་ཅད་བོད་ཀྱི་གཅམ་བུ་དག་གིས་རང་བཟོ་བྱས་བ་ལས་།་དགེ་ཆོས་རང་གིས་སྐད་ཆ་འདྲ་ཡིན་ནམ་སྙམ་པ་དང་།་་གང་ལྟར་དུས་རབས་ཉི་ཤུ་བའི་ནང་དགེ་ཆོས་དང།་དོན་རྒྱལ་གཉིས་མཁས་བ་ཡ་མཚར་བ་ཅིག་ལ་བརྩིས་བ་ནི་།་བོད་ཀྱི་མཁས་བ་རྒྱུན་ཆད་པའི་མཚོན་རྟགས་དང་།་རྫུན་བཤད་པའི་དུས་རབས་ཤིག་ལ་སླེབས་པ་རེད་སྙམ་།་
ཡ་གྲོགས་པོ་ཚོ་།་ད་དེ་ཡིན་།་བར་སྐབས་ཀྱི་བདེ་མོ།་ཁ་དྲོ་བཀྲ་ཤིས་།་ཁྱེད་ཚོ་ལ་ཕོག་ཐུག་གཏོང་བ་རེད་ཡོ་སེམས་པ་སྙིང་ཐག་པ་ནས་དགོངས་དག་ཞུ་།་ལོ་བཅོ་ཉི་ཤུ་ཙམ་ལ་ཁ་མི་གྲགས་པར་བསྡད་པ་ཡིན་།་ད་ཡང་འདུག་མི་ཐུབ་པའི་རྒྱུ་མཚན་ག་ན་ཡོད་།་ད་ནས་མཚན་ཐོ་བཞག་ཚར་བ་ཡིན།་
ཕྱི་ལོ་༡༩༣༩ལོར་ཀ་ལི་ཀ་ཏ་ནས་པར་ཏུ་བཏབ་པའི་རྒྱ་གར་གནས་ཡིག་ལས་བཤུས་པའི་ས་ཁྲ་དེ་མཐོང་སོང་། དེ་ས་ཁྲ་རེད་མ་རེད། དེ་ནས་ད་ལྟ་རྒྱ་གར་ན་བཙོང་རྒྱུ་ཡོད་པའི་བོད་ཀྱི་ས་ཁྲ་དེ་ས་ཁྲ་རེད་དང་མ་རེད། བློ་བཟང་གིས་དེ་ཚོ་ས་ཁྲ་མ་རེད་ཟེར་གི་ཡོད་པ་རེད།
བློ་བཟང་ལགས།
ངེད་ཀྱི་ཀུ་རེའི་གཏམ་ཆུང་ཆུང་དེས་སྐུ་ཉིད་ལ་ཕོག་ཐུག་བཟོས་འདུག དེ་ལ་དགོངས་དག་ཞུ་འདོད་བྱུང་།
ཨ་མདོའི་སྐད་དུ། (སྤོ་མ་ལངས། )ལྷ་སའི་སྐད་དུ། (ཁོང་ཁྲོ་མ་ཟ་འ།) ཁམས་ཀྱི་སྐད་དུ། (ཧོ་ཁྲོ་ནས་ཅི་བྱེད།)
ཡ་ད་བདེ་མོ་བྱོས། འཛིན་གྲར་འགྲོ་གི་ཡིན།
བློ་བཟང་ཟེར་བ་དེ་དགེ་ཆོས་ལ་གཏད་ནས་མི་དགའ་བའི་རྒྱུ་མཚན་ཅི་ཡིན་ནམ། དགེ་ཆོས་ལ་མི་དགའ་མཁན་ཞིག་གི་སློབ་རྒྱུད་འདྲ་ཡིན་ནམ། རང་རེའི་བོད་ཀྱི་མཁས་དབང་ཞིག་ལ་སྡིག་རི་ངན་ཚད་བཤད་དགོས་དོན་ཅི་ཡིན་ནམ། བསམ་བློ་བཏང་གི་བཏང་གི་ཐེ་ཚོམ་ཟ་གི་ཡ།
དྲ་གྲོགས་ཚོ།
ངས་ད་བར་ཚང་མའི་མཆན་རྣམས་ལེགས་པར་ཀློག་ནས་གཤམ་གྱི་བསམ་ཚུལ་རྣམས་འབུལ་རྒྱུ་ལགས།
