༄།ཉེ་ཆར་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་ཏུ་བལ་ཡུལ་མའོ་དམར་ཤོག་ཚོགས་པས་༸གོང་ས་མཆོག་གིས་བལ་ཡུལ་གྱི་ཡུལ་མི་ན་གཞོན་མང་པོ་ཞིག་བཙན་བྱོལ་ནང་གི་དགོན་སྡེ་ཁག་གི་ནང་དུ་བཅུགས་ནས་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་གཏོང་གི་ཡོད་ཚུལ་གྱི་སྐྱོན་འཛུགས་བྱས་ཡོད་ཚུལ་གྱི་གནས་ཚུལ་ཞིག་བཀོད་པ་དང༌།བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པསགནས་ཚུལ་དེ་ནི་གཞི་རྩ་གཏན་ནས་མེད་པའི་སྐྱོན་འཛུགས་ཤིག་རེད་ཅེས་ལན་འདེབས་བྱས།གནས་ཚུལ་དེ་ཐོས་མ་ཐག་ཕྲན་གྱི་བསམ་ངོར་རང་ཉིད་ཀྱི་མཐོང་ཐོས་ཀྱི་གནས་ཚུལ་མང་པོ་ཞིག་ཝ་ལེར་ཤར་བྱུང་།དོན་ངོ་མར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་གྲྭ་བའི་གྲངས་འབོར་ལས་སྤུས་ཀ་གལ་ཆེན་དུ་གཟིགས་མཁན་ཞིག་ཡིན་ལ།མི་གཞན་གྱི་བསམ་བློ་བཅོས་བསྒྱུར་བྱེད་པའི་ལས་རིགས་ལ་གཏན་ནས་མི་དགྱེས་པ་ཞིག་ཡིན་པས་ཁོང་ལ་སྐྱོན་འཛུགས་འདི་འདྲ་བྱས་པ་ནི་དངོས་གནས་གཞི་རྩ་མེད་པ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད་མོད།སྦྱིན་བདག་གི་མདུན་སར་གྲྭ་གྲངས་སྟོན་པའི་ཆེད་དང༌།རང་ཉིད་ཀྱི་དགོན་སྡེ་དང་ཁོར་ཚོགས་དེ་ཕྱི་ཚུལ་གྱི་རྫིག་ཉམས་དང་གྲངས་འབོར་ཙམ་གྱི་ངོམས་སྟོན་ལ་རེ་བའི་བོད་ཀྱི་དགོན་སྡེ་འགའ་ཞིག་དང་བླ་སྤྲུལ་རེ་ཟུང་གིས་རྒྱ་བལ་མཐའ་མཚམས་ཀྱི་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་བསྡུ་ལེན་བྱེད་ཀྱི་ཡོད་པ་དེ་ཡང་དངོས་ཡོད་གནས་ཚུལ་ཞིག་རེད།
ངས་ལོ་ཤས་སྔོན་དེང་སང་དགོན་སྡེ་འགའ་ཞིག་གི་བལ་ཕྲུག་དང་མོན་ཕྲུག་བཅུ་སྐོར་བཅུ་སྐོར་བྱས་ནས་སོ་སོའི་དགོན་སྡེ་ཁག་ཏུ་འཇུག་གི་ཡོད་ཚུལ་དེ་འབྲོག་ཁུལ་གྱི་ལུག་ཁྱུ་ཉོ་སྟངས་དང་འདྲ་བོ་འདུག་ཅེས་རྩེད་མཚར་དང་སྦྲགས་པའི་ལབ་གླེང་བྱེད་མྱོང་ལ།བལ་ཕྲུག་དེ་དག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་ཡང་དག་ཅིག་བྱེད་ཐུབ་རྒྱུ་ལྟ་ཞོག་ཁོང་ཚོའི་ཡུལ་གོམས་གཤིས་ལུགས་ཀྱི་དབང་གིས་དགོན་སྡེ་ཁག་གི་སྤྱིར་བཏང་སྒྲིག་སྲོལ་ལ་ཡང་གནས་མ་ཐུབ་པའི་དབང་གིས་ངན་སྤྱོད་མང་པོ་ཞིག་ཐོན་བཞིན་འདུག་ཅེས་དེ་དག་ཡོད་སའི་དགེ་འདུན་པ་མང་པོ་ཞིག་གིས་མཐུན་སྣང་གིས་གླེང་བཞིན་འདུག་པ་དངོས་སུ་ཐོས་མྱོང༌།ད་དུང་འགའ་ཞིག་གིས་ང་ཚོར་སྐྱབས་བཅོལ་གྱི་གནས་བབ་འདི་འདྲའི་འོག་ནས་རང་རིགས་ཀྱི་གྲྭ་གཞོན་ཚོར་སློབ་གཉེར་དང་འཚོ་བའི་མཐུན་རྐྱེན་འདེང་ངེས་སྤྲོད་དཀའ་བའི་དེང་གི་དུས་སྐབས་སུ་དེ་དག་བོད་ཀྱི་དགོན་སྡེ་ཁག་ཏུ་གསོ་སྐྱོང་བྱེད་ཁུལ་བྱེད་པ་དེ་ཧ་ཅང་མི་འོས་པ་ཞིག་རེད་ཅེས་གླེང་སློང་བྱེད་མཁན་མང་པོ་འདུག་མོད།ད་ལྟའི་བར་གནས་ཚུལ་དེ་སྤྱི་ཚོགས་དང་མི་སྒེར་གྱི་ལྐོག་ལབ་ཅིག་གི་ངོ་བོ་ནས་ཕྱིར་འདོན་བྱེད་ཐུབ་མཁན་བྱུང་མ་སོང་།དེང་སྐབས་བོད་ནས་གསར་འབྱོར་བ་ཉུང་དུ་འགྲོ་བཞིན་པ་དང༌བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་སློབ་གྲྭ་ཁག་ལ་འཛུལ་ཞུགས་བྱེད་ཚད་སྔར་ལས་ཇེ་མང་ལ་འགྲོ་བའི་སྐབས་སུ་སློབ་གསོའི་ལམ་ལུགས་དང་སློབ་གཉེར་གྱི་མཐུན་རྐྱེན་ལེགས་པོ་མེད་པའི་དགོན་སྡེ་ཁག་ཏུ་གྲྭ་གྲངས་ཇེ་ཉུང་ལ་འགྲོ་བའི་སྐབས་སུ་དགོན་སྡེ་དང་བླ་སྤྲུལ་དེ་དག་གི་འཕྲིན་ལས་ཀྱི་ཁ་ལོ་བ་འཇོན་པོ་དག་གིས་བལ་ཕྲུག་ནག་རུལ་དག་ལོ་རེ་ནས་ལོ་རེ་བཞིན་སོ་སོའི་དགོན་སྡེ་ཁག་ཏུ་ལེན་བཞིན་ཡོད་ལ།དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་རྡ་སའི་རི་འདབས་ཀྱི་དགོན་སྡེ་ཁག་གི་གྲྭ་གཞོན་ནག་རིལ་དེ་དག་གི་འབྱུང་ཁུངས་ལ་བསྐྱར་ཞིབ་ཐེངས་གཅིག་བྱས་ན་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན།ངས་འདི་ནས་སླར་ཡང་ནན་ཏན་གྱིས་གསལ་བཤད་བྱེད་རྒྱུ་ཞིག་ལ་བལ་ཡུལ་མའོ་དམར་ཤོག་ཚོགས་པས་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱས་པ་དེ་ནི་གཞི