འདི་ཞིབ་ཏུ་ཀློག་དང་ངོ་མ་བལྟ་རྒྱུ་འདུག སྔོན་ཆད་མ་ཐོས་པ་དང་ཐོས་ཀྱང་ཡིད་ཆེས་སྐྱེ་དགོས་མིན་ཡང་མི་ཤེས་པ་གང་མང་ཞིག་འདུག རྩོམ་འདིའི་མགོ་རུ་རབ་བྱུང་བཅོ་ལྔ་ཟད་པ་ལ་ཉེ་བ་རྔ་ཆེན་ཞེས་པ་ཆུ་ཁྱི་ཞེས་བྲིས་ཡོད་པས། ལོ་འདི་ནི་སྤྱི་ལོ་1922ལོར་ཁེལ་འདུག་ཅིང། མཇུག་ཏུ་སི་ཏུ་དྷརྨ་ས་ར་ཞེས་བྲིས་འདུག་པས། སྐབས་འདིའི་སི་ཏུ་ཆོས་ཀྱི་རྒྱ་མཚོ་ནི་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ (1880-1923/5)རེད་བསམ། གང་ལྟར་རྩོམ་འདིའི་མཇུག་ཏུ་རྩོམ་འདི་ནི་འབྲས་ལྗོངས་ལྷ་བཙུན་འཇིགས་བྲལ་འགྱུར་མེད་བསྟན་འཛིན་དཔའ་བོ་དང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རྣམ་གཉིས་ཀྱི་ཞལ་ལས་བཏུས་པ་ལྟ་བུ་ཞིག་བྲིས་འདུག་པས། ཁུ་ནུ་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་གིས་བྲིས་པ་ངེས་ཅན་རེད། རྩོམ་འདིའི་ནང་གི་གུག་རྟགས་བརྒྱབ་སྟེ་གསལ་བཤད་ཏོག་ཙམ་རེ་བྱེད་མཁན་ནི་ཁོ་བོ་ཀླུ་སྨྱོན་ཡིན་ནོ།།
གཤམ་དུ་རྡེག་གནོན་བྱོས།
ལགས་སོ་རིག་སོང་། ཡིན་ཡང་། དེ་རིང་དུས་ཚོད་ཞེ་དྲགས་མེད་པས་ཞིབ་དུ་ཀློག་ཁོམ་མི་འདུག ག་ལེར་ཀློག་ངེས་ཡིན་ལགས།
ད་རུང་ཀློག་ནས་ཚར་མ་སོང་། གནས་ཡིག་དགོད་བྲོ་བོ་ཞིག་འདུག
ངས་ཀྱང་མར་ཅུང་བཀླགས་ཡིན། དཔར་གློག་བྱས་ཏེ་བཀླག་དགོས་བསམས་ཀྱང་དཔར་གློག་བྱ་ཐུབ་ཀི་མི་འདུག
དཔར་སློག་བྱེད་ལོས་ཐུབ། ག་རེ་བྱས་ནས་ཐུབ་མ་སོང་།
སྔོ་པོ་ཆག་གི་མི་འདུག དེ་བས་དཔར་སློག་བྱེད་མི་ཐུབ་ཀི
རྩོམ་ཡིག་དེའི་ཁ་ཕྱེས་ན་ཀླད་ཀྱི་རེའུ་མིག་ཁྲོད་ན་པར་སྐྲུན་ཞེས་པ་ཞིག་ཡོད་པས། དེ་མནན་ནས་པར་རྒྱག་ལོས་ཐུབ། སྔོ་པོ་ཟེར་ན་ག་རེ་རེད། སྔོན་པོ་ཟེར་གི་ཡོད་ན་སྔོན་པོ་བཟོ་དགོས་ཀྱི་མ་རེད།
ཨོ། ངས་ཤེས་སོང་། ཁྱོས་པར་བཤུས་ཟེར་གི་ཡོད་ས་རེད། འདི་ནི་PDFབཟོས་ཡོད་པས་པར་བཤུས་བྱས་ནས་འཁྱེར་ཐུབ་ཀི་མ་རེད། ཐད་པར་པར་སྐྲུན་བྱེད་དགོས་ཀྱི་རེད།
