གནས་ཚུལ་མཁོ་གཏོང་བ། སྨན་སྐོར་རྡོ་རྗེ།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༨དུ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བྷོ་རེ་ཏི་ཡར་(Buryatia)སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།
ཕྱི་ལོ་༢༠༡༣།༧།༦ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་ཨུ་རུ་སུའི་མངའ་ཁུལ་གྱི་ནང་པའི་དགོན་པ་ཆེ་ཤོས་ཨོ་རྒེ་སུ་གྲྭ་ཚང་(Ivolginskiy Monastery)གི་ཚོམས་ཆེན་དུ་དགོན་པའི་མཁན་པོ་གཙོ་བོས་གྲྭ་མང་ཡོངས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་མགོན་པོ་མཆོག་གི་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་ཞལ་འདོན་སྨོན་ལམ་གནང་ཡོད་པ་རེད། སྐུའི་འཁྲུངས་སྐར་སྲུང་བརྩིའི་སྨོན་ལམ་མཛད་སྒོ་དེར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་།མོ་སུ་ཁོ་བོད་ཁང་གི་འགན་འཛིན་ལྕམ་སྐུ་པདྨ་དབྱིངས་ཕྱུག་གམ་(NADIY)གཉིས་ཆེད་འབོད་གནང་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་༦་དང་ཕྱེད་ཀའི་སྟེང་ཨོ་ལན་ཨུ་དེ་(Ulan_ude)གྲོང་ཁྱེར་གྱི་བྷོ་རེ་ཏི་ཡའི་རྒྱལ་སའི་གཞུང་གི་ཤེས་རིག་ཟློས་གར་ཁང་(Buryat state Academie opera and ballet theatre) དུ་བྷོ་རེ་ཏི་ཡའི་བོད་རིགས་ཚོགས་པ་དང་།སྒྲོལ་ལྗང་ཆོས་ཚོགས་ཐུན་མོང་གི་གོ་སྒྲིག་འོག་བོད་རིགས་དང་།བྷོ་རེ་ཏི་ཡ་སོགས་ཀྱི་མི་མང་བརྒྱད་བརྒྱ་ལྷག་ཅིག་མཉམ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ་དང་། མཛད་སྒོའི་ཐོག་མར་བྷོ་རེ་ཏི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་འཛིན་ལགས་དང་། དགེ་བཤེས་བྱམས་པ་འཕྲིན་ལས་ལགས། ཨོ་རྒེ་སུ་གྲྭ་ཚང་གི་མཁན་ཚབ་Did Khenpo lama Dagpa Ochirov ᨵ་᩶ᩏ་། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། མཁན་ཟུར་ཆོས་རྡོ་རྗེ་སོགས་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེར་བཞུགས་མཁན་པོ་དགེ་བཤེས་དང་།དགེ་འདུན་པ་ཡོངས་ཀྱིས་དབུ་བསྐུལ་ཐོག་བདེན་ཚིག་སྨོན་ལམ་དང་།རྒྱལ་བའི་ཞལ་འདོན་སོགས་གསུང་གནང་གྲུབ་རྗེས་དགོང་དྲོའི་ཆུ་ཚོད་༡༠བར་བོད་གཞས་དང་བྷོ་རེ་ཏི་འི་གླུ་གཞས་སོགས་བཏང་སྟེ་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་རོལ་ཡོད་པ་རེད། འཁྲུངས་སྐར་གྱི་མཛད་རིམ་དེ་དང་སྟབས་བསྟུན་སྐུ་ཞབས་བླ་བྲང་སྐལ་བཟང་ལགས་ཀྱིས་བཟོ་འགོད་དང་མཐུན་སྦྱོར་གནང་བའི་བོད་ཀྱི་རིག་གཞུང་དང་། ཆོས་གོས་སོགས་ངོ་སྤྲོད་ཀྱི་དཔར་རིས་འགྲེམས་སྟོན་ཡང་གནང་ཡོད་པ་རེད།
འོ་ཡག་པོ་བྱུང་འདུག
ཁྱེད་ཚོའི་ཕྱག་ལས་གནང་ཕྱོགས་དང་།
འབད་བརྩོན་ལ་ངས་བཀའ་དྲིན་ཆེ་ཞུ་བ་ཡིན།
ཁྱེད་ཚོ་ཚང་མ་ལ་འཚམས་འདྲི་ཡོད།
་་་་་ དེའི་རྗེས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་གསལ་བཀའ་སློབ་གནང་སྐབས། “དེ་རིང་འདིར་དངོས་སུ་འཛོམས་ཡོད་པ་དང་། དངོས་སུ་འཛོམས་མ་ཐུབ་ཀྱང་ང་ལ་དགའ་བའི་མི་མང་གི་འཛམ་གླིང་རྒྱལ་ཁབ་གང་ས་ནས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ལ། ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས། “ཞེས་གསུངས། ་་་་་་་
༢༠༡༣ ། ༠༧ ། ༠༦ ཉིན་ང་ཚོ་ཧང་གྷ་རིར་བོད་རིགས་རྒན་གཞོན་བཅོ་ལྔ་ཙམ་ཡོད་པ་ཚང་མ་ཚང་འཛོམས་ཐོག ཡུལ་མི། རྒྱ་གར་པ་དང་བལ་པོ་བཅས་ཁྱོན་བསྡོམས་མི་གྲངས་ཉེར་ལྔ་ཙམ་གྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ལགས།
འཛམ་གླིང་གང་སར་༧གོང་ས་མཆོག་གི་འཁྲུངས་སྲུང་བརྩི་བྱས་པའི་ནང་ནས་ནེ་ཡོག་དང་ནེ་ལྗར་སས་ཀྱི་འཁྲུངས་སྐར་བསྲུང་བརྩིའི་གྲ་སྒྲིག་བྲེད་སྟངས་ནི་ཐབས་སྐྱོ་པོ་འདུག