་རྩ་གཏན་ནས་མེད་པ་ཞིག་ཡིན་པ་མ་ཟད་དེ་ནི་རྩ་བའི་ཆ་ནས་ཁོང་གི་དགོངས་གཞི་དང་མཛད་ཐབས་དང་ལྡོག་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པ་དང༌།བཙན་བྱོལ་བོད་གཞུང་གིས་ལན་འདེབས་དེ་ཡང་ཡངདག་པ་ཡིན་ནའང༌།རང་རེའི་སྤྱི་ཚོགས་སུ་གནད་དོན་འདི་འབྲེལ་གྱི་གནས་ཚུལ་ཡོད་པ་སྦས་སྐོང་བྱེད་མི་ཐུབ་ལ།བསྟན་སྲིད་གང་ལ་ཡང་མི་ཕན་པའི་བྱ་སྤྱོད་དེ་དག་གིས་ཐ་ན་༸གོང་ས་མཆོག་ལའང་མཚན་དམས་དང་སྐྱོན་འཛུགས་ཀྱི་རྒྱུ་རུ་འགྱུར་བཞིན་པའི་དངོས་ཡོད་ཀྱི་གནས་ལུགས་འདི་རྟོགས་པར་བྱས་ནས་རང་ཉིད་ཀྱི་ངོ་བོ་དག་བཅོས་བྱེད་རན་ལ་ཐུག་པ་མ་རེད་དམ་ཅེས་པའི་དྲན་སྐུལ་དུ་བྲིས་པའོ།
བལ་ཕྲུག་འདི་ཚོ་གསོས་གསོས་པའི་མཐའ་མར་རང་མགོ་ཐོན་དུས་སོ་སོའི་ནང་ལ་ལོག་འགྲོ་གི་འདུག བལ་ཡུལ་དུ་གནས་སྟངས་འདི་ཤིན་ཏུ་ཚབས་ཆེ། བལ་བོའི་ཕ་མ་ཉམ་ཐག་གིས་སོ་སོའི་ཕྲུ་གུ་གསོ་མ་ཐུབ་པར་བོད་པའི་དགོན་པ་ཁག་ལ་བསྐྱལ། བོད་པའི་བླ་གཉེར་སྐོར་ཞིག་གིས་བལ་ཕྲུག་ཚོའི་ཁ་རྒྱབ་གསོ་ཕྱིར་ཕྱི་རྒྱལ་དུ་བརྒྱུགས་ནས་ངོ་ཚ་རྒྱབ་ལ་དབྱུགས་ཏེ་སྦྱིན་བདག་ཚོར་སློང་མོ་རྒྱག་གི་ཡོད་པ་རེད། འདི་ལ་ཉམ་ཐག་ཚོར་སྦྱིན་པ་བཏང་བའི་དགེ་རྩ་རེ་ཡོད་སྲིད། དེ་མིན་ནང་བསྟན་འཕེལ་རྒྱས་ཀྱི་ཕྱོགས་སུ་དགའ་འོས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་སྟོན་རྒྱུ་མེད།
བལ་ཕྲུག་འདི་ཚོའི་མང་པོ་ཞིག་བོད་པའི་དགོན་པར་ཐོག་མར་བསླེབས་དུས་སྟོན་པས་གྲྭ་ཕྲུག་གི་ཆུང་མཐར་གསུངས་པའི་གཙུག་ལག་ཁང་གི་བྱ་རོག་དཀྲོགས་ཐུབ་རྒྱུ་ཕར་ཟད། ལོ་ན་ཆུང་དྲགས་ནས་སོ་སོའི་གཅིན་སྐྱག་ཀྱང་ཡག་པོ་ཞིག་གཏོང་ཤེས་ཀྱི་མི་འདུག དུས་དེ་ནས་བཟུང་སྟེ་ལོ་ན་བཅུ་དགུ་ཉི་ཤུ་ལ་མ་བསླེབས་བར་དུ་བོད་པའི་དགོན་པ་ནས་ཚད་ལྡན་ཡིན་མིན་ལ་མ་ལྟོས་པར་ལྟོ་གོས་དང་སློབ་སྦྱོང་གང་འཚམ་རེ་རག་རྗེས། འོ་ད་ང་གྲྭ་པ་བྱེད་ཀྱི་མིན་ཟེར་ནས་ལོག་འགྲོ་གི་འདུག
ས་མཚམས་ཀྱི་ཕྲུ་གུ་དགོན་པར་བསྡུ་རྒྱུ་དེ་སྔོན་མ་ཡིན་ན་སེ་འབྲས་སོགས་སུ་དེ་ཙམ་མི་མང་མོད་ད་ཡིན་ན་སེ་ར་ལ་ཧ་ཅང་མང་པོ་ཞིག་བསྡུས་འདུག དེང་སྐབས་བོད་ཀྱི་བླ་མ་ཚོས་རྒྱ་བལ་འབྲས་འབྲུག་གི་ནང་ལ་རྐང་པ་བརྟན་པོར་འཛུགས་རྒྱུ་དེ་གལ་ཆེན་པོར་ལྟ་བཞིན་འདུག ང་འདིའི་སྐོར་ལ་ཆེད་ལས་ལསྦ་སྦྱོང་པ་ཞིག་མིན་ན་ཡང་ཆེད་མངགས་ལྟ་ཞིབ་བྱེད་མྱོང་མཁན་ཞིག་ཡིན། ཁྱེད་ཚོར་དྲི་བ་ཡོད་ན་དྲིས་ཤོག་དང་ངས་རེ་རེ་བཞིན་གསལ་བཤད་བྱེད་ཆོག འདི་ནི་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཕྱོགས་མང་པོའི་འབྲེལ་བ་ཞིག་བ་ཞིག་ཡིན་སྟབས་ལན་ཐུང་ངུས་ལན་འདེབས་མི་ཐུབ། བལ་ཡུལ་མའོ་ཚོགས་པས་ཏཱ་ལའི་བླ་མར་སྐྱོན་བརྗོད་འདི་བལ་ཕྲུག་བོད་དགོན་ལ་ཉར་བ་དེར་འབྲེལ་བ་ཞིག་མེད་པ་འདྲ། བལ་ཡུལ་མའོ་ཚོགས་ཀྱིས་བསྙོན་འཛུགས་དེ་གཙོ་བོ་བལ་ཡུལ་དུ་ཡུལ་གྱར་བོད་གཞུང་གིས་གཉེར་བའི་སློབ་གྲྭ་ཁ་ཤས་ཤིག་ཡོད་པ་དེར་བལ་ཕྲུག་སྐོར་ཞིག་ཉར་ཡོད་པ་དེར་བཤད་པ་ཡིན་རྒྱུ་རེད།
སྤོབས་པ་མཐའ་ཡས་ལ་དོན་དམ་པའི་སྤོབས་པ་ཡོད་ན་འདི་དག་སྤོབས་པ་ཆེན་པོས་བཤད་དགོས་པ་མ་རེད་དམ།
འདི་ཚོད་ལྟ་ཡིན་
ལོ་ཤས་སྔོན་བལ་ཡུལ་བོད་ཀྱི་སློབ་གྲྭ་ཁག་ཏུ་ཡུལ་གྱར་སྲིད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་སློབ་དེབ་ཆབ་སྲིད་ཀྱི་རྩོད་རྙོག་ཡོད་པ་དེ་བེད་སྤྱོད་བཏང་ན་འགྲིག་གི་མ་རེད་ཟེར་ནས་སློབ་དེབ་གསར་པ་ཞིག་བཟོ་དགོས་བྱུང་ཡོད་པ་རེད། བལ་ཕྲུག་བོད་སློབ་ཏུ་བསྡུ་བ་འདི་ཡུལ་གྱར་སྲིད་གཞུང་གཅིག་པོའི་སྲིད་བྱུས་ཤིག་ཡིན་རྒྱུ་མ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གློ་བོ་དང་ཤར་པ་སྙེ་ཤང་བ་སོགས་གྲངས་ཉུང་མི་རིགས་མང་པོ་ཞིག་གི་ཕ་མས་རང་གི་ཕྲུ་གུ་ལ་བོད་ཡིག་བོད་སྐད་ཀྱི་ཤེས་ཡོན་ཚད་ལྡན་ཞིག་འཐོབ་པའི་ཆེད་དུ་ཕྲུ་གུ་དག་བོད་སློབ་ཏུ་འཇུག་གིན་ཡོད་པ་རེད་ལ། དེ་ལ་བརྟེན་ནས་ཕྲུ་གུ་དེ་དག་གིས་ལོ་རྒྱུས་སྟེང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་འདི་དག་བལ་ཁོངས་མ་ཡིན་པར་བོད་ཁོངས་ཡིན་པའི་ངེས་ཤེས་རྙེད་ཡོང་གི་ཡོད་དུས། བལ་གཞུང་དང་ཁྱད་པར་དམར་ཤོག་པ་ཚོས་གྲངས་ཉུང་མི་རིགས་འདི་དག་གིས་ནམ་ཞིག་རང་སྲིད་རང་སྐྱོང་ལྟ་བུའི་ཆབ་སྲིད་ཀྱི་དགོས་འདུན་འདོན་ཡོང་གི་རེད་བསམས་ནས་མེ་སྟག་ཆུང་ས་ནས་གསོད་རྩིས་བྱེད་བཞིན་པ་རེད། ང་རང་བལ་ཡུལ་དུ་ལོ་མང་བསྡད་པའི་ཉམས་མྱོང་ལ་གཞིགས་ན་བལ་ཡུལ་གྱི་གྲངས་ཉུང་མི་རིགས་འདི་ཚོའི་གྲས་ཀྱི་རིག་པ་ཅུང་གསལ་བོ་ཡོད་མཁན་དག་ནི་ཧིན་དྷུའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་ཇི་ལྟར་མཐོང་ཆུང་དམའ་འབེབ་དང་ཐུབ་ཚོད་བཏང་ནས་གཏོང་བཞིན་པའི་ཚུལ་ལ་སྙིང་ནས་ཁོང་ཁྲོའི་མེ་ལཅེ་འབར་བཞིན་པ་དེ་ལྟར་ཡང་ཁ་ནས་ཚིག་ངན་གྱི་དུ་བ་འཕྱུར་མ་ནུས་པར་བསྡད་འདུག དཔེར་ན་ལོ་ཤས་སྔོན་བལ་རྒྱལ་ནང་མི་འཁོར་བཅས་དམར་གསོད་བཏང་བའི་སྐབས། ངའོ་ངོ་ཤེས་ཤར་བའི་མཁས་དབང་གྲགས་ཅན་ཞིག་ཡོད་པ་དེས། ཏག་ཏག་རེད། དགྲ་བོ་དེ་དག་མི་རབས་བདུན་བརྒྱུད་ཚུན་ཆད་རྩ་མེད་བཟོ་དགོས་པ་རེད་ཟེར་བ་འདི་གཅིག་པོས་ཀྱང་མི་རིགས་ཤིག་གི་རེ་འདུན་མཚོན་གྱིན་འདུག་ལ། ངས་རྒྱུ་མཚན་དྲིས་དུས་ཁོང་གིས་བལ་རྒྱལ་རིམ་བྱུང་གིས་ཇི་ལྟར་གྲངས་ཉུང་མི་རིགས་ལ་ཐུབ་ཚོད་བཏང་བ་ངོ་སྤྲོད་བྱེད་ཡོང་གི་འདུག
ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན། བལ་ཡུལ་ནི་ལོ་རྒྱུས་སྟེང་ཧིན་དྷུའི་ཆོས་ལུགས་ཀྱི་རྒྱལ་ཁབ་གྲགས་ཅན་ཞིག་ཡིན་པ་དང་། བོད་ལ་དུས་འགྱུར་བྱུང་ནས་བཟུང་སྟེ་བོད་པའི་བླ་གྲྭ་མང་པོས་བལ་ཡུལ་དུ་དགོན་པ་བརྒྱབ་སྟེ་ད་ཆ་སྔོན་ཆད་ལྷ་ཁང་ཆུང་ཆུང་རེ་ལས་མེད་པའི་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་གཉིས་སུ་བོད་པའི་དགོན་པ་བཞི་བཅུ་ལྷག་ཅིག་གི་གསེར་ཟངས་ཀྱི་རྒྱ་ཕིབས་དག་གིས་ཕན་ཚུན་གྱི་འོད་སྣང་འགྲན་བཞིན་ཡོད་ལ། སྔོན་ཆད་བོད་པའི་དགོན་པ་གཅིག་ཀྱང་མེད་སའི་ཡང་ལེ་ཤོད་ལྟ་བུར་ཡང་བོད་པའི་དགོན་པ་བཅུ་ཕྲག་ཡོད་པའི་ནང་གི་གྲྭ་བཙུན་གྱི་བརྒྱ་ཆའི་དགུ་བཅུ་ཡན་ཆད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡིན་པས། མི་རིགས་འདི་ཚོས་ཁོ་ཚོའི་ཕ་མེས་དག་གིས་རྩ་བ་ནས་མྱངས་མ་མྱོང་བའི་བོད་པའི་ཆོས་དང་རིག་གཞུང་གི་བྲོ་བ་ངོ་མ་དེ་མྱོང་བཞིན་ཡོད་པས། དེ་ལ་བརྟེན་ནས་ཧིན་དྷུའི་ཆོས་ལུགས་དང་ནང་བའི་ཆོས་ཀྱི་བར་ཁྱད་མི་འདྲ་བ་དེ་ཡང་རིམ་བཞིན་མངོན་བཞིན་པ་དང་། སྔོན་ཆད་ཧིན་དྷུ་དང་ནང་ཆོས་འདྲེས་མ་ཞིག་མ་གཏོགས་མི་ཤེས་པའི་མི་རིགས་དག་གིས་ད་ལྟ་ནང་བའི་ཆོས་ལུགས་ཀྱི་རིག་གཞུང་རྣམ་དག་ཅིག་ལ་སློབ་གཉེར་བྱེད་བཞིན་པའི་སྣང་ཚུལ་འདིས། ཧིན་དྷུ་མཁྲེགས་འཛིན་པ་ཚོའི་སྙིང་ལ་ཕྲག་དོག་གི་མེ་ལྕེ་སྦར་བ་ལ་ཁག་ཅི་ཡོད། གསལ་བོར་བཤད་ན་བལ་བོའི་དམངས་གཙོ་བ་དག་ཧིན་དྷུ་བ་རེད་ལ་དམར་ཕྱོགས་པ་ཚོ་ཡང་ཧིན་དྷུ་བ་དག་རེད། དེའི་ཕྱིར་ད་ཐེངས་ཀྱི་བལ་བོའི་དམར་ཕྱོགས་པ་ཚོས་ཏྰ་ལའི་བླ་མར་སྐྱོན་བརྗོད་བྱས་པ་འདི་ནི་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་རྩ་བ་ནས་མ་ཡིན་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་སྙིང་ནད་དང་ཡོངས་སུ་འདྲེས་ཡོད་པ་ཞིག་རེད།
ཀླུ་སྨྱོན་ལགས་ཀྱི་བལ་ཕྲུག་བོད་དགོན་དང་བོད་ཀྱི་སློབ་གྲྭར་བསྡུ་བ་དེར་དགག་པ་ཞིག་ཀྱང་བརྒྱབས་འདུག་ལ་ཡོན་ཏན་ཞིག་ཀྱང་བརྗོད་འདུག ཨ་འབྲུག་དཀོན་མཆོག་ལགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་པའདྲ། འདིའི་སྐོར་འདི་ཡང་གླེང་འོས་པ་ཞིག་ཡིན། སྐུ་སྒེར་ཡིག་ཚང་གིས་ས་མཚམས་ཁག་ལ་ལྷ་ཁང་བཞེངས་པ་དང་དགོན་པ་ཆོས་བྱེད་གནད་ཡོད་ཚོར་འབྲེལ་བ་འཛུགས་བཞིན་འདུག བཙན་བྱོལ་ནང་གི་བླ་མ་དགེ་བཤེས་གནད་ཡོད་ཚོའི་ཡང་སྲིད་ཀྱང་རྒྱ་བལ་ཁོངས་ཀྱི་གནད་ཡོད་མི་སྣའི་བྱིས་པ་ངོས་འཛིན་བྱེད་བཞིན་འདུག བོད་ཀྱི་ཆོས་རྒྱུད་ཁག་ཚང་མས་ཀྱང་བོད་ཀྱི་གནད་དོན་ཐག་ཆོད་ཡོང་བའི་རེ་བ་ཆེན་པོ་ཞིག་མ་མཐོང་བར་བརྟེན་ནས་རྒྱ་བལ་སོགས་སུ་རྐང་པ་བརྟན་པོར་འཛུགས་རྒྱུ་དེ་གལ་ཆེན་པོར་མཐོང་བ་ཡིན་རྒྱུ་རེད། འདི་ལ་བརྟེན་ནས་ཁོང་ཚོས་ཕྱོགས་མང་པོ་ནས་ཁེ་བཟང་ཡོད་པར་རློམས་བཞིན་ཡོད། འདི་ནི་བོད་ཀྱི་ཆོས་རྒྱུད་ཚོའི་བར་གྱི་གྲང་དམག་ཆུང་ཆུང་ཞིག་ཀྱང་ཡིན་པ་སྨྲོས་ག་ལ་དགོས།