འདི་རིང་དྲགས་ནས་ངས་ཧི་གཟུགས་སུ་གཏགས་ཁོམ་མ་བྱུང་། སྔོན་མ་ཞིག་ལ་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་གནས་ཡིག་ཟེར་བ་ཞིག་གོ་མྱོང་ལ། དེ་རིང་བར་དུ་རང་ཉིད་ལ་ཡོད་པ་འདི་ཀ་ཐོག་པའི་ཡིན་འདང་མ་བརྒྱབ་སྟེ། ད་ནངས་འདི་དྲ་ངོས་སུ་བཞག་ཚར་ནས་དྲོས་ཇ་ཞིག་འཐུང་རྩིས་བྱེད་དུས་གློ་བུར་དུ་ཀ་ཐོག་སི་ཏུའི་གནས་ཡིག་ཅེས་པ་དེ་ཡིད་ལ་དྲན་བྱུང་། ཀ་ཐོག་ཚེ་དབང་རིག་འཛིན་ཚང་ལ་ཡང་གནས་སྐོར་ཟིན་བྲིས་ཤིག་ཡོད། ཁོང་ནི་རྒྱལ་དབང་ལྔ་བའི་དུས་ཀྱི་རྙིང་བླ་ཞིག་རེད། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་བསྙེན་བཀུར་རྒྱ་ཆེན་དང་། ལྷག་པར་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཟངས་གདུགས་ཐོག་མར་བསྒྲོན་མཁན་དེ་ཁོང་ཡིན་བསམས། དེ་ནས་ལ་དྭགས་ཕྱོགས་སུ་སིང་བོད་ཆིངས་འདུམ་ལ་བྱོན་པའི་ལོ་རྒྱུས་འདུག བལ་ཡུལ་ནས་དབྱིན་ཇི་ཞིག་གིས་འདི་དབུ་མེད་དུ་བྲིས་པ་ཞིག་ཁྱེར་ཡོང་ནས་ངེད་ཅག་གི་ལས་ཁུངས་ལ་འདི་བོད་ཡིག་གློག་ཀླད་དུ་ཅིག་གཏགས་རོགས་རིན་འབབ་མི་དམན་པ་སྟེར་ཟེར་བས། བོད་ཡིག་དབུ་ཅན་དུ་ཕབས་ཚར་དུས་ངས་ཞུ་དག་ཅིག་བྱེད་ཟེར་ནས་ཁྱེར་སོང་ལ་དེ་ནས་བཟུང་སྟེ་གྲགས་རྒྱུ་ཅང་མེད་སོང་། ཤོག་ལྡེབས་བཞི་ཅུ་ནང་ཞིག་གློག་ཀླད་དུ་གཏགས་གླ་ད་དུང་ཆད་བསྡད་ཡོད།
ཨ་ཁུས་གསུངས་པ་ལྟར་དཔར་ཐུབ་སོང་། ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
དབྱིན་མོ་མགོ་སེར་མ་དེས་ཁྱོད་ཚོར་དབུ་སྐོར་བཏང་འདུག་ག བོད་པ་ཡིན་པས་ལན་པ་རེད། ཡིད་ཆེས་བྱས་དྲག་མེད་ཀྱི་ན་སྒྲོ་ལོ་བརྒྱ་སྐོར་རེ་རག་ཡོད་རྒྱུ་རེད་མོ། སྙ་ལུག་མ་དེ། ཤུ་རེ་ཁོ་ངའི་ལག་ལ་ཅིག་ཐེབས་རྒྱུ་ན་རེ།
དེས་ན་ཧྲ་གི་མོ།
ཨོ། དབྱིན་ཇི་དེ་རྙ་ལུག་མ་ཞིག་མ་རེད། མཇེ་སྐམ་པ་ཞིག་རེད། ལྟས་ངན་དེ། ནམ་ཉི་མ་ཞིག་ལ་དེ་ངའི་ལག་པར་ཆུད་ན་ངས་དེའི་མཇེ་སྐམ་རྡོ་བར་དུ་ཅིག་རྡུང་མ་ཐུབ་ན་བུ་མིན།
ཨོ། ཨ་རོགས་ཁྱོད་གང་ཟིག་ན་ཡོད། ཁ་སྔོན་ཞིག་ལ་ལ་དྭགས་ཤིག་ན་ཡོད་ཀི་བསམས་སོང་། ཡོད་ན་གར་ཞ་མཁའ་འགྲོའི་གླིང་ལ་སོང་དང་།
ལ་དྭགས་ཕྱི་ཟླ་༨པའི་ཚེས་འགོ་ལ་ཕྱིར་སླེབས་སོང་། ག་ཞ་མཁའ་འགྲོའི་གླིང་ལ་སོང་བ་ཡིན། སྐྱིད་སྣང་དང་བར་ཐག་མི་རིང་བའི་སར་ཡོད་པའི་རྗེ་རྒོད་ཚང་བའི་སྒྲུབ་ཕུག་དེར་འགྲོ་སྐབས། ཅིག་ཅིག་མིན་ན་ཞི་མོ་འགའི་ལག་ཏུ་ཚུད་དེ་རྐང་སྣམ་ཕུད་སོང་ནོ། ཕ་ཡུལ་ནས་ད་ཞི་མོ་ཚོས་ཞི་ལི་གཅིག་རེ་ལམ་ནས་ཐུག་ན་སྒོར་རྡོག་ཆ་རེ་མ་བྱིན་ན་རྐང་སྣམ་ཕུད་འཇོག་ག ཨོ་ང་ཡང་ཅིག་ཅིག་མིན་ན་དེ་འདྲ་བྱས་སོང་ནོ། ངས་རེམ་མ་ཁོ་རི་ཡའི་མི་ཞིག་ཡིན་མདོག་གིས་པར་ཆས་བསྟན་ཏེ་པར་ལེན་རྒྱུ་ཡིན་ནམ་མདོག་མདོག་རྣམ་འགྱུར་འདྲ་མིན་བསྟན་པས་ཨ་ཧྭ་མ་ཟིག་ཐར་ཐབས་བྱས་སོང་། མཁའ་འགྲོའི་གླིང་གི་ཞི་མོ་ཆོ་ཡག་རྒྱུ་ཧོན་ད་མེད་ཀི་ར། ཤ་རྩ་ཅིག་དཀར་ནོ་དེ་ད་རང་ང་ཟིག་མ་རེད་ཞི་ལི། གར་ཞ་ཐེངས་དྲུག་དང་ཁྱོན་བསྡོམས་ཟླ་བ་བཞི་ཙམ་ཞིག་བསྡད་ཡོད་རྒྱུ་རེད། ས་ཚོ་དེ་ད་མིག་བཙུམས་དང་ན་སེམས་ན་ཁྱ་ཀྲིག་གེར་འདུག ད་དུང་ཞི་མོ་ཟིག་ར་ཡོད་ཨ་ར།
ཨོ་རེད། ངས་ཞི་མོ་ཟིག་ཡིན་ན་བསམས་བྱུང་། ཞི་ལི་ཟིག་ཡིན་ད་ང་ལ་གོད་པ་ཅང་མེད། ཁྱོས་ར་མགོ་སེར་དེའི་མཇེ་རྡུང་དང་ན་མགོ་སེར་དེའི་མི་ཚེ་འདིའི་སྐྱིད་ཀི་རྩ་བ་ཁྱོད་ཀྱིས་བཅད་དང་ནི་རེད། དི་མོ་དེ་ཡིད་རོགས་ཆོད་ཀ
མགོ་སེར་མཇེ་མགོ་རྡུང་རྒྱུ་སྐོར་ཟིག་ཡོད་ཀི་ཡ།
ངའི་ངོ་ཤེས་ཤིག་གིས་བྱིས་པ་གཉིས་རྡ་སར་བསྐྱལ་ནས་ཨ་རིར་ལོག་དུས་ཆུང་མ་མགོ་སེར་ཞིག་གི་རྐུབ་ལ་བྲོས་ཚར་དུས་རྩད་གཅོད་བྱེད་མ་ཐུབ་ནས་བསྡད་འདུག
མཇེ་མགོར་སྣུམ་ཚ་འདེ་ལྡུག་རྒྱུའི་མགོ་སེར་དེ་སུ་ཡིན་ནམ། རྙ་མའི་ནང་དུ་གྲོག་མ་མངགས་རྒྱུའི་ཆུང་མ་དེ་སུ་ཡིན་ནམ།
ཨ་མདོ་བས་འཐུང་རྒྱུའི་ཇ་བག་ཆུང་མང་ཙམ་འཐུང་དང་མཇེ་ངན་ཀག་གིས་ལང་གི་རེད། མི་འདྲ་མེད་དེ་ཚོས་ཆུང་མར་འཛག་ནོ་མ་ཧྲ་ན་ད་མགོར་དེ་ཡོང་ནི་རེད། དེང་རབས་ཕྱི་གླིང་བས་འཛག་སྲོལ་དེ་ཚོར་སྣང་ཆུང་བྱེད་ཆེ་ཉན། ཆུང་མ་དེར་ཁག་ཡོད་རྒྱུ་མ་རེད། མགོ་སེར་དེས་གཞུག་ནས་འཛག སྔུན་ནས་འཛག ཟུར་ནས་འཛག ཁ་ནང་དུ་འཛག སྟུག་ཁུང་ནང་དུ་འཛག སྙ་མའི་ནང་དུ་འཛག མདོར་ན་ཨུ་ཁུང་ཡོད་ས་དང་མེད་ས་ཚང་མར་འཛག་ན། ཡུམ་ང་ཡིན་ན་ར་རྗེས་འདེད་ས་རེད། བོད་པ་ཚོས་སྙ་མའི་ནང་མ་གཏོགས་འཛག་ཤེས་ནི་མ་རེད། འདོད་ཆགས་ཟེར་བ་དེ་སྙ་མའི་ནང་གཅིག་པོ་ཆེ་ཡིན། ལྷག་པར་དུ་ཞི་མོ་ཚོའི་འདོད་ཆགས་སྙ་མའི་ནང་གཅིག་པོ་མ་རེད་དཱ།
སྙ་མའི་སྙ་ཡིག་འདི་ས་སྙ་ཡིན་བསམས་སོང་། འོན་ཀྱང་ཁྱོད་ཀྱིས་ར་རྙ་འབྲི་ཡིན་འདུག དོན་དུ་གང་ཡིན་ངས་ཀྱང་གསལ་བོ་རང་ཤེས་མ་སོང་།
མགོ་སེར་ཚོའི་མཇེ་ལ་ཤེད་ཡོད་ནི་མ་རེད། ཆགས་པ་སྤྱོད་དུས་དུས་ཡུན་རིང་ཙམ་སྤྱོད་ཐབས་ལ་འབད་དང་། ཆུང་མ་དང་དགའ་མ་མགོ་སེར་ཚོས་འཕྲོག་ཡོང་བསམ་དགོས་པ་མ་རེད། མཇེ་རྙ་ལེ་རྙིལ་ལེ་དེ་ཚོས་འདོད་པ་ཁེངས་པ་ཞིག་སྤྱོད་ཐུབ་ནི་མ་རེད། འདིར་ཡོང་བའི་དབྱིན་མོ་མགོ་སེར་དེ་ཚོས། བོད་པའི་པོ་སར་ཚོའི་མཇེ་འཁྲག་པོ་འདུག ནང་དུ་བཅུག་སྟེ་དཀྲིགས་དཀྲིགས་གཏོད་སྐབས་སྨྲ་མི་ཤེས་པའི་ཚོར་བ་བདེ་བ་ཞིག་སྤྲོད་ཀྱིན་འདུག འོན་ཀྱང་ཁོ་ཚོར་བདེ་པ་ཐོབ་སླ་བས་འདོད་པ་ཁེངས་ཡག་ཅིག་མི་འདུག་ཟེར། ཇ་བག་ཆུང་མང་ཙམ་འཐུང་དང་དྲག་ནི་རེད།
གནས་ཡིག་ནང་དུ་འཛག་རབས་བསྐོར་རྐྱང་རྐྱང་བྲིས་འདུག་གམ། ང་ངོ་ཚ་ནས་འབར་ཐལ། ཁྱེད་གཉིས་ཀྱི་ཁ་འདི་ཐལ་བའི་ཆོད། ཧཧཧཧཧ
ལྟས་ངན་འདི་ཚོའི་སྙ་མ་ལ་ཨི་ཁུང་དུ་ཡོད་ནོ་མི་ཤེས་ནས་རྐྱང་རྐྱང་གིས་བྲིས་པ་ཡིན་པ་འདྲ། ཨ་ཤི་རེ་ཁོ། མི་ཤེས་ན་མི་ལ་བྲིས། མི་རིག་ན་སྒང་ལ་བུད།
ཉིད་ཀྱི་གནས་ཡིག་དེ་ཆ་ཚང་ཀློག་ཐུབ་མ་སོང་། འོན་ཀྱང་མགོ་ནས་ཤོག་ལྷེ་བཅོ་ལྔ་ཙམ་ཀློག་པ་ཡིན། མཚམས་རེ་ཡ་མཚན་པོ་འདྲ་ཞིག་དང་ཡང་ལན་རེ་བསམ་བློ་བཏངས་དུས་དགོད་སྤྲོ་པོ་འདྲ་ཞིག་ཀྱངའདུག ད་དུང་མུ་མཐུད་ཀློག་གི་ཡིན།
