དང་པོ།
སྐར་ཁུང་དྲ་བའི་དམིགས་ཡུལ་ཁོངས་སུ་གསལ་བ་བཞིན། སྐར་ཁུང་གིས་བསྒྱུར་རྩོམ་གཅིག་པོ་མ་ཡིན་པར་ལེགས་རྩོམ་རིགས་ཀྱང་འགོད་ཀྱི་ཡོད་པས། བོད་ཡིག་ཐོག་བྲིས་བའི་རྩོམ་ཡིག་ལེགས་པོ་དེ་འདྲ་ཡོད་ཚེ། སྐར་ཁུང་ལ་བསྐུར་རོགས་གནང་། སྐར་ཁུང་གིས་ལེགས་རྩོམ་རིགས་ལ་རྩོམ་ཡོན་ཡང་ཕུལ་གྱི་ཡོད། འོན་ཀྱང་། ལེགས་རྩོམ་གྱི་མཐའ་མའི་ཐག་གཅོད་དེ་སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གིས་ཐག་གཅོད་ཀྱི་ཡོད།
གཉིས།
སྐར་ཁུང་གིས་བསྒྱུར་རྩོམ་གྱི་ཞོར་ནས་དྲི་བ་གསུམ་ཅན་གྱི་བཅར་འདྲིའི་ལེ་ཚན་ཞིག་ཀྱང་སྒྲིག་བཞིན་ཡོད་ཅིང་། གལ་སྲིད་ཁྱོད་ལ་བོད་རིགས་ཤེས་ཡོན་པ་དང་སྒྱུ་རྩལ་བ། རྩོམ་པ་པོ། ཆེད་ལས་མཁས་བ་སོགས་ངོ་སྤྲོད་བྱེད་རྒྱུ་ཡོད་ཚེ། ང་ཚོར་ངོ་སྤྲོད་བྱེད་རོགས་གནང་། དེ་ཡང་། གང་ཟག་དེའི་མིང་དང་གློག་འཕྲིན་ཁ་བྱང་། ལོ་རྒྱུས་མདོར་བསྡུས་བཅས་ང་ཚོའི་གློག་འཕྲིན་ཐོག་བསྐུར་རོགས།
གསུམ།
སྐར་ཁུང་གིས་ལས་གཞི་རྒྱ་ཇེ་ཆེ་དང་སྣ་ཇེ་འཛོམས་སུ་གཏོང་ཆེད། ཡིག་བསྒྱུར་བ་གསར་བ་བསྡུ་བཞིན་ཡོད་ཅིང་། གལ་སྲིད་སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གི་ཁོངས་སུ་ཞུགས་འདོད་ཡོད་ཚེ། རང་ཉིད་ཀྱི་ངོ་སྤྲོད་ཡིག་འབྲུ་སུམ་བརྒྱ་ཡས་མས་ཤིག་དང་ད་ཕན་བསྒྱུར་ཚར་བའི་རྩོམ་ཡིག་ཞིག་མ་ཡིག་དང་ལྷན་དུ་ང་ཚོར་བསྐུར་རོགས། སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས་དུས་ཚོད་བཞི་བཅུ་ཞེ་བརྒྱད་ཀྱི་ནང་ཚུད་དུ་ཁྱོད་ལ་ལན་སྤྲོད་ངེས།
བཞི།