ང་ཚོའི་མ་འོངས་པའི་ཆོས་རིག་ཆབ་གསུམ་གྱི་གཡུལ་ས་མདུན་མ་དེ་ནི་རྒྱང་རིང་གི་ཨ་རི་དང་ཡོ་རོབ་མ་ཡིན་པར། ང་ཚོ་དང་ཆེས་བར་ཐག་ཉེ་སའི་ཤར་མོན་ཡུལ་ནས་ནུབ་ལ་དྭགས་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་འདི་དག་ཡིན་པ་མ་རྗེད་རོགས།
ཨ་འབྲུག་ལགས་ཀྱིས་ངས་སྤོབས་པ་ཆེན་པོས་ཅིག་ཤོད་དགོས་རེད་གསུངས་འདུག གང་དང་གང་ཚོ་ཤོད་དགོས་པ་རེད་དམ། གང་ཐུབ་ཐུབ་ཀྱིས་ཤོད་རྩིས་ཡིན།
རྒྱ་ནག་དམར་པོའི་འཁྲིས་ནས།
བལ་ཡུལ་དམར་པོ་ཆགས་སོང་།
དམར་པོ་གཉིས་ཀྱི་བར་ནས།
སེར་པོ་སྡུག་མགོ་བཙུགས་སོང་།
མཆན་གྱི་མཆན།
འདིར་སེར་པོ་ཞེས་པ་ནང་པ་ལ་གོ་དགོས།
ངས་བལ་ཕྲུག་བོད་དགོན་དུ་བཅུགས་པའི་གནས་ཚུལ་དང་འབྲེལ་བའི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་པར་རྣམ་པ་ཚོས་དོ་སྣང་གིས་ལྟ་ཀློག་དང་སྤ་གསང་མེད་པའི་དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ། ང་ཚོ་ཕན་ཚུན་སེམས་དང་སེམས་ཀྱི་འབྲེལ་གཏུགས་ཙམ་མ་ཡིན་པར་བློ་དང་རིགས་པའི་སྦྱོང་བརྡར་ལ་བརྟེན་ནས་མིག་མདུན་གྱི་གནད་དོན་ཁག་གི་ཐོག་བརྡར་ཤ་གཅོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་མ་གཞི་ནས་གྲལ་རིམ་རང་བཞིན་གྱི་ལྟ་བ་ལ་དགའ་བོ་མེད། འོན་ཀྱང་རིན་ཐང་གི་ཐོག་ནས་བཤད་ན་སྐབས་རེ་བྱ་དངོས་རང་སྟེང་ན་རིན་ཐང་གི་གོ་རིམ་ཞིག་ཡོད་པ་རེད། ང་ནི་བདེན་པ་ལས་མཐོ་བའི་ཆོས་གཅིག་ཀྱང་མེད་ཅེས་པ་དེ་ལ་ཡིད་ཆེས་ཡོད་མཁན་ཞིག དེའི་ཕྱིར་གནད་དོན་གང་ཞིག་བདེན་པའི་རྒྱབ་རྟེན་གྱིས་ཕོངས་ཡོང་དུས་ང་ཚོས་དེ་ལ་རྒྱབ་ལངས་བྱེད་རྒྱུ་ཕར་ཞོག དེའི་ངོ་གདོང་ངོ་མ་དེ་སྤྱི་ཚོགས་ལ་སྟོན་དགོས་ཀྱི་རེད། བལ་ཕྲུག་བོད་དགོན་དུ་འཇུག་བཞིན་པའི་གནད་དོན་ཡང་དེ་འདྲ་ཞིག་རེད། མ་གཞི་བོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ཆེ་བ་རེད་ཅེ་ན་དེ་རིང་གི་གནས་སྟངས་འདི་མགོ་ཐོག་ལ་ཡོང་དགོས་དོན་མི་འདུག་ཀྱང༌། གནད་དོན་འདི་ཚོ་ཆོས་ལུགས་ཀྱི་དགོངས་པ་ཞིག་ལས་ཀྱང་ཆབ་སྲིད་ཀྱི་བསམ་བློ་ཤུགས་ཆེ་བ་དེ་འདྲ་རེད། ཆབ་སྲིད་དེ་ཡང་ནང་ཁུལ་གྱི་ཆབ་སྲིད་ཅིག་རེད། ཟིན་བྲིས་པ་ཞིག་གིས་འདི་ནི་བོད་ཀྱི་དགོན་ཆུང་དང་བླ་སྤྲུལ་འགའ་ཞིག་གི་བར་གྱི་གྲང་དམག་རེད་ཅེས་པ་དེ་ངོས་གཅིག་ནས་བཤད་ན་འདྲ་བོ་འདུག འོན་ཀྱང་གྲང་དམག་དེ་སྟོབས་ཤུགས་གཉིས་ཀྱི་འགྲན་བསྡུར་གྱིས་དོན་དམ་པའི་སྟོབས་ཤུགས་ཤིག་ཆགས་རྒྱུ་ལས་ཀྱང་ལྟ་བ་གཉིས་ཀྱི་འགྲན་རྩོད་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་ལ་ཚོད་འཛིན་བྱས་པ་དེ་རེད། ངས་བསམ་ན་བལ་ཕྲུག་བོད་དགོན་དུ་འཇུག་པ་དེ་གྲང་དམག་ལས་ཀྱང་མ་རྩ་རིང་ལུགས་ཀྱི་ཕྱུག་བདག་དག་གི་བྲན་གཡོག་ཉར་སྟངས་དང་ཡང་འདྲ་ཙམ་ཡོད་པ་རེད་ལ། སྐབས་ལ་ལར་བལ་ཕྲུག་དེ་ཚོ་རང་མ་རྩ་ཞིག་རེད། ཁྱེད་ཅག་གིས་བལ་ཡུལ་གྱི་དགོན་སྡེ་འགས་སྦྱིན་བདག་བསླེབས་དུས་གྲྭ་བ་གཡར་རེས་བྱེད་བྱེད་བཞིན་གོ་ཨེ་མྱོང༌། གྲྭ་བ་གཡར་རྒྱུ་དེ་སྦྱིན་བདག་གི་ཚོགས་བསགས་ཕྱིར་རེད་དམ། དགོན་བདག་གི་སྒོར་བསགས་ཕྱིར་རེད། རྩ་བའི་ཆ་ནས་གནས་སྟངས་འདི་འདྲ་ཞིག་རེད། བྱ་སྤྱོད་འདི་འདྲ་ཞིག་གི་ཁོར་ཡུག་ཁྲོད་བསྟན་པ་ཕན་མི་ཕན་སོགས་ཀྱི་སྐད་བཤད་སའི་རྨང་གཞི་ཞིག་འདུག་གམ།
བོད་པའི་བླ་མ་དང་དགེ་བཤེས་འགའ་རེས་ཆོས་ལུགས་སྤྱད་ནས་ལོག་འཚོ་དེ་འདྲ་བྱེད་བཞིན་པ་གོ་ནས་བློ་ཕམ་ཆེན་པོ་བྱུང་། ད་ཁོ་ཚོ་གཙང་སེལ་བྱེད་སྟངས་ག་རེ་ཡོད་པ་རེད།