ཀ་ཐོག་སི་ཏུའི་གནས་ཡིག་ཟེར་བ་དེ་འདི་མ་རེད། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་ཟེར་བ་དེ་དེང་སང་སི་ཁྲོན་དང་བོད་ལྗོངས་གཉིས་ནས་པར་དུ་བསྐྲུན་འདུག
ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་དེ་ངས་མཐོང་མྱོང་། དེ་ནི་ལོ་བརྒྱ་ཕྲག་མང་པོའི་སྔོན་དུ་བརྩམས་པ་ཞིག་རེད། ཀ་ཐོག་དེ་ནི་ཀ་ཐོག་སི་ཏུ་ཚེ་དབང་རིག་འཛིན་ཞུ་བ་དེ་རེད། འདི་ནི་ཀ་ཐོག་སུ་ཏི་ཆོས་ཀྱི་རྒྱ་མཚོ་ཁོང་རེད། འདིའི་སྐོར་ངས་བྲིས་པའི་མཆན་བརྒྱད་པ་དེར་ཡོད།
ཝེ་ཀླུ་སྨྱོན། ད་ལྟ་དྲ་ཐོག་ན་ཡོད་པ་འདྲ། ཁ་སྔོན་ངས་སྙ་མའི་སྙ་འདི་ས་སྙ་ཡིན་བསམ་ཀྱང་ཁྱོད་ཀྱིས་ར་རྙ་འདི་བྲིས་སྐོར་གསལ་བཤད་ཅིག་བྱོས་དང་།
རྭ་མཇེས་མ་གཏོགས་འདོད་པ་མི་ཁེངས་པ་ཞིག་ལ་ཐུག་ན་ར་རྙ་ཕྲིས། ས་མཇེ་ཙམ་གྱིས་འདོད་པ་ཁེངས་པ་ཞིག་ལ་ཐུག་ན་ས་སྙ་ཕྲིས། འདི་ཙམ་ཡང་མི་ཤེས་སམ། ལག་ལེན་དང་སློབ་སྦྱོང་ཟུང་དུ་སྦྲེལ་དགོས་པ་ཡང་མི་ཤེས་སམ།
ས་མཇེ་ཟེར་བ་ཞིག་ཏུན་ཧོང་ཡིག་རྙིང་ནང་གི་སྨན་ཡིག་དེ་ཚོའི་ཁྲོད་ནས་ཅིག་མཐོང་སོང་བསམ་བྱུང་ཡང་སྐབས་དེར་མ་གོ་བར་བཞག་ཡོད། ད་ནི་ས་མཇེ་ཞེས་པའི་དོན་ཡང་གསུང་རོགས་གནོངས་ཞུ།
སྒུག་ནས་བསྡད་པ་ཡིན་ཏེ། ལན་གསུང་རྒྱུ་མེད་ནོ་ཅི་རེད། ད་ཨ་ཡེ་རིམ་ནས་ཉལ་གི་ཡིན། གནམ་གཤིས་ར་འཁྱགས་ནི་ཞིག་རེད། ལན་གསལ་བོ་འདྲ་ཡོད་གཞག་ཞོགས་དང་སང་ཞོགས་ལྟ་གི་ཡིན།
ས་དམར་གྱིས་བཟོས་པ་ལྟ་བུའི་མཇེ་འཁྱགས་པ་ཡང་མི་ཤེས་སམ། དེང་སྐབས་ཀྱི་གསར་བུ་འདི་ཚོ་འདི་འདྲའི་ཐབས་སྡུག་པ་ལ། འདི་མོ་འདིའི་སྐོར་ཡང་མྱི་ལོ་ལོན་ཚོར་དྲིས་ཡོང་གིན་འདུག འདིའི་སྐོར་ནས་ཅང་ར་མི་ཤེས་ན་གྲྭ་ས་ཞིག་ནས་མཇེ་ངན་ལག་པས་བཙུར་ནས་བསྡད་ན་ཅིས་མི་ཆོག ད་དུང་ཁ་སྣོན་ཞིག གཉའ་ལ་ཞོན་ཡོང་བའི་རིགས་ལ་ག་གཉའ་ཕྲིས། ད་ཆོག་གི་པ། འདི་མོ་འདིའི་སྐོར་བཤད་རྒྱུར་འཇིག་རྟེན་ཕྱོགས་ནས་བཤད་ན་ངོ་ཚ་གི