ལོག་སྨྲ་ཚར་གཅོད།
བདུན་ཕྲག་འདིའི་གཟའ་པ་སངས་ཉིན་ཝོ་སི་ཨ་མི་རི་ཀའི་ཀུན་གླེང་གི་ལས་རིམ་གཙོ་སྐྱོང་བ་པདྨ་རྡོ་རྗེས་བཤད་དོན། བོད་ནང་ཁམས་རྟའུ་ལ་རྒྱ་དམག་གིས་མེ་མདའ་རྒྱབ་སྐབས་མེ་མདའི་མདེའུ་རྣམས་འཇིག་རེད་ཟེར་བ་དང་གཅིག བོད་ཀྱི་ས་གནས་མང་དག་གཅིག་ལ་འཁྲུངས་སྐར་སྲུང་བརྩི་བྱས་ཀྱང་དྲག་གནོན་མ་བྱས་པ་ཁམས་རྟའུ་ལ་བྱས་པ་དེ་ནི་ས་གནས་ཀྱི་དཔོན་རིགས་འགའ་ཞིག་གིས་ནོར་འཁྲུལ་བྱས་པ་ཙམ་ལས་རྒྱ་ནག་དབུས་གཞུང་གིས་བཀའ་རྒྱ་བཏང་བ་མིན་པ་བཤད་པ་དང་གཉིས། མེ་མདའ་བརྒྱབ་པའི་དོན་རྐྱེན་ལྷག་པའི་རྗེས་དེ་མ་ཐག་རྒྱ་གཞུང་གིས་བོད་མི་ཚོར་དགོངས་དྭངས་ཞུས་པ་རེད་ཟེར་བ་སོགས་དོན་དངོས་མིན་པའི་གནད་དོན་གསུམ་བཤད་པ་ལ་གཟིགས་དང་།
མི་འདིས་རྒྱ་གཞུང་ལ་སྐྱོན་འགེབས་ཀྱིས་དངོས་ཡོད་མིན་པའི་སྐད་ཆ་བཤད་སྟངས་དེ་གསུམ་ལ་བལྟས་ན། རྒྱ་ཡི་དངུལ་རྔན་འདོད་བློ་ཁེངས་པ་ཞིག་རེག་མེད་ན་རྒྱ་གཞུང་ལ་བློ་དཀར་བ་ཞིག་ཡིན་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་མ་རེད་དམ། འོ་ན་མདེའུ་རྣམས་འཇིག་ཡིན་ན་ཨོ་རྒྱན་བཀྲ་ཤིས་ཀྱི་མགོ་བོའི་ཀ་ལི་གཏོར་བ་དང་བཙུན་མ་ཞིག་གི་ལག་པའི་རུས་པ་གཏོར་དོན་ཅི།
གཞན་ཡང་ལོ་རྒྱུས་ནང་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་མེ་མདའི་མདེའུ་བརྒྱ་ཕྲག་ཕོག་ཡོད་ནའང་མ་ཤི་ནས་སྨན་ཁང་དུ་མདེའུ་བཏོན་པའི་དངོས་བྱུང་གི་གནས་ཚུལ་རྣམས་ཁྱེད་ཀྱིས་མ་ཐོས་སམ། ད་རེས་བོད་ནང་ཁམས་རྟའུ་ལ་རྒྱ་དམག་གིས་བོད་མི་ཚོར་དྲག་གནོན་གྱིས་སྡུག་དགུ་མནར་གཅོད་དང་མེ་མདའ་གང་བྱུང་བརྒྱབ་སྟེ་བོད་མི་མང་པོ་ཤི་རྨས་ཀྱི་མཚམས་སུ་སྐྱབས་མེད་མགོན་མེད་འ་ཆད་འུ་ཐུག་གི་གནས་སུ་གྱར་བཞིན་པའི་སྐབས་འདིར་མེ་མདའི་མདེའུ་རྣམས་འཇིག་རེད་གང་བྱེད་ཀྱི་མ་རེད་ཅེས་ལབ་ན་བོད་ནང་གི་བོད་མི་ཚོས་སེམས་སྡུག་འཕར་མ་ཇི་ཙམ་སླེབས་ཀྱི་མ་རེད་དམ། དཔྱོད་ལྡན་པ་ཚོས་ངས་བཤད་པའི་སྐད་ཆ་བདེན་པ་ཡིན་མིན་གཟིགས་རོགས།
མགོན་པོ་བཀྲ་ཤིས་ལ་ཕོག་པའི་མེ་མདའ་མདེའུ་དེ་གྲངས་ཀ་སུས་རྒྱབ་པ་རེད།
བདེན་མི་སྲིད་པའི་སྐད་ཆ་ནི་མདེའུ་བརྒྱ་ཕྲག་ཕོག་པའི་མི་འཛམ་གླིང་གང་ན་གསོན་པོ་ལུས་་སྲིད་རེད། གལ་སྲིད་མདེའུ་བརྒྱ་ཕོག་་ནས་ད་ལྟ་གསོན་ཡོད་ནམ་མདེའུ་དེ་དངོས་གནས་འཇིག་ཡིན་སྲིད་པ་རེད་འཇིག་ནང་ནས་very soft !
མགོན་པོ་བཀྲ་ཤིས་ནང་བཞིན་ལུས་སྲོག་ལོངས་སྤྱོད་ནང་མི་འཁོར་བཅས་བོད་དོན་དུ་གཏང་ཐོབ་མི་དཀོན་པོ་རེད་།
མདེའུ་འགྱིག་ཅེས་བཅོས་རོགས། ཡིག་ནོར་ཤོར་འདུག
ད་དུང་ཁམས་རྟའུ་དུ་མེ་མདའི་འོག་ཏུ་བོད་མི་མང་དག་ཅིག་ལ་རྨས་སྐྱོན་དང་བཙོན་འཇུག་སོགས་མནར་གཅོད་མྱངས་དང་མྱོང་བཞིན་དུ། ཚོགས་གཙོ་སྤེན་པ་ཚེ་རིང་ནས་ཨི་ཊ་ལི་ལ་རྒྱ་དམར་གཞུང་གི་དེང་སང་སྲིད་རྒྱུད་ཡང་པའི་རྣམ་པ་སྟོན་ཚུལ་དང་། སྤྱི་འཐུས་ཚོགས་གཞོན་གྱིས་ཀྱང་རྡ་སར་འཁྲུངས་སྐར་གཏམ་བཤད་སྐབས་རྒྱ་གཞུང་དཔོན་རིགས་ཀྱིས་ལུང་འདྲེན་དང་བཅས་སྲིད་རྒྱུད་ཡང་ཚུལ་བཤད་པ་དེ་ཚོ་ཅི་རེད། དྲ་གྲོགས་ཚོས་དཔྱོད་དང་།
ལོག་སྨྲ་ལགས།མེ་མདའི་མདེའུ་རྣམས་༼འཇིག་རེད་༽ཟེར་ན་འདིའི་དོན་དག་དག་ཅིག་གོ་མ་སོང་ལགས།གསལ་བཤད་ཞིག་གནང་ཐུབ་བམ།
འཇིག་རེད་ཟེར་ན་འཇིག་སྣང་སྐུལ་བྱེད་ཀྱི་འགྱིག་མདེའུ་ཞིག་ལ་གོ་དགོས། བོད་ཡིག་གི་ཚིག་འབྲུ་གང་དང་གང་མ་གོ་ནས་འགྲེལ་བཤད་དགོས་ཚེ་ཤོད་དང་ངས་འགྲེལ་བཤད་བྱེད་ཆོག
དོན་དངོས་དུ་གསལ་འགྱུར་བཤད་མཁན་རྣམས་ཀྱིས་སྐད་ཆ་བདེན་པ་དང་ཕྱོགས་ལྷུང་ཆེན་པོ་མེད་པའི་ངང་ནས་གསུང་ན་མི་དམངས་གི་་དེ་ལ་བདེན་འཇོག་ཆེ་བ་ཐོབ་གིས་ཡོད། དཔེ་ན་རྒྱ་ནག་གི་གསར་འགྱུར་ནང་བཞིན་ལ་ཡིག་ཆེས་བྱས་མཁན་ཉུང་ཉུང་ཡིན།
ལོག་སྨྲ་ཚར་གཅོད་ལགས་ལགས་་་་རང་བོད་རང་བཙན་གཙང་མ་དགོས་རེད་ཟེར་མཁན་གྱི་མཁས་དབང་ཞིག་ཡིན་ས་རེད་
དེ་འདྲ་ཡིན་དུས་་་་་་་རང་བཙན་ག་དུས་རག་གི་རེད? དེང་གི་སྤྱི་ཚོགས་འགྱུར་འགྲུས་ལ་དཔག་ནས་གོང་ས་མཆོག་གིས་ལམ་དབུ་མའི་ལྟ་གྲུབ་རྩོད་ལེན་གནང་བཞི་པའི་སྐབས་འདིར་རང་གིས་དེ་འདྲ་གནང་དགོས་ཡ་ག་རེ་ཡིན་ནམ? ལྷག་པར་དུ་གོང་ས་མཆོག་ནི་སྤྱན་རས་གཟིགས་སྐུ་ངོ་མ་ཡིན་པ་སོང་ཙང་ཁོང་གི་དགོངས་གཞི་ལ་འཁྲུལ་པ་ག་ལ་མངའ། རང་གིས་ཁོང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ངོ་ལེན་མེད་པས? དྲི་བ་འདི་ཚོར་ཡིན་ཅི་བཀའ་ལན་གསལ་པོ་ཞིག་གནང་སྐྱོང་ཡོང་བ་ཞུ།།
༼སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༢༡ སྐར་མ་ ༥༤
སྤོབས་པ་མཐའ་ཡས་ནས་་་་ཡག་པོ་བཤད་སོང་་་་དེ་ལ་རྒྱབ་སྐྱོར་ཡོད་་་་ད
རྒྱལ་བ་སྐུ་འཕྲེང་བཅོ་ལྔ་པ་དང་་་་་ཀརྨ་པ་སྐུ་འཕྲེང་བཅོ་བརྒྱད་པ་་ལ་སོགས་པ་མང་པོ་ཡོད་རེད། ་་་་་་ཟེར།
མི་འདི་ཚོས་ང་ཚོའི་་དམིག་ཡུལ་དང་རེ་བ་ཡོད་ཚད་དམིགས་མེད་གཏོང་་གི་འདུག་ ་་བོད་འདི་ལོ་ངོ་བཅུ་ཕྲག་འགའ་ཤས་ཡར་སྔོན་ནས་དགྲ་བོ་ཀྱིས་འཕྲོག་སོང་་ནའང་་ང་ཚོར་གསོན་པོར་གནས་རེ་གཅིག་རང་ཡོད་པ་ནི་ལོ་རྒྱུས་དང་བདེན་པ་རེད་ད་ནི་རྒྱལ་གཙོང་རིང་ལུགས་པ་ཤོག་ཁག་གིས་མི་མང་གིའི་རྨོང་དད་ལག་ཆར་བྱས་སྟེ་ང་ཚོ་བཙན་གྱིས་རྒྱ་ལག་ཏུ་གཞག་གི་འདུག་
བོད་མི་རིགས་ཀྱི་དགྲ་བོ་ངོ་མ་དེ་ནི་ཁྱེད་ཚོ་རེད་་དེ་སེམས་ཚོར་ཙམ་མིན་་དེ་དངོས་ཡོད་གནས་ཚུལ་ཞིག་རེད་
ཀུན་གླེང་ཡིན་ནའང་འདྲ། གསར་འགོད་པ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་སོགས་ཁོང་རྣམ་པའི་གསུང་སྟངས་ལ་སྐྱོན་བརྗོད་བྱེད་འོས་སུ་མ་མཐོང་། གང་ལགས་ཞེ་ན་ཁོ་ཚོ་ནི་ཆབ་སྲིད་རྒྱངས་རིང་དུ་དོར་ནས་ཆོས་ལྟར་བླ་མའི་ཅི་གསུང་མཚན་འཛིན་དང་། ཅི་མཛད་ལེགས་མཐོང་གནང་ནས་བཟོད་པ་དང་། ཆོག་ཤེས། བདག་གཞན་བརྗེ་བ་སོགས་ཀྱི་ཉམས་ལེན་གནང་མཁན་གྱི་ཆོས་པ་རྣམ་དག་རྐྱང་རེད། དེས་ན་ཆབ་སྲིད་ལ་རྙེད་ནས་གང་བྱུང་སྐུར་འདེབས་བྱས་ཚེ་བཙན་བྱོལ་པའི་ཁྲིམས་ཡོངས་སུ་འགལ་བ་ཡིན་པ་མཁྱེན་དགོས། བཤད་བཤད་མང་དྲག་ན་ཡང་་་་ཕུད་ཡོང་ད་གྲོགས་པོ་ཚོ་གཟབ་གཟབ་གནང་ན་དགའ།
ཡག་པོ་འདུག
འཇིག་སྣང་སྐུལ་བྱེད་ལ་ས་ཡང་འཇུག་དགོས།འཇིག—འཇིགས་ལ་ཁྱད་པར་ཡོད་དོ།ད་གཡུགས་ཞོག
རང་དབང་ཨ་རྡུ་མན་གྱིས་བསམ་པར་ངས་ངའི་ལྟ་བའི་ལང་ཕྱོགས་བོད་སྤྱོད་དེ་ལམ་དབུ་མ་བ་ཚོར་དགག་པ་རྒྱག་ན་བསམ་བཞིན་འདུག་ཀྱང་ངས་ཁྱེད་ཀྱི་ཁ་ཕྱོགས་གསལ་པོར་ཤེས་ཀྱི་ཡོད།
༄། རང་དབང་ཨ་རྡུ་མན་གྱིས་བསམ་པར་ངས་ངའི་ལྟ་བའི་ལང་ཕྱོགས་བོད་སྤྱོད་དེ་ལམ་དབུ་མ་བ་ཚོར་དགག་པ་རྒྱག་ན་བསམ་བཞིན་འདུག་ཀྱང་ངས་ཁྱེད་ཀྱི་ཁ་ཕྱོགས་གསལ་པོར་ཤེས་ཀྱི་ཡོད།
དྲ་གྲོགས་ཚོ་ང་ཚོས་ག་འདྲ་བཤད་ཀྱང་ཁ་བརྡ་ཙམ་ལས་ཕན་ནུས་ཐུབ་པ་ཧ་ཅང་དཀའ་བས་
རྒོད་བྲོ་བའི་བཀའ་མོལ་འདྲ་གནང་ན་ག་འདྲ་འདུག་ཨ། དེང་སང་བོད་ཀྱི་སྲིད་དོན་པ་རྣམས་
སྲིད་ལ་ཞེན་པར་ལོག་པ་དང་།ཆོས་ལ་སེམས་ཉེ་བར་འགྲོ་བཞིན་པ་རེད།དེས་ན་རྒྱ་གཞུང་དང་རྒྱ་དཔོན་རྣམས་ལ་བཟོད་སྒོམ་དང་སྙིང་རྗེ་བྱེད་བཞིན་ཡོད། དེ་འདྲ་བོད་པའི་ནང་ཁུལ་དུ་བྱེད་
ན་ཅི་མ་རུང་སྙམ།