དགེ་ཆོས་ད་ལྟ་བཞུགས་ཡོད་ན། བོད་མི་རྣམས་ཀྱི་དེ་ཙམ་བདག་པོ་རྒྱག་མི་སྲིད། ཁོང་གི་ལྟ་བ་དང་ཤེས་བྱ་དེ་དག་དུས་རབས་བཅུ་དགུ་དང་ཉི་ཤུའི་ཡ་སྔོན་ན་གནད་འགག་ཞིག་ཡོད་རུང་ད་ལྟ་ངེད་ཚོ་ལ་དེ་ཙམ་མཁོ་མི་ཆོད།
རྒྱུ་མཚན་ནི། སྤྱི་ཚོགས་ཚན་རིག་ནས་འཕྲུལ་རྩལ་ཚན་རིག་ལ་སླེབས་པ་དང་། དེ་ཡང་ཆ་འཕྲིན་ཚན་རིག་དང་རྫས་འགྱུར་ཚན་རིག་གི་ད་ལྟ་མི་རྣམས་ལ་བཀོད་པ་གཏོང་བཞིན་ཡོད་ན། དགེ་ཆོས་ཀྱི་ཤིན་དུ་དོད་མའི་ཚན་རིག་ཐབས་ཤེས་དང་ལྟ་བ་དེ་ཚོ་ད་ལྟ་འདི་ཙམ་རིན་ཐང་མེད་འགྱུར།
རྒྱུ་མཚན་ནི། དཔང་པོ་དང་བདེན་པ་ནི་དངོས་ཡོད་དང་དངོས་པོས་རྩད་པ་ལས། རིགས་པ་དང་རྒྱུ་མཚན་གཅིག་པུས་ཕན་མི་ཐོག ལག་རྗེས་ཐུབ་པའི་དཔང་པོ་དགོས་ཀྱི་ཡོད། དེས་ན། DNA དང་དངོས་རྫས་ཤུལ་ལུས་ཀྱི་རྒྱུ་ཆའི་དཔང་པོ་དེ་ཚོས་ལོ་རྒྱུས་ཁུངས་འདེད་པ་ལས། བསམ་ཚུལ་དང་། རི་མོ་དང་གོམས་སྲོལ་གཅིག་པུས་ལོ་རྒྱུས་ལ་ཁུངས་ཁྱོལ་མི་ཐུབ། དགེ་ཆོས་ལགས་ཀྱི་རྒྱུ་མཚན་དང་རིགས་པ་རྣོ་པོ་ཡོད་རུང་དེ་དཔང་པོ་ག་ལ་ཡིན།
དེ་བཞིན་མ་འོངས་པ་ལ་ཁ་ཕྱོགས་པ་འདི་ད་ལྟའི་ཚན་རིག་གི་ཁྱད་ཆོས་གཙོ་བོ་ཡིན། དགེ་ཆོས་ལགས་ཀྱི་ཚན་རིག་དེ་འདས་པའི་ཐོག་ལ་ཤུགས་རྒྱབ་ནས་འདས་པའི་གནས་ཚུལ་གཞུང་དྲང་བྱེད་པར་གཙོ་བོ་ལས་མ་འོངས་པར་ཁ་ཕྱོགས་པའི་ནུས་པ་ཅུང་ཙམ་ཞན། དེས་ང་ཚོ་བོད་ཀྱི་མི་རིགས་གསོན་སྟོབས་དང་ཡར་རྒྱས་འགྲོ་བར་ཇི་ཙམ་ཕན་པ་ཡོད་མིན་ཤོད་དཀའ།
མཐའ་མ། དགེ་ཆོས་ལགས་ཀྱི་བོད་ཀྱི་སྔ་མ་རྣམས་ཀྱི་གཞུང་ལ་སྐྱོན་བརྗོད་བྱེད་སྟངས་འདི་ཚན་རིག་དང། གཞུང་ཆ་ཚང་བ་དང་ཁུངས་འཁྱོལ་བའི་གཞུང་ལུགས་དང་ཐབས་ཤེས་ཤིག་མ་རེད། དཔེར་ན། གལ་ཏེ་དགེ་ཆོས་ལགས་སྔོན་གྱི་མཁས་པ་ཞིག་ལ་དོན་དང་ལྡན་པའི་སྐྱོན་བརྗོད་བྱེད་དགོས་ན། དང་པོ་གླེང་གཞིའི་མཁས་དབང་དེའི་དགོངས་པ་མར་ལེགས་པར་བཀྲལ། དེའི་རྒྱབ་ལྗོངས་དང་འཆད་བྱའི་དོན་རྣམས་གསལ་པོར་སྟོན། དེ་ནས་དེའི་སྐྱོན་རྣམས་ཞིབ་པར་བརྗོད་ཤིང་། གཞུང་དང་ཁུངས་སོགས་ལ་གཏུགས་ནས། ཚད་གཞི་དང་ལྡན་པ། ཁུངས་ཡོད་པ། ལོག་འགྲེལ་མིན་པ། དཔྱད་གཞིའི་རྒྱུ་ཆ་ཡོད་པ། དངོས་མཐོང་གི་དཔང་པོ་ཡིན་པ་སོགས་ཀྱི་མཁས་པའི་འགྲོ་སྟངས་མང་པོ་ཞིག་ཡོད། དགེ་ཆོས་ལགས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་ནི། ལྡར་མ་དང་ཤེས་ཡོད་ཞན་པ། ལྐོག་རྡོ་དང་གྲི་གཡར་ནས་མི་གསོད་པ་ལྟ་བུའི་སྐྱོན་བཞུགས་འདུག དཔེར་ན། འདིའི་ནང་ཙོང་ཁ་བའི་གཞུང་ག་གི་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་གསལ་པོ་མེད། དེ་ནས་ཙོང་ཁ་བས་གསུངས་བའི་ཚིག་རྣམས་དྲང་པོ་བྱས་འདྲེན་མེད། དེ་བཞིན་ཙོང་ཁ་བའི་གསུངས་དེ་དག་གི་ཁུངས་གཏུགས་ས་ཀླུ་སྒྲུབ་དང་སངས་རྒྱས་སྐྱངས་སོགས་ཀྱི་གསུངས་ལ་དབྱེ་ཞིབ་བྱས་མེད། དེ་བཞིན་ཙོང་ཁ་བའི་གསུང་གི་གནད་འགག་ཏེ། བརྟག་དཔྱད་ཚད་མ་དང་རིགས་པ་བཞིའི་གཞི་ལ་བཅོལ་བའི་ཁུངས་སྐྱེལ་གྱི་ཡིག་ཆ་དེ་ཚོ་ལ་གཟིགས་མེད། དེར་བརྟེན་ཀླུ་སྒྲུབ་དགོངས་རྒྱན་ནི་བསམ་འཆར་དང་བསམ་ཚུལ་བརྗོད་པའི་རྩོམ་ཞིག་གི་རིན་ཐང་ལས། མཁས་པའི་དཔྱད་རྩོམ་ཞིག་གི་རིན་ཐང་མེད། རྒྱུ་མཚན་ནི་དགེ་ཆོས་ལགས་ཀྱིས་ཙོང་ཁ་བའི་གཞུང་དེ་ལ་དང་པོ་ཞིབ་འཇུག་གི་ནུས་པ་ཞན་པ། གཉིས་པ། དེ་ལ་བརྟེན་ནས་གཞུང་འདིའི་སྐྱོན་ལྟ་ཅི་གཞུང་གི་ནང་དོན་རྣམས་ཡག་པོ་མི་ཤེས་པ། གསུམ་པ། འདི་ལ་བརྟེན་ནས་གཞུང་འདི་ལ་མཛུགས་པའི་སྐྱོན་རྣམས་འབྲེལ་ཐོག་མེད་པར་གྱུར་བའི་སྐྱོན་འདུག
དཔེར་ན། ང་ཚོ་ཁ་བརྡ་ལ་ཕེབས་མཁན་རྣམས་ཀྱི་ཡང་ཡང་བསམ་ཚུལ་མ་ཤོད། དངོས་ཡོད་ཤོད་གསུངས་ཀྱི་འདུག དེས་ན་ཀླུ་སྒྲུབ་དགོངས་རྒྱན་དེ་ཡང་བསམ་ཚུལ་ལས་མ་འདས་པའི་སྐྱོན་ཆེ་ཤོས་དེ་ཡིན། དེ་ནི་ཚན་རིག་གི་ལུགས་དང་མི་མཐུན་པས་ད་ལྟ་ཡིན་ནའི་ནང་ཆོས་ཞིབ་འཇུག་པ་ཤོས་ཀླུ་སྒྲུབ་དགོངས་རྒྱན་ལ་འདི་ཙམ་ཆ་འཇོག་བྱེད་ཀྱི་མེད།