སྐར་ཁུང་གིས་ད་ཡོད་དཀར་ཆག་ཡར་རྒྱས་སུ་བཏང་ཡོད་པ་མ་ཟད། དཀར་ཆག་ཁོངས་སུ་་རྒྱ་ནག་དཔྱད་ཞིབ་ཟེར་བའི་ལེ་ཚན་ཞིག་ཀྱང་དམིགས་སུ་བཀར་ནས་བཟོས་ཡོད། དེ་ནི་ད་ཕན་སྐར་ཁུང་གིས་རྒྱ་ནག་གི་སྐོར་བསྒྱུར་བ་དག་ཕྱོགས་གཅིག་ཏུ་བསྡུ་ས་ཞིག་ཡིན། ད་དུང་། ང་ཚོས་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་དང་རྩོམ་སྒྱུར་ཚོགས་ཆུང་གཉིས་ཀྱི་མི་སྣ་རེ་རེའི་ངོ་སྤྲོད་མདོར་བསྡུས་རེ་ཡང་དྲ་ངོས་སུ་བཀོད་ཡོད། འབྲེལ་ཐག http://karkhung.com/?page_id=6
སྐར་ཁུང་རྩོམ་སྒྲིག་པས།
གློག་འཕྲིན། karkhungeditor@gmail.com
དྲ་ཚིགས། http://karkhung.com/
ངོ་དེབ། https://www.facebook.com/karkhung.tsang
སྤྱི་ལོ་༢༠༡༣ལོའི་ཟླ་༧པའི་ཚེས་༩ཉིན།
སྐར་ཁུང་རིག་ཞིབ་འཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཁྱེད་རྣམ་པའི་བྱ་བ་ལེགས་གྲུབ་ཡོང་བའི་སྨོན་ལམ་ཞུ།
ངས་སྨན་པ་དཀོན་མཆོག་ཚེ་བརྟན་ལ་རྒྱང་འདྲི་ཞུས་པ་དེ་འགྲིག་གམ། རྩོམ་རྙིང་འགྲིག་གི་ཡོད་དམ།
ངས་ཀླུ་སྨྱོན་ལ་བཅར་འདྲི་བྱས་པ་ཞིག་ཡོད་དེ་འགྲིག་གི་ཡོད་ན་འབུལ་ཆོག
ང་སྐར་ཁུང་དྲ་བ་ལ་ཞེ་མེར་ལོངས་ཡོད། རྒྱུ་མཚན་ག་ལེར་བཤད་ཆོག་་་་་་་ད་ལྟ་དུས་ཚོད་མེད་་་་་
ལེགས་རྩོམ་བསྐུར་འཇུག་པ་ལས་ལེགས་རྩོམ་བདམས་ན་བཟང་།
ལས་དོན་བརྩམས་པར་རྗེས་སུ་ཡི་རངས་དང་བསམ་ཚུལ་གཉིས་ཡོད།
གཅིག བོད་བསྒྱུར་རྩོམ་ཡིག་ཚང་མར་བོད་སྐད་དང་དག་སྡེབས་ཀྱིས་མ་འདང་བའི་དཀའ་ངལ་ཅིག་ག་དུས་ཡིན་ན་མཐོང་གི་འདུག དེའི་རྐྱེན་གྱིས་ཚིག་འགྲོས་རྣམས་ལ་གསལ་བཤད་གསུམ་བཅུའི་ལྷུ་ལག་སྒྲིག་པའི་བྲོ་བ་ཡལ་ནས་སྐད་ཆ་ཕལ་བའི་ཕལ་བ་ལྟ་བུའི་ལུགས་སུ་སོང་འདུག
གཉིས། ཐ་སྙད་རྣམས་ལ་དཀའ་ངལ་མགོ་ཉོག་རང་བཞིན་ཅན་ཞིག་ཡོང་གི་ཡོད་ཁར། སྡེབ་སྦྱོར་གྱིས་དེ་བས་ཞབས་ནས་མར་འཐེན་ཡོད་ཙང་སྤྱིར་འགྱུར་མ་ཚོའི་ནང་དོན་རེ་མངོན་གྱི་ཡོད་ནའང། ཡིག་བསྒྱུར་གྱི་གྲིམ་ལྷོད། ཡང་ན། བོད་སྐད་དང་བོད་ལུགས་སོར་བཞག་རྩ་དོན་དུ་བཟུང་ནས་བསྒྱུར་བྱ་བོད་ཡིག་ཏུ་འགོད་རྒྱུར་ཅུང་དཀའ་ངལ་སྣ་ཚོགས་ཤིག་ཡོང་གི་མེད་འགྲོ་བསམས། སྤྱིར་དོན་བསྒྱུར་དང་ཐད་བསྒྱུར་ལ་འདྲིས་ཤུགས་ཆེ་ནའང། དེ་ལས་གཙོ་བོ་བོད་རང་གི་རང་མདངས་ལ་འདྲིས་ཤུགས་ཆེ་བ་ཡོང་ཆེད། བསྒྱུར་བྱའི་རྩོམ་གྱི་ནང་དོན་ངེས་རྟོགས་བྱུང་རྗེས་གཙོ་བོ་ལོ་ཙཱ་བས་བོད་རང་གི་སྐད་དང་ལུགས་སུ་ཅི་ལྟར་ཕབས་མིན་ལ་དམངས་ཁྲོད་རྩོམ་རིག་གམ། ཡང་ན་བོད་རྩོམ་ཚད་ཐུབ་བྱེ་བྲག་པ་ཞིག་ལ་མིག་དཔེར་བླངས་ནས་བསྒྱུར་བ་ཡིན་ན། དེས་ཕལ་ཆེར་ཕན་ཐོག་ཆེ་ཙམ་མི་ཡོང་ངམ་སྙམ།།
བསམ་ཚུལ་ཙམ་ཡིན། ལྷག་བསམ་དང་སེམས་འཁུར་རྨ་མེད་པ་རང་ཡིན་པས་འདོར་ལེན་གང་འདོད་བྱས་ཆོག།
སྐར་ཁུང་ངར་གི བོད་ཡིག་གི་དྲ་བའི་ནང་གི་སྤུས་ཚད་མཐོ་ཤོས་ཤིག་ཁྱོད་ཚོའི་དེ་རེད་འདུག་ལ་ངས་ཉིན་རྒྱུན་ཀློག་གི་ཡོད།
སྒོར་རྡོག་ཆ་ཟིག་རག་ན་ད་འདོད་ཀི་རེད་ཨ། ཨ་ཤི་རེས་ཁེར་རོ། ད་འབྲི་རྒྱུ་ཟིག་མི་རྙེད་ཀི།
བན་དེ་བས་ང་ལ་བཅར་འདྲི་བྱས་པ་ཞིག་ཡོད་པ་ངས་མི་དྲན་གི བན་དེ་བ་རྒས་ཟིན་པ་ཡིན་ནམ་ང་འཆོལ་ཟིན་པ་ཡིན།
༼སྐར་ཁུང་གིས་བསྒྱུར་རྩོམ་གཅིག་པོ་མ་ཡིན་པར་ལེགས་རྩོམ་རིགས་ཀྱང་འགོད་ཀྱི་ཡོད་པས། བོད་ཡིག་ཐོག་བྲིས་བའི་རྩོམ་ཡིག་ལེགས་པོ་དེ་འདྲ་ཡོད་ཚེ། སྐར་ཁུང་ལ་བསྐུར་རོགས་གནང་། སྐར་ཁུང་གིས་ལེགས་རྩོམ་རིགས་ལ་རྩོམ་ཡོན་ཡང་ཕུལ་གྱི་ཡོད། འོན་ཀྱང་། ལེགས་རྩོམ་གྱི་མཐའ་མའི་ཐག་གཅོད་དེ་སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གིས་ཐག་གཅོད་ཀྱི་ཡོད༽ ལས་འགུལ་འདི་ངོ་མ་ཡག་པོ་རེད། སྐར་ཁུང་ཚང་ལ་དཀའ་དྲིན་ཆེ་ཞུ། ལས་འགུལ་འདིས་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་སྤུས་ལེགས་ཅན་མང་པོ་ཐོན་རྒྱུར་རྒྱ་ལམ་ཆེན་པོ་ཞིག་སྒོ་ཕྱེས་པ་རེད། དམིགས་བསལ་ཞུ་དགོས་པ་ཞིག་ནི་དགུང་ལོ་ཧ་ཅང་བགྲེས་པོར་གྱུར་བའི་བོད་རིག་པའི་མཁས་དབང་རྣམས་སྐར་ཁུང་ཚང་གི་ཐུགས་ལ་འཇོག་རོགས། ཤི་ཚར་དུས་སྡུག་ཡུས་མང་པོ་བཤད་མ་བཤད་ཡོད་མ་རེད། མི་གསོན་པོ་ཡིན་དུས་ཏོག་ཙམ་དོ་སྣང་བྱས་ནས་རྩོམ་ཡིག་འབྲི་བའི་བསྐུལ་མ་ཞུ་བ་དང་ཡང་ན་བཅར་འདྲི་ཞུ་བ་བཅས་ཀྱི་ལམ་ནས་མཁས་པའི་ཐུགས་བཅུད་ལེན་ཐུབ་ན་ཀུན་ལ་ཕན་པར་སེམས། །
སྐར་ཁུང་རྩོམ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།དུས་རྒྱུན་ཀློག་གི་ཡོད།
ཀླུ་སྨྱོན་ལགས་ལ་ངས་གདོང་དེབ་བརྒྱུད་ནས་དྲི་བ་དྲིས་ལན་ཞིག་ལོ་ཤས་གོང་དུ་ཞུས་པ་ཡིན། ཀླུ་སྨྱོན་ངེད་གཉིས་ཐེང་གཅིག་རྡ་སར་ཐུག་བྱུང་སྐབས་དེར་མཉམ་དུ་ཕྱི་དྲོའི་ཟ་མ་ཞིག་མཉམ་དུ་ཟས་ནས་སྐབས་དེར་ངས་དྲི་བ་དྲིས་ལན་གྱི་གོ་སྐབས་བཟུང་ནས་དྲི་བ་དྲིས་ལན་ཐུང་ངུ་ཞིག་ཞུ་རྒྱུ་བྱུང། ངས་དེ་ཞུ་གི་ཡོད། གལ་ཏེ་སྐར་ཁུང་གིས་ངོས་ལེན་ཡོད་ན། སླར་ཡང་ཾཁྱེད་ལ་དེའི་འཕྲོ་ནས་དྲི་བ་དྲིས་ལན་ཞིག་ཞུ་འདོད་ཡོད། དེ་ཐུགས་ལ་བཞག་གནང་རོགས།
ང་ནི་སྐར་ཁུང་གི་ཀློག་པོ་ཕལ་བ་ཞིག་ཡིན། དྲ་ངོས་ཀྱི་མ་རྩོམ་དང་བུ་རྩོམ་གཉིས་ཀས་བློ་སྒོ་ཕྱེས་སོང་། མུ་མཐུད་དུ་མདུན་སྐྱོད་གནང་གལ་ཆེ།
བོད་ནང་གི་གྲོགས་པོ་ཁ་ཤས་ཤིག་གིས་ཁེའུ་ཁེའུ་བརྒྱུད་ནས་ཕྲན་ལ་བརྗོད་པ་ལྟར་ན་སྐར་ཁུང་དྲ་ངོས་ཀྱི་བསྒྱུར་རྩོམ་གླེང་མཁན་གྱི་ཤེས་ཡོན་པ་མང་པོ་ཡོང་གི་འདུག་ཟེར། ཁྱོད་ཚོས་བོད་ནང་གི་སྤུན་ཟླ་ཚོར་གཙོ་བོར་དམིགས་ཏེ་བསྒྱུར་རྒྱུ་གལ་ཆེ་བར་འདོད། གཞིས་ལུས་བོད་མི་ཚོར་ཕན་སོང་ན་ཕན་སོང་ནི་རེད། འདི་ནི་ངའི་བསམ་ཚུལ་དང་རེ་འདུན་ཉག་གཅིག་ཡིན། ངའི་བོད་ཨིན་ཐར་ཐོར་ཞིག་ཤེས་པའི་བཀའ་དྲིན་ཞུ་ས་གཅིག་སྐར་ཁུང་ཁྱོད་ཚང་རེད་ལགས།
སྐར་ཁུང་ཚང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་བོད་ཕྱི་ནང་ལ་བོད་ཡིག་གི་དྲ་བ་ཁྱོད་ཚོ་འདྲ་བ་རེ་གཉིས་ཙམ་མ་གཏོགས་མཐོང་ཡུལ་དུ་མི་འདུག ཁྱོད་ཚོའི་བསྒྱུར་རྩོམ་དུས་རྒྱུན་ཀླིག་གི་ཡོད་ལ་ང་ལ་ཧ་ཅང་ཕན་ཐོགས་བྱུང་སོང་། ཁྱོད་ཚོའི་ལེ་ཚན་ཚང་མ་ཡག་པས་མ་ཚད་གལ་སྲིད་ཁ་སྣོན་ཐུབ་ན་གློག་བརྙན་དང་གླུ་གཞས་ཀྱི་སྐོར་ཅིག་ཡོད་ན་ཧ་ཅང་བཟང། བསམ་ཚུལ་ཙམ་ཡིན།
མཚམས་མཚམས་སུ་དཀར་ཁུང་དྲ་རྒྱ་བཀླགས་ཡིན། ངས་དོན་རྟོགས་མ་ཐུབ་པའི་ཚིག་སྒྲུབ་ཉུང་ཉུང་་མ་རེད། བསྒྱུར་སྟངས་ཐད་ནས་དཔྱིན་ཡིག་གི་ཚིག་འགྲོས་ཀྱི་བོད་ཡིག་ལ་ཤུགས་རྐྱེན་ཐེབས་པ་རེད་བསམ། སྒྱུར་མཁན་གྱི་བོད་ཡིག་གི་ཤེས་ཚད་ཀྱིས་ཀྱང་ཚད་བཀག་བྱས་ཡོད་ངེས་རེད། མ་གཞི་ནས་བསམ་ཚུལ་ཞིག་འབྲི་དགོས་འབྲི་དགོས་བསམས་ཏེ་ལྷག་སོང་། ང་ལ་ཕན་ཐོགས་སའང་ཡོད། ངའི་དབྱིན་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་པས་དབྱིན་རྩོམ་གྱི་གོ་བ་ལེན་ལ་རམ་འདེགས་ཡོང་གི་ཡོད།
སྐར་ཁུང་དྲ་བའི་རྩོམ་ཡིག་གཅིག་ལ་ཡང་ཀློག་མེད། གང་ལ་ཡིན་ཟེར་ན། འདོགས་བཞི་ཡག་པོ་ཞིག་མི་འཆར་བར་བརྩེགས་འདུག་པས་ཡིན། དེ་ལ་ཐབས་བཀོད་ག་རེ་ཡོད་པ་རེད།
སྐར་ཁུང་དྲ་རྒྱའི་བྱ་བར་ལེགས་སོ་ཡོད། རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ། ང་ལ་ཡང་སྒྱུར་རྩོམ་འགའ་ཤས་ཡོད་པས་རིམ་གྱིས་འབུལ་གྱི་ཡིན།
བོད་ཡིག་གི་དྲ་བའི་ནང་ནས་ང་དགའ་ཤོས་ཤིག་སྐར་ཁུང་དྲ་བ་ཡིན། དེའི་རྒྱུ་མཚན་ནི་ཕྱིའི་ཤེས་བྱ་ནང་འདྲེན་བྱེད་པའི་བོད་ཡིག་གི་དྲ་བ་འདི་གཅིག་པོ་མ་གཏོགས་གཞན་ད་སྔ་ཅང་མཐོང་མ་སོང་། སྐར་ཁུང་ཚང་མདུན་ནས་མདུན་དུ་བསྐྱོད་རོགས།
ངས་སྐར་ཁུང་ཚང་ཀློག་གིན་ཡོད། ཡག་པོ་འདུག་བསམ་བྱུང་། སྒྱུར་རྩོམ་གྱི་ནང་དུ་ཁ་སྐད་ཉུང་ཙམ་སྤྱོད་རོགས་གནང་། དེ་ངའི་རེ་བ་ཡིན།