བསོད་ནམས་ནོར་བུ།
—–T. C. ལ།
ཁ་སང་སེམས་པ་ན་ཡང་།།
སེམས་གསོ་བྱེད་མཁན་མ་བྱུང་།།
དེ་རིང་ལུས་པོ་ན་བས།།
སྨན་ཁང་བསྟེན་འདོད་མ་སྐྱེས།།
ལུས་པོ་ན་དང་མི་ན།།
ལག་མགོ་ཐོད་པར་ཞོག་དང་།།
སེམས་པ་སྡུག་དང་མི་སྡུག །
གདོང་གི་མིག་ལ་ལྟོས་དང་།།
སེམས་པ་སྐྱོ་ནི་སྐྱོ་སོང་།།
སྨྱོན་པ་ཆགས་ན་ཆགས་ཆུག །
ལུས་པོ་ན་ནི་ན་སོང་།།
ཤ་རུས་འཐོར་ན་འཐོར་ཆུག །
ལུས་པོ་ཕ་མས་སྤྲད་ཀྱང་།།
སེམས་པ་རང་གི་རེད་དོ།།
རང་ལ་དབང་བའི་ནོར་དེ།།
གང་བྱུང་གཞན་ལ་མ་སྤྲད།།
ཕར་ལ་རིང་ཙམ་བཞག་ན།།
ཚུར་ལ་ཉེ་ཙམ་བཅར་ཡོང་།།
ཉེ་ཙམ་ཚུར་ལ་འཐེན་ན།།
གོམ་གསུམ་ཕར་ལ་བཀྱེད་འགྲོ།།
རྨ་དང་ན་ཟུག་མ་བལྟས།།
གདོང་གི་ངོ་ལྤགས་བཤུས་ཡིན།།
གཏམ་དང་མི་ཁ་མ་འཛེམས།།
སེམས་ཀྱི་ཕྱི་ནང་བསྟན་ཡིན།།
བཤད་པའི་སྙིང་གཏམ་འཇའ་རེད།།
འཇའ་ཚོན་ཉི་མས་བསལ་འགྲོ།།
སྤྲད་པའི་བརྩེ་བ་སྤྲིན་རེད།།
སྤྲིན་པ་རླུང་བུས་གཏོར་འགྲོ།།
དགའ་གི་ཟེར་བ་རྫུན་ཡིན།།
རྫུན་ལ་རྒྱུ་མཚན་མ་འཚོལ།།
དྲན་གི་ལབ་པ་ཤོབ་ཡིན།།
ཤོབ་ལ་མགོ་མཇུག་མ་བསྒྲིགས།།
2/ 7/ 2013/
མཐོང་ཐེངས་དང་པོ་དེ་གས།།
ལུས་སེམས་གཉིས་ཀ་སྦྲིད་སོང་།།
ག་ལེར་ཐབས་ཤེས་ཤིག་གིས།།
ཁྱོད་ཀྱི་ཁ་པར་རག་སོང་།།
རྡུམ་རྡུམ་སྐད་ཆ་ཁ་ཤས།།
ང་གཉིས་གཉིས་ཀྱི་འབྲེལ་ཐག །
ཟ་བཏུང་རྔན་པའི་སྤྲོད་ལེན།།
མེ་ཏོག་ནང་བཞིན་བཞད་བྱུང་།།
བདུན་ཕྲག་གཅིག་གི་གོང་ནས།།
ཁྱོད་ཀྱི་ཉེ་པོ་ཞིག་གིས།།
དགའ་གྲོགས་ཡོད་རབས་བཤད་ནས།།
ཉིན་མཚན་ནག་ཁུང་ཆགས་སོང་། །
དེང་སང་དགའ་ཉེ་ཟེར་བ།།
ཐོབ་དང་དངུལ་རྗེས་འབྲང་བས།།
མི་ལ་སེམས་པ་མ་གཏོད།།
སེམས་པ་གས་ཆག་ཤོར་ཡོང་།།
ཧཧཧཧཧཧཧཧཧཧཧཧཧཧཧ ད་ཡིན་ན་ཁ་བརྡའི་ནང་གི་དྲ་འབུ་འུར་ཆེན་དེ་ཚོ་རེ་རེ་ནས་སྦྲི་སྨན་གྱིས་བཟི་ཡི་ཡོད་པ་འདྲ། གནས་སྟངས་འདིར་ལྷུང་དུས་ལྟད་མོ་ཏོག་ཙམ་བལྟ་རྒྱུ་ཡོད།
གྲྭ་བ་མགོ་རིལ་བྱས་ན་འདི་ཚོས་དཀའ་འི།།
མྱི་ནག་སྐྱ་བོ་བྱས་ན་འདི་ཚོས་མྱངས་ཀི།
བརྩེ་བ་ཆགས་པར་འཐིམ་བའི་མྱི་ལྡོམ་ཚོ་ལ།།
བྱམས་ལྡན་བྱི་མོ་མེད་པ་ད་ལྟ་ཤེས་འདུག།
ཧ་ཧ་། ཧ་ཧ། ཧ་ཧ།
ནམ་མཁའ་གློག་གིས་བཀས་སོང་།།
ས་གཞི་ཐོག་གིས་གཏོར་སོང་།།
ནམ་ས་གཉིས་ཀ་ཆག་རུང་།།
ཁོད་སེམས་རྨ་ཁ་མ་བྱུང་།།
གྲྭ་པ་ཡིན་ཡང་ཁོག་ན་སྙིང་ཆུང་ཡོད།།
སྙིང་ཆུང་སྦུག་ན་བརྩེ་བའི་སེམས་པ་ཡོད།།
གྲྭ་པ་ཡིན་ཡང་ལུས་ལ་ན་ཟུག་ཡོད།།
ལུས་ལ་འཇིག་རྟེན་ཟུག་རྔུ་ཐམས་ཅད་ཡོད།།
ཁྱོད་ལ་དགའ་བ་འདོད་སྲེད་འདྲེས་མ་ཡིན།།
ཁྱོད་ལ་དུང་པ་མཛེས་མ་མཐོང་ནས་ཡིན།།
ཁྱོད་རང་རང་གི་དགའ་གྲོགས་ལ་དགའ་ན།།
མེ་ཏོག་བུང་བ་གཞན་དག་འཚོལ་དུ་རྒྱུ།།
གྲྭ་པ་མི་རེད། གློ་བ་ཤ་རེད།
མདའ་མོ་ཕར་ལ་ཤོར་ན།།
ས་ནས་ཚུར་ལ་བླང་ཆོག།
སེམས་པ་ཕར་ལ་ཤོར་ན།།
ཚུར་ལ་ལེན་ཐབས་མི་འདུག།
ཟླ་ངོ་ལྔ་ཙམ་རིང་ལ།།
མེ་ཏོག་སེམས་པ་འཕྲུལ་སོང་།།
གཏིང་བརྗེད་བྱེད་ལ་བརྩོན་ཀྱང་།།
དོན་མེད་ངལ་བ་རེེད་ཤག །