ཡིན་ན་ཡང་ཆོས་ཕྱོགས་ནས་བལྟས་ན། ངོ་མི་ཚ་ལ་ངོ་ཚ་ཞིང་། །ངོ་ཚ་བ་ལ་ངོ་ཚ་མེད། །ཅེས་པ་བཞིན། འདི་མོ་འདིའི་སྐོར་བཤད་རྒྱུར་ངོ་ཅང་ཚ་དགོས་ནི་མ་རེད། ངའི་འོག་ན་ཅིག་ཐུར་ར་བསྣར་བསྡད་ཡོད་པ་དང་། ཀན་གི་འོག་ན་ཅིག་དོང་ང་ལྷུང་བསྡད་ཡོད་ནོ་མྱིག་བཙུམས་ནས་བསྡད་ན་ཡང་མྱིག་ལམ་ལ་འཆར་ལོས་ཡོང་། རྗེ་མི་ལ་རས་པ་ཡང་གྲུབ་པ་བརྙེས་ཚུན་ཆད་ནས་སྐུ་མ་གྲོངས་བར་དུ་རང་ཉིད་གཅིག་བུ་སྡོད་ས་ནས་མི་མང་ཚོགས་པར་འཚོག་ས་བར་དུ་ཕལ་ཆེར་སྐུ་ཚེ་དེ་ལ་གཅེར་བུར་བཞུགས་ཡོད་ས་རེད། ད་དུང་ཆོས་བཤད་དུས་ཀྱང་། བོད་གངས་ཅན་གྱི་དད་པ་ཁ་ན་ཡོད། །ཁྱོད་ཨ་ནེ་ཚོའི་དད་པ་འདོམས་ན་ཡོད། །ཅེས་པའི་ཆོས་འཁོར་རེ་ཡང་སྐོར་གིན་བསྡད་འདུག
ཨ་ཀླུ་སྨྱོན། ད་ར་རྙ་ས་སྙ་དང་ར་མཇེ་ས་མཇེ་མི་ཤེས་ཏེ། ཁྱོད་ཀྱིས་ ་་ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་དེ་ངས་མཐོང་མྱོང་། དེ་ནི་ལོ་བརྒྱ་ཕྲག་མང་པོའི་སྔོན་དུ་བརྩམས་པ་ཞིག་རེད། ཀ་ཐོག་དེ་ནི་ཀ་ཐོག་སི་ཏུ་ཚེ་དབང་རིག་འཛིན་ཞུ་བ་དེ་རེད། འདི་ནི་ཀ་ཐོག་སུ་ཏི་ཆོས་ཀྱི་རྒྱ་མཚོ་ཁོང་རེད།་་ ཅེས་གསལ་བོར་བྲིས་འདུག་ཀྱང་ང་ལ་དོགས་པ་ཞིག་བྱུང་། ངའི་དོགས་པ་ནི་ཀ་ཐོག་ཚེ་དབང་རིག་འཛིན་གྱིས་ཀྱང་དབུས་གནས་ཡིག་ཟེར་བ་ཞིག་བྲིས་ཡོད་མེད་དེ་རེད།
ང་ལ་འདི་ན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་དབུས་གཙང་གནས་ཡིག་ཅིག་ཡོད། དེའི་མིང་ལ། སི་ཏུ་ཆོས་ཀྱི་རྒྱ་མཚོའི་གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སེ་མོ་དོ་ཞེས་བྱ་བ་བཞུགས་སོ་ཞེས་གསལ་ལ། རྩོམ་པ་པོའི་མིང་ཡང་སི་ཏུ་ཆོས་ཀྱི་རྒྱ་མཚོ་བྲིས་འདུག་པ་མ་ཟད་གནས་ཡིག་གི་མཇུག་ཏུའང་མདོ་ཁམས་ཀ༚ཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་སྤེལ་བ་དགེའོ་ཞེས་བྲིས་འདུག