འོ་ན་དགེ་ཆོས་ལགས་ལ་ཡོན་ཏན་མེད་པ་རེད་དམ་ཟེར་ན་འདི་ཡང་མ་རེད། དགེ་ཆོས་ལགས་ཀྱི་སྐད་ཡིག་གི་ཡོན་ཏན་དང་། སྙན་ངག་གི་རྩལ། དེ་བཞིན་བུད་མེད་ལ་ཆགས་པ་བྱེད་སྟངས་བཅས་ལ་ནི་ངོ་མ་ཁོང་མཁས་པ་རེད་ལ་འདིས་འཇིག་རྟེན་འདིར་སྐྱེ་བོ་མང་པོ་ཕན་པ་སྒྲུབབས་པས་སོ།
ཁྱེད་ཀྱི་ལྟར་ན་ཇི་ལྟར་རེད།
ད་ཐེངས་བློ་བཟང་ལགས་ཀྱི་གོ་ནོར་འཐེབ་ཡོད་ས་རེད། ངས་བཤད་པ་ནི་རྡོ་རྦིས་དགོན་ཆེན་གྱི་དགོན་བདག་རྒྱན་མཁན་ཆེན་གྱི་སྤྲུལ་སྐུས་དགེ་བཤེས་ལྷ་རམས་པའི་མཛད་སྒོ་དེ་ཟླ་འདིའི་ལྷ་བབས་དུས་ཆེན་ཉིན་རེད་ཟེར་བ་ཡིན། དེ་རྡོ་རྦིས་དགེ་བཤེས་ཤེས་རབ་ཚང་གི་སྤྲུལ་སྐུ་མ་རེད། དེ་གཉིས་རྦད་དེ་ལོག་ཀ་རེད།། གཅིག་བྱས་ན་ཁྱེད་རང་རྡོ་སྦིས་ནས་ཡིན་ས་མ་རེད།
རྒྱན་མཁན་ཆེན་ནི་རྡོ་སྦིས་དགོན་པ་ཐོག་མར་ཕྱག་འདེབས་མཛད་པ་པོ་རེད། རྡོ་སྦིས་དགེ་བཤེས་ཤེས་རབ་ཚང་ནི་སྐུ་ཐོག་དེ་ག་རང་ལ་མཁས་པའི་གོ་འཕངས་ཐོབ་པ་ཅིག་མ་གཏོགས་སྤྲུལ་སྐུ་དེ་འདྲར་ཐུག་ཐག་བཅད་མེད་པ་རེད། ཡིན་ན་ཡང་དེང་སང་རྒྱ་གར་ནས་ཐུག་ཐག་བཅད་དེ་འབྲས་སྤུངས་སུ་ཆོས་སྒོར་ཞུགས་པ་དེ་འདྲ་རེད། དེ་བས་ན་དེ་གཉིས་རྦད་དེ་ལོག་ཀ་རེད།
བློ་བཟང་ལགས་ཀྱིས་དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་སུ་བཞུགས་པའི་འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ལགས་ཀྱི་གསུང་རྩོམ་མིན་པར་གསུང་བ་དེ་བདེན་པ་རེད།་་་་༢༠༠༣་་ལོར་ལ་རྩེ་དཔེ་མཛོད་ཁང་ནས་དགེ་ཆོས་འཁྲུངས་ནས་ལོ་བརྒྱའི་རྗེས་དྲན་གྱི་ཚོགས་འདུ་ཚོགས་སྐབས།་་་དགེ་ཆོས་ཀྱི་ཕ་གཞིས་ཀྱི་བདག་པོ་གཡུང་དྲུང་རྒྱལ་ལགས་ནས་གཡར་པོ་གནང་བ་ལྟར།་་་དགེ་ཆོས་ལགས་ཀྱི་ལྗགས་རྩོམ་ཕྱག་བྲིས་མ་དཔེ་སྐྲུན་བྱས་པ་དང་།་་་སྐུ་ཆས་མང་པོ་ཞིག་འགྲེམས་སྟོན་བྱས་པ་རེད།་་་ལྗགས་རྩོམ་གྱི་ཁྲོད་ན་གོང་དུ་བློ་བཟང་ལགས་ནས་གསུང་བའི་འཛམ་གླིང་རྒྱས་བཤད་དེ་ཡང་དཔར་མ་ཞིག་འདུག་པ་ང་ཚོས་ཀྱང་དགེ་ཆོས་ཀྱི་གསུང་རྩོམ་ཡིན་ཤག་གིས་བཤམས་སྟོན་བྱས་པ་ཡིན།་་་སྟབས་ཡག་པ་ལ།་་་ཚོགས་འདུ་མ་ཚོགས་པའི་ཉིན་གཅིག་གི་སྔོན་ལ་རྡ་རམ་ས་ལའི་ཨ་མྱེས་རྨ་ཆེན་ཚང་གི་བཀྲ་ཤིས་ཚེ་རིང་ལགས་དང་དཔེ་མཛོད་ཁང་གི་བློ་བཟང་ཤསྟྲི་གཉིས་ཕེབས་ནས་ང་ཚོའི་བཤམས་སྟོན་གྱི་གྲ་སྒྲིག་ལ་གཟིགས་སྐོར་ཞིག་གནང་བའི་སྐབས་འཛམ་གླིང་རྒྱས་བཤད་དེ་དགེ་ཆོས་ཀྱི་གསུང་རྩོམ་མ་རེད་ཟེར།་་་དེ་ནས་མར་བླངས་ནས་དཔེ་ཆ་དེའི་མགོ་རྔ་ལ་ཞིབ་ལྟ་བྱས་སྐབས་དེ་ནི་དགེ་ཆོས་ཀྱི་བརྩམས་ཆོས་ཡིན་རྟགས་ཅི་ཡང་མ་རྙེད།་་་རྒྱ་གར་གྱི་ཆོས་ཚོགས་ཤིག་གིས་པར་བརྒྱབ་པ་ཞིག་རེད།་་་ད་ལྟ་ངས་པར་རྒྱག་མཁན་གྱི་མིང་དེ་བརྗེད་འདུག་་་གཅིག་བྱས་ན་དགེ་ཆོས་ལགས་ཀྱི་ཕྱག་དཔེ་ཞིག་ཡིན་པ་ཁོང་གི་ལྗགས་རྩོམ་དུ་འཁྲུལ་གྱི་ཡོད་པ་འདྲ།་་་མགོ་ལོག་གི་བླ་མ་ཞིག་གིས་སྦྱིན་བདག་བྱས་ཤིང་རྡོ་རྗེ་རྒྱལ་གྱིས་ཕྱོགས་བསྒྲིགས་བྱས་པའི་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་ཟེར་བའི་དཔེ་དེབ་ཅིག་གི་ནང་དུ་ཡང་འཛམ་གླིང་རྒྱས་བཤད་དེ་ཕལ་ཆེར་བཀོད་ཡོད།་་་ཧོར་ཁང་བྱམས་པ་བསྟན་དར་གྱིས་དེ་གཟིགས་ནས་དེ་ནི་དགེ་ཆོས་ཀྱི་གསུང་མིན་ཚུལ་གྱི་རྩོམ་ཞིག་བྲིས་ཡོད་པ་ངས་མཐོང་སོང་ཡང་གང་ནས་མཐོང་བ་བརྗེད་འདུག
ཐུགས་རྗེ་ཆེ་པད་མ་ལགས། ད་ངོ་མ་གནས་ཚུལ་གཅིག་གསལ་པོར་འགྱུར།
ཚངས་དབྱངས་ལགས་ཀྱིས་གསུངས་པ་དེའི་ནང་ནས་དོགས་པ་གཅིག་ཡོད་པ་ནི། མཐའ་མ་དེ་རེད། དགེ་ཆོས་བུད་མེད་ལ་ཆགས་པ་སྤྱོད་སྟངས་ལ་མཁས་པ་འེ་ཡིན་ན། ཁོང་ལ་བུད་མེད་རྒན་འགོ་དང་། བདག་མེད། བཙོན་ཁང་ན་ཡོད་པ་དེ་འདྲ་གཅིག་གཉིས་ཅིག་ལ་གཡབ་རྒྱུ་རེག་པ་ལས། བུད་མེད་མཛེས་མ། མཛངས་མ། ལོ་ཆུང་དེ་འདྲ་ལ་གཡབ་རྒྱུ་རེག་ཡོད་ས་མ་རེད།
