སྤོབས་པ་མཐའ་ཡས།
(དབྱིན་ཡིག་ལྷན་སྦྱར།)
ནང་ཆོས་རྒན་ལགས་ཀྱིས་སངས་རྒྱས་པའི་ལུགས་ཀྱི་རི་མོ་གྲགས་ཅན་སྲིད་པ་འཁོར་ལོ་ཟེར་བ་དེ་ཁྱེར་ཡོང་ནས་སློབ་མ་ཚོར་དེའི་མཚོན་དོན་ངོ་སྤྲོད་མགོ་བཙུགས། ནང་དོན་གཏིང་ཟབ་ཅིང་། དཔེ་རིས་གསོན་ཉམས་ལྡན་པ། ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་དེ་དག་ལ་སློབ་མ་ཚོས་དོ་སྣང་ཆེན་པོ་བྱས། ཕྱི་ཉིན་ནང་ཆོས་རྒན་ལགས་ཀྱིས་བསྐྱར་སྦྱོང་གི་ཆེད་དུ་སྲིད་པ་འཁོར་ལོའི་ཐང་ཀ་དེ་ཁྱེར་ཡོང་ནས་དེ་ལ་མཛུབ་མོ་འཛུགས་བཞིན་མཚོན་དོན་གང་ཡིན་དྲིས། སློབ་ཕྲུག་རེ་རེས་ལན་བཏབ་རིམ་བཞིན་དུ་རྒན་ལགས་ཀྱིས་འཛུམ་མདངས་སྟོན་ཞིང་དབུ་མདུན་དུ་ལྡེམས།
སློབ་ཕྲུག་བསྟན་འཛིན་ཕན་ཐོགས་ནི་སྤྱོད་པ་གྱོང་བ་ཁ་རྒོད་པོ་ཅན་ཞིག་ཡིན། ཐ་མར་དགེ་རྒན་གྱིས་ཁོར་མཛུབ་མོ་ཀེར་ནས། “བསྟན་འཛིན་ཕན་ཐོགས། རི་མོ་འདི་ཚོའི་མཚོན་དོན་གང་ཡིན་ཤོད་དང་།” ཟེར། ཁོ་ཡར་ལངས་ནས་ཐང་ཁ་ལ་ལྟ་བཞིན། “རྒན་ལགས། ངས་སྐུ་རྩེད་ཅིག་ཞུས་ན་ཆོག་གམ་ཟེར། དགེ་རྒན་གྱིས། “དེ་ཆོག་དང་ཆོག ག་དུས་ཡིན་ན་ཡང་ཆོག” ཟེར།
ཁོས་སྲིད་པ་འཁོར་ལོའི་ཐང་ཁ་དེར་མཛུབ་མོ་འཛུགས་བཞིན། “མཐའ་ན་ཡོད་པའི་ཁ་ཆེན་པོ་དང་སྦར་མོ་རྣོན་པོ་ཅན་ཞིག་གིས་ཡོད་ཚད་བཟུང་ནས་བསྡད་ཡོད་མཁན་དེ་རྒྱ་མི་གུང་ཁྲན་ཏང་སྲིད་གཞུང་རེད། དེའི་དཀྱིལ་ན་བྱ་དང་། སྦྲུལ། ཕག་བཅས་ཡོད་པ་དེ་ནི་ང་ཚོའི་མགོ་གཙོ་(Boss)གསུམ་པོ་རེད། ཟེར།
སློབ་ཁང་ཁུ་སིམ་མེར་གྱུར། དེར་རྒན་གྱིས། “མགོ་གཙོ་(Boss)གསུམ་ཟེར་ན་སུ་རེད།” ཟེར། དེར་བསྟན་འཛིན་ཕན་ཐོགས་ཀྱིས་། “དེ་ནི་བཀྲས་མཐོང་ཚང་དང་། རྒྱ་རི་ཚང་། སྟག་མཚེར་ཚང་བཅས་རེད།” ཅེས་ལན་བཏབ།
རྒན་ལགས་ཀྱི་དགའ་བའི་འཛུམ་མདངས་དང་བརྩེ་བའི་བཀའ་མོལ་གློ་བུར་དུ་མི་མངོན་པར་གྱུར་ནས། “དེ་འདྲ་ལབ་ན་ཡག་པོ་ཁྱོན་ནས་མ་རེད།” ཟེར་ནས་ཐང་ཁ་དེ་ཡར་སྒྲིལ་མགོ་བཙུགས།
སློབ་མ་ཚང་མས་ཀྱང་ཁུ་སིམ་མེར་ཕན་ཚུན་གྱི་གདོང་དུ་ལྟ། བསྟན་འཛིན་ཕན་ཐོགས་ཀྱིས་ཕར་ལྟ་ཚུར་ལྟ་ཞིག་བྱས་ནས། “དགོངས་དག རྒན་ལགས། དགོངས་དག སློབ་གྲོགས་ཚོ།” ཟེར་ནས་གདོང་པ་གློད་ཅིང་ཁུ་སིམ་མེར་ཕྱིར་རང་གི་འདུག་སྟེགས་སྟེང་དུ་བསྡད་། དེ་ནས་འཛིན་གྲྭ་གྲོལ།
Democracy In Exile Tibetans
By Pobpa Thay’e
(With Tibetan version)
The Buddhist teacher brought the popular Buddhist painting; ‘The Wheel Of Life’ to his class, and started to introduce the various meanings within the thangka. The students were very interested in the profound meaning, vivid art, and the colourful picture. The next day, the teacher brought the painting again and revised the previous days lesson. He pointed at the painting and asked questions about the symbols and its meanings. The teacher nodded and smiled when each student responded enthusiastically to the questions.