གནས་ཡིག་གི་མགོ་ཡང་། མཆོད་བརྗོད་སོགས་ཀྱི་ཚིགས་བཅད་གྲུབ་རྗེས་དེ་མ་ཐག་ཏུ། ་་རབ་བྱུང་བཅོ་ལྔ་པའི་ནང་གསེས་ས་རྟ་ལོ་ཟླ་བ་བདུན་པའི་ཚེས་བཅུ་ལ། ཁམས་དབུས་ཀྱི་ཆ་དཔལ་ཀ་ཐོག་རྡོ་རྗེ་གདན་ནས་རིམ་པར་ཀླུང་འབྲི་དམ་པ་ཆོས་ཕྱུགས་ཀྱི་ཆབ་གསེར་ལྡན་དགའ་མ་པོ་ལུ་བྲག་མགོ་ཞེས་བྱ་བ་ནས་བརྒལ་་ ཞེས་ག་དུས་ནས་གནས་བསྐོར་མགོ་བཙུགས་པ་གསལ་བོར་བྲིས་འདུག གནས་ཡིག་གི་ནང་དུའང་གནས་རྩ་ཆེན་ཁག་ལ་ཟླ་དུས་ཚེས་གྲངས་ག་དུས་འབྱོར་མིན་རིམ་པ་བྱས་ནས་བཀོད་འདུག
དེ་ནས་མཇུག་ཙམ་དུ་ ་་མདོར་ན་ས་རྟ་བརྒྱད་པའི་ཚེས་བརྒྱད་ལ་ཁམས་སྒར་སླེབ་པ་ནས་ཟླ་དགུ་པའི་ཚེས་ཉེར་བཞི་ལ་འབྲི་གུང་ཐེལ་དུ་དབུས་གནས་ཐོག་མར་ཟུག ས་ལུག་ཧྲིལ་བོ་དང་། ལྕགས་སྤྲེལ་ཟླ་གསུམ་པའི་ཚེས་བཅུ་བཞི་ལ་ལྷ་གདན་ནས་ཁམས་ལ་བཏེགས་པའི་སྐབས། ཟླ་བཞི་པའི་ཚེས་བཅུ་བདུན་ལ་བྲག་དཀར་ལྷ་ཆུར་མ་སླེབ་པར་ཁྱོན་ཟླ་བ་ཉི་ཤུའི་རིང་ལ་ཕལ་ཆེར་གནས་ལམ་དུ་སོང་ཞིང་་་ ཞེས་གསལ་བོར་བཀོད་འདུག
རབ་བྱུང་བཅོ་ལྔ་པའི་ས་རྟ་ཡིན་ན་ ༡༩༡༨ ལོར་ཡིན་དགོས་པ་འདུག
ལོ་བརྒྱ་ཕྲག་མང་པོའི་སྔོན་བརྩམས་པའི་ཀ་ཐོག་ཚེ་དབང་རིག་འཛིན་གྱི་དབུས་གཙང་གནས་ཡིག་དེ་ད་རུང་མཇལ་རྒྱུ་མ་བྱུང་། འདིར་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཀྱང་དབུས་གཙང་གནས་ཡིག་ཅིག་བརྩམས་ཡོད་པ་གསལ་བཤད་ཀྱི་ཆེད་དུ་ཡིན།
འཛམ་གླིང་སྤྱི་དང་རྒྱ་གར་གྱི་གནས་ཡིག་དཔྱིད་ཉི་འཕུད་བྱེད་ཅེས་པ་དེ་ཏན་ཏན་ཁྱེད་ཀྱིས་བཤད་པ་ལྟར་ཆོས་ཀྱི་རྒྱ་མཚོ་ཡིན་རྒྱུ་རེད། གནས་ཡིག་གི་མཇུག་ཏུ་སི་ཏུ་དྷརྨ་ས་ར་ཞེས་བྲིས་འདུག་པ་ལས་ཤེས་ཐུབ་ལ། མ་གཞི་ནས་ཁོང་ཚང་གནས་སྐོར་དང་གནས་ཡིག་འབྲི་རྒྱུར་དགའ་མཁན་ཞིག་ཡིན་པའང་ཤེས་ནུས།
ཆུ་ཁྱི་༡༩༢༢ ལོར་བྲིས་པ་ཡིན་ན་དབུས་གཙང་གནས་སྐོར་གྲུབ་ནས་ཕྱིར་འཁོར་གྲུབ་པའི་ལྕགས་སྤྲེལ་༡༩༢༠ ལོའི་རྗེས་ཀྱི་ལོ་གཉིས་པ་དེ་རེད།