དེ་མིན་ཀླུ་སྒྲུབ་དགོངས་རྒྱན་ནི་ལམ་རིམ་ཆེན་མོའི་ནང་གི་དགག་བྱ་ཁྱབ་ཆེ་བའི་ཕྱོགས་དགག་པ་ཟེར་བའི་ཕྱོགས་སྔའི་འདོད་པ་ལ་ཚིག་གི་ལྷན་པ་མང་ཙམ་བརྒྱབ་པ་རེད། ཀླུ་སྒྲུབ་དགོངས་རྒྱན་ཧྲིལ་བོ་ན་ལུང་གཉིས་མ་གཏོགས་མེད། དེ་ཡང་ལམ་རིམ་ཆེན་མོ་ནང་གི་ཕྱོགས་སྔའི་འདོད་པའི་སྐབས་ཀྱི་ལུང་དེ་གཉིས་རེད།
ཐ་སྙད་ཚད་གྲུབ་འདི་བཀག་ན་ཚན་རིག་ལ་འགྲིག་གི་ཡོད་པ་རེད་དམ་མ་རེད། འདི་དྲི་བ་གཅིག་རེད། རྒྱུ་མཚན་གང་ཡིན་ཟེར་ན་ཀླུ་སྒྲུབ་དགོངས་རྒྱན་རྩོམ་པ་པོ་ཉིད་ཚན་རིག་ལ་མཁས་པ་རེད་ཟེར་ནས་སྒྲོག་གི་ཡོད་པ་རེད་པ།
དགེ་ཆོས་ལགས་ཀྱིས།
་་་་ངས་བོད་ན་བུ་སྟོན་དང་། རྗེ་ཙོང་ཁ་པ་ལྟ་བུའི་དགེ་སློང་ཡང་སྔགས་ལ་མོས་སྨྲས་པས་རྣ་བར་མ་སོང་བ་བྱེད་ཀྱིན་འདུག དགེ་སློང་ཞིག་མི་ལ་རས་པའི་ལོ་རྒྱུས་ཐོས་ནས་ཁོ་དགེ་བསྙེན་བཟང་པོ་ཞིག་ཡིན་འདུག་སྙམ་ནས་མོས་པ་དགའ་རབ་འདུག་པ་ལ། ངས་ཁོ་ཡང་སྔགས་པ་ཡིན་སྨྲས་པས་གཏམ་གྱི་འཕྲོ་ཡང་མི་མཉན་པར་ལངས་ཏེ་སོང་། ་་་་་
ཡང་།
་་་་འོན་ཀྱང་ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁྲུ་འཕྲིག་ཟ། མི་རྐང་གླིང་བུ་ཅན་རྣམས་ནི་གང་ལ་ཡང་ཐོག་རྫིས་ཆེ། ་་་་བཙུན་ནས་་་་་ངེས་བར། ཞེས་བྱ་བ་ནི་ཁ་བརྡ་ཚར་བའི་འཇུག་ཏུ་གླུ་ཞིག་་་་་་་་་་་་་་་་་
རཀ་ར་རིན་པོ་ཆེས། དགེ་ཆོས་སྐོར་ལ།
བུ་མོ་དེ་བཙོན་ཁང་ནང་ནས་མཇལ་བ་རེད། རྗེས་མ་ག་རེ་བྱས་ཡོད་མེད་ཏན་ཏན་ཞུ་ཡ་མེད། བུ་མོ་གཅིག་མ་མཏོགས་ཡོད་པ་མ་རེད། ཁོང་གིས་འདོད་པའི་བསྟན་བཅོས་ཉམས་བཞེས་གནང་བའི་སྐབས་ལ་ག་རེ་གནང་ཡོད་མེད་མི་ཤེས། ཁོང་ལྕམ་རང་བྱས་ནས་མིག་གིས་མཐོང་ཡ་ཡོད་པ་དེ་གཅིག་རང་རེད། མི་ཚང་ཡག་པོ་ཞིག་གི་བུ་མོ་རེད་ཟེར་སྐྱོན་མི་འདུག