Tenzin Phanthok is mischievous, but also a humorous student. At last the teacher pointed to him and said, “Tenzin Phanthok, tell me what is the meanings of these paintings.” Tenzin Phanthok stood up and while looking at the painting he said “teacher, can I tell a joke?” The teacher said, ” Yes indeed, you can as always you do.”
He pointed to the painting and said “this creature with a huge mouth and sharp claws is holding the entire wheel, which represents the Communist Chinese government, and at the middle there is the rooster, snake, and the pig, which represents our ‘bosses’.”
The class is in silence. Then the teacher asked, “Tenzin Phanthok, who are our ‘bosses’?” Then Tenzin Phanthok said, “The Tethong family, Gyari family and the Taktser family.”
The teacher’s gentle voice and peaceful facial expression suddenly disappeared, and he said, “That is not fun at all.” He then started to roll the painting up.
All the students were in silence and looked at each others faces. Tenzin Phanthok looked around and said “sorry teacher, sorry classmates”, and then sat back down in his chair quietly. The class is over.
ཧཧཧ་སྒྲུང་སྙིང་རྗེ་བོ་ཞིག་དང་གོ་རྒྱུ་ཆེན་པོ་ཞིག་བྲིས་འདུག ད་དེ་འདྲ་རང་ད་ཨ་ཡིན་ན།
སྤོབས་མཐའི་སྤོབས་པ་འདི་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག
སྤོབས་པ་མཐའ་ཡས་འདིའི་ཡིགེའི་དག་ཆ་དང་། སྲིད་ཀྱི་འགྲོ་སྟངས་སྟོན་པ་ལ་སྤོབས་པ་ཆེ་རུ་འགྲོ་བ་ལ་སྟོད་འོས་པའོ།
流亡藏人的民主
通过Pobpa Thay’e
佛教的老师带来了流行的佛教绘画“生命之轮”他的课,并开始引入短歌内的各种含义。学生们很感兴趣的深刻内涵,生动的艺术和丰富多彩的图片。第二天,老师带来了绘画再次修订前几天的教训。他指出,在绘画和问问题的符号及其含义。老师点点头,笑了,当每个学生的热烈响应的问题。
Tenzin Phanthok是恶作剧,但也有幽默的学生。最后,老师指着他说,“丹增Phanthok,告诉我什么是这些画的含义。”Tenzin Phanthok站了起来,而寻找的画,他说:“老师,我可以讲一个笑话吗?”老师说,“的确,你可以总是你。”
他指着画说:“这种生物具有巨大的嘴和锋利的爪子抱着整个车轮,它代表了中国共产党政府,中间有公鸡,蛇,猪,代表我们的老板。 “
类是在沉默。然后老师问,“的 Tenzin Phanthok,我们的老板是谁?”然后丹增Phanthok说,“Tethong家庭,嘉日家庭和Taktser的家庭。”
老师温柔的声音和和平的面部表情突然消失了,他说,“这是没有乐趣可言。”然后,他开始滚动绘画。
所有的学生都在沉默,看着每个人的脸。 ,Tenzin Phanthok环顾四周,说:“对不起老师,对不起同学”,然后坐回他的椅子上静静地。类是。
ངས་་google སྐད་སྒྱུར་འཕྲུལ་ཆས་ལ་བརྟེན་ནས་རྒྱ་ཡིག་ཏུ་བསྒྱུར་བ་ཡིན། ཡིན་ན་ཡང་མིའི་མིང་སོགས་མ་འགྲིགས་ས་ཁ་ཤས་ཡོད་པར་ངེས། ངས་རྒྱ་མིག་མི་ཤེས་པས་ཅི་བྱེད་མི་འདུག རྒྱ་ཡིག་ཤེས་མཁན་ཞིག་གིས་བཟོས་བཅོས་དག་སྒྲིག་ཅིག་བྱེད་ནུས་ན་ཕན་ཐོགས་འདུག འབོད་སྐུལ་ཞུ་བ་ཡིན། ཐུགས་རྗེ་ཆེ།
ད་སྡོད།
བྱ་ཕག་སྦྲུལ་གསུམ་གྱིས་བོད་ཆོལ་ཁ་གསུམ་མཚོན།
ཡང་། སྤོབས་མཐའ་ཡིས་གནད་འགག་ཆེ་ས་ནས་ཅིག་འཇུས་འདུག་ག ངས་བསམ་ན་ཡོད་ཚད་འཛིན་མཁན་ནམ་གཙོ་བདག་དེས་རྒྱ་གཞུང་མཚོན་པ་དང་། ཕག་སྦྲུལ་བྱ་གསུམ་གྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་དུ་བསྒྲགས་པ་དེ་དག་མཚོན་ཡང་འགྲིག
སྤོབས་པ་མཐའ་ཡས་ནི། སྤོབས་པ་མཐའ་ཡས་རང་རེད། ཡག་པོ་བྲིས་ཤག མཚར་གཏམ་ཡང་རེད་ཤག གོ་རྒྱུ་ཡང་འདུག
ངས་ནི་སྒྲུང་འདི་དམངས་གཙོའི་ཐོག་གོ་བ་ག་འདྲ་ལེན་དགོས་མིན་ཤེས་མ་སོང་། བྱ་ཕག་སྦྲུལ་གསུམ་གཅིག་ལ་གཅིག་ཟ་རེད་ཟེར་གྱི་ཡོད་པ་མིན་ནམ། ཧཧཧ འགྲེལ་བཤད་ཡག་པོ་བརྒྱབ་ཤེས་མཁན་ཡོད་ན་གསུང་རོགས་གནོངས།
རྒྱ་བོད་ཨིན་གསུམ་ཤན་སྦྱར་ལ་དགའ་བ་བརྟས།
ང་ཚོའི་སྡེ་བར་གཏམ་དཔེ་འདི་འདྲ་ཞིག་ཤོད་སྲོལ་ཡོད།
ཁྱི་སྨྱོན་པ་བདག་པོར་ཟུག
མི་སྨྱོན་པ་རང་མིར་སྡང་། ཟེར་པ་དང་།
ཡང་ རྫ་ཙིག་གཏམ་རྒྱུད་ལས།
སྒོམ་ཆེན་རླུང་གིས་ཟིན་ན་ཅི་ཡང་ཟེར། །
མི་ནག་ཆང་གིས་ན་སྐྱུར་འགོངས་འཆོར། ། ཟེར་པ་ཅི་མ་བདེན།
ཆང་གིས་མྱོས་ན་་་་
ད་སྤོབས་པ་མཐའ་ཡས་འདིས་རང་མདོག་ཇེ་གསལ་རེད། ལྟོས་ཨ་ཉིན་མ་གཅིག་མི་འདི་སྤྲུལ་སྐུ་དབང་ཆེན་གྱི་རྗེས་སུ་འགྲོ་ཐག་ཆོད་རེད།
སྤོབས་པ་འདི་མྱི་ཆེན། དཔོན་ཆེན། མཁས་ཆན་གསུམ་ལ་སྡང་སེམས་ཡོད་པ་འདྲ། ད་ཁྱོས་མ་བལ་ནི་རེད། འདི་ཚོའི་ངོ་ཡས་འདྲ་ལོན་རྒྱུ་ཡོད་ནི་མ་རེད།
བསྟན་འཛིན་ཕན་ཐོགས་ཀྱིས་སྤོབས་པའི་མྱི་གཤིས་ཡག་པོ་ཞིག་འཁྲབ་འདུག་པ་འདྲ་བའི་འཆར་སྣང་སྟེར་ཐལ།
མི་འདི་ལ་བཤད་རྒྱུ་རྫོགས་པ་ཡིན་ས་རེད།
སྤྱི་ཚོཌ་ནང་ལས་ཀ་བྱས་པར་ཐུགས་རྗེ་ཆེ་མེད་པར་འཕྱ་སྨོད་བྱེད་པ་ནི་ཡ་མཚན་རེད། མི་རིགས་འདིའི་ལས་དབང།
ནང་ཆོས་ལ་གོ་བ་ཡག་པོ་མེད་མཁན་ཚོས་སྒྲུང་ཐུང་འདིའི་ནང་དོན་ཡག་པོ་མི་གོ་བ་ཨེ་ཡིན་སྙམ།
ཅི་ཡང་མི་བྱེད་མཁན་དེ་བཤད་རྒྱུ་མང་།
བྱ་ཕག་སྦྲུལ་གསུམ་གྱིས་་་་ཆོལ་གསུམ་ནང་དཀྲིགས་བྱེད་གཏེ་གསུམ་མཚོན།
བཀའ་བཀྱོན་མ་བཏང་བར་མི་འགྲིགས་ས་ལ་མཛུབ་མོ་འཛུགས་བཞིན་སྐྱོན་རྗོད་རོགས།