དེ་ནས་ ་་རབ་བྱུང་བཅོ་ལྔ་པའི་ཁྲག་སྐྱུགས་ཞེས་པ་ཆུ་ཕག་ལོར་དཔལ་ཀ་ཐོག་ནས་ནུབ་སྨད་དྲང་པོར། འབྲི་ཀླུང་གི་འབབ་ཆུ་ཛམ་ཐོག་གྲུ་ལས་བརྒལ་་ ཞེས་མདོ་ཁམས་དང་རྒྱ་ཡི་གནས་སྐོར་མགོ་བཙུགས་འདུག་ལ། ་་མདོ་ཁམས་དང་རྒྱ་ཡི་གནས་སྐོར་འགའ་ལ་ཕྱིན་པའི་ལམ་ཡིག་འཁྲུལ་སྣང་ལས་སྦྱོང་གསལ་བའི་ཨ་དརྴ་ཞེས་བྱ་བ་བཞུགས་སོ་་ ཞེས་པ་ཞིག་ཀྱང་བརྩམས་གནང་འདུག ཆུ་ཕག་འདི་ ༡༩༢༣ ལོ་ཡིན་དགོས་པ་འདུག
ཀླུ་སྨྱོན་ལགས། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལ་དབུས་གཙང་གནས་ཡིག་ཟེར་བ་ཞིག་ཡོད་འདུག་མ་གཏོགས་ཀ་ཐོག་ཚེ་དབང་རིག་འཛིན་ཞེས་པ་ལ་་དབུས་གཙང་གནས་ཡིག་ཟེར་བ་ཞིག་གང་ན་འདུག ཡོད་ན་ལན་ཞིག་འདེབས་རོགས།
འདིར་དགོངས་དག་ཞུ་རྒྱུ་ཞིག་ལ། ཀ་ཐོག་ཚེ་དབང་རིག་འཛིན་གྱི་དབུས་གཙང་གནས་ཡིག་མ་རེད། ཁོང་གི་ལོ་རྒྱུས་ལས་འཕྲོས་ཏེ་ཁམས་ནས་དབུས་ཕྱོགས་དང་དེ་ནས་བལ་ཡུལ་ཕྱོགས་སུ་ཕེབས་སྐབས་ཀྱི་གཟིགས་ཚུལ་ཁག་མཉམ་དུ་འཁོད་པ་ཞིག་རེད།
གོང་གི་མགོན་པོའི་ཀ་ཐོག་ཆོས་རྒྱམ་པའི་གནས་ཡིག་དེ་ངས་ཟླ་བ་བཞི་ལྔ་ཞིག་གི་སྔོན་ལ་མཐོང་སོང་། དེ་འདི་གའི་དཔེ་མཛོད་དུ་ཡོད་བསམས། དགའ་རབ་ཞིབ་མོ་རེད། ལྷག་པར་དུ་བཀའ་གདམས་པའི་གདན་ས་ཁག་རྩད་གཅོད་པར་ཤིན་ཏུ་ཕན་རླབས་ཆེ་བར་མཐོང་།
ས་མཇེ་ཟེར་བ་དེ་ཉིད་ཀྱིས་བཤད་པ་དེ་འདྲ་ཞིག་ཨེ་ཡིན་ནམ་བསམ་གི ཏུན་ཧོང་ཡིག་རྙིང་ན་ཕལ་ཆེར་འདོད་ཆགས་ལང་སྤྱད་ཀྱི་སྨན་རྫས་ཞིག་ལ་བཤད་ཀིན་པ་འདྲ། དཔེར་ན་ཡིག་རྙིང་དེར། “བུ་ཕོ་དང་ཆུ་བྱ་དཀར་པོ། ས་མཇེ་དང་རྒྱོ་འདོད་གྱི་ལྡུམ་བུ་དང་། ཤ་འཇུག་གི་རུས་ཁུ་དང་རྐྱང་ཞུགས་པའི་རུས་ཁུ། ཤ་བའི་རྟུག་པ་རྩྭའི་ཁ་ན་འདུག་པ་དང་དེ་རྣམས་སྦྱར་ཏེ་ཆང་ལ་བཏང་ན། འཕྲལ་དུ་སྤྱར་ཏེ་ཤུར་གྲངས་མང་དུ་ཕོད་མཐར་ཉེས་པ་མི་འོང་ངོ་་་་”ལྟ་བུའི་ཚིག་ཤུགས་ནས་ས་མཇེ་ཟེར་བ་རྫས་དངོས་ཤིག་ཡིན་པ་གསལ་བོ་རེད། འོན་ཀྱང་ཅི་དང་གང་ཡིན་ངས་མི་ཤེས། དཔྱད་ཀྱང་མ་རྙེད་པར་བསྡད་ཡོད། དྲ་གྲོགས་འགྲེལ་རོགས་ཤིག་བྱོས་དང་།
དྲྭ་བ་འདི་དེ་རིང་ཐོག་མར་མཇལ་བ་དགའ་བོ་བྱུང་། རྣམ་པ་ཚོ་ཐུགས་རྗེ་ཆེ།