ང་རང་གིས་རྒྱོ་མྱོང་བའི་*********བཤང་ཚོང་མ་ཤིག་ཡོད་པ་དེ་ལ་སུན་དུས་ཁ་པར་གཏོང་གི་ཡོད། མོས་ངའི་དགའ་བོ་ཡང་ཨ་རི་ན་ཡོད་ཟེར་ནས་ང་ལ་འགྲན་སྡུར་བྱེད་ཀྱི་འདུག རྗེས་ནས་གྲོགས་པོ་གཞན་པ་ཤིག་གིས་མོ་ལ་དགའ་བོ་རིན་པོ་ཆེ་ཞིག་ཡོད་པ་རེད། རིན་པོ་ཆེ་གུང་སེང་ལ་ཕེབས་དུས་མོའི་ནང་ལ་ཡོང་ནས་རྒྱོ་སྡོད་ཀྱི་ཡོད་པ་དང་། དེ་ནས་ཕྱི་རྒྱལ་ལ་འགྲོ་ཁར་མོ་ལ་སྒོར་མོ་འབུམ་གཉིས་གསུམ་རེ་བཞག་ནས་འགྲོ་གི་རེད་ལབ་སོང་། དེ་ལྟར་བསམ་ན་བོལ་ཡུལ་གཅིག་པོ་མ་ཡིན་པར་བླ་མ་དང་དགེ་བཤེས་ཚོས་ཕྱི་རྒྱལ་ན་ཡང་ལོག་འཚོ་དང་མགོ་སྐོར་གཏོང་གི་ཡོད་ཚོད་འདུག་པས་རིམ་བཞིན་ཕྱི་རྒྱལ་ནས་བལ་ཡུལ་ནང་བཞིན་ཁ་མཆུ་བརྒྱག་མངམང་དུ་འགྲོ་གི་རེད།
ཉིན་མོ་ལྷ་ཡི་ཆོས་ཚོང་བརྒྱབ།།
མཚན་མོ་ནག་མོའི་སྟུ་ཚོང་བརྒྱབ།།
ཆོས་དང་ལོག་འཚོའི་ཕ་རོལ་ཕྱིན།།
མགོ་ཟླུམ་ཁྲམ་པའི་སྐལ་བ་དར།།
ཨ་འབྲུག་དཀོན་མཆོག་ལགས། གྲྭ་བ་གཡར་རྒྱུ་མ་ཟད་གྲྭ་བཙོང་བའི་སྲོལ་ཡང་ཡོད་པ་རེད། རིན་པོ་ཆེ་ཚོས་དགོན་པ་རེ་བརྒྱབས། རིན་པོ་ཆེ་གྲོངས་པའི་སྐབས་ཕྱག་མཛོད་ཀྱིས་དགོན་པ་འཛིན་སྐྱོང་མི་ཐུབ་པའི་སྐབས་རིན་པོ་ཆེ་གཞན་ལ་བཙོང་གི་རེད། དགོན་པ་དང་མཉམ་དུ་གྲྭ་བ་ཚོ་ཡང་བཙོང་གི་རེད། དེ་ལྟར་མིན་ན་གྲྭ་བ་ཚོ་གང་དུ་འགྲོ།
བལ་ཡུལ་དུ་དེ་ལྟར་བྱེད་མཁན་ཚོ་ནི་ཐག་རྒུལ་འདྲ་གཟུགས་ལྟ་བུ་ཡིན་ཞིང་ཐག་སྣེ་འཛིན་མཁན་དངོས་གནས་དེ་ཚོ་ཕལ་ཆེར་རྒྱ་གར་དུ་སྡོད་མཁན་བོད་ཀྱི་བླ་ཆེན་ཚོ་རེད། ངས་གོང་དུ་བོད་ཀྱི་ཆོས་རྒྱུད་ཚོས་གྲང་དམག་རྒྱག་གི་ཡོད་རེད་ཅེས་བཤད་པ་དེའི་གྲང་དམག་གི་གཡུལ་ས་མདུན་མ་གཅིག་འབྲས་ལྗོངས་རེད། གསལ་བོ་དགོས་ན་རྗེས་སུ་བཤད་ཆོག
གསལ་བོ་དགོས།
དང་པོ་ནས་བཤད་མྱོང་། ཆོས་པ་འདི་ཚོས་ག་དུས་ཡིན་ནའི་ང་ཚོ་ཀྲུང་གོ་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་ངོ་ལོག་རྒྱག་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད། ཀྲུང་གོ་ནི་ཆེས་སྟོབས་ཆེ་བའི་རྒྱལ་ཁབ་ཤིག་ཡིན་སྟབས། བལ་པོ་ནག་རིལ་ཁ་ཤས་དང་། ཀླ་ཀློའི་མི་རིགས་ཀྱི་ཁྱིམ་ཚང་ཁ་ཤས་ཀྱིས་ག་ལ་ཐུབ།
མ་འོངས་པ་ན། འཛམ་གླིང་འདིཧྲིལ་པོ་ཀྲུང་གོར་འགྱུར་རྒྱུ་རེད། དེ་དུས་སེར་པོ་དང་སྔོན་པོ་ཚང་མ་དམར་སེར་དང་དམར་སྔོ་ཆགས་རྒྱུ་རེད། དེ་སེམས་ལ་བཞག་ནས་མུ་མཐུད་མེས་རྒྱལ་ལ་ཞབས་འདེགས་ཞུ་དགོས། སྤོབས་པ་གཞན་འདྲིང་དུ་འཇོག་པར་མི་རུང་བའི་མི་རྣམ་དཔྱོད་ཅན་ཞིག་རེད། ཁྱེད་མཆོག་ནས་སྐད་ཆ་གང་བཤད་ཀྱང་་གཟབ་གཟབ་་བྱས་ནས་མེས་རྒྱལ་ལ་མི་གནོད་པ་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་ག་དུས་ཕ་ཡུལ་ལ་ཕེབས་ནའི་དགའ་བསུ་ཡོད་དོ།
སྤོབས་པ་ལགས། ཁྱེད་ལ་སྔར་གོ་མ་མྱོང་བའི་གཏམ་རྒྱུད་ཡ་མཚན་ཅན་བཤད་རྒྱུ་འདུག སུས་དགོན་པ་བཙོང་བ་རེད་ལ། བླ་མ་སུས་ཉོས་པ་རེད།
སྤོབས་པ་ལགས།
བལ་དགོན་ཁག་ཚོང་ཁང་ཡིན་ལ། དེར་ཡོད་གྲྭ་བ་རྣམས་ཚོང་རྫས་ཡིན། དགོན་བདག་རྣམས་ཚོང་པ་ཡིན།
བལ་དགོན་ཁག་ཚོང་ཁང་ཡིན་ལ། དེར་ཡོད་གྲྭ་བ་རྣམས་ཚོང་རྫས་ཡིན། དགོན་བདག་རྣམས་ཚོང་པ་ཡིན།
སྤོབས་པ་ལགས།
བལ་དགོན་ཁག་ཚོང་ཁང་ཡིན་ལ། དེར་ཡོད་གྲྭ་བ་རྣམས་ཚོང་རྫས་ཡིན། དགོན་བདག་རྣམས་ཚོང་པ་ཡིན།
དེ་ཁྱེད་ཀྱིས་གོ་འེ་མྱོང༌།
བལ་ཡུལ་གྱི་དགོན་པ་ཆ་ཚང་དེ་འདྲ་ཨེ་ཡིན། ཀོ་པན་དགོན་པ་དང་བྱ་བྲལ་མཚམས་ཁང་ལྟ་བུ་དེང་དུས་ལ་དཔགས་པའི་བཤད་སྒྲུབ་ཡག་པོ་གནང་ས་ཁ་ཤས་ཀྱང་ཡོད་ཡ།
དཔལ་འབྱོར་གྱི་རྒྱབ་རྟེན་མི་དགོས་པའི་མི་ཡི་སྤྱི་ཚོགས་ཤིག་ས་སྟེང་འདི་ན་ཡོད་རྒྱུ་མ་རེད། དེ་ཁས་ལེན་ན་དགོན་པ་གྲྭ་ཚང་དག་ཀྱང་འདིའི་ཁོངས་སུ་ལོས་གཏོགས། ཡིན་ན་ཡང་དཔལ་འབྱོར་གཅིག་བུ་གཉེར་བའི་དགོན་པ་ཞིག་ཡོད་ན་དགོན་པ་འདི་དང་བླ་མ་འདི་ཞེས་དམིགས་སུ་བཀར་ལ་ལེགས། རྒྱུགས་པ་ལེབ་རྡུང་མ་བྱེད་རོགས།
བལ་བོ་དང་བོད་པ་རྒྱ་མི་གསུམ། མི་རིགས་གཅིག་ཏུ་བསྒྲིལ་ཕྱིར་དུ། བལ་བཟའ་རྒྱ་བཟའ་གཉིས་པོ་དེ། ང་བོད་ཀྱི་བཙན་པོས་བག་མར་བསུས།
རྒྱ་བཟའ་བལ་བཟའ་མ་མཐུན་ནས། བོད་ཁམས་ལ་རྩིས་ལོག་མནན་གཏད་བྱས།
དེང་རྒྱ་བལ་ཁྱི་སྤྱང་ངན་འབྲེལ་གྱིས༎ ངེད་བོད་ལ་སྡང་བ་དེ་ལ་ཐུག
ཡང་སྒོས་སུ་བལ་ཕྲུག་ནག་རུལ་ཚོ། བོད་ཆོས་པའི་གྲལ་དུ་འཇུག་མི་རུང༌།
ངའི་གདུང་རྒྱུད་བཙན་པོ་གོང་མ་ཚོས། རྒྱའི་ཧ་ཤང་ཡན་ཆད་ཕྱིར་འབུད་བྱས།
ང་བོད་པ་མིན་པའི་མི་ཞིག་གིས། ང་བོད་ཀྱི་ཤུལ་རྒྱུན་འཛིན་རྒྱུ་དེ།
ང་བོད་ཀྱི་བཙན་པོ་མི་འཐད་གི། ལས་འདི་འདྲས་བོད་ལ་མི་ཕན་གི། ཡང་ནོར་རྔམས་པའི་བླ་གྲྭ་དང༌། ད་ལྟོ་ལ་ཐུག་པའི་བལ་ཕྲུག་ཚོས།
ངེད་བོད་ཀྱི་མི་རབས་སྟོང་ཕྲག་གི། ད་གཅེས་ནོར་ཐལ་བར་མ་བཟོ་ཞིག
ང་བོད་ཀྱི་རྗེ་བོ་ཡིན་པའི་སྐབས། ཆོས་བློན་འཕྲུལ་བློན་ཡོད་ནའང༌།
དེ་དག་གི་དཔའ་མཛངས་རིག་སྟོབས་ལས། སྤྲུལ་བ་དང་ཆོ་འཕྲུལ་གཙོ་བོ་མིན།
ཡང་དེང་གི་མི་ལ་མཁྱེན་པ་དང༌། སྤྲུལ་བ་ཞེས་པ་གཏན་ནས་མེད།
དོན་དེའི་ཕྱིར་མཁྱེན་ངོ་བྱེད་མཁན་ཚོ། དོན་དམ་པར་རྫུན་གྱི་རྒྱལ་པོ་ཡིན།
གོང་གི་སྐུ་ངལ་ཆེན་པོས་བཀའ་གནང་མཁན་རྣམ་པ། ད་གསལ་བོ་ཆགས་སོང་བ་མ་ཟད་བསྟན་བཤིག་ཐར་འདོན་བྱས་པར་ཐུགས་ཆེ་གནང་། དེའི་རིགས་གང་དུ་ཡོད་རུང་ཐར་བ་གཏོང་མི་ཉན། གསལ་འདེབས་ཞུ་ཡ་ལ་བསམ་འཆར་འདོན་མི་མང་ཆེ་བ་གྲ་བ་མིན་ན་གྲ་ལོག་རེད་འདུག་པས་དམིགས་བསལ་འགན་ཡོད་རེད། ཡང་ཁ་ཡིས་འདི་བཤད་ལག་གིས་གཞན་ཞིག་ལས་ན་ལན་པོ་ཡོད་མ་རེད། དཔེར་ན།
བླ་མའི་ལམ་ལུགས་ལ་དགག་གིན་དགག་གིན་རང་ཉིད་བླ་མ་བཟོས་འཇོག་མཁན། བོད་མི་ཨ་རི་ལ་འགྲོ་བར་ཡིད་མི་རངས་བཞིན་དུ་གོ་སྐབས་འགྲིག་དུས་རང་ཉིད་ཐོག་མར་མཆོངས་འགྲོ་བ་དེ་འདྲའི་སྐབས་འཆོལ་རིངས་ལུགས་པ་འཁྲབ་ནས་ཆོས་འཇིག་རྟེན་གང་ཐད་དུ་སྐད་ཆ་བཤད་རུང་མིའི་ཆ་འཇོག་བྱེད་མི་ཡོང་། བྱས་ཅང་བསྟན་པ་དག་ཐེར་དང་བོད་དོན་སོགས་བྱ་བ་གང་ཡིན་རུང་ཐོག་མར་མི་བུ་རང་ཉིད་ནས་འགོ་འཇུགས་དགོས་པ་སྟོན་པའི་དགོངས་གཞི་ཡིན།
དང་པོ་དགོན་པ་རྫིག་པོ་རེ་རྒྱབ་ཡོད་པ་དེ་སྟོང་མི་འགྲོ་བའི་ཆེད་དེ་ལྟར་བྱེད་ཀྱི་ཡོད་པ་མ་རེད་དམ། མི་རིགས་གང་ཞིག་དགོན་པའི་ནང་བཅུག་ན་ཡང་དེ་འགྲིགས་པ་ཞིག་རེད། ཡིན་ན་ཡང་། ཚོང་རྫས་བཙོང་སའི་ཁྲོམ་ར་ལྟ་བུ་ཞིག་ཆགས་ན་དེ་ཅ་ལ་འགྲིགས། ངས་བལྟས་ན་དང་པོ་བསམ་བློ་མ་བཏང་བར་དགོན་པ་གསར་རྒྱག་བྱེད་རྒྱུ་མང་དྲགས་པ་རེད། ད་འདི་རྒྱ་ཡིག་གི་ནང་། ཐོང་ཧོ་ཕིན་ཀྲང་ཟེར་བ་ཞིག་ཡོད་པ་དེ་ལས་མ་འདས། ཅ་ལག་རིགས་མཚུངས་ཀྱི་ཚོང་ཁང་མང་དྲགས་པ་རེད། ད་ཚོང་རྡིབ་རྒྱུ་མ་གཏོགས་ཡོད་མ་རེད།
གོང་གི་མེས་རྒྱལ་ཟེར་བ་དེས་ང་ཡང་ཁོ་རང་དང་འདྲ་བའི་རྒྱལ་ཚོང་མགོ་འདོགས་པའམ་རྒྱལ་གཅེས་བློ་མཐུན་གྱི་གྲས་སུ་འཐེན་ཁུལ་བྱས་པ་དེ་ནི། བླ་མས་ཅི་གསུངས་མ་ཤེས་གོང་། །གྲྭ་བས་འདོན་ཚོད་རྡོ་རོ་རོ། །ཞེས་པའི་དཔེར་གྱུར་པ་སྟེ། ངས་ནི་ཐབས་ཤེས་གང་འདྲ་ཞིག་བྱས་ན་རང་གི་མི་རིགས་འདི་གཞན་གྱི་རྐང་འོག་ནས་འདོན་ཐུབ་སྙམ་ནས་སྡོད་མཁན་ཞིག་ཡིན་སྟབས་རང་གི་སྤྱི་ཚོགས་ཀྱི་སྐྱོན་ཁ་ཤས་རེ་རང་ཤུགས་ཀྱིས་ཁ་ནས་ཤོར་སོང་བ་ལས་གྲུང་གོ་ཟེར་བའི་མེས་རྒྱལ་ཞིག་དང་རྒྱ་ནག་ཟེར་བའི་གྲོགས་པོ་ཞིག་ཡོད་བསམ་པ་མཚན་གྱི་རྨི་ལམ་ན་ཡང་མེད་པ་ཤེས་པར་གྱིས།
ཨ་འབྲུག་དཀོན་མཆོག་ལགས། ངས་བལྟས་ན་དགོན་པ་བཙོང་བའི་རིགས་ལ་ཡག་བཙོག་གཉིས་འདུག དཔེར་ན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམས་ན་ཡོད་པའི་ཤེལ་དཀར་དགོན་པས་དགོན་གསར་པ་ཞིག་ས་ཅུང་དབེན་ས་ཞིག་ཏུ་བཞེངས་ནས་དགོན་པ་རྙིང་པ་དེ་སྔགས་པ་ཞིག་ལ་བཙོངས་པ་རེད། དེ་ལྟ་བུ་ལ་སྐྱོན་མི་འདུག བསྟན་པའི་རྒྱལ་མཚན་གྱིས་དགོན་པ་དཀར་པོ་གྲྭ་བ་དང་བཅས་པ་ཨ་མེ་རི་ཁའི་རྒྱལ་བ་བྱམས་པ་སྤྲུལ་སྐུ་ལ་བཙོང་རྒྱུ་ཐག་བཅད་ཟིན་ནས་རྒྱལ་བ་བྱམས་པའི་ཆོས་ཚོགས་བསྟན་པའི་རྒྱལ་མཚན་གྱི་དགོན་པར་སྤོས་རན་སྐབས་བྱམས་པའི་གྲྭ་བ་འགའ་རེས་བསྟན་པའི་རྒྱལ་མཚན་བོད་གཞུང་ལ་མི་དགའ་བས་དེའི་གྲྭ་བ་ཚོ་དང་མཉམ་དུ་སྡོད་དགོས་ན་ཁོ་ཚོ་འགྲོ་མི་ཐུབ་ཅེས་བརྗོད་སྟབས་ཚོང་ཕྱིར་སློག་དགོས་བྱུང་བ་ལྟ་བུ་མང་དུ་ཡོད་དོ། འཕགས་ཤིང་གི་རྒྱབ་ཀྱི་ཐང་ཀོ་ཏྲིར་འགྲོ་སའི་གཞུང་ལམ་འགྲམ་ན་དགོན་པ་ཅུང་ཆུང་བ་ཞིག་ཡོད་པ་དེ་ཐུགས་སྤྲོ་གཏོང་ས་དང་ཆང་ས་རྒྱག་པ་སོགས་ལ་གླ་གཏོང་གི་འདུག