ཁྲོ་གཏུམ།
ནམ་ཟླ་ཚ་སྨུག་གིས་སྨྱོས་པ་འདིས
ཤ་སྐྱི་ལ་ཟ་ཕྲུག་གི་གཤོགས་པ་ཐོག་ཏེ
འཚིག་པ་ཟ་ཞོར་ད་བར་ལྷག་ཏུ་མི་སྡོད་པའི་དུས་ཤིག
དུག་སྦྲང་གི་གཤོགས་རླབས་སྔར་བཞིན་ཉེ་འདབས་སུ་གཡོ་བས
ངའི་སེམས་པ་དང་མིག་ཟུང་དེ་བཞིན་ཁོ་ཚོའི་ཕྱོགས་སུ་ཁོམ་པར་དལ
ཉིན་རེའི་བྱ་བའི་འགུལ་བསྐྱོད་ཡང་རེ་མོས་ཀྱི་འཐུས་ཤོར་ལས
བྲང་ཁོག་ལྡིར་བའི་ཤེས་མདོག་དག་རིམ་བ ཞིན་རྨི་ལམ་དུ་ཞེ་རྨིས་བྱས
དུས་ཚིག་འདིའི་ངོ་གདོང་འཚོ་བའི་ཁ་སང་དེ་རིང་གི་མི་ཚེ
གང་སར་ཕྱོགས་མེད་ཀྱིས་སྐྱོམས་པའི་རླུང་ཞིག་སྟེ
སུས་ཀྱང་འཛིན་མི་ཐུབ་པའི་སྤར་མོ་གང
མིའི་བླ་འཕྲོག་པར་རྩོམ་པའི་གཡུལ་འགྱེལ་ལ
འཛམ་གླིང་འཁྲུགས་ཆེན་གཉིས་པ་སྐྱར་དུ་ལོག་ཡང
དེ་རིང་ལྟར་གྱིས་ང་མི་སྐྲག
2013/7/15ཉིན་བྲིས།