འཛམ་གླིང་ཤར་ནུབ་དུ་གནས་བཅའ་བའི་བོད་རིགས་ཚོའི་ཁྲོད་ན། ལས་བྲེལ་གྱི་དབང་གིས་ཀུན་གླེང་ལེ་ཚན་དུས་ཐོག་ལ་བལྟ་ཁོམ་མེད་མཁན་དག་དང་ཡང་ན་ཀུན་གླེང་ལེ་ཚན་སྔ་མ་རྣམས་བལྟ་འདོད་ཡོད་མཁན་ཚོས།
གཤམ་གྱི་སྦྲེལ་ཐག་འདི་བརྒྱུད་ནས་ཀུན་གླེང་ལེ་ཚན་རྣམས་བལྟ་ཐུབ་པ་འདུག
www.kunleng.wordpress.com
འདི་ན་བསྣུན་སའི་ཨི་ཁུང་ཅང་མེད་ཀི ཁྱོད་དང་བོན་རྒྱལ་གྱི་དྲི་བ་དྲི་ལན་དག་ལ་དུས་ཐོག་ཉན་གིན་ཡོད། ཆབ་སྲིད་དཔྱད་བརྗོད་པ་ཞིག་གི་ཚུགས་ཀ་ཡོད་ཀི ཤུ་རེས་བྱོས། འུ་ཚང་ལ་སྲིད་དོན་དཔྱད་བརྗོད་པ་དང་སྲིད་དོན་རྩོམ་པ་པོ་མེད་པའི་མུ་གེ་འདི་གནའ་ནས་བྱུང་འདུག་སྟེ་ཅང་གིས་དོ་སྣང་བྱེད་ཀི་མེད་ཀི དྲིན་ཆེན་པོ་སྲིད་དོན་རྩོམ་ཡིག་རེ་ཡང་མུ་མཐུད་དེ་འབྲི་རོགས། རྒྱ་གར་བོང་ལུ་ཞོན་དང་ཚོ་ཁྲང་ཆིན་སོགས་ཀྱི་འབྲི་སྟངས་འདི་ཚོ་ཅིག་འཇིགས་པས། འདི་དག་ལས་ཀྱང་ལེགས་ཆ་རེ་ལེན་ཞོར་ཕྲིས་དང་ཉི་མ་གཅིག་འཇམ་ནོར་བཞིན་སྲིད་དོན་རྩོམ་ཡིག་འབྲི་དུས་ལྷ་འདྲ་བོ་ཞིག་འབབ་རྒྱུ་ཡོད་ནའང་ཐང་།
ཡིག་ནོར་
རྒྱ་གར།
རྒྱ་ནག་པ།
ྐླུ་སྨྱོན་ལགས།
ཐད་ཀར་རྡེག་གནོན་བྱས་ནས་བལྟ་མ་ཐུབ་རུང་དྲ་ཚིགས་ཀྱི་ཁ་བྱང་ྐླད་ཀྱི་རེའུ་མིག་ཏུ་བླུགས་ན་བལྟ་ཐུབ་པ་འདུག
ཁྱེད་ཀྱི་སྐད་ཆ་དག་སེམས་ལ་ཉར་ཡོད།
དྲ་དཔོན་ལགས་ནས་གོང་གི་འབྲེལ་ཐག་དེ་ཐད་ཀར་རྡེག་གནོན་བྱས་ནས་བལྟ་ཐུབ་པ་ཞིག་བཟོ་རོགས།
བཀའ་ཁྲི་འདེམ་དུས་བོད་མི་བརྒྱ་ཆའི་ཉི་ཤུ་ཙམ་ཞིག་གིས་མ་གཏོགས་དེའི་ནང་དུ་མཉམ་ཞུགས་བྱས་མེད་པ་འདི་ལ་དོ་སྣང་བྱེད་རྒྱུ་བྱུང་མ་སོང་། ཉིད་ཀྱིས་བལྟས་ན་བཀའ་ཁྲི་རྗེས་མ་དེ་འདེམ་དུས་བོད་མི་ཅི་ཙམ་ཞིག་གིས་མཉམ་ཞུགས་བྱེད་ཀྱི་རེད། འོས་འདེམ་སྐབས་བོད་མི་ཅི་ཙམ་ཞིག་མཉམ་ཞུགས་བྱེད་མིན་དེ་བཀའ་བློན་འོས་མི་དེའི་ཤུགས་རྐྱེན་ལ་རག་ལས་པ་ཞིག་རེད་དམ། ཡང་ན་སྐབས་དེའི་དུས་ཚོད་ཀྱི་གནས་སྟངས་ལ་རག་ལས་པ་ཞིག་རེད། ཡང་ན་དེ་གཉིས་ལ་རག་ལས་པ་ཞིག་རེད།