ཨ་འབྲུག་ཁྱོད་ཀྱིས་ང་ལ་ཀྱག་ཀྱག་བྱེད་ཀྱི་མེད་དམ། རྨེའུ་བསྟན་འཛིན་གྱིས་གསུངས་པ་བཞིན་བལ་ཡུལ་ན་ཡོད་ཚད་རྒྱལ་ཚོང་པ་དང་ཆོས་ཚོང་པ་ཡིན་ཞེས་ཤོད་ག་ལ་ཕོད། གོང་དུ་ཡེ་ཤེས་ཀྱི་གསུངས་པ་བཞིན་ངེས་པ་དོན་གྱི་ཆོས་པ་དང་དགོན་པ་འགྲན་ཟླ་མེད་པ་ཡང་མང་དུ་ཡོད། ངས་དེ་ལྟ་བུ་བལ་ཡུལ་ན་ཡོད་ཅེས་བཤད་པ་ལས་ཐམས་ཅད་ཡིན་ཞེས་བཤད་པ་ག་ལ་ཡིན། ངས་འདིར་ཁྱོད་ཚོ་ལ་བཤད་འདོད་པ་གཅིག་ནི་ས་མཚམས་ཕྲུ་གུ་བོད་དགོན་ལ་ཉར་རྒྱུ་དང་། རྒྱ་བལ་ཁོངས་སུ་བོད་དགོན་མང་པོ་རྒྱག་རྒྱུ། རྒྱ་བལ་ཁོངས་ཀྱི་གནད་ཡོད་མི་སྣའི་ཕྲུ་གུར་སྤྲུལ་སྐུའི་མིང་འདོགས་པ་བཅས་ནི་དཔལ་འབྱོར་གཅིག་པོའི་གནད་དོན་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་སིམས་འཛུལ་དང་ཆོས་རྒྱུད་སྤེལ་ཐབས་ཀྱི་ཐབས་བྱུས་ཤིག་ཀྱང་རེད་ཅེས་ཤོད་བཞིན་ཡོད།
སྟག་སྨྱོན་ལགས། ཁྱོད་ཧང་སངས་མདོག་མ་བྱེད། སྤྲུལ་སྐུ་དང་བླ་མ་ཆུང་མ་ཅན་དེ་འདྲ་ཁྱོད་རྡ་རམ་ས་ལར་ཆ་རྒྱུས་ཡོད་ན་དེ་ལྟ་བུ་རང་རེའི་རྡ་རམ་ས་ལར་ཡང་མང་དུ་ཡོད་པཱ། ཆེ་གྲས་དེ་འདྲ་ཡང་ཡོད་པཱ། ཁྱོད་ཀྱིས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། མ་གཞི་ང་ཚོས་མི་ཆེ་བ་ཚོས་སྡུག་ཅག་བྱེད་པ་དེར་སྐྱོན་བརྗོད་ཕོད་ཀྱི་མི་འདུག མི་ཆུང་ཆུང་ཞིག་གི་ཅིག་བྱེད་ཀྱིན་འདུག་དང་ཉིས་བྱེད་ཀྱིན་འདུག་ཟེར་ནས་སྐྱོན་བརྗོད་བྱེད་ཀྱིན་འདུག བླ་མ་ཆུང་བ་ཞིག་གིས་དབང་བསྐུར་ན་གསང་སྒྲོགས་བྱེད་ཀྱིན་འདུག་ཟེར་ནས་སྐྱོན་བརྗོད་བྱེད་ཁུལ་བྱེད། དགོན་པ་ཆེ་གྲས་དང་བླ་ཆེན་ཚོས་དབང་བསྐུར་བ་དཀྱིལ་འཁོར་མང་ཚོགས་ལ་འགྲེམ་སྟོན་བྱས་ཀྱང་བསྟན་དོན་རེད་ཟེར། བསྟན་དོན་ལ་ཐམས་ཅད་བྱེད་རུང་ན་ཨལ་ཁ་ད་བཞིན་ཆོས་ཀྱི་དོན་དམག་འཐབ་ཀྱང་རུང་བས་ཐམས་ཅད་རུང་བ་ཞིག་ཏུ་ཁས་ལེན་དགོས།
དགོང་དག དྲྭ་གྲོགས་གཞན་ཚོ་གནད་དོན་འདི་མང་པོ་གླེང་ན་སུན་པོ་ཡོད་མཁན་ཡོད་འགྲོ། ཡིན་ན་ཡང་འདི་ངས་གླེང་དགོས་པ་ཞིག་ཏུ་མཐོང་།
སྟག་སྨྱོན་ལགས། ཁྱོད་ཀྱིས་ང་ལ་གསལ་པོ་བཤད་དགོས་ཞེས་བཀོད་ཡོད་པ་དེ་རིང་མ་གཏོགས་མཐོང་མ་སོང་། འབྲས་ལྗོངས་འདི་དང་པོར་རྙིང་མའི་ཆོས་རྒྱུད་གཙོ་དར་ཁྱབ་ཆེ་ཡང་བོད་ལ་དུས་འགྱུར་བྱུང་འཕྲལ་ཀརྨ་པ་ས་དེར་འོངས་ཤིང་རུམ་བཏེགས་དགོན་པ་བཏབ་ནས་བཀའ་རྒྱུད་སྤེལ་མགོ་བཙུགས་པས་རྙིང་མ་པ་ཚོར་ཕོག་ཐུག་བྱུང་། གཞིས་ནིང་ལོར་སེ་རའི་ཡན་ལག་ཅིག་བཏབ་པ་དང་འབྲས་ལྗོངས་ནང་གི་མི་སྣ་གནད་ཡོད་ཅིག་གི་ཕྲུ་གུ་དགེ་ལུགས་པའི་དགེ་བཤེས་ཤིག་གི་ཡང་སྲིད་ཅིག་ཏུ་ངོས་བཟུང་བ་སོགས་ཀྱིས་རྙིང་དགེ་བར་ལ་ཕན་ཚུན་ཕོག་ཐུག་བྱུང་། དགོན་པ་དེའི་སྒོ་འབྱེད་མཛད་སྒོའི་ཐོག་ཏུ་རྒྱལ་བ་རིན་པོ་ཆེ་གདན་དྲངས་ནས་རྙིང་མའི་དཔལ་སྤྲུལ་སྔོན་འགྲོ་ཞིག་གསུངས་བཅུག་པ་དེ་ཡང་ཆབ་སྲིད་ཀྱི་བྱེད་སྟངས་ཤིག་ཡིན་པར་གླེང་། ལོ་དེའི་སེ་རའི་ཕྱག་མཛོད་ཀྱིས་ལས་འཁུར་རྫོགས་པའི་གཏམ་བཤད་ལ་འབྲས་ལྗོངས་སུ་དགོན་པ་འདེབས་ཐུབ་པ་དེ་ནི་ཧ་ཅང་གོམ་སྟབས་ཆེན་པོ་ཞིག་ཡིན་ཚུལ་བཤད།
མགོན་པོ་ཕྱག་གཉིས་པ་ལགས། ང་ཚོ་སྤྱི་ཚོགས་ཀྱི་གཏིང་ཟབ་ས་ཞིག་ཏུ་འཛུལ་ནས་ལྟ་སྐབས་གནད་དོན་འདིའི་རིགས་གླེང་འོས་པ་ཞིག་རེད། ཡུལ་གྱར་བོད་མི་དང་ཧི་ལ་མ་ཡའི་རི་རྒྱུད་ཀྱི་མི་རིགས་བར་གྱི་འབྲེལ་བའི་གྲུབ་ཆ་ཆེན་པོ་ཤ་སྟག་ཡིན་ཞིང་། དཔལ་འབྱོར་དང་། ཆབ་སྲིད། ཆོས་ལུགས་བཅས་ཀྱི་དམིགས་ཡུལ་དང་བྱེད་ཐབས་རྙོགས་འཛིངས་ཆེན་པོ་ཞིག་ཀྱང་རེད་འདུག ཆབ་སྲིད་ཐད་ཀྱི་གནད་དོན་གཙོ་བོ་གཅིག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་བེད་སྤྱོད་ཐུབ་ན་གནས་ཡུལ་གཞུང་གིས་སྙད་གཙེར་འགོག་ཐབས་ལ་ཕན་ཐོགས་ཆེན་པོ་ཡོད། དཔལ་འབྱོར་སྐོར་ཅུང་ཞིག་སྔོན་དུ་གླེང་ཚར་སོང་། ཆོས་ལུགས་སྐོར་ཅུང་ཟད་རེབཤད་ཟིན་ལ་ད་དུང་ཡང་སྐབས་སུ་བབ་ན་གླེང་བར་བྱ།
ད་སྤོབས་པ་འདིས་ཆི་འདྲ་འདྲ་ཟིག་འབྲི་གི་ཡོད་རེད། རང་གིས་གང་བྲིས་པའི་ཡི་གེ་རྣམས་གསལ་པོ་མེད་བཞིན་དུ་ད་རུང་ཨུ་ཚུགས་རྒྱབ་ནས་ཅིག་འབྲི་གི་འདུག ཏན་ཏན་ཁོས་དགོན་པ་གྲྭ་ཚང་ལ་འབྲེལ་བ་ཡོད་པ་ཞིག་འབྲི་གི་ཡོད་རེད། འདི་མོ་མྱི་ཨུ་ཚུགས་ཅན། ང་ཚོའི་རང་དབང་འཐབ་རྩོད་ལའང་མི་འདྲ་དགོས་མཁོ་ཆེ། བསམ་རྒྱ་ཆེན་པོ་མེད་ཀྱང་ཨུ་ཚུགས་ཡོད་ན་དེས་འགྲིགས།
སྤོབས་པས་ག་རེ་བཤད་ན་འདོད་གི་ཡོད་མེད་ངས་དང་བོ་ནས་ཤེས་ཡོད། མགོན་པོ་རང་མི་དྲང་མོ་ཟིག་རེད།མིན་ན་འདིའི་གྲངས་འདི་ཁ་གདངས་ཡོང་དུས་ཁོག་མི་རིག་ནི་ཡོད་ནས།
སྤྱིར་བཏང་གོང་དུ་དྲྭ་གྲོགས་རྣམས་ཀྱིས་གླེང་བཞིན་པ་ལྟར་བལ་ཕྲུག་ནག་རིལ་བོད་དགོན་དག་གི་ནང་དུ་འཇུག་བཞིན་པའི་གནད་དོན་འདི་གླེང་དགོས་ངེས་ཤིག་རེད། འདིའི་བསྟན་པ་ལ་ཕན་ཐོགས་ཀྱི་མ་རེད་ལ། བོད་མི་རིགས་དང་འགྲོ་བ་སེམས་ཅན་ལའང་ཕན་ཐོགས་ཀྱི་མ་རེད། གནས་ཚུལ་འདི་འབྱུང་བཞིན་པ་ནི་བལ་ཡུལ་གཅིག་པུ་གཏན་ནས་མ་རེད། ངེད་ཅག་གི་ཤེས་གསལ་ལྟར་དེང་རྡ་རམ་སའི་བོད་དགོན་དག་གིས་ཀྱང་བལ་ཕྲུག་ནག་རིལ་རྣམས་ནང་འཇུག་བྱེད་ཀྱི་ཡོད་པ་གཙུག་ལག་ཁང་དུ་འཚོགས་ཤིག་གི་སྐབས་ཉམས་འཇོག་ཅིག་བྱོས་དང་ཤེས་ངེས་རེད། འདི་ལྟར་བྱེད་དགོས་པ་ཡང་སུ་དང་སུའི་ཁེ་བཟང་དང་སུ་དང་སུའི་ཁོར་ཡུག་གི་ཆེད་ཡིན་མིན་གསལ་བོ་མ་རེད་དམ།
དེ་ནི་གཉིས་ཕན་གཅིག་གནོད་ཡིན་རྒྱུ་རེད། གྲྭ་བའི་གྲངས་འབོར་མང་ན་བོད་ཀྱི་བླ་མ་ཚོའི་སློང་ཚོང་ལ་ཕན་པ་དང་གཅིག ལྟ་གོས་དང་ཤེས་ཡོན་གྱི་ཕུང་བའི་བལ་ཕྲུག་ཚོར་རིན་མེད་ཀྱི་ལྟོ་གོས་དང་ཤེས་ཡོན་སྣ་རེ་ཐོབ་པ་ནི་བཅས་གཉིས་ཕན་ཡིན། གཅིག་གནོད་ནི་བལ་གཞུང་གིས་ཡོད་པ་ནས་ཆུང་དུ་དང་། ཆུང་བ་ནས་མེད་པར་འགྱུར་བཞིན་པའི་མཐའ་མཚམས་ནང་བའི་མི་རིགས་ལ་སླར་ཡང་དབུགས་ཐོགས་རྒྱུའི་འདོད་པ་མེད་པ་དེ་ཕོག་ཐུག་བཏང་བ་ཡིན་སྲིད།
ཉེ་སྔོན་བལ་བོའི་ནང་བའི་རིགས་རྒྱུད་ཅན་རེ་གཉིས་ཀྱིས་མངོན་གསལ་གྱིས་བལ་གཞུང་ལ་བོད་དོན་ཆེད་ཁ་བརྡུང་བཏང་བ་དང་། བོད་མིར་རྒྱབ་སྐྱོར་བྱེད་དགོས་པའི་དུས་ལ་སླེབས་ཚུལ་སྐོར་ཡིག་ངག་གཉིས་ཐོག་ནས་སྤེལ་པ་དང་། དེའི་ལན་་དུ་བལ་གང་གིས་སྐྱོན་འཛུགས་དང་སྔོན་འགོག་གི་སྲིད་ཇུས་འདེ་སྤེལ་བ་མིན་འགྲོ་སྙམ།
ཆོས་རྒྱལ་སྲོང་བཙན་གྱི་སྐུ་རིང་ནས་བོད་བཙན་པོའི་རྒྱལ་ཁམས་འདུལ་བའི་ལོ་རྒྱུས་དེ་མི་རིགས་གཞན་དག་དང་ཡེ་ནས་མི་མཐུན། བོད་མིའི་རིག་པའི་སྟོབས་དང་རིག་པ་གསར་གཏོད། བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་བའི་ངོ་མཚར་ཁྱད་ཆོས་དེ་ཡང་དོན་དམ་དུ་ཤ་རུས་ལ་ཟུགས་པའི་སྟོབས་ཅིག་རེད། ད་རེས་གངས་རིའི་ལྗོངས་ཀྱི་མི་རིགས་འདི་བར་ཆད་འདི་འདྲ་མང་པོ་ཞིག་གི་རྐྱེན་དང་བསྟུན་ནས་གོད་ཆགས་སུ་འགྲོ་ཡི་ཡོད་དུས་ང་རང་བོད་མི་དཀྱིལ་མ་ཅིག་ཡིན་པའི་ཐད་ནས་མི་སུ་ཡིན་ཡང་ང་བོད་པ་སྐྱག་གཟན་ཏག་ཏག་རེད་དང་རྒྱ་མིའི་རྐང་འོག་གི་མི་རེད་ཅེས་ཅི་ལབ་ཡང་ང་ལ་ལན་མེད། འཇིག་རྟེན་གྱི་མི་རིགས་མང་པོ་ཅིག་སྔ་མོ་ནས་ཉམས་ཚར་བ་རེད། ཡིན་ཡང་ང་ནི་སང་ཉིན་གྱི་གངས་ཕྲུག་ཡིན་ཀྱང་འདས་པའི་གངས་ཕྲུག་ཡིན་གྱང་། ངའི་མེས་པོ་དང་རིག་པའི་གནས་པ་འགྲན་ཟླ་བྲལ་བའི་སྐྱེས་ཆེན་དེ་དག་གི་དྲིན་དང་མཛད་པའི་ལོ་རྒྱུས་ངའི་རང་གི་སྤྱི་བོའི་ནམ་ཡང་བཀུར། སེམས་ལ་ངེས། ང་འཚོ་བཞིན་པའི་སྙིང་བོ་ནི་དེ་ཁོ་ན་ཉིད། ངའི་ནི་རང་གི་རླབས་ཆེན་མེས་པའི་ཕུགས་འདུན་སྟེ་རིག་པའི་གནས་ཏག་ཏག་རང་གི་ནུས་པའི་ལག་རྗེས་ཨེན་ཙམ་རེ་འཁྱོངས་ན་ཞེས་པ་ལས་ཅི་ཡང་མེད། ང་ད་ལྟའི་བོད་པ་ངོ་ཚ་མི་འདུག་པ་དེ་དག་གི་ཆེད་དུ་དོན་ཡེ་ནས་བྱེད་འདོད་མེད། གོ་བར་གྱིས་ངའི་མེས་པོ་དོ་ཟླ་བྲལ་བ་དེ་དག་གི་ཕུགས་བསམ་སྐྱོང་བའི་ཆེད་དུ་འཚོ་བ་དེ་རང་ཡིན།