ྐླུ་སྨྱོན་ལགས།
བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་སུ་བཀའ་ཁྲིའི་འོས་འདེམས་ཆེད་དེབ་སྐྱེལ་བྱེད་མཁན་༧༢༠༠༠ལྷག་བྱུང་འདུག དངོས་སུ་འོས་བླུགས་མཁན་༣༢༢༠༤ཙམ་ལས་བྱུང་མི་འདུག དེར་བརྟེན། འོས་བསྡུའི་ཐོབ་ཐང་ཡོད་པའི་བཙན་བྱོལ་བོད་མིའི་མི་འབོར་ཆིག་འབུམ་ཉིས་ཁྲི་ལས་བརྒྱ་ཆ་༢༩ཙམ་གྱིས་བཀའ་བློན་ཁྲི་པ་ཐག་གཅོད་བྱས་འདུག
བཀའ་ཁྲི་རྗེས་མའི་སྐོར་ལ་བསམ་ཚུལ་རྒྱས་པ་ཞིག་སྐུ་ཉིད་ཀྱི་མདུན་ལ་སང་ཉིན་འཇོག་གི་ཡིན། ད་ལྟ་དཔེ་མཛོད་དུ་ལས་བྱ་བྲིས་མ་ཚར་ནས་བསྡད་ཡོད།
ཐུགས་རྗེ་བོད་པ་མེད་སའི་ས་ཁུལ་རེར་འཚོ་བསྡོད་བྱེད་མཁན་ང་ལྟ་བུར་དངོས་གནས་ཕན་ཐོགས་ཀྱི་འདུག
ཉིན་རེའི་བོད་ཀྱི་གནས་ཚུལ་སྟབས་བདེའི་ངང་ནས་ཤེས་འགྲོ།་་བོད་པ་མེད་ས་ནས་བོད་མི་ཁེར་རྐྱང་ཚོ་ལྷག་པར་བོད་ལ་དུང་ནི་ཞིག་རེད།་་་་གསར་འགྱུར་བརྒྱུད་ལམ་ཁག་དང་དྲ་རྒྱ་སོགས་ལ་དོན་སྣང་བྱེད་རྒྱུ་ནམ་རྒྱུན་ལས་ཇི་མང་དུ་འགྲོ་ཡ།་་་རྗེས་ཕྱོགས་སུ་ཡིན་ཀྱང་གསར་འགྱུར་བརྒྱུད་ལམ་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེ་གི་ཡ་
ཐུགས་རྗེ་ཆེ། ངས་བསམས་ན་བཀའ་ཁྲི་ཞིག་མེད་ན་ཡང་འགྲིག་གི་འདུག སྔོན་མའི་བཀའ་བློན་མཉམ་འབྲེལ་ལམ་ལུགས་དེས་སྒྲུབ་མ་ཐུབ་པ་ཞིག་བཀའ་བློན་ཁྲི་བས་བསྒྲུབས་པ་ཞིག་ཨེ་ཡོད་ན། བཀའ་ཁྲི་གསར་འཚོལ་འདི་ལ་འགྲོ་སོང་ཐོལ་བ་ཞིག་བཏང་བ་མ་གཏོགས་དོན་དག་ཅང་སྒྲུབ་ཐུབ་ཀི་མི་འདུག དཔེར་ན་ཨ་རི་ཚང་གིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་ནང་བཞིན་རེད།
ཀུན་གླེང་གསར་འགྱུར་དེ་ཡག་པོ་ཞེ་དྲག་དང་གསར་འགྱུར་བཤད་མཁན་བུ་མོ་དེ་ཚོ་ཡང་ཧ་ཅང་སྙིང་རྗེ་མོ་འདུག
བུ་མོ་དེ་ཚོའི་ཁ་བྱང་ཡོད་ན་ང་ལ་ཐབས་ཤེས་ཤིག་འཐེན་རོགས་གནང་། ཧ་ཧ་ཧ།
རྡ་ས་་ན་ཁ་བརྡ་ཚང་གི་ཨ་ལན་ལ་བསྒུག